DKR-KABUM-08-NYA-043

From Khyentse Lineage - A Tsadra Foundation Project
Revision as of 09:32, 4 November 2022 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-08-NYA-043

Wylie title DKR-KABUM-08-NYA-043.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "nya"., Text 43, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "NYA" is not a number.

"NYA" is not a number.

[edit]
༁ྃ༔ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ སིནྡྷཱུ་རའི་སྒྲུབ་པ་སྲིད་ཞིའི་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ༔ ༁ྃ༔ ༠༠༠༠༠ བདེ་ཆེན་དཔལ་མོའི་གསང་བ་དབང་གི་ལས་རིམ་སིནྡྷཱི་རའི་དཀྱིལ་འཁོར་སྒྲུབ་པ་ལ༔ མཎྜལ་སྟེང་དུ༔ པདྨ་རཀྟ་གཙོས་སོ་ལྔ་སོགས་སེལ་མེད་དམ་རྫས་འདུ་བྱས་ཏེ་ཚོམ་བུ་བཀོད་ལ༔ མཆོད་པས་བསྐོར༔ བཟླས་པའི་ཚེ༔ འདི་ལྟར༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ནི༔ ཀུ་རུ་ཀུལླེའི་ཐུགས་ཀ་རུ༔ ཉི་དཀྱིལ་ཧྲཱིཿཡིག་གསལ་བ་ལས༔ འོད་དམར་ཟེར་གྱིས་སྟོང་གསུམ་གང༔ འཁོར་འདས་ལམ་གསུམ་ཡོན་ཏན་ཀུན༔ ཁྱད་པར་བརྟན་གཡོའི་དྭངས་བཅུད་བསྡུས༔ ཡང་སྒོས་དམིགས་བྱའི་སྙིང་གར་ཕོག༔ ཡིད་བརྟན་དབང་མེད་འཕྲོག་བྱས་ཏེ༔ སྐད་ཅིག་དབང་དུ་བསྡུས་ནས་ཀྱང༔ རེ་བའི་འབྲས་བུ་མཆིས་པར་མཛོད༔ གྲུབ་ཆེན་བརྒྱད་པོ་ཐུན་མོང་དང༔ ཕྱག་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ སིདྡྷི་སྡུས་སྡུས་ཝཱ་ཤཾ་ཀུ་རུ་ཧོ༔ སིནྡྷཱུ་ར་མཎྜལ་ཧཱུྃ༔ ཞེས་རྟགས་མ་བྱུང་བར་དུ་བསྐྱར༔ རྟགས་ནི་སིནྡྷཱུ་རའི་མཎྜལ་ལ་རླངས་པ་ཕྱུར་བ་དང༔ བརླན་ཞིང་གཤེར་བ་དང་འོད་འཕྲོ་བ་ལ་སོགས་འབྱུང་ངོ༔ དེ་སྐབས་དངོས་གྲུབ་བླང་བར་བྱ་སྟེ་འདི་ལྟར༔ ཨེ་མ་ཧོཿ དཔལ་གྱི་ལྷ་མོ་རྡོ་རྗེ་རྣལ་འབྱོར་མ༔ ངག་གི་དབང་ཕྱུག་དབྱེར་མེད་བདེ་བའི་དཔྱིད༔ རིག་བྱེད་དབང་མོ་རང་རིག་ཡེ་ཤེས་དབྱིངས༔ འདུ་འབྲལ་མེད་པའི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གནས་གསུམ་དུ་གཏུགས་ལ་དངོས་གྲུབ་བླངས༔ དེའི་ཚེ་ལས་ལ་སྦྱར་བར་བྱ་སྟེ༔ སྔགས་ཀྱི་ཤམ་བུ༔ དམིགས་བསལ་ཡོད་ན༔ ཆེ་གེ་མོའི་ཙིཏྟ་དཀྲུགས་དཀྲུགས་ཧྲཱིཿཨ་ཀརྵ་ཡ་ཛ་ཛཿ མོ་ཡིན་ན༔ མ་མ་ཛྙཱ་ཧི་ཧི་ཧྲིག་ཧྲིག་ཛྭ་ཧི་ཧྲིག་ཧྲིག་བུད་མེད་འདི་ཞེས་བྱ་བའི་ཙིཏྟ་ཁུག་ཧྲཱིཿཨ་ཀརྵ་ཡ་ཛ་ཛཿ སྙིང་འཕྱོ་རུ་ཆུགཿ རྐང་པ་འགྲོ་རུ་ཆུགཿ འདིར་ཁྲིད་ལ་ཤོག་ཧཱུྃ་ཧཱུྃ༔ དེ་སྟོང་བཟླས་པས་དབང་མེད་དུ་འོང་བར་འགྱུར་རོ༔ ཡང་སྙིང་གར་བྱུགས་ན་ཉམས་རྟོགས་ཀློང་རྡོལ་དུ་འཆར༔ སྨིན་མཚམས་སུ་བཏབ་ནས་ཁྲོམ་ནང་དུ་ཕྱིན་པས་ཌཱ་ཀིའི་སྤྲུལ་པ་མཚན་ལྡན་ཡོད་ན་སིནྡྷཱུའི་ཐིག་ལེ་དེ་ལ་འཕོ་བར་འགྱུར་རོ༔ སྲིན་ལག་ལ་བསྐུས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་བ་སོགས་ངོ་མཚར་བའི་རྟགས་མཐོང་བར་འགྱུར་རོ༔ དེ་ལྟར་སིནྡྷཱུའི་དངོས་གྲུབ་ཀྱི༔ སྒྲུབ་པ་སྲིད་ཞིའི་དངོས་གྲུབ་ཀུན༔ འགུགས་པའི་ལྕགས་ཀྱུ་ཞེས་བྱ་འདི༔ འདན་མ་དབྱིངས་རིག་དྲི་མེད་དང༔ རིགས་སྲས་མཁྱེན་རབ་ཉི་མ་ཡིས༔ ཁ་དོག་དཀར་དམར་སེར་གསུམ་གྱི༔ དར་དང་མ་དཱ་ནའི་སྐྱེམས་བཅས༔ གབ་པའི་མན་ངག་དག་སྣང་ལས༔ ཕེབས་དགོས་ཡང་ཡང་བསྐུལ་བའི་ངོར༔ པདྨ་ཆོས་ཀྱི་གོ་ཆ་ཡིས༔ དག་པའི་སྣང་བར་ཤར་བཞིན་སྤེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨཀྵི་རྒྱ༔ ལོ་གསུམ་གསང་རྒྱ་བྱེད་པར་གྱིས༔ མངྒ་ལཾ། དགེའོ།། །།
[edit]

\u0f01\u0f83:__yang zab bde chen dpal mo'i thugs kyi me long las:_sin+d+hU ra'i sgrub pa srid zhi'i dngos grub 'gugs pa'i lcags kyu zhes bya ba bzhugs so: \u0f01\u0f83:__00000_bde chen dpal mo'i gsang ba dbang gi las rim sin+d+hI ra'i dkyil 'khor sgrub pa la:_maN+Dal steng du:_pad+ma rak+ta gtsos so lnga sogs sel med dam rdzas 'du byas te tshom bu bkod la:_mchod pas bskor:_bzlas pa'i tshe:_'di ltar:__thugs ka'i ye shes sems dpa' ni:_ku ru kul+le'i thugs ka ru:_nyi dkyil hrIHyig gsal ba las:_'od dmar zer gyis stong gsum gang:_'khor 'das lam gsum yon tan kun:_khyad par brtan g.yo'i dwangs bcud bsdus:_yang sgos dmigs bya'i snying gar phog:_yid brtan dbang med 'phrog byas te:_skad cig dbang du bsdus nas kyang:_re ba'i 'bras bu mchis par mdzod:_grub chen brgyad po thun mong dang:_phyag chen mchog gi dngos grub stsol:_oM ku ru kul+le hrIH_sid+d+hi sdus sdus wA shaM ku ru ho:_sin+d+hU ra maN+Dal hU~M:_zhes rtags ma byung bar du bskyar:_rtags ni sin+d+hU ra'i maN+Dal la rlangs pa phyur ba dang:_brlan zhing gsher ba dang 'od 'phro ba la sogs 'byung ngo:_de skabs dngos grub blang bar bya ste 'di ltar:_e ma hoH_dpal gyi lha mo rdo rje rnal 'byor ma:_ngag gi dbang phyug dbyer med bde ba'i dpyid:_rig byed dbang mo rang rig ye shes dbyings:_'du 'bral med pa'i dngos grub bstsal du gsol:_rtsa sngags mthar:_kA ya wAk+ka tsit+ta sid+d+hi pha la hU~M:_zhes gnas gsum du gtugs la dngos grub blangs:_de'i tshe las la sbyar bar bya ste:_sngags kyi sham bu:_dmigs bsal yod na:_che ge mo'i tsit+ta dkrugs dkrugs hrIHa kar+Sha ya dza dzaH_mo yin na:_ma ma dz+nyA hi hi hrig hrig dz+wa hi hrig hrig bud med 'di zhes bya ba'i tsit+ta khug hrIHa kar+Sha ya dza dzaH_snying 'phyo ru chugaH_rkang pa 'gro ru chugaH_'dir khrid la shog hU~M hU~M:_de stong bzlas pas dbang med du 'ong bar 'gyur ro:_yang snying gar byugs na nyams rtogs klong rdol du 'char:_smin mtshams su btab nas khrom nang du phyin pas DA ki'i sprul pa mtshan ldan yod na sin+d+hU'i thig le de la 'pho bar 'gyur ro:_srin lag la bskus nas gang la reg pa de dbang du 'gyur ba sogs ngo mtshar ba'i rtags mthong bar 'gyur ro:_de ltar sin+d+hU'i dngos grub kyi:_sgrub pa srid zhi'i dngos grub kun:_'gugs pa'i lcags kyu zhes bya 'di:_'dan ma dbyings rig dri med dang:_rigs sras mkhyen rab nyi ma yis:_kha dog dkar dmar ser gsum gyi:_dar dang ma dA na'i skyems bcas:_gab pa'i man ngag dag snang las:_phebs dgos yang yang bskul ba'i ngor:_pad+ma chos kyi go cha yis:_dag pa'i snang bar shar bzhin spel:_sa ma yA:_rgya rgya rgya:_ak+Shi rgya:_lo gsum gsang rgya byed par gyis:_mang+ga laM/_dge'o//_//

Footnotes

Other Information