DKR-KABUM-10-THA-037

From Khyentse Lineage - A Tsadra Foundation Project
Revision as of 14:23, 3 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-10-THA-037.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tha"., Text 37, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "THA" is not a number.

"THA" is not a number.

[edit]
འཆི་བདག་ལས་ཀྱི་གཤིན་རྗེའི་བསྟོད་བསྐུལ་ཟིལ་གནོན་རྔམས་པའི་གད་རྒྱངས་ཞེས་བྱ་བ་བཞུགས། ཨེ་ཡ་བྷྱོཿ འཁོར་འདས་ཀུན་ཁྱབ་རང་རིག་མཉྫུ་ཤྲཱི། །རྟོགས་ན་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །མ་རྟོགས་ཚེ་འཆི་སྲོག་གི་བདག་པོ་ཁྱོད། །ལྷོ་ཕྱོགས་ཐོད་པ་ལྕགས་ཀྱི་གྲོང་ནས་བཞེངས། །འཇིགས་པའི་སྐུ་ནི་རབ་གནག་སྟངས་ཟིལ་མདོག །རབ་འབར་ཁྲོས་པའི་ཞལ་གྱིས་གནམ་ས་གང༌། །རྔམས་པའི་མཆེ་གཙིགས་ལྗགས་ཀྱི་མེ་ཞགས་འཁྱུག །ཨ་ཧའི་བཞད་སྒྲས་ས་གསུམ་གྲོང་ཁྱེར་འདར། །ཕྱག་གཡས་ཁྲམ་ཤིང་སྐྱེ་འགྲོའི་སྲོག་གཤེད་གདེང༌། །གཡོན་པས་དུས་ཀྱི་ཞགས་པས་འཁོར་འདས་འཆིང༌། །མུན་པའི་མདོག་གི་སྐུ་ནི་རི་རབ་ལྟར། །བསྐལ་པའི་ཞུགས་ཕུང་འཁྲུགས་པའི་དབུས་ན་བརྗིད། །ཞི་བའི་ཡེ་ཤེས་མཁའ་ཁྱབ་ནམ་མཁའི་སྐུ། །གཞོན་ནུའི་གཟུགས་ཀྱང་སྙིང་རྗེའི་གདུང་ཡུས་ཀྱིས། །འཁོར་འདས་ཐམས་ཅད་དབྱིངས་སུ་ཟ་བྱེད་ཆེ། །མཐར་བྱེད་ཆོས་ཀྱི་རྒྱལ་པོ་སྒེག་བཞད་དཔའ། །ཁྱོད་ཀྱི་མཐུ་སྟོབས་བསྐལ་པ་འཇིག་པའི་མེས། །མཚན་དཔེའི་སྐུ་ཡང་སྲེག་པས་འཇོམས་ནུས་ན། །བརླངས་པོར་སྤྱོད་པའི་དགྲ་བགེགས་དམ་སྲིའི་ཚོགས། །ཐུགས་རྗེ་བཏང་སྙོམས་གནས་སུ་ཅི་སྟེ་བཞག །མཁའ་ཁྱབ་འགྲོ་ལ་སིམ་སྟེར་བདུད་རྩིའི་མཆོག །ཕན་བདེའི་ལང་ཚོའི་འབྱུང་གནས་ཐུབ་པའི་བསྟན། །ལུང་རྟོགས་མངའ་ཐང་བྲི་བ་འདི་གཟིགས་ནས། །ཐམས་ཅད་མཐར་བྱེད་ཞལ་དུ་བསྟན་དགྲ་ཐོབ། །མི་སྲུན་ཀླ་ཀློའི་ཆོམས་པོའི་ཕྱོགས་མཐར་ཁེངས། །ཁ་འཇམ་གཏིང་རྩུབ་ལས་ཀྱི་དུས་མཐའ་བསྟུང༌། །འདི་ལ་མངོན་སྤྱོད་ཕྲིན་ལས་དུས་ཀྱི་ཞགས། །རེངས་པར་འདེབས་པའི་ཁྲོ་གཏུམ་རྩལ་སྤྲུགས་མཛོད། །ཁམས་གསུམ་སྟོབས་བཅུས་གནོན་པའི་རྡོ་རྗེའི་མདའ། །ནག་ཕྱོགས་སྒོ་གསུམ་མཁར་ལ་བསྣུན་ཙམ་གྱིས། །མིང་མེད་བརླག་སྟེ་ཨ་ཧའི་གད་རྒྱངས་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འཆོར་མེད་དུས་ཀྱི་ཞགས་པའི་ཡུལ་གྱུར་པའི། །ཞིང་བཅུའི་དགྲ་འདི་མངོན་སྤྱོད་དྲག་ཤུལ་ཆེས། །རྩ་སྦུར་སྲེག་བཞིན་མཐར་ཞིང་བརླག་པ་ཡི། །ཕྲིན་ལས་ཐོག་མདའ་ཕོབ་ཅིག་ས་མ་ཡ། །རྡོ་རྗེ་ཐེག་པའི་ལྟ་སྒོམ་གདིང་ལྡན་པས། །རྡོ་རྗེའི་རིག་པ་འཛིན་པའི་རིང་ལུགས་ཀྱི། །རྡོ་རྗེའི་བསྟན་པ་སྨ་འབེབས་འདི་གཟིགས་ལ། །རྡོ་རྗེའི་བེ་ཅོན་ཉམས་པའི་མགོ་ལ་བསྣུན། །དྲག་ཤུལ་ངར་ལྡན་རྣོ་དབལ་འཁོར་ལོའི་དབལ། །ཉམས་པའི་སྲོག་ལ་རེག་པས་སྐད་ཅིག་གིས། །འཇོམས་བྱེད་མཚོན་ཆ་ཕྱག་གིས་ད་བསྐོར་ལ། །སྲོག་འཆད་ཚོར་བ་ཉམས་སུ་མྱོང་བར་མཛོད། །རང་བྱས་ལས་ཀྱི་ནོངས་པ་མ་མཆིས་ཀྱང༌། །བསྟན་དང་དེ་འཛིན་སྨ་འབེབས་ཡ་ག་འདི། །བཏང་སྙོམས་བཞག་ན་བསྟན་པ་འཇིག་ཉེ་བས། །རྣལ་འབྱོར་རིག་འཛིན་བཅས་པའི་ར་མདའ་ལྷོགས། །དྲག་ཤུལ་མཐུ་སྟོབས་བསྐལ་མེ་གནམ་ལྕགས་ཐོག །སུས་ཀྱང་འགྲན་མིན་གདུག་པའི་དུག་དབལ་དེ། །ཚང་ཚིང་ནགས་ལ་མེ་ལྕེས་ཟིན་པ་བཞིན། །ད་ལྟ་མངོན་སུམ་བསྟན་པའི་དུས་ལ་བབ། །སྡང་མིག་ཙམ་བྱས་རྡོ་རྗེའི་རི་དབང་ཡང༌། །རྡུལ་དུ་འཇོམས་པའི་དྲག་ཤུལ་ད་མེད་ན། །སངས་རྒྱས་ཀུན་གྱི་ཡེ་ཤེས་རྡོ་རྗེའི་ཤུགས། །ཁྱོད་ཀྱི་སྙིང་ལ་གནས་པ་རྫུན་དུ་ཟད། །སྡུག་པའི་བུ་ལ་གནོད་གཙེས་མ་ཡུས་བཞིན། །རིག་འཛིན་རྣལ་འབྱོར་རྒྱབ་བརྟེན་ཁྱོད་བསྐུལ་བའི། །ལས་ཀྱི་ངོ་སོ་མ་དམའ་མཁྱེན་བརྩེའི་ཤུགས། །སྟོབས་བཅུའི་ཡོན་ཏན་རྫོགས་པར་ངོམས་ཤིག་ཀྱཻ། །མཆོད་ཀྱང་མི་འགོ་བསྐུལ་ཡང་ལས་མེད་ན། །དམ་ཅན་དྲེགས་པའི་ཕོ་ཉས་ཅི་ཞིག་བགྱི། །སྲས་བཅས་རྒྱལ་བའི་སྤྱན་སྔར་དམ་མནོས་པའི། །རྡོ་རྗེའི་ཐ་ཚིག་ཡལ་བར་ཅི་སྟེ་བོར། །སྲིད་གསུམ་ཁྲག་གི་རྦ་ཀློང་འཁྲུགས་པ་ནས། །མ་མོ་འབུམ་སྡེ་ཁྱོད་ཀྱི་ཕོ་ཉ་སྟེ། །ཉམས་པའི་དགྲ་ལ་འདོད་ཆགས་ཁྲག་ཡམས་ཐོབ། །མོ་རྒྱུད་མངལ་ནས་སྐེམ་པའི་ལས་མཛོད་ཅིག །ལྷོ་ཕྱོགས་རིམ་དགུའི་ས་འོག་ལྕགས་མཁར་ནས། །གདུག་པའི་གཤིན་རྗེ་བྱེ་བ་དགུ་རིགས་ཚོགས། །ཁམས་གསུམ་ཚེ་འཆི་སྲོག་ལ་ཁྲམ་འདེབས་པས། །ཕོ་རྒྱུད་རྩད་ནས་གཅོད་པའི་ལས་མཛོད་ཅིག །ཕྱོགས་མཚམས་སྟེང་འོག་བར་སྣང་ཁོར་ཡུག་ནས། །གཉིས་མེད་སྡེ་བརྒྱད་དྲེགས་པའི་སྡེ་དཔོན་ཆེ། །དུག་གསུམ་འཆོལ་བ་དྲག་པོའི་ལྷ་ཚོགས་ཀྱིས། །ཞིང་བཅུ་རྩད་ནས་གཅོད་པའི་མངོན་སྤྱོད་མཛོད། མངྒ་ལས་སོ།
[edit]

'chi bdag las kyi gshin rje'i bstod bskul zil gnon rngams pa'i gad rgyangs zhes bya ba bzhugs/_e ya b+h+yoH_'khor 'das kun khyab rang rig many+dzu shrI/_/rtogs na sangs rgyas kun gyi ye shes sku/_/ma rtogs tshe 'chi srog gi bdag po khyod/_/lho phyogs thod pa lcags kyi grong nas bzhengs/_/'jigs pa'i sku ni rab gnag stangs zil mdog_/rab 'bar khros pa'i zhal gyis gnam sa gang*/_/rngams pa'i mche gtsigs ljags kyi me zhags 'khyug_/a ha'i bzhad sgras sa gsum grong khyer 'dar/_/phyag g.yas khram shing skye 'gro'i srog gshed gdeng*/_/g.yon pas dus kyi zhags pas 'khor 'das 'ching*/_/mun pa'i mdog gi sku ni ri rab ltar/_/bskal pa'i zhugs phung 'khrugs pa'i dbus na brjid/_/zhi ba'i ye shes mkha' khyab nam mkha'i sku/_/gzhon nu'i gzugs kyang snying rje'i gdung yus kyis/_/'khor 'das thams cad dbyings su za byed che/_/mthar byed chos kyi rgyal po sgeg bzhad dpa'/_/khyod kyi mthu stobs bskal pa 'jig pa'i mes/_/mtshan dpe'i sku yang sreg pas 'joms nus na/_/brlangs por spyod pa'i dgra bgegs dam sri'i tshogs/_/thugs rje btang snyoms gnas su ci ste bzhag_/mkha' khyab 'gro la sim ster bdud rtsi'i mchog_/phan bde'i lang tsho'i 'byung gnas thub pa'i bstan/_/lung rtogs mnga' thang bri ba 'di gzigs nas/_/thams cad mthar byed zhal du bstan dgra thob/_/mi srun kla klo'i choms po'i phyogs mthar khengs/_/kha 'jam gting rtsub las kyi dus mtha' bstung*/_/'di la mngon spyod phrin las dus kyi zhags/_/rengs par 'debs pa'i khro gtum rtsal sprugs mdzod/_/khams gsum stobs bcus gnon pa'i rdo rje'i mda'/_/nag phyogs sgo gsum mkhar la bsnun tsam gyis/_/ming med brlag ste a ha'i gad rgyangs kyis/_/phyogs las rnam par rgyal ba'i phrin las mdzod/_/'chor med dus kyi zhags pa'i yul gyur pa'i/_/zhing bcu'i dgra 'di mngon spyod drag shul ches/_/rtsa sbur sreg bzhin mthar zhing brlag pa yi/_/phrin las thog mda' phob cig sa ma ya/_/rdo rje theg pa'i lta sgom gding ldan pas/_/rdo rje'i rig pa 'dzin pa'i ring lugs kyi/_/rdo rje'i bstan pa sma 'bebs 'di gzigs la/_/rdo rje'i be con nyams pa'i mgo la bsnun/_/drag shul ngar ldan rno dbal 'khor lo'i dbal/_/nyams pa'i srog la reg pas skad cig gis/_/'joms byed mtshon cha phyag gis da bskor la/_/srog 'chad tshor ba nyams su myong bar mdzod/_/rang byas las kyi nongs pa ma mchis kyang*/_/bstan dang de 'dzin sma 'bebs ya ga 'di/_/btang snyoms bzhag na bstan pa 'jig nye bas/_/rnal 'byor rig 'dzin bcas pa'i ra mda' lhogs/_/drag shul mthu stobs bskal me gnam lcags thog_/sus kyang 'gran min gdug pa'i dug dbal de/_/tshang tshing nags la me lces zin pa bzhin/_/da lta mngon sum bstan pa'i dus la bab/_/sdang mig tsam byas rdo rje'i ri dbang yang*/_/rdul du 'joms pa'i drag shul da med na/_/sangs rgyas kun gyi ye shes rdo rje'i shugs/_/khyod kyi snying la gnas pa rdzun du zad/_/sdug pa'i bu la gnod gtses ma yus bzhin/_/rig 'dzin rnal 'byor rgyab brten khyod bskul ba'i/_/las kyi ngo so ma dma' mkhyen brtse'i shugs/_/stobs bcu'i yon tan rdzogs par ngoms shig kyai/_/mchod kyang mi 'go bskul yang las med na/_/dam can dregs pa'i pho nyas ci zhig bgyi/_/sras bcas rgyal ba'i spyan sngar dam mnos pa'i/_/rdo rje'i tha tshig yal bar ci ste bor/_/srid gsum khrag gi rba klong 'khrugs pa nas/_/ma mo 'bum sde khyod kyi pho nya ste/_/nyams pa'i dgra la 'dod chags khrag yams thob/_/mo rgyud mngal nas skem pa'i las mdzod cig_/lho phyogs rim dgu'i sa 'og lcags mkhar nas/_/gdug pa'i gshin rje bye ba dgu rigs tshogs/_/khams gsum tshe 'chi srog la khram 'debs pas/_/pho rgyud rtsad nas gcod pa'i las mdzod cig_/phyogs mtshams steng 'og bar snang khor yug nas/_/gnyis med sde brgyad dregs pa'i sde dpon che/_/dug gsum 'chol ba drag po'i lha tshogs kyis/_/zhing bcu rtsad nas gcod pa'i mngon spyod mdzod/_mang+ga las so/

Footnotes

Other Information