JKW-KABUM-21-ZHA-002-009

From Khyentse Lineage - A Tsadra Foundation Project
Revision as of 14:40, 3 March 2022 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")

JKW-KABUM-21-ZHA-002-009

སོ་འབྲང་འཁོར་ལོ་བཅུ་གསུམ་མའི་རབ་གནས་དང་འདོག་ཚུལ་ཐུན་མོང་མ་ཡིན་པའི་གསལ་བྱེད་འདོད་དགུའི་རེ་སྐོང་།
Wylie title so 'brang 'khor lo bcu gsum ma'i rab gnas dang 'dog tshul thun mong ma yin pa'i gsal byed 'dod dgu'i re skong JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 9, Pages 170-177 (Folios 26b4 to 30a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. so 'brang 'khor lo bcu gsum ma'i rab gnas dang 'dog tshul thun mong ma yin pa'i gsal byed 'dod dgu'i re skong. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 170-177. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Cakra and Amulet Designs - 'khor lo - srung 'khor  ·  Consecration Rituals - rab gnas cho ga
Deity 'phags ma so sor 'brang ma

1 Texts in this Section (sde tshan or chos tshan)

[edit]
སོ་འབྲང་འཁོར་ལོ་བཅུ་གསུམ་མའི་རབ་གནས་དང་འདོག་ཚུལ་ཐུན་མོང་མ་ཡིན་པའི་གསལ་བྱེད་འདོད་དགུའི་རེ་སྐོང་བཞུགས་སོ། ། ༈ ན་མོ་གུ་རུ་མ་ཧཱ་པྲ་ཏི་ས་རེ་ཡ། འདིར་འཕགས་མ་སོ་སོར་འབྲང་མའི་སྲུང་འཁོར་རྒྱས་པ་ཕན་ཡོན་ཅན་འཁོར་ལོ་བཅུ་གསུམ་མའི་བྲི་ཡིག །འཕགས་པ་རིན་པོ་ཆེའི་གསུང་རབ་ནས་ཇི་ལྟར་འབྱུང་བ་བཞིན་འདྲི་བའམ་པར་དུ་བཏབ་ལ། ཕོ་མོའི་ཁྱད་པར་གྱི་རྫས་དང་དྲི་བཟང་གིས་བྱུགས། དེ་ནས་རབ་གནས་ཐུན་མོང་པ་དོན་གསལ་སོགས་ནས་འབྱུང་བ་བཞིན་དང་། ཐུན་མོང་མ་ཡིན་པ་འདོག་ཚུལ་བཅས་འདིར་འབྲི་ན། བསྲུང་བ་ལྟེ་བའི་སྔགས་ཕྲེང་གི་ཞལ་རང་ཉིད་དངོས་ལ་བསྟན་པ་བཞག །དེའི་མཐར། མཆོད་པའི་ཚོགས་ཅི་འབྱོར་པ་བཤམ། དེ་ནས་སྟན་ལ་འཁོད་དེ། སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ། ལྷའི་རྣལ་འབྱོར་བཟླས་པ་ལ་ཐུག་གི་བར་ཁོ་བོས་བརྩམས་པའི་སྒྲུབ་དཀྱིལ་ནས་འབྱུང་བ་བཞིན། རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་བསྲུང་དུ་གསོལ་གྱི་བར་བྱ། དེ་ནས་ཁྲུས་སྣ་ཀུན་འདུས་ཀྱི་བུམ་པ་ཡོད་ན་བུམ་བསྐྱེད་མི་དགོས། མེད་ན་ཚེ་དཔག་མེད་སོགས་ནས་འབྱུང་བ་བཞིན་ལས་བུམ་སྒྲུབ། ཞི་བ་དང་ཞི་དྲག་ཕྱེད་མ་དང་། དྲག་པོའི་སྦྱང་བ་རྣམས་རབ་གནས་ཀྱི་གཞུངས་གཞན་ནས་འབྱུང་བ་བཞིན་ལ། འདིར་འཕགས་མ་སོ་སོར་འབྲང་མའི་བསྲུང་བའི་འཁོར་ལོར་རབ་གནས་བགྱིད་པ་ལ་ཞེས་དང་། བདེན་བདར་གྱི་ཚེ། ཁྱད་པར་བཅོམ་ལྡན་འདས་མ་བསྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་སྦྱར། སྡིག་པ་སྦྱང་བ་དང་དྲི་མ་སྦྱོང་བ་རབ་གནས་བཞིན་རྒྱས་པའམ། ཁྲུས་གསོལ་མདོར་བསྡུས་ཀྱིས་རུང་། དེ་ནས་འཁོར་ལོ་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོར་ལོའི་ལྟེ་བར་པདྨ་འདབ་བརྒྱད། དེའི་ཕྱིར་མུ་ཁྱུད། དེའི་ཕྱིར་པདྨ་འདབ་མ་བཞི་པའི་མཚམས་བཞི་ལ་རྡོ་རྗེ་རྒྱ་གྲམ་གྱི་ཕྱོགས་བཞིའི་རྭ། དེའི་ཕྱིར་པད་འདབ་ཉེར་ལྔ། དེ་ཕྱིར་མུ་ཁྱུད་གསུམ། དེའི་ཕྱིར་པད་འདབ་ལྔ་བཅུ་རྩ་དྲུག །དེའི་ཕྱིར་མུ་ཁྱུད་ཀྱིས་བསྐོར་བ་དང་། འཁོར་ལོའི་ཕྱི་རོལ་ཤར་ལྷོའི་ཟུར་གྱི་དབུས་སུ་པདྨ་འདབ་བརྒྱད་མུ་ཁྱུད་གཉིས་པ། དེའི་གཡས་སུ་པདྨ་འདབ་བཞི། གཡོན་དུ་པདྨ་འདབ་བརྒྱད། ལྷོ་ནུབ་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི་མུ་ཁྱུད་གཉིས་པ། གཡས་སུ་པདྨ་འདབ་བཞི། གཡོན་དུ་པདྨ་དྲུག །ནུབ་བྱང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཉིས་པ། གཡས་སུ་པདྨ་འདབ་བཞི། གཡོན་དུ་འཁོར་ལོ་རྩིབས་ལྔ། བྱང་ཤར་གྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཉིས་པ། གཡས་སུ་པདྨ་འདབ་བཞི། གཡོན་དུ་འཁོར་ལོ་རྩིབས་བརྒྱད། དེ་རྣམས་ཀྱི་ཕྱིར་མུ་ཁྱུད་གཅིག་གིས་བསྐོར་བ་དང་བཅས་པའི་འཁོར་ལོ་དབུས་མའི་མུ་ཁྱུད་བཅུ་པའི་ནང་དུ། པདྨའི་ནང་དུ། ཕྱག་མཚན། རིན་ཆེན། འཁོར་ལོ། རྒྱལ་མཚན། མདའ། གཞུ། ཕུར་པ། དུང་། མི་མགོ རྡོ་རྗེ། གདུགས། དཔལ་བེའུ། ཐོ་བ། རྩེ་གསུམ། སྟྭ་གྲི། གྲི་གུག །རལ་གྲི། རྒྱ་གྲམ། རྡོ་རྗེ། ཞགས་པ། ལྕགས་ཀྱུ། མདའ། ཉ། བུམ་པ། པདྨ། དབྱུག་ཐོ། མདུང་། འཁོར་ལོ་རྩིབས་བཞི། ལྔ། དྲུག །བརྒྱད། བྲག་རི། གཏུན་ཤིང་། །རྣམས་ལ་དར་གྱི་ལྡ་ལྡིས་བརྒྱན་པ། བཅུ་གཉིས་པ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། འཁོར་ལོ་བཅུ་གསུམ་པོ་ཐམས་ཅད་ཀྱི་ཕྱིར་ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པའི་འཁོར་ལོའི་སྟེང་གི་ཡིག་འབྲུ་རྣམས་བྲམ་ལས་འཁོར་ལོ་བྲམ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ནས། བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའོ། །ཡི་བར་བདག་བསྐྱེད་བཞིན། གནས་གསུམ་བྱིན་གྱིས་བརླབ། དེའི་ཐུགས་ཀའི་བྲམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། སྤྲོ་ན། མ་ལུས་སེམས་ཅན་སོགས་ཡེ་ཤེས་པ་སྤྱན་འདྲེན་གྱི་ཚིག་རྒྱས་པ་རྣམས་དང་བྱོན་ལེགས་སོགས་དཀྱིལ་ཆོག་བཞིན་བྱ། ཛཿཧཱུྃ་བྃ་ཧོཿ མང་དུ་བརྗོད་པས་བསྟིམ། སླར་ཡང་ཐུགས་ཀའི་བྲམ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་ཀྱང་རབ་གནས་བཞིན་སྤྱན་དྲངས་ལ་བསྟིམ། དེའི་དཔྲལ་བར་ཨོཾ་དཀར་པོ་སོགས་དང་། དབང་ལྷ་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། ཨོཾ་མ་ཧཱ་པྲ་ཏི་ས་རེ་སྔོན་དུ་འགྲོ་བས་མཆོད། རང་བཞིན་དག་པ་ཉིད་ལས་བྱུང་སོགས་ཀྱིས་བསྟོད། རབ་གནས་བཞིན་སྤྱན་དབྱེ་བྱས་ལ། དེ་ནས་མིང་སྤེལ་བསྲུང་བྱ་གང་ཡིན་དུ་བསྐྱེད་ལ། ཨོཾ་བཛྲ་ས་ཏྭ་ཧཱུྃ་ཛཿ རྡོ་རྗེ་ནང་བསྡམས་ལས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག །མཐེ་ཆུང་གཉིས་གཤིབས་ཏེ་བརྐྱངས། མཐེ་བོང་གཤིབས་ཏེ་བརྐྱངས་པས་གུང་མོ་མནན་པའི་ཕྱག་རྒྱ། ཞེས་པ། ཕྱག་རྒྱ་དང་བཅས་པས་རང་ངམ་བསྒྲུབ་བྱའམ། ཡུལ། གྲོགས་ལ་སོགས་པ་ལ་བཀུག་ནས། སྔར་བསྐྱེད་པ་རྣམས་ལ་ཐིམ་པར་བསྒོམ། ཨོཾ་མ་ཎི་དྷ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ། འཆང་བ་པོ་ལ་རཀྵཿརཀྵཿཀུ་རུ་སྭཱ་ཧཱ། ཨོཾ་ཡེ་རྡྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་པ་རེ་ཝ་ར་ཝ་ར་པྲ་ཝ་ར་བི་ཤུདྡྷེ་ཛེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གརྦྷེ་སྃ་རཀྵ་ཎི་ཨཱ་ཀཪྵ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊཿསྭཱ་ཧཱ། ཨོཾ་བི་མ་ལེ་བི་བུ་ལེ་ཛ་ལ་ཝ་རེ་ཨ་མྲྀ་ཏེ་བི་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷ་ར་བྷ་ར་སྃ་བྷ་ར་སྃ་བྷ་ར་ཨིན་དྲ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་རུ་རུ་ཙ་ལེ་སྭཱ་ཧཱ། འཆང་བ་པོ་ལ་ནད་གདོན་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་དྷ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཆང་བ་པོ་ལ་རཀྵཿ ཨོཾ་བྷི་པོ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷི་མ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཛ་ཡ་ཝ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཆང་བ་པོ་ཞེས་སོ། །ཨོཾ་ནི་སུམྦྷ་བཛྲ་ནི་དྷ་ར་ཀསྱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་བྷ་ཝ་ཛཾ་ཧཾ་ཧེ་ཏོ་ཕི་ཏ། ཨོཾ་ཀ་ལ་ཀ་ར་ནི་ཧྲི་ད། ཨོཾ་པདྨ་ཀུན་དྷ་ལི་བཾ། ཨོཾ་སུད་ཏ་དན་ཏི་ནི་ཧཱུྃ། ཨོཾ་ན་མ་ཀུ་ཤ་ཧཱུྃ། ཨོཾ་ན་མ་ཤི་ཀ་ལེ་ཧཾ། ཨོཾ་མ་ཧཱ་ཤཱན་ཏེ་ཧཱུྃ། ཨོཾ་མ་ཧཱ་ཀ་ལ་ཧྲི། ཨོཾ་དུ་པེ་དུ་ཏ། ཨོཾ་བཛྲ་ཀོ་ལེ་ཧྲི། ཨོཾ་བཛྲ་ནི་ཏྲི་ཏ་ཧཱུྃ། ཨོཾ་པ་ནི་བྷི་ཏ་ཡ་ཨོཾ་བཛྲ་པ་ནི་མ་ཧཱ་བྷ་ལ་དྷི། ཨོཾ་བཛྲ་མ་ལེ་མཾ་ཨོཾ་ཨ་མྲྀ་ཏ་ཀུཎྜ་མེ་སྭཱ་ཧཱ། ཨོཾ་ཛ་ལ་ཛ་ལ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཊཀྐི་རཱ་ཛ་ཧཱུྃ་ཛ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། དེའི་ཕྱི་བདུན་པ་ལ། ཨོཾ་བཛྲ་ཧྲཱིཿ ཨོཾ་སུམ་བྷ་ནི་ཀེ་ཤྲཱི་ཏྲི་ཧཱ། ཨོཾ་བྷ་ག་ལམ། ཨོཾ་བྷ་ཏུ་མེ་ཛ་ཧཱུྃ། ཨོཾ་ཤནྟི་ཧཱུྃ། ཨོཾ་པ་ཏི་པ་ལ་བ་ར་དྷ་ནི་ཏ། ཨོཾ་བྷ་ར་ཀེ་ཧཱུྃ། ཨོཾ་མ་ཎི་དྷ་རི་ཧཱུྃ། ཨོཾ་རཏྣ་མ་ཡ་དྷ་རི་ཧྲི། ཨོཾ་མ་ཧཱ་བ་ཏི་མ་ར་བཾ། ཨོཾ་དྷུ་རུ། བྷུ་རུ། མུ་རུ་མུ་རུ། ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ། ཨོཾ་བ་ར་བ་ར་དྷ་ནི་མོ་ཧཱ། ཨོཾ་རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་ཎི་དྷཱ་རི་བཛྲི་ཎཱི་མ། ཧཱ་པྲ་ཏི་པ་རོ། འཆང་བ་པོ་ལ་སརྦ་རཀྵཿ ཨོཾ་ཏ་རེ་ཏཱཾ། ཨོཾ་ཨ་ཨ་རཀྵསྱ་ཀ་ཛ་ཏ་ཉ་དྷ་ཀ་རི་ཏེ་ཧོ་ཧཱུྃ། ཨོཾ་ཀ་པ་ལི་ནི། ཨོཾ་ལཾ་ཀེ་ཤ་རེ་ཁཾ་ཨཾ། དྷརྨྱ་ལ་ཀ་ཤ་ཏྭེ་སུཾ། ཨོཾ་ཧཱ་རི་ཏེ་ཧཾ་ཀྵཿ ཨོཾ་སན་ཙི་ཀ་ཏྲ། ཨོཾ་ལ་ཁཾ་པ་དུཥྚ། ཨོཾ་དྷ་ན་དྷི་ནི་ཀུ་ཏ། ཨོཾ་ཤ་ཀ་མ་དྷེ་བྷེཥྐ། ཨོཾ་ས་ར་ས་རཥྚ་བཾ། ཨོཾ་རཀྵཿརཀྵཿ འཆང་བ་པོ་ལ་སརྦ་རཀྵཿ སརྦ་ཙ་མ་གྷ་བཾ། ཨོཾ་དྷེ་བྷི་པདྨ་མཾ། ཨོཾ་མ་ཎི་དྷ་རི་བཛྲཱི་མ་མ་ཀི་མཾ་ཨོཾ་བྲི་བྷྲཱུྃ་བྲུམ། ཨོཾ་ཨཱཿཧཱུྃ་ཨོཾ་བ་སུ་ཤ་པ་ལཾ་ཀྵ་ཀྵ་དྷུ་ཨེ་ཏ་བྲུཾ། ཀ་ཁ་ཧ་པཾ་ཧྲི་ཛ་ཧཱུྃ་ཧྲིར་ཧཱུྃ་ལཾ་ཧྲི་སུ་ལ་ཧཱུྃ་ཛ་བཾ་སུ་ཧཱུྃ་ཨོཾ་ཕཊ་ཛ་སཾ་མཱཾ་ཀ་བཾ། ཨོཾ་སུ་བྷ་བཾ་ཨོཾ་ཏྲི་ཀྵ་ཧ་དྷི་ཤཾ་ཛ་རུ་རུ་ཨོཾ་ཨཱཿཧཱུྃ་ཧོ་ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿ ཡ་ར་ལ་ཝ་ཌ་དྷ། རྟེན་འབྲེལ་སྙིང་པོ། ཏཾ། ཨོཾ་ཀ་བྱ་རཀྵ་སྭཱ་ཧཱ། རཀྵ་དྷ་ར་འཆང་བ། ཏ། རེ། ཏུད། ཏཱ་རེ། ཏུ་རེ། སྭཱ་ཧཱ། ཧཱུྃ་སྃ་གྃ་བྷྲཱུྃ་མྃ། དེ་ལྟ་བུས་སྔགས་རྣམས་ཇི་ལྟར་རིགས་པ་བཟླས་ལ་རྡོར་ཐལ་སྦྱར་ནས། བཅོམ་ལྡན་འདས་མ་སོ་སོ་འབྲང་མས་བདག་དང་སྦྱིན་པའི་བདག་པོའི་བར་ཆད་ཐམས་ཅད་བསྲུང་ཞིང་བྱིན་གྱིས་བརླབས་པར་གྱུར། བཅོམ་ལྡན་འདས་མ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་སྐུ་དེ་ཉིད་ཞུ་ནས། བསྲུང་བའི་འཁོར་ལོར་བྲིས་པའི་རྣམ་པར་གྱུར། དེའི་མཚན་དང་དཔེ་བྱད་རྣམས་ཞུ་ནས་དབྱངས་དང་གསལ་བྱེད་ཀྱི་ཡི་གེར་གྱུར། བྲིས་པའི་འཁོར་ལོ་རྣམས་ཀྱི་ལྟེ་བ་དང་འདབ་མ་རྩིབས་མུ་ཁྱུད་སོགས་ལ་གནས་པར་གྱུར། ཅེས་བརྗོད་ལ་མཆོད། མཉམ་མེད་མས་བསྟོད། བརྟན་བཞུགས་ཀྱི་ཚིག་བརྗོད། ཡེ་དྷརྨ་དང་བཀྲ་ཤིས་བརྗོད་ལ། སྲུང་བ་ལ་མེ་ཏོག་གཏོར། དེ་ལྟར་རབ་གནས་ལེགས་པར་བྱས་པའི་སྲུང་བ་དེ་ཉིད་གཡོན་གཡས་འོག་སྟེང་རྣམས་ནས་ལྟེ་བ་མ་ཆགས་པར་བལྟབ་པ་ལ་རྒྱས་པར་ན་དཀར། སྔོ། སེར། དམར། ལྗང་གུའི་ཆིངས་དང་། བསྡུ་ན་དར་རས་དཀར་པོ་གང་རུང་གི་སྐུད་པས་རྒྱ་གྲམ་དུ་བཅིང་། དྲི་བཟང་ཐོར་བུ་དང་བཅས་པའི་ན་བཟའ་ལྔ་བརྩེགས་སམ་དཀར་པོས་སྒྲིལ། འཁོར་ལོ་དབུས་མའི་ལྟེ་བའི་ཡིག་མགོ་མ་ནོར་བར་བྱས་ལ་སླར་ཡང་རབ་གནས་མདོར་བསྡུས་བྱ། གཟུངས་གྲ་ལྔའི་དབང་བྱེད་ན། བསྲུང་བ་ལྔའི་གྲས་སུ་འཁོར་ལོ་སྟེར་རན་པ་དང་དེ་སྦྱིན། དུས་གཞན་དུ་གང་ལ་སྟེར་བ་དེ་མདུན་དུ་བོས་ལ་སྐྱབས་འགྲོའི་སྡོམ་པ་ཕོག་ལ། སྤྱི་བོར་རྡོ་རྗེ་བཞག་སྟེ། བྱ་བ་བསྲུང་ལས་བྱུང་བ་ལྟར། སྲུང་ཤིག་ཅེས་པའི་ཚིག་རྣམས་བརྗོད། སྔར་བཤད་པ་ལྟར་གྱི་སྲུང་བ་དེ་ལྟ་བུ་སྦྱིན་བདག་གི་མགུལ་དུ་བཏགས། དེ་ནས་སློབ་དཔོན་གྱིས་མེ་ཏོག་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ། ༈
[edit]

so 'brang 'khor lo bcu gsum ma'i rab gnas dang 'dog tshul thun mong ma yin pa'i gsal byed 'dod dgu'i re skong / so 'brang 'khor lo bcu gsum ma'i rab gnas dang 'dog tshul thun mong ma yin pa'i gsal byed 'dod dgu'i re skong bzhugs so/___/___!_na mo gu ru ma hA pra ti sa re ya/__'dir 'phags ma so sor 'brang ma'i srung 'khor rgyas pa phan yon can 'khor lo bcu gsum ma'i bri yig__/'phags pa rin po che'i gsung rab nas ji ltar 'byung ba bzhin 'dri ba'am par du btab la/__pho mo'i khyad par gyi rdzas dang dri bzang gis byugs/__de nas rab gnas thun mong pa don gsal sogs nas 'byung ba bzhin dang /__thun mong ma yin pa 'dog tshul bcas 'dir 'bri na/__bsrung ba lte ba'i sngags phreng gi zhal rang nyid dngos la bstan pa bzhag__/de'i mthar/__mchod pa'i tshogs ci 'byor pa bsham/__de nas stan la 'khod de/__sngon 'gro gtor ma nas brtsams te/__lha'i rnal 'byor bzlas pa la thug gi bar kho bos brtsams pa'i sgrub dkyil nas 'byung ba bzhin/__rab tu dang ba'i sems kyis bdag la bsrung du gsol gyi bar bya/__de nas khrus sna kun 'dus kyi bum pa yod na bum bskyed mi dgos/__med na tshe dpag med sogs nas 'byung ba bzhin las bum sgrub/__zhi ba dang zhi drag phyed ma dang /__drag po'i sbyang ba rnams rab gnas kyi gzhungs gzhan nas 'byung ba bzhin la/__'dir 'phags ma so sor 'brang ma'i bsrung ba'i 'khor lor rab gnas bgyid pa la zhes dang /__bden bdar gyi tshe/__khyad par bcom ldan 'das ma bsrung ba lnga'i dkyil 'khor gyi lha tshogs rnams kyi bka' bden pa dang /__zhes sbyar/__sdig pa sbyang ba dang dri ma sbyong ba rab gnas bzhin rgyas pa'am/__khrus gsol mdor bsdus kyis rung /__de nas 'khor lo a mri tas bsangs/__swa b+hA was sbyangs/__stong pa'i ngang las pa~M las pad+ma dang /__a las zla ba'i dkyil 'khor gyi steng du 'khor lo'i lte bar pad+ma 'dab brgyad/__de'i phyir mu khyud/__de'i phyir pad+ma 'dab ma bzhi pa'i mtshams bzhi la rdo rje rgya gram gyi phyogs bzhi'i rwa/__de'i phyir pad 'dab nyer lnga/__de phyir mu khyud gsum/__de'i phyir pad 'dab lnga bcu rtsa drug__/de'i phyir mu khyud kyis bskor ba dang /__'khor lo'i phyi rol shar lho'i zur gyi dbus su pad+ma 'dab brgyad mu khyud gnyis pa/__de'i g.yas su pad+ma 'dab bzhi/__g.yon du pad+ma 'dab brgyad/__lho nub kyi dbus su 'khor lo rtsibs bzhi mu khyud gnyis pa/__g.yas su pad+ma 'dab bzhi/__g.yon du pad+ma drug__/nub byang gi dbus su 'khor lo rtsibs brgyad mu khyud gnyis pa/__g.yas su pad+ma 'dab bzhi/__g.yon du 'khor lo rtsibs lnga/__byang shar gyi dbus su 'khor lo rtsibs brgyad mu khyud gnyis pa/__g.yas su pad+ma 'dab bzhi/__g.yon du 'khor lo rtsibs brgyad/__de rnams kyi phyir mu khyud gcig gis bskor ba dang bcas pa'i 'khor lo dbus ma'i mu khyud bcu pa'i nang du/__pad+ma'i nang du/__phyag mtshan/__rin chen/__'khor lo/__rgyal mtshan/__mda'/__gzhu/__phur pa/__dung /__mi mgo__rdo rje/__gdugs/__dpal be'u/__tho ba/__rtse gsum/__s+t+wa gri/__gri gug__/ral gri/__rgya gram/__rdo rje/__zhags pa/__lcags kyu/__mda'/__nya/__bum pa/__pad+ma/__dbyug tho/__mdung /__'khor lo rtsibs bzhi/__lnga/__drug__/brgyad/__brag ri/__gtun shing /__/rnams la dar gyi lda ldis brgyan pa/__bcu gnyis pa la rdo rje'i phreng bas bskor ba/__'khor lo bcu gsum po thams cad kyi phyir ye shes kyi me ri 'bar ba dang bcas pa'i 'khor lo'i steng gi yig 'bru rnams bram las 'khor lo bram gyis mtshan pa yongs su gyur pa las bcom ldan 'das ma so sor 'brang ma chen mo nas/__byang chub kyi shing drung na bzhugs pa'o/__/yi bar bdag bskyed bzhin/__gnas gsum byin gyis brlab/__de'i thugs ka'i bram las 'od zer 'phros pas ye shes pa spyan drangs/__spro na/__ma lus sems can sogs ye shes pa spyan 'dren gyi tshig rgyas pa rnams dang byon legs sogs dkyil chog bzhin bya/__dzaHhU~M ba~M hoH__mang du brjod pas bstim/__slar yang thugs ka'i bram las 'od zer 'phros pas sangs rgyas byang sems rnams kyang rab gnas bzhin spyan drangs la bstim/__de'i dpral bar oM dkar po sogs dang /__dbang lha spyan drangs/__dbang bskur rgyas btab/__oM ma hA pra ti sa re sngon du 'gro bas mchod/__rang bzhin dag pa nyid las byung sogs kyis bstod/__rab gnas bzhin spyan dbye byas la/__de nas ming spel bsrung bya gang yin du bskyed la/__oM badz+ra sa twa hU~M dzaH__rdo rje nang bsdams las mdzub mo gnyis lcags kyu ltar bkug__/mthe chung gnyis gshibs te brkyangs/__mthe bong gshibs te brkyangs pas gung mo mnan pa'i phyag rgya/__zhes pa/__phyag rgya dang bcas pas rang ngam bsgrub bya'am/__yul/__grogs la sogs pa la bkug nas/__sngar bskyed pa rnams la thim par bsgom/__oM ma Ni d+ha ri badz+ri NI ma hA pra ti sa re hU~M hU~M phaT phaT/__'chang ba po la rak+ShaHrak+ShaHku ru swA hA/__oM ye r+d+harmA he tu pra b+hA wa he tun+te ShAn+ta thA ga to h+ya ba data/__te ShAny+tsa yo ni ro d+ha e waM bA dI ma hA shra ma NaHswA hA/__oM a mr-i ta pa re wa ra wa ra pra wa ra bi shud+d+he dze hU~M hU~M phaT phaT swA hA/__oM a mr-i ta bi lo ki ni gar+b+he sa~M rak+Sha Ni A kaR+Sha ni hU~M hU~M phaT phaTaHswA hA/__oM bi ma le bi bu le dza la wa re a mr-i te bi rA dza hU~M hU~M phaT phaT swA hA/__oM b+ha ra b+ha ra sa~M b+ha ra sa~M b+ha ra in dra ya ba la bi sho d+ha ni hU~M hU~M phaT phaT ru ru tsa le swA hA/__'chang ba po la nad gdon shan+tiM ku ru swA hA/__tshe dang bsod nams puSh+TiM ku ru swA hA/__oM a mr-i ta d+ha ra hU~M hU~M phaT phaT swA hA/__'chang ba po la rak+ShaH__oM b+hi po ta ya hU~M hU~M phaT phaT swA hA/__oM b+hi ma le hU~M hU~M phaT phaT swA hA/__oM dza ya wa re hU~M hU~M phaT phaT swA hA/__'chang ba po zhes so/__/oM ni sum+b+ha badz+ra ni d+ha ra kas+ya hU~M hU~M phaT phaT swA hA/__oM a b+ha wa dzaM haM he to phi ta/__oM ka la ka ra ni hri da/__oM pad+ma kun d+ha li baM/__oM sud ta dan ti ni hU~M/__oM na ma ku sha hU~M/__oM na ma shi ka le haM/__oM ma hA shAn te hU~M/__oM ma hA ka la hri/__oM du pe du ta/__oM badz+ra ko le hri/__oM badz+ra ni tri ta hU~M/__oM pa ni b+hi ta ya oM badz+ra pa ni ma hA b+ha la d+hi/__oM badz+ra ma le maM oM a mr-i ta kuN+Da me swA hA/__oM dza la dza la hU~M phaT swA hA/__oM Tak+ki rA dza hU~M dza swA hA/__oM AHhU~M/__de'i phyi bdun pa la/__oM badz+ra hrIH__oM sum b+ha ni ke shrI tri hA/__oM b+ha ga lam/__oM b+ha tu me dza hU~M/__oM shan+ti hU~M/__oM pa ti pa la ba ra d+ha ni ta/__oM b+ha ra ke hU~M/__oM ma Ni d+ha ri hU~M/__oM rat+na ma ya d+ha ri hri/__oM ma hA ba ti ma ra baM/__oM d+hu ru/__b+hu ru/__mu ru mu ru/__ku ru ku ru hU~M hU~M/__oM ba ra ba ra d+ha ni mo hA/__oM ru ru tsa le hU~M hU~M phaT phaT swA hA/__oM ma Ni d+hA ri badz+ri NI ma/__hA pra ti pa ro/__'chang ba po la sarba rak+ShaH__oM ta re tAM/__oM a a rak+Shas+ya ka dza ta nya d+ha ka ri te ho hU~M/__oM ka pa li ni/__oM laM ke sha re khaM aM/__d+harmya la ka sha twe suM/__oM hA ri te haM k+ShaH__oM san tsi ka tra/__oM la khaM pa duSh+Ta/__oM d+ha na d+hi ni ku ta/__oM sha ka ma d+he b+heSh+ka/__oM sa ra sa raSh+Ta baM/__oM rak+ShaHrak+ShaH__'chang ba po la sarba rak+ShaH__sarba tsa ma g+ha baM/__oM d+he b+hi pad+ma maM/__oM ma Ni d+ha ri badz+rI ma ma ki maM oM bri b+h+rU~M brum/__oM AHhU~M oM ba su sha pa laM k+Sha k+Sha d+hu e ta bruM/__ka kha ha paM hri dza hU~M hrir hU~M laM hri su la hU~M dza baM su hU~M oM phaT dza saM mAM ka baM/__oM su b+ha baM oM tri k+Sha ha d+hi shaM dza ru ru oM AHhU~M ho oM a A/__i I/__u U/__r-i r-I/__l-i l-I/__e ai/__o au/__aM aH__ka kha ga g+ha nga /__tsa tsha dza dz+ha nya/__Ta Tha Da D+ha Na/__ta tha da d+ha na/__pa pha ba b+ha ma/__ya ra la wa/__sha Sha sa hak+ShaH__ya ra la wa Da d+ha/__rten 'brel snying po/__taM/__oM ka bya rak+Sha swA hA/__rak+Sha d+ha ra 'chang ba/__ta/__re/__tud/__tA re/__tu re/__swA hA/__hU~M sa~M ga~M b+h+rU~M ma~M/__de lta bus sngags rnams ji ltar rigs pa bzlas la rdor thal sbyar nas/__bcom ldan 'das ma so so 'brang mas bdag dang sbyin pa'i bdag po'i bar chad thams cad bsrung zhing byin gyis brlabs par gyur/__bcom ldan 'das ma gtsug tor nas byung ba'i gdugs dkar mo can gyi sku de nyid zhu nas/__bsrung ba'i 'khor lor bris pa'i rnam par gyur/__de'i mtshan dang dpe byad rnams zhu nas dbyangs dang gsal byed kyi yi ger gyur/__bris pa'i 'khor lo rnams kyi lte ba dang 'dab ma rtsibs mu khyud sogs la gnas par gyur/__ces brjod la mchod/__mnyam med mas bstod/__brtan bzhugs kyi tshig brjod/__ye d+harma dang bkra shis brjod la/__srung ba la me tog gtor/__de ltar rab gnas legs par byas pa'i srung ba de nyid g.yon g.yas 'og steng rnams nas lte ba ma chags par bltab pa la rgyas par na dkar/__sngo/__ser/__dmar/__ljang gu'i chings dang /__bsdu na dar ras dkar po gang rung gi skud pas rgya gram du bcing /__dri bzang thor bu dang bcas pa'i na bza' lnga brtsegs sam dkar pos sgril/__'khor lo dbus ma'i lte ba'i yig mgo ma nor bar byas la slar yang rab gnas mdor bsdus bya/__gzungs gra lnga'i dbang byed na/__bsrung ba lnga'i gras su 'khor lo ster ran pa dang de sbyin/__dus gzhan du gang la ster ba de mdun du bos la skyabs 'gro'i sdom pa phog la/__spyi bor rdo rje bzhag ste/__bya ba bsrung las byung ba ltar/__srung shig ces pa'i tshig rnams brjod/__sngar bshad pa ltar gyi srung ba de lta bu sbyin bdag gi mgul du btags/__de nas slob dpon gyis me tog dang bcas pas 'di skad ces brjod par bya ste/___/___!_

Footnotes

Other Information