JKCL-KABUM-09-TA-046

From Khyentse Lineage - A Tsadra Foundation Project
Revision as of 16:49, 7 January 2022 by Mort (talk | contribs)

JKCL-KABUM-09-TA-046

ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་བསྐྱེད་རྫོགས་ཟབ་མོའི་བཅུད་ཐིག།
Wylie title ye shes mkha' 'gro seng gdong ma'i bskyed rdzogs zab mo'i bcud thig JKCL-KABUM-09-TA-046.pdf
Location chos kyi blo gros bka' 'bum
Volume 9, Text 46, Pages 591-594 (Folios 1a1 to 2b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ye shes mkha' 'gro seng gdong ma'i bskyed rdzogs zab mo'i bcud thig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 591-594. Bir, H.P.: Khyentse Labrang, 2012.
Genre Spiritual Instructions - gdams ngag  ·  Generation Stage - bskyed rim  ·  Completion Stage - rdzogs rim
Deity seng gdong ma
Colophon

ཞེས་པའང་འཁྲུལ་ཞིག་དཔའ་བོ་ཆེན་པོས་གསུང་གི་བསྐུལ་བས་རྐྱེན་བྱས་ཏེ། པདྨ་ཡེ་ཤེས་རྡོ་རྗེས་རིག་ཉམས་ལ་གང་ཤར་དབོ་ཟླའི་ཚེས་ཀྱི་དགའ་བ་གཉིས་པར་བྲིས་པ་དགེའོ། །བཀྲ་ཤིས།།

zhes pa'ang 'khrul zhig dpa' bo chen pos gsung gi bskul bas rkyen byas te/__pad+ma ye shes rdo rjes rig nyams la gang shar dbo zla'i tshes kyi dga' ba gnyis par bris pa dge'o/__/bkra shis//

1 Texts in this Section (sde tshan or chos tshan)

[edit]
ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་བསྐྱེད་རྫོགས་ཟབ་མོའི་བཅུད་ཐིག་བཞུགས། །དབེན་པར་བདེ་བའི་སྟན་ལ་འཁོད། །ངེས་འབྱུང་བྱང་སེམས་གྱིས་བསྐུལ་ཏེ། །སྒྲིབ་སྦྱོང་ཚོགས་བསགས་ནན་ཏན་བྱ། །བྱིན་རླབས་མྱུར་དུ་འབེབས་པའི་སླད། ཀརྨ་གུ་རུ་བསྐྱེད་པ་ནི། །ཨཱཿརང་གི་མདུན་གྱི་ནམ་མཁའ་རུ། །བདུད་དང་དམ་སྲི་བརྩེགས་པའི་སྟེང་། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་ལྟེར། །བླ་མ་ཀརྨ་གུ་རུ་ནི། །ལྗང་ནག་ཁྲོ་ཞིང་གཏུམ་པའི་ཉམས། །པད་ཞྭ་གསང་གོས་ཕོད་ཁ་དང་། །སྟག་ཤམ་རུས་རྒྱན་མགོ་ཕྲེང་གསོལ། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་འཕྱར། །གཡོན་པས་ལྕགས་སྡིག་ཕུར་བུ་འདྲིལ། །ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །དམ་ཡེ་དབྱེར་མེད་ཆེན་པོར་གསལ། ཡན་ལག་བདུན་དང་མཎྜལ་འབུལ། ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་ཕྲིན་ལས་གཅིག་བསྡུས་པ། །བླ་མ་ཀརྨ་གུ་རུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་བཟློག །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །གསོལ་འདེབས་བསྙེན་པའི་རིམ་པ་ནི། ཨོཾ་ཨཱཿཀརྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཐུན་མཐར་དབང་བླང་རང་ལ་བསྟིམ། །རང་རིག་ཆོས་སྐུའི་རང་ཞལ་སྐྱོང་། །ཐུན་མཚམས་བླ་མའི་ལམ་ཁྱེར་བྱ། །བསྐྱེད་རིམ་ཕྱག་རྒྱའི་སྐུ་སྒྲུབ་སླད། །རྡོ་རྗེ་མཁའ་འགྲོ་སིདྷ་མའི། །སྐུ་ལ་སེམས་བཟུང་ཡུན་རིང་བཞག །དེ་ནས་གསལ་སྣང་ཐོབ་པ་དང་། །གཙོ་འཁོར་ཡོངས་རྫོགས་སྤྲོ་བ་ལ། །སེམས་བཟུང་ཡིད་མིག་རླུང་གསུམ་ནི། །གཅིག་ཏུ་གཏད་ཅིང་རྟོག་གཞན་གྱི། །བར་མ་ཆད་པར་ཏིང་འཛིན་བསྒོམ། །ལྷར་སྣང་རིག་པའི་ངང་དུ་བསྲེ། །སྒྱུ་མ་ལྟ་བུའི་རང་བཞིན་ལ། །བདེ་བ་ཆེན་པོའི་ཉམས་ལྡན་པ། །བདེ་རླུང་སེམས་གསུམ་དབྱེར་མེད་ཅིང་། །གསལ་དག་བརྟན་པ་ཚད་དུ་ཕྱིན། །ཡུལ་གསུམ་གྱད་དུ་གྱུར་པར་འབད། །རྫོགས་པའི་ཡེ་ཤེས་སྐུ་སྒྲུབ་ཕྱིར། །དེ་ནས་གཙོ་མོའི་སྐུ་ལུས་ཀྱི། །དབུ་རྐྱང་རོ་གསུམ་གསལ་བར་བསྐྱེད། །ཕོ་བྲང་ལྔ་ཡི་རྩ་འཁོར་ལ། །སེང་གདོང་རིགས་ལྔ་རྩ་འདབ་གྲངས། །ཌཱ་ཀིའི་བསྐོར་ལ་སེམས་བཟུང་ཞིང་། །རླུང་དུག་བསལ་ནས་བུམ་ཅན་བཟུང་། །རླུང་ལ་ལེགས་པར་འབྱོངས་པ་དང་། །ལྟེ་བར་གཏུམ་མོའི་མེ་དམར་མོ། །ལུག་རིལ་ཙམ་གསུམ་བརྩེགས་མར་གསལ། །རླུང་སྦྱོར་གྱིས་བསྐུལ་མེ་འཐབ་པའི། །མེ་ལྕེ་རིམ་འཕྲོས་རྩ་རྣམས་ཀྱི། །སྙིགས་མ་བསྲེགས་སྦྱངས་རླུང་བཟུང་བྱ། །དེ་ནས་ཐིག་ལེའི་རྣལ་འབྱོར་གྱིས། །སྤྱི་བོའི་ཡར་སྣེ་བྱང་སེམས་ཀྱི། །གོང་བུའི་ནང་དུ་ཧཾ་ཐུར་ལོག །མེ་ལྕེས་ཕོག་པས་རིམ་དྲངས་ཏེ། །འཁོར་ལོ་ལྔ་ཡི་ལྷ་རྣམས་ལ། །བདེ་ཆེན་བྱང་སེམས་མཆོད་པ་འབུལ། །ཚོགས་རྫོགས་སྒྲིབ་དག་དབང་བཞི་ཐོབ། །དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ། །རེ་རེ་ལ་ཡང་རླུང་བཟུང་ཞིང་། །ཐུན་མཚམས་འཁྲུལ་འཁོར་ཅི་རིགས་བྱ། །སྐབས་སུ་རླུང་གི་རྡོར་བཟླས་སྒྲུབ། །དེ་ལྟར་ཐིག་ལེར་དབང་ཐོབ་ཅིང་། །ཡེ་ཤེས་ལྡན་པས་གཞན་ལུས་ཀྱི། །ཕོ་ཉའི་ལམ་མཆོག་སྒྲུབ་པ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་བརྩམས། །བཞི་པའི་ཡེ་ཤེས་ལམ་བྱེད་ནི། །ཕྱི་ནང་རུ་ཤན་ལེགས་དབྱེ་ཞིང་། །རིགས་དྲུག་གནས་སྦྱོང་བྱས་པ་ཡི། །བགས་ཆགས་འཁྲུལ་པ་རྩད་ནས་སྦྱོངས། །སེམས་ཀྱི་རྩ་བདར་བཅད་པ་དང་། །རིག་པ་སྐུ་གསུམ་ངོ་སྤྲོད་ཅིང་། །རང་བཞིན་ཀ་དག་ཁྲེགས་ཆོད་ཀྱི། །ལྟ་སྒོམ་སྤྱོད་པ་མདུང་དྲིལ་ནས། །ཅོག་བཞག་གསུམ་གྱི་ལྷུམས་སུ་གཞུག །བོག་འབྱིན་ལྷུན་གྲུབ་འོད་གསལ་ཆེ། །འཆར་བའི་གནད་རྣམས་གཅུན་པ་དང་། །རིག་པ་སྐུ་གསུམ་ལམ་སྣང་ནི། །ཚད་ལ་ཕེབས་ཤིང་དབྱིངས་སུ་ཟད། །མཁྱེན་པའི་ཡེ་ཤེས་ནང་གསལ་འགྱུར། །དེ་ལྟར་བརྩོན་པས་ཚེ་འདིའམ། །བར་དོར་གྲོལ་བ་ཐེ་ཚོམ་མེད། །འཕོ་བ་སྐར་ཁུང་མདའ་འཕང་ནི། །རང་ཉིད་སེང་གདོང་སྐུར་གསལ་བའི། །ལུས་དབུས་དབུ་མ་སྙིང་ག་རུ། །ཐིག་ལེ་ཨ་ཡི་མཚན་པར་བསྒོམ། །སྤྱི་བོར་གུ་རུ་སྣང་མཐའ་ཡས། །དམར་པོ་མཉམ་བཞག་ལྷུང་བཟེད་བསྣམས། །གསལ་བར་གསོལ་བ་བཏབ་པ་ནི། །ཨེ་མ་ཧོཿསངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ནི། །གུ་རུ་སྣང་མཐའ་ཡས་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །བདེ་ཆེན་ཞིང་དུ་འདྲེན་པར་བྱིན་གྱིས་རློབས། །རླུང་གི་གནད་དང་ཧིག་གི་སྒྲས། །དྲངས་དང་བླ་མའི་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ཐིག་ལེར་ཟུག །ཏལ་གྱིས་དྲངས་ཏེ་ཐུགས་ཀར་ཐིམ། །ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །སྦྱངས་ཚེ་ཀ་ཞེས་མར་ལ་ཕབ། །སླར་ཡང་ཡར་སྤར་མར་འབེབས་སྦྱངས། །ལས་སྦྱོར་ཡང་ཡང་ཡར་སྤར་དང་། །དམིགས་མེད་སྤྲོས་བྲལ་ངང་ལ་བཞག །དེ་ལྟར་ལམ་གྱི་རིམ་པ་ལ། །བརྩོན་པས་ཚེ་འདིའམ་བར་དོ་རུ། །ངེས་པར་གྲོལ་བ་ཐེ་ཚོམ་མེད། །ས་མ་ཡ། ཞེས་པའང་འཁྲུལ་ཞིག་དཔའ་བོ་ཆེན་པོས་གསུང་གི་བསྐུལ་བས་རྐྱེན་བྱས་ཏེ། པདྨ་ཡེ་ཤེས་རྡོ་རྗེས་རིག་ཉམས་ལ་གང་ཤར་དབོ་ཟླའི་ཚེས་ཀྱི་དགའ་བ་གཉིས་པར་བྲིས་པ་དགེའོ། །བཀྲ་ཤིས།། །།
[edit]

ye shes mkha' 'gro seng gdong ma'i bskyed rdzogs zab mo'i bcud thig bzhugs/__/dben par bde ba'i stan la 'khod/__/nges 'byung byang sems gyis bskul te/__/sgrib sbyong tshogs bsags nan tan bya/__/byin rlabs myur du 'bebs pa'i slad/__karma gu ru bskyed pa ni/__/AHrang gi mdun gyi nam mkha' ru/__/bdud dang dam sri brtsegs pa'i steng /__/gnam lcags rdo rje rgya gram lter/__/bla ma karma gu ru ni/__/ljang nag khro zhing gtum pa'i nyams/__/pad zhwa gsang gos phod kha dang /__/stag sham rus rgyan mgo phreng gsol/__/phyag g.yas gnam lcags rdo rje 'phyar/__/g.yon pas lcags sdig phur bu 'dril/__/zhabs gnyis rol pa'i stabs kyis bzhugs/__/gnas gsum yig 'bru gsum gyis mtshan/__/dam ye dbyer med chen por gsal/__yan lag bdun dang maN+Dal 'bul/__kyai/__dus gsum sangs rgyas thams cad kyi/__/mthu stobs phrin las gcig bsdus pa/__/bla ma karma gu ru la/__/gsol ba 'debs so byin gyis rlobs/__/phyi nang gsang ba'i bar chad bzlog__/mchog thun dngos grub stsal du gsol/__/gsol 'debs bsnyen pa'i rim pa ni/__oM AHkarma ma hA gu ru sarba sid+d+hi hU~M/__thun mthar dbang blang rang la bstim/__/rang rig chos sku'i rang zhal skyong /__/thun mtshams bla ma'i lam khyer bya/__/bskyed rim phyag rgya'i sku sgrub slad/__/rdo rje mkha' 'gro sid+ha ma'i/__/sku la sems bzung yun ring bzhag__/de nas gsal snang thob pa dang /__/gtso 'khor yongs rdzogs spro ba la/__/sems bzung yid mig rlung gsum ni/__/gcig tu gtad cing rtog gzhan gyi/__/bar ma chad par ting 'dzin bsgom/__/lhar snang rig pa'i ngang du bsre/__/sgyu ma lta bu'i rang bzhin la/__/bde ba chen po'i nyams ldan pa/__/bde rlung sems gsum dbyer med cing /__/gsal dag brtan pa tshad du phyin/__/yul gsum gyad du gyur par 'bad/__/rdzogs pa'i ye shes sku sgrub phyir/__/de nas gtso mo'i sku lus kyi/__/dbu rkyang ro gsum gsal bar bskyed/__/pho brang lnga yi rtsa 'khor la/__/seng gdong rigs lnga rtsa 'dab grangs/__/DA ki'i bskor la sems bzung zhing /__/rlung dug bsal nas bum can bzung /__/rlung la legs par 'byongs pa dang /__/lte bar gtum mo'i me dmar mo/__/lug ril tsam gsum brtsegs mar gsal/__/rlung sbyor gyis bskul me 'thab pa'i/__/me lce rim 'phros rtsa rnams kyi/__/snyigs ma bsregs sbyangs rlung bzung bya/__/de nas thig le'i rnal 'byor gyis/__/spyi bo'i yar sne byang sems kyi/__/gong bu'i nang du haM thur log__/me lces phog pas rim drangs te/__/'khor lo lnga yi lha rnams la/__/bde chen byang sems mchod pa 'bul/__/tshogs rdzogs sgrib dag dbang bzhi thob/__/dga' bzhi'i ye shes skyes par bsam/__/re re la yang rlung bzung zhing /__/thun mtshams 'khrul 'khor ci rigs bya/__/skabs su rlung gi rdor bzlas sgrub/__/de ltar thig ler dbang thob cing /__/ye shes ldan pas gzhan lus kyi/__/pho nya'i lam mchog sgrub pa dang /__/kun tu bzang po'i spyod pa brtsams/__/bzhi pa'i ye shes lam byed ni/__/phyi nang ru shan legs dbye zhing /__/rigs drug gnas sbyong byas pa yi/__/bags chags 'khrul pa rtsad nas sbyongs/__/sems kyi rtsa bdar bcad pa dang /__/rig pa sku gsum ngo sprod cing /__/rang bzhin ka dag khregs chod kyi/__/lta sgom spyod pa mdung dril nas/__/cog bzhag gsum gyi lhums su gzhug__/bog 'byin lhun grub 'od gsal che/__/'char ba'i gnad rnams gcun pa dang /__/rig pa sku gsum lam snang ni/__/tshad la phebs shing dbyings su zad/__/mkhyen pa'i ye shes nang gsal 'gyur/__/de ltar brtson pas tshe 'di'am/__/bar dor grol ba the tshom med/__/'pho ba skar khung mda' 'phang ni/__/rang nyid seng gdong skur gsal ba'i/__/lus dbus dbu ma snying ga ru/__/thig le a yi mtshan par bsgom/__/spyi bor gu ru snang mtha' yas/__/dmar po mnyam bzhag lhung bzed bsnams/__/gsal bar gsol ba btab pa ni/__/e ma hoHsangs rgyas kun gyi gsung gi rdo rje ni/__/gu ru snang mtha' yas la gsol ba 'debs/__/khyed kyi thugs rje'i 'od zer lcags kyu yis/__/bde chen zhing du 'dren par byin gyis rlobs/__/rlung gi gnad dang hig gi sgras/__/drangs dang bla ma'i thugs ka nas/__/'od zer lcags kyu thig ler zug__/tal gyis drangs te thugs kar thim/__/thugs yid bsres la mnyam par bzhag__/sbyangs tshe ka zhes mar la phab/__/slar yang yar spar mar 'bebs sbyangs/__/las sbyor yang yang yar spar dang /__/dmigs med spros bral ngang la bzhag__/de ltar lam gyi rim pa la/__/brtson pas tshe 'di'am bar do ru/__/nges par grol ba the tshom med/__/sa ma ya/__zhes pa'ang 'khrul zhig dpa' bo chen pos gsung gi bskul bas rkyen byas te/__pad+ma ye shes rdo rjes rig nyams la gang shar dbo zla'i tshes kyi dga' ba gnyis par bris pa dge'o/__/bkra shis//__//

Footnotes

Other Information