JKCL-KABUM-12-NA-002

From Khyentse Lineage - A Tsadra Foundation Project
Revision as of 17:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-002.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 2, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
བཀྲ་ཤིས་མཚན་གྱི་སྙན་པ་ཡི། །འཁོར་ཡུག་རི་བོའི་ཁོངས་ན་ཁྱབ། །སྲིད་ཞིའི་དགེ་ལེགས་དཔལ་ལྡན་པ། །སྔགས་ཆེན་རྡོ་རྗེ་འཛིན་པའི་དྲུང་། །འདིར་གནས་རྒན་བུའི་ཟོལ་སྦྱོར་གྱིས། །གཅམ་བུ་ཙམ་མིན་རབ་དགའི་དབྱངས། །རྒྱུད་མངས་སྒྲ་ལྟར་སྙན་པ་ཡི། །ཚིག་གི་སྦྱོར་བ་ཅུང་ཟད་བསྲིངས། །ཁྱེད་སྔོན་གྲངས་མེད་བསྐལ་པའི་གོང་། །བྱང་ཆུབ་སེམས་ཀྱིས་གཡར་དམ་ནི། །བརྟན་པོར་བཞེས་པས་དེང་འདིར་ཡང་། །དགེ་ལེགས་དཔལ་གྱི་ཟླ་སྣང་འཆར། །བཀྲ་ཤིས་གསེར་གྱི་ས་གཞི་ལ། །རྒྱལ་བའི་ཕྲིན་ལས་མརྒ་རྟའི། །ལྗང་ས་རབ་ཏུ་རྒྱས་པའི་རྩེར། །བྱང་ཆུབ་སྙེ་མ་རྣམ་པར་སྨིན། །ཚོགས་གཉིས་རྒྱ་མཚོའི་མཐུས་བྱུང་བའི། །གོ་ཆ་བཙན་པོ་བགོས་པ་ལས། །བྱང་ཕྱོགས་གནོད་སྦྱིན་དགྱེས་པའི་ཡུལ། །སྔ་འགྱུར་བསྟན་པའི་བྱེད་པོར་གྲུབ། །བསྐྱེད་རྫོགས་རིམ་གཉིས་གདེངས་ཚད་ལྡན། །ཕྲིན་ལས་རབ་འབྱམས་དབང་འབྱོར་ཤིང་། །དུས་གསུམ་ཀུན་ཏུ་དགེ་ལེགས་ཀྱི། །མེ་ཏོག་ཆར་དུ་བསྙིལ་དེ་རྒྱལ། །ཅེས་བཀྲ་ཤིས་དགེ་བས་མདུན་བདར་ཏེ། སྔོན་སྨོན་གྱི་འབྲེལ་བའི་སྔགས་ཆེན་མཆོག་ཉིད་འདིར་བཞུགས་སྟན་ཡུན་རིང་ཆགས་ནས་ངོས་ཅག་ལ་སྔ་ཕྱིར་ཞབས་བརྟན་སོགས་རྒྱ་ཆེར་བཀའ་དྲིན་བསྐྱངས་བ་རྣམ་ཀུན་ཡིད་ལ་བཅགས་ཤིང་། ད་ཆར་རང་ཡུལ་དུ་བྱོན་པ་དང་། སླད་ནས་བླ་སློབ་བཀྲ་ཤིས་ཚེ་བརྟན་རྡོ་རྗེའི་ཕྲེང་བ་ཆད་པ་མེད་པ་ནས་དངོས་མཇལ་འབྱུང་བའི་རྟེན་འབྱུང་དུ། བཀྲ་ཤིས་པའི་ལྷ་རྫས། སྐུ་རྟེན་རྣམ་པར་སྣང་མཛད་མཁྱེན་ལི་རྙིང་པ། གསུང་རྟེན། ཐུགས་རྟེན་རྡོར་དྲིལ། རྡོ་རྗེ་འཇིགས་བྱེད་དང་། གསང་བ་འདུས་པ་ཟངས་སྐུ་བླུགས་མ་སྒྲོས་ལྡན། ཙན་ཌ་བྱེར་ཕྲ་ཅན། མཎྜལ་འཁོར་ཚང་། གསེར་དངུལ་ཕྲ་མའི་གའུ། ཕྲུག་ལག་ཐུང་། ཕྲུག་གོས། དངུལ་གློ་ཡ་གཅིག །རས་དཀར་བཅས་ཕུལ་བས་བདག་གིར་བཞེས་གྲུབ་པ་ནས། སླར་ཡང་། བཀྲ༵་ཤིས༵་བྱེ་བ་བརྒྱ་ཕྲག་རྡུལ་མང་གི །རྣམ་པར་བསྐྲུན་པའི་གཟུགས་སྐུའི་དཀྱིལ་འཁོར་ཉིད། །རྡོ་རྗེའི་ཆོས་བདུན་ངོ་བོར་བརྟན་བཞུགས་ནས། །དཔལ༵་ལྡན༵་ཕྲིན་ལས༵་ཀུན༵་ཁྱབ༵་བྱེད་པོར་སྨོན། །ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་པ་དང་། །བར་ཆད་བདུད་ཀྱི་ཕྲུ་མ་ལས་རྒྱལ་ཏེ། །ཕྱོག༵ས་ལ༵ས་རྣམ༵་རྒྱལ༵་རྒྱལ་མཚན་བཟང༵་པོ༵་ཡི། །སྙན་པའི་གྲགས་པ་ཡུན་དུ་གསལ་གྱུར་ཅིག །བདག་ཀྱང་ཚེ་ཡི་འདུ་བྱེད་མ་བསྟུངས་ཤིང་། །དད་དང་དམ་ཚིག་ཤེལ་དཀར་ཕྲེང་བ་ཡི། །གཅིག་ཏུ་སྦྲེལ་བའི་འདུན་པ་མི་ལྷོད་པས། །འབྱུང་ཆར་ལྷན་ཅིག་འཚོགས་པའི་རྟེན་འབྱུང་སྨོན། །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲེ་ཡོ་བྷ་བ་ཏུ།། །།
[edit]

bkra shis mtshan gyi snyan pa yi/__/'khor yug ri bo'i khongs na khyab/__/srid zhi'i dge legs dpal ldan pa/__/sngags chen rdo rje 'dzin pa'i drung /__/'dir gnas rgan bu'i zol sbyor gyis/__/gcam bu tsam min rab dga'i dbyangs/__/rgyud mangs sgra ltar snyan pa yi/__/tshig gi sbyor ba cung zad bsrings/__/khyed sngon grangs med bskal pa'i gong /__/byang chub sems kyis g.yar dam ni/__/brtan por bzhes pas deng 'dir yang /__/dge legs dpal gyi zla snang 'char/__/bkra shis gser gyi sa gzhi la/__/rgyal ba'i phrin las marga rta'i/__/ljang sa rab tu rgyas pa'i rtser/__/byang chub snye ma rnam par smin/__/tshogs gnyis rgya mtsho'i mthus byung ba'i/__/go cha btsan po bgos pa las/__/byang phyogs gnod sbyin dgyes pa'i yul/__/snga 'gyur bstan pa'i byed por grub/__/bskyed rdzogs rim gnyis gdengs tshad ldan/__/phrin las rab 'byams dbang 'byor shing /__/dus gsum kun tu dge legs kyi/__/me tog char du bsnyil de rgyal/__/ces bkra shis dge bas mdun bdar te/__sngon smon gyi 'brel ba'i sngags chen mchog nyid 'dir bzhugs stan yun ring chags nas ngos cag la snga phyir zhabs brtan sogs rgya cher bka' drin bskyangs ba rnam kun yid la bcags shing /__da char rang yul du byon pa dang /__slad nas bla slob bkra shis tshe brtan rdo rje'i phreng ba chad pa med pa nas dngos mjal 'byung ba'i rten 'byung du/__bkra shis pa'i lha rdzas/__sku rten rnam par snang mdzad mkhyen li rnying pa/__gsung rten/__thugs rten rdor dril/__rdo rje 'jigs byed dang /__gsang ba 'dus pa zangs sku blugs ma sgros ldan/__tsan Da byer phra can/__maN+Dal 'khor tshang /__gser dngul phra ma'i ga'u/__phrug lag thung /__phrug gos/__dngul glo ya gcig__/ras dkar bcas phul bas bdag gir bzhes grub pa nas/__slar yang /__bkra~X shisa~X bye ba brgya phrag rdul mang gi__/rnam par bskrun pa'i gzugs sku'i dkyil 'khor nyid/__/rdo rje'i chos bdun ngo bor brtan bzhugs nas/__/dpala~X ldana~X phrin lasa~X kuna~X khyaba~X byed por smon/__/thugs kyi bzhed don mtha' dag 'grub pa dang /__/bar chad bdud kyi phru ma las rgyal te/__/phyoga~Xs la~Xs rnama~X rgyala~X rgyal mtshan bzanga~X po~X yi/__/snyan pa'i grags pa yun du gsal gyur cig__/bdag kyang tshe yi 'du byed ma bstungs shing /__/dad dang dam tshig shel dkar phreng ba yi/__/gcig tu sbrel ba'i 'dun pa mi lhod pas/__/'byung char lhan cig 'tshogs pa'i rten 'byung smon/__/sarba dA ka l+yA NaM su shre yo b+ha ba tu//___//

Footnotes

Other Information