JKW-KABAB-11-DA-007

From Khyentse Lineage - A Tsadra Foundation Project
Revision as of 15:12, 4 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' babs |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKW-KABAB-11-DA-007.pdf
Location mkhyen brtse'i bka' babs
Volume Expression error: Unrecognized word "da"., Text 7, Pages (Folios to )
Author [[ | ]]
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation
Genre Revelations - gter ma
Karchag page JKW-KABAB-Volume-02-KHA-Karchag"DA" is not a number.

"DA" is not a number.

[edit]
༄༅། །ཀུན་བཟང་ཐུགས་གཏེར་ལས་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་བརྒྱུད་འདེབས་བཞུགས། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་འཆང༌། །གསང་བའི་བདག་པོ་རྡོ་རྗེ་ཕག་མོ་དང༌། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་ཐོད་ཕྲེང་རྩལ། །གནུབ་ཀྱི་སློབ་དཔོན་ནམ་མཁའི་སྙིང་པོ་དང༌། །གང་གི་རྣམ་འཕྲུལ་བྱང་ཆུབ་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །པདྨའི་ཞལ་སྐྱིན་མདོ་སྔགས་གླིང་པ་དང༌། །མཛོད་ལྔའི་ཤིང་རྟ་བློ་གྲོས་ཕ་མཐའ་ཡས། །རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །གདོད་མའི་མགོན་པོ་ཆོས་ཀྱི་བློ་གྲོས་དང༌། །གར་གྱི་དབང་ཕྱུག་རབ་གསལ་ཟླ་བའི་མཚན། །འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་དང༌། །ཡི་དམ་ཡང་དག་ཞི་ཁྲོ་ཕུར་པའི་ལྷ། །ཕྲིན་ལས་མངའ་བདག་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །སྣ་ཚོགས་སྣང་བ་ལྷ་ཡི་འཁོར་ལོར་དག །གྲགས་པའི་སྒྲ་ཀུན་ཡི་གེའི་དལ་དུ་རྫོགས། །རྟོག་པའི་རྦ་རླབས་ཐུགས་སུ་སྨིན་པ་ཡི། །བསྐྱེད་རིམ་ཕ་མཐར་སོན་པར་བྱིན་གྱིས་རློབས། །རྩ་ཐིག་རླུང་གི་རྒྱུ་བ་ལས་སུ་རུང༌། །བདེ་སྟོང་ཕོ་ཉའི་ཟབ་ལམ་ཉམས་འོག་ཆུད། །མཚོན་བྱ་དོན་གྱི་ཡེ་ཤེས་མངོན་གྱུར་ཏེ། །རྫོགས་རིམ་ལམ་དུ་ལོངས་པར་བྱིན་གྱིས་རློབས། །གཟུང་འཛིན་འཁྲུལ་སྣང་སྟོང་པའི་དབྱིངས་སུ་ཞིག །ཟང་ཐལ་རིག་པ་རྟོག་པའི་གཟེབ་ལས་གྲོལ། །ཟུང་འཇུག་རྗེན་པར་མྱོང་བའི་ཉམས་ལེན་གྱིས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཅེས་པའང ༢༠༠༨ ཚེས་བཅོ་ལྔ་ལ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་ཀྱི་གྲྭ་ཆེན་པོར་འདི་དག་གི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་འབོགས་པའི་གཡར་ཁྲལ་ལྷུར་ལེན་པའི་སྲོད་ཀྱི་ཐུན་ལ་ཕུན་ཚོགས་རྣམ་རྒྱལ་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།
[edit]

@#/__/kun bzang thugs gter las yang dag zhi khro phur gsum gyi brgyud 'debs bzhugs/__/chos sku kun bzang longs sku rdo rje 'chang*/__/gsang ba'i bdag po rdo rje phag mo dang*/__/las kyi dbang mo rig 'dzin rnam brgyad la/__/gsol ba 'debs so mchog gi dngos grub stsol/__/rgyal kun spyi gzugs o rgyan thod phreng rtsal/__/gnub kyi slob dpon nam mkha'i snying po dang*/__/gang gi rnam 'phrul byang chub gling pa la/__/gsol ba 'debs so mchog gi dngos grub stsol/__/pad+ma'i zhal skyin mdo sngags gling pa dang*/__/mdzod lnga'i shing rta blo gros pha mtha' yas/__/rig 'dzin 'gyur med tshe dbang rgya mtsho la/__/gsol ba 'debs so mchog gi dngos grub stsol/__/gdod ma'i mgon po chos kyi blo gros dang*/__/gar gyi dbang phyug rab gsal zla ba'i mtshan/__/'jam dbyangs thub bstan chos kyi rgya mtsho la/__/gsol ba 'debs so mchog gi dngos grub stsol/__/rigs kun khyab bdag rtsa ba'i bla ma dang*/__/yi dam yang dag zhi khro phur pa'i lha/__/phrin las mnga' bdag mkha' 'gro chos skyong la/__/gsol ba 'debs so mchog gi dngos grub stsol/__/sna tshogs snang ba lha yi 'khor lor dag__/grags pa'i sgra kun yi ge'i dal du rdzogs/__/rtog pa'i rba rlabs thugs su smin pa yi/__/bskyed rim pha mthar son par byin gyis rlobs/__/rtsa thig rlung gi rgyu ba las su rung*/__/bde stong pho nya'i zab lam nyams 'og chud/__/mtshon bya don gyi ye shes mngon gyur te/__/rdzogs rim lam du longs par byin gyis rlobs/__/gzung 'dzin 'khrul snang stong pa'i dbyings su zhig__/zang thal rig pa rtog pa'i gzeb las grol/__/zung 'jug rjen par myong ba'i nyams len gyis/__/don gnyis lhun gyis grub par byin gyis rlobs/__/ces pa'ang_2008_tshes bco lnga la rdzong gsar bkra shis lha rtse'i chos kyi grwa chen por 'di dag gi smin grol rgyab rten dang bcas pa 'bogs pa'i g.yar khral lhur len pa'i srod kyi thun la phun tshogs rnam rgyal pas gsol ba btab pa dge legs 'phel/

Footnotes

Other Information