JKW-KABUM-24-YA-001-004

From Khyentse Lineage - A Tsadra Foundation Project
Revision as of 08:53, 18 May 2021 by Mort (talk | contribs)

JKW-KABUM-24-YA-001-004

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཁ་སྐོང་བཞུགས་བྱང་ཀུན་ཏུ་བཟང་པོའི་ཟློས་གར།
Wylie title rdzogs pa chen po klong chen snying tig gi kha skong bzhugs byang kun tu bzang po'i zlos gar JKW-KABUM-24-YA-001.pdf
Location mkhyen brtse'i bka' 'bum
Volume 24, sde tshan 1, Text 4, Pages 20-26 (Folios 10b2 to 13b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rdzogs pa chen po klong chen snying tig gi kha skong bzhugs byang kun tu bzang po'i zlos gar. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 20-26. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Catalogue of Contents - dkar chag
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

།དེ་ལ་སྤྱིར་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་པས་སློབ་ཚོགས་ཆེས་མཁས་ཤིང་གྲུབ་པ་རྒྱུ་སྐར་གྱི་གྲངས་དང་མཉམ་པ་ལྷོ་ཕྱོགས་འཕགས་པའི་ཡུལ་དང་འདབས་འབྱོར་པ་ནས། ཤར་ཕྱོགས་རྒྱ་སོག་གི་ཡུལ་གྲུ་ཚུན་ཁྱབ་པར་བརྡལ་ཞིང་། དེ་རྣམས་ཀྱིས་ཀྱང་གཙོ་བོ་རང་རང་གིས་ཉམས་གཞེས་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ན། བྱང་ཆུབ་སེམས་ཀྱི་གྲུབ་འབྲས་རྒྱལ་བ་དགྱེས་པའི་ལམ་སྲོལ་གྱི་སྒོ་འཕར་བྱེ་བས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། སྤྱིར་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དང་། བྱེ་བྲག་ལེགས་བཤད་ཀྱི་དགའ་སྟོན་རྒྱ་ཆེར་བཀྲལ་བ་དང་། སྙིང་པོ་བསྡུས་པ་དང་། འཁྲུགས་པ་བསྡེབས་པ་དང་། ཉམས་རྟོགས་ཀྱི་རྩལ་ལས་ཤར་བའི་རྡོ་རྗེའི་གླུས། ཟབ་མོའི་གདམས་པ་སོགས་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པའི་ཕྱིར་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་འདིར་གྲགས་ཆེ་ཞིང་། ཉེ་བར་མཁོ་བ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་སྟེ། འདིས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་ལྷར་བཅས་འཇིག་རྟེན་གསུམ་གྱི་ཉེར་འཚོར་ཕྱོགས་དང་། དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།

de la spyir kun mkhyen chen po nyid kyi phrin las nam mkha' dang mnyam pas slob tshogs ches mkhas shing grub pa rgyu skar gyi grangs dang mnyam pa lho phyogs 'phags pa'i yul dang 'dabs 'byor pa nas/__shar phyogs rgya sog gi yul gru tshun khyab par brdal zhing /__de rnams kyis kyang gtso bo rang rang gis nyams gzhes snying po'i sgrub pa la rtse gcig tu gzhol ba na/__byang chub sems kyi grub 'bras rgyal ba dgyes pa'i lam srol gyi sgo 'phar bye bas rang gzhan gyi don gnyis lhun gyis grub cing /__spyir 'chad rtsod rtsom gsum gyi bya ba dang /__bye brag legs bshad kyi dga' ston rgya cher bkral ba dang /__snying po bsdus pa dang /__'khrugs pa bsdebs pa dang /__nyams rtogs kyi rtsal las shar ba'i rdo rje'i glus/__zab mo'i gdams pa sogs mtha' yas shing bsam gyis mi khyab pa'i phyir su zhig gis brjod par nus/__'on kyang 'dir grags che zhing /__nye bar mkho ba 'ga' zhig phyogs gcig tu bsgrigs pa ste/__'dis kyang kun mkhyen chos kyi rgyal po'i bstan pa rin po che lhar bcas 'jig rten gsum gyi nyer 'tshor phyogs dang /__dus dang gnas skabs thams cad du dar zhing rgyas la yun ring du gnas pa'i rgyur gyur cig__/mang+ga laM/

1 Texts in this Section (sde tshan or chos tshan)

[edit]
༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཁ་སྐོང་བཞུགས་བྱང་ཀུན་ཏུ་བཟང་པོའི་ཟློས་གར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འོད་གསལ་རྫོགས་པ་ཆེན་པོ་གཙོ་བོར་གྱུར་བའི་མདོ་རྒྱུད་མཐའ་དག་གི་ཟབ་བཅུད་ཀློང་ཆེན་སྙིང་གི་ཐིག་ལེའི་ཁ་སྐོང་ཉེར་མཁོའི་སྐོར་གྱི་དཀར་ཆག་མདོ་ཙམ་འབྲི་ན་སྡེ་ཚན་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་རྗེས་འབྲངས་དང་བཅས་པ་ལས། དང་པོ་ངེས་ཤེས་འདྲེན་པ་ལོ་རྒྱུས་ཀྱི་སྐོར་ལ། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབ་གསོལ་འདེབས། རྣམ་ཐར་གསོལ་འདེབས། འཁྲུངས་རབ་རྣམ་ཐར་ཉུང་བསྡུས། དྲག་པོ་རྟ་ཁྱུང་གི་རྫས་ཕུར་གཏེར་ནས་བཞེས་པའི་ལོ་རྒྱུས། ཀུན་མཁྱེན་རིན་པོ་ཆེ་སློབ་ཚོགས་དང་བཅས་པའི་དོན་གྱི་རྣམ་ཐར་མདོར་བསྡུས་ཡིད་ཆེས་སུམ་ལྡན་རྣམས་སོ། །གཉིས་པ་སྨིན་བྱེད་དབང་གི་སྐོར་ལ། དབང་གི་སྤྱི་དོན་གྱི་ཟིན་བྲིས་ལག་ལེན་གསལ་བ། རྩལ་དབང་གི་ཟིན་ཐོ། དབང་བསྐུར་སྤྱིའི་མཐའ་རྟེན་རྣམས་སོ། །གསུམ་པ་འཇུག་སྒོ་བྱིན་རླབས་ཀྱི་སྐོར་ལ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་རིག་པ་འཛིན་པའི་ཤིང་རྟ། བླ་མཆོད་དང་འབྲེལ་བར་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས། ཟངས་མདོག་དཔལ་རིའི་སྨོན་ལམ་གྱི་རྗེས་སུ་འབྲངས་པའི་ཞིང་བཀོད་འབྲི་ཚུལ་རྣམས་སོ། །བཞི་པ་གྲོལ་བྱེད་བུམ་དབང་གི་ལམ་ཁྱེར་སྐོར་ལ། ནང་སྒྲུབ་རིག་འཛིན་འདུས་པའི་དབང་ཆོག་རྒྱས་པ། དེའི་ལྷ་དབང་པདྨ་རཱ་གའི་ཕྲེང་བ། སྔགས་དོན། ཧཱུྃ་སྒྲུབ་ཛཔ྄་དབྱངས་བཅས། ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ཀྱི་དབང་ཆོག་རྒྱས་པ། ལྷ་དབང་། ཞབས་བརྟན་འབུལ་བའི་ཆོ་ག །འཆི་བསླུའི་མན་ངག་མཁའ་འགྲོའི་ཟབ་ཏིག །ལས་ཚོགས་ཉེར་འཁོ་འཆི་མེད་འདོད་འཇོ། ཡུམ་བཀའི་བརྒྱུད་འདེབས་སྔ་ཕྱི། རྣམ་བཤད་ཆེན་མོ། སྔགས་དོན། བསུན་ཟློག་ཉུང་ངུ་། ནང་སྒྲུབ་སྒྲོལ་མ་ཉེར་གཅིག་གི་དབང་ཆོག་བཀའ་གཏེར་ཟུང་འཇུག །ལས་ཚོགས་སྤྱིའི་གསལ་བྱེད། བྱེ་བྲག་ཤེས་རབ་སྤེལ་བ། བསོད་ནམས་སྟོབས་བསྐྱེད། དམིགས་བྱ་དབང་སྡུད། བཀྲ་ཤིས་ཤིང་དོན་གྲུབ་པ། ཇག་འཆིང་། དུག་སེལ། རིམས་སྲུང་རྣམས་ཀྱི་གསལ་བྱེད་རེ་རེ། མཎྜལ་བཞི་ཆོག་ཉེར་བསྡུ། བདེ་བ་ཅན་གྱི་ཆོ་གའི་དབང་ཆོག །དེའི་ཆོ་གའི་ཟུར་རྒྱན། གཏེར་བུམ་གྱི་ཟུར་རྒྱན་བཀྲ་ཤིས་ཆར་འབེབས། གསང་སྒྲུབ་སེང་གདོང་མའི་བསྙེན་ཡིག་ཟུར་གསལ། བྱད་ཁྲོལ་རྒྱས་པའི་ལག་ལེན། གཏོར་ཟློག་སོགས་ཀྱི་འདོན་འགྲིགས། བླ་མ་དྲག་པོ་དཔལ་ཆེན་འདུས་པའི་རྒྱུན་ཁྱེར། ལས་འགྲིགས། བཟློག་པའི་ཡང་ཞུན། སྲི་གནོན་གྱི་ལྷན་ཐབས། བསྐྱེད་རིམ་གྱི་རྣམ་གཞག་ཟུང་འཇུག་སྙེ་མ། དེའི་ཁ་སྐོང་རྗེས་ཆོག་གི་རྣམ་བཤད། སྐོང་བཤགས་རྡོ་རྗེའི་ཐོལ་གླུའི་འགྲེལ་པ། སྐོང་བཤགས་ཀྱི་ཆོ་ག་རྒྱས་པར་བྱ་ཚུལ། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྒྱུད་འདེབས་ལེ་ཚན། དབང་ཆོག་རྒྱས་པ། སངས་རྒྱས་སྟོང་དབང་རཏྣའི་ལུགས། ལྷ་མོ་བཞིའི་བསྐྱེད་ཆོག །ཚོགས་སྐོང་། གནས་ལུང་། བསྙེན་སྒྲུབ་ལས་གསུམ་གྱི་གསལ་བྱེད་འཕགས་པའི་ཞལ་ལུང་། རྟ་མགྲིན་འདུས་པའི་དབང་གི་སྦྱིན་སྲེག །བར་འདིར་ཡང་གསང་བླ་སྒྲུབ་སྐོར་རྣམས་དཀར་ཆག་ཟུར་གསལ་ལྟར། དྲག་པོ་རྟ་ཁྱུང་འབར་བའི་བརྒྱུད་འདེབས། ལས་བྱང་། དབང་ཆོག་ལེ་ཚན། སྨད་ལས། བསྙེན་ཡིག །ལོ་དགྲ་སེར་བའི་གནོད་པ་སྲུང་ཐབས། རྫས་དང་འཁོར་ལོའི་སྲུང་བ། གཞི་ལམ་འབྲས་བུའི་སྨོན་འགྲེལ། ཞི་ཁྲོ་ངན་སོང་སྦྱོང་བ་གཏེར་གཞུང་རྩ་བ། བཀའ་གཏེར་ཟུང་འཇུག་གི་བརྒྱུད་འདེབས། སྒྲུབ་མཆོད་ཀྱི་ཟིན་བྲིས། ཉམ་ཆགས་སྐོང་བའི་མན་ངག་གི་གསལ་བྱེད། ཐེག་པ་རིམ་དགུའི་སྐོང་བཤགས་ཆེན་མོ་རྣམ་གྲོལ་ལམ་བཟང་། གནས་ལུང་གི་ཟུར་འདེབས། བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ངན་སོང་སྦྱོང་བའི་ཡང་སྙིང་རྣམས་སོ། །ལྔ་པ་ཆོས་སྲུང་ཞི་སྐོར་ལ། སྲོག་དབང་གྲུབ་པའི་ཞལ་ལུང་། ལྕམ་དྲལ་གནད་ཡིག་གི་གསལ་བྱེད། ཚོགས་མཆོད། གཡུལ་མདོས་ཕྱག་ལེན། དྲུག་ཅུ་རྩ་བཞིའི་མ་གཤིན་དྲུག་བཅུའི་གཏོར་ཟློག་གོ །མན་ངག །གཟའ་དབང་ཨུརྨོ་ཁ་ཐཾ། མངའ་གསོལ། ལས་སྦྱོར་སྤུ་གྲི་སོ་འཐབ། མེ་མཆོད། ཚེ་རིང་མཆེད་ལྔའི་ཚོགས་མཆོད། མངའ་གསོལ། གབ་ཡིག་གི་གསལ་བྱེད། ཡང་ཟིན་ཆུང་། ཕྱུགས་གཏའ་བསྡམས་པ། ཆར་འབེབས་ཡིད་བཞིན་དབང་པོའི་བླ་བྲེ། སད་སྲུང་བདུད་རྩིའི་སྤྲིན་ཕུང་ཞར་བྱུང་དང་བཅས་པ། ཤྭ་མོ་དུས་གསུམ་ཀུན་གསལ་གྱི་གསལ་བྱེད་ཤེལ་གྱི་མེ་ལོང་། མ་མགོན་སྤྱི་གསོལ་བསྡུས་པ། དམིགས་རིམ། གཏོར་བསྔོ་བསྡུས་པ་ལེ་ཚན། ཆོས་སྲུང་སྤྱིའི་བསྟོད་པ། མངའ་གསོལ། འཕྲིན་བཅོལ། དྲག་བསྐུལ། ཟློག་བྱང་རྣམས་སོ། །དྲུག་པ་གསང་དབང་གི་ལམ་ཁྱེར་སྐོར་ལ། རླུང་དང་གཏུམ་མོའི་དམིགས་རིམ་སྙན་བརྒྱུད་ཞལ་ཤེས། རྩ་འཁོར་དཔེའུ་རིས། ཁྲོས་ནག་གི་མེ་དབང་། འཕོ་བའི་མཚམས་སྦྱོར་ལེ་ཚན། རྫས་ཀྱི་གཏུམ་མོ་དང་འཕོ་བ། ཞར་བྱུང་ཆོས་དྲུག་གི་གདམས་པ་ཤིང་རྟ་ནས་བྱུང་བའི་དམིགས་པའི་གལ་མདོ་རྣམས་སོ། །བདུན་པ་ཤེར་དབང་གི་ལམ་ཁྱེར་སྐོར་ལ། འཁྲུལ་འཁོར་གྱི་གསལ་བྱེད། དཔེའུ་རིས། ཐུར་མའི་ལག་ལེན། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དམིགས་རིམ་ལེ་ཚན། དེ་དང་འབྲེལ་བའི་སྟབས་པ་བྱ་ཚུལ་རྣམས་སོ། །བརྒྱད་པ་དབང་བཞི་པའི་ཡེ་ཤེས་ཀྱི་ལམ་ཁྱེར་སྐོར་ལ། ཀུན་བཟང་ཀློང་རྒྱུད་ཀྱི་འགྲེལ་ཆུང་། ས་བཅད། སྔོན་འགྲོ་གསུམ་གྱི་ཟིན་བྲིས་ལེ་ཚན། ཁྲིད་ཡིག་ཡེ་ཤེས་བླ་མའི་དཀའ་གནད་ཟིན་ཐོ། གནས་ལུགས་རྡོ་རྗེའི་ཚིག་རྐང་གི་ཚིག་འགྲེལ་རྣམས་སོ། །དེ་དག་དང་རྗེས་སུ་འབྲེལ་བའི་སྐོར་སྣ་ཚོགས་པ་ལ། ཀློང་ཆེན་སྙིང་ཏིག་ཡོངས་སུ་རྫོགས་པའི་ཟིན་བྲིས་ཐོར་བུ་དཀའ་གནད་མདུད་འགྲོལ། སྤྱོད་ཡུལ་སངས་རྒྱས་ལམ་ཁྱེར་གྱི་གདམས་པ་ཉམས་སུ་བླངས་བདེ་བ་ཐར་པའི་ཤིང་རྟ། བསྙེན་གནས་ཅུང་ཟད་རྒྱས་པ་གཞན་ཕན་ཟླ་བ། དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག །ཚེས་བཅུའི་ཕན་ཡོན། སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་། སྔོན་འགྲོ་དངོས་གཞིའི་ལམ་བསྡུས། ཆོས་སྤྱོད་ཚོགས་གཉིས་ལམ་བཟང་། ཆུ་གཏོར་བརྒྱ་རྩའི་ལྷན་ཐབས། གཏོར་མ་ཆ་གསུམ། སྡེ་བརྒྱད་མཆོད་པ། གསང་རྔན། ཕུད་སྐོང་། ཆོས་སྲུང་བསང་མཆོད། གྲིབ་བསང་། ཚོགས་བསྡུས་ལེ་ཚན། སྐོང་བསྡུས་ལེ་ཚན། ཚོགས་བརྒྱའི་ལག་ལེན། བསྙེན་ཡིག་གི་ཡན་ལག་ལེ་ཚན། སྦྱིན་སྲེག་སྤྱི་འགྲོ་ལས་བཞིའི་བང་མཛོད་མཛེས་རྒྱན། གཞན་ཡང་། དམིགས་རིམ་གྱི་གོ་དོན་མདོར་བསྡུས་ལེ་ཚན། ཆོ་གའི་འདོན་འགྲིག །དྲྭ་མིག །རོལ་ཚིག །གཏོར་མའི་དཔེའུ་རིས་རྣམས་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་བཀའ་གཏེར་དག་སྣང་ཀུན་འདུས། རབ་གནས་སྙིང་པོ་ཟུར་བཀོལ། འཁོར་ལོས་མཚོན་པའི་གསུང་རྟེན་སྤྱིའི་རབ་གནས། རབ་གནས་ཀྱི་ཕྱག་ལེན་ཟིན་བྲིས། བཀྲ་ཤིས་འདོད་འཇོའི་ཡོན་བསྒོའི་གཏོང་ཐུན་བཀྲ་ཤིས་ཆར་འབེབས་རྣམས་སོ། །དེ་ལ་སྤྱིར་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་པས་སློབ་ཚོགས་ཆེས་མཁས་ཤིང་གྲུབ་པ་རྒྱུ་སྐར་གྱི་གྲངས་དང་མཉམ་པ་ལྷོ་ཕྱོགས་འཕགས་པའི་ཡུལ་དང་འདབས་འབྱོར་པ་ནས། ཤར་ཕྱོགས་རྒྱ་སོག་གི་ཡུལ་གྲུ་ཚུན་ཁྱབ་པར་བརྡལ་ཞིང་། དེ་རྣམས་ཀྱིས་ཀྱང་གཙོ་བོ་རང་རང་གིས་ཉམས་གཞེས་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ན། བྱང་ཆུབ་སེམས་ཀྱི་གྲུབ་འབྲས་རྒྱལ་བ་དགྱེས་པའི་ལམ་སྲོལ་གྱི་སྒོ་འཕར་བྱེ་བས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། སྤྱིར་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དང་། བྱེ་བྲག་ལེགས་བཤད་ཀྱི་དགའ་སྟོན་རྒྱ་ཆེར་བཀྲལ་བ་དང་། སྙིང་པོ་བསྡུས་པ་དང་། འཁྲུགས་པ་བསྡེབས་པ་དང་། ཉམས་རྟོགས་ཀྱི་རྩལ་ལས་ཤར་བའི་རྡོ་རྗེའི་གླུས། ཟབ་མོའི་གདམས་པ་སོགས་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པའི་ཕྱིར་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་འདིར་གྲགས་ཆེ་ཞིང་། ཉེ་བར་མཁོ་བ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་སྟེ། འདིས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་ལྷར་བཅས་འཇིག་རྟེན་གསུམ་གྱི་ཉེར་འཚོར་ཕྱོགས་དང་། དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ། ༈
[edit]

rdzogs pa chen po klong chen snying tig gi kha skong bzhugs byang kun tu bzang po'i zlos gar/ @#/_/rdzogs pa chen po klong chen snying tig gi kha skong bzhugs byang kun tu bzang po'i zlos gar ces bya ba bzhugs so/__/na mo gu ru b+h+yaH__'od gsal rdzogs pa chen po gtso bor gyur ba'i mdo rgyud mtha' dag gi zab bcud klong chen snying gi thig le'i kha skong nyer mkho'i skor gyi dkar chag mdo tsam 'bri na sde tshan bkra shis pa'i rtags kyi grangs ldan rjes 'brangs dang bcas pa las/__dang po nges shes 'dren pa lo rgyus kyi skor la/__rig 'dzin 'jigs med gling pa'i 'khrungs rab gsol 'debs/__rnam thar gsol 'debs/__'khrungs rab rnam thar nyung bsdus/__drag po rta khyung gi rdzas phur gter nas bzhes pa'i lo rgyus/__kun mkhyen rin po che slob tshogs dang bcas pa'i don gyi rnam thar mdor bsdus yid ches sum ldan rnams so/__/gnyis pa smin byed dbang gi skor la/__dbang gi spyi don gyi zin bris lag len gsal ba/__rtsal dbang gi zin tho/__dbang bskur spyi'i mtha' rten rnams so/__/gsum pa 'jug sgo byin rlabs kyi skor la/__phyi sgrub bla ma'i rnal 'byor gyi zin bris rig pa 'dzin pa'i shing rta/__bla mchod dang 'brel bar grub chen brgyad cu rtsa bzhi'i byin rlabs/__zangs mdog dpal ri'i smon lam gyi rjes su 'brangs pa'i zhing bkod 'bri tshul rnams so/__/bzhi pa grol byed bum dbang gi lam khyer skor la/__nang sgrub rig 'dzin 'dus pa'i dbang chog rgyas pa/__de'i lha dbang pad+ma rA ga'i phreng ba/__sngags don/__hU~M sgrub dzapa? dbyangs bcas/__tshe sgrub bdud rtsi'i bum bcud kyi dbang chog rgyas pa/__lha dbang /__zhabs brtan 'bul ba'i cho ga__/'chi bslu'i man ngag mkha' 'gro'i zab tig__/las tshogs nyer 'kho 'chi med 'dod 'jo/__yum bka'i brgyud 'debs snga phyi/__rnam bshad chen mo/__sngags don/__bsun zlog nyung ngu /__nang sgrub sgrol ma nyer gcig gi dbang chog bka' gter zung 'jug__/las tshogs spyi'i gsal byed/__bye brag shes rab spel ba/__bsod nams stobs bskyed/__dmigs bya dbang sdud/__bkra shis shing don grub pa/__jag 'ching /__dug sel/__rims srung rnams kyi gsal byed re re/__maN+Dal bzhi chog nyer bsdu/__bde ba can gyi cho ga'i dbang chog__/de'i cho ga'i zur rgyan/__gter bum gyi zur rgyan bkra shis char 'bebs/__gsang sgrub seng gdong ma'i bsnyen yig zur gsal/__byad khrol rgyas pa'i lag len/__gtor zlog sogs kyi 'don 'grigs/__bla ma drag po dpal chen 'dus pa'i rgyun khyer/__las 'grigs/__bzlog pa'i yang zhun/__sri gnon gyi lhan thabs/__bskyed rim gyi rnam gzhag zung 'jug snye ma/__de'i kha skong rjes chog gi rnam bshad/__skong bshags rdo rje'i thol glu'i 'grel pa/__skong bshags kyi cho ga rgyas par bya tshul/__thugs rje chen po sdug bsngal rang grol gyi brgyud 'debs le tshan/__dbang chog rgyas pa/__sangs rgyas stong dbang rat+na'i lugs/__lha mo bzhi'i bskyed chog__/tshogs skong /__gnas lung /__bsnyen sgrub las gsum gyi gsal byed 'phags pa'i zhal lung /__rta mgrin 'dus pa'i dbang gi sbyin sreg__/bar 'dir yang gsang bla sgrub skor rnams dkar chag zur gsal ltar/__drag po rta khyung 'bar ba'i brgyud 'debs/__las byang /__dbang chog le tshan/__smad las/__bsnyen yig__/lo dgra ser ba'i gnod pa srung thabs/__rdzas dang 'khor lo'i srung ba/__gzhi lam 'bras bu'i smon 'grel/__zhi khro ngan song sbyong ba gter gzhung rtsa ba/__bka' gter zung 'jug gi brgyud 'debs/__sgrub mchod kyi zin bris/__nyam chags skong ba'i man ngag gi gsal byed/__theg pa rim dgu'i skong bshags chen mo rnam grol lam bzang /__gnas lung gi zur 'debs/__bla ma rdo rje sems dpa'i sgrub thabs ngan song sbyong ba'i yang snying rnams so/__/lnga pa chos srung zhi skor la/__srog dbang grub pa'i zhal lung /__lcam dral gnad yig gi gsal byed/__tshogs mchod/__g.yul mdos phyag len/__drug cu rtsa bzhi'i ma gshin drug bcu'i gtor zlog go_/man ngag__/gza' dbang urmo kha thaM/__mnga' gsol/__las sbyor spu gri so 'thab/__me mchod/__tshe ring mched lnga'i tshogs mchod/__mnga' gsol/__gab yig gi gsal byed/__yang zin chung /__phyugs gta' bsdams pa/__char 'bebs yid bzhin dbang po'i bla bre/__sad srung bdud rtsi'i sprin phung zhar byung dang bcas pa/__shwa mo dus gsum kun gsal gyi gsal byed shel gyi me long /__ma mgon spyi gsol bsdus pa/__dmigs rim/__gtor bsngo bsdus pa le tshan/__chos srung spyi'i bstod pa/__mnga' gsol/__'phrin bcol/__drag bskul/__zlog byang rnams so/__/drug pa gsang dbang gi lam khyer skor la/__rlung dang gtum mo'i dmigs rim snyan brgyud zhal shes/__rtsa 'khor dpe'u ris/__khros nag gi me dbang /__'pho ba'i mtshams sbyor le tshan/__rdzas kyi gtum mo dang 'pho ba/__zhar byung chos drug gi gdams pa shing rta nas byung ba'i dmigs pa'i gal mdo rnams so/__/bdun pa sher dbang gi lam khyer skor la/__'khrul 'khor gyi gsal byed/__dpe'u ris/__thur ma'i lag len/__gcod yul mkha' 'gro'i gad rgyangs kyi dmigs rim le tshan/__de dang 'brel ba'i stabs pa bya tshul rnams so/__/brgyad pa dbang bzhi pa'i ye shes kyi lam khyer skor la/__kun bzang klong rgyud kyi 'grel chung /__sa bcad/__sngon 'gro gsum gyi zin bris le tshan/__khrid yig ye shes bla ma'i dka' gnad zin tho/__gnas lugs rdo rje'i tshig rkang gi tshig 'grel rnams so/__/de dag dang rjes su 'brel ba'i skor sna tshogs pa la/__klong chen snying tig yongs su rdzogs pa'i zin bris thor bu dka' gnad mdud 'grol/__spyod yul sangs rgyas lam khyer gyi gdams pa nyams su blangs bde ba thar pa'i shing rta/__bsnyen gnas cung zad rgyas pa gzhan phan zla ba/__dam grib nyes pa kun sel gyi khrus chog__/tshes bcu'i phan yon/__sngon 'gro'i ngag 'don rnam mkhyen lam bzang /__sngon 'gro dngos gzhi'i lam bsdus/__chos spyod tshogs gnyis lam bzang /__chu gtor brgya rtsa'i lhan thabs/__gtor ma cha gsum/__sde brgyad mchod pa/__gsang rngan/__phud skong /__chos srung bsang mchod/__grib bsang /__tshogs bsdus le tshan/__skong bsdus le tshan/__tshogs brgya'i lag len/__bsnyen yig gi yan lag le tshan/__sbyin sreg spyi 'gro las bzhi'i bang mdzod mdzes rgyan/__gzhan yang /__dmigs rim gyi go don mdor bsdus le tshan/__cho ga'i 'don 'grig__/drwa mig__/rol tshig__/gtor ma'i dpe'u ris rnams dang /__sgrol dkar yid bzhin 'khor lo'i cho ga bka' gter dag snang kun 'dus/__rab gnas snying po zur bkol/__'khor los mtshon pa'i gsung rten spyi'i rab gnas/__rab gnas kyi phyag len zin bris/__bkra shis 'dod 'jo'i yon bsgo'i gtong thun bkra shis char 'bebs rnams so/__/de la spyir kun mkhyen chen po nyid kyi phrin las nam mkha' dang mnyam pas slob tshogs ches mkhas shing grub pa rgyu skar gyi grangs dang mnyam pa lho phyogs 'phags pa'i yul dang 'dabs 'byor pa nas/__shar phyogs rgya sog gi yul gru tshun khyab par brdal zhing /__de rnams kyis kyang gtso bo rang rang gis nyams gzhes snying po'i sgrub pa la rtse gcig tu gzhol ba na/__byang chub sems kyi grub 'bras rgyal ba dgyes pa'i lam srol gyi sgo 'phar bye bas rang gzhan gyi don gnyis lhun gyis grub cing /__spyir 'chad rtsod rtsom gsum gyi bya ba dang /__bye brag legs bshad kyi dga' ston rgya cher bkral ba dang /__snying po bsdus pa dang /__'khrugs pa bsdebs pa dang /__nyams rtogs kyi rtsal las shar ba'i rdo rje'i glus/__zab mo'i gdams pa sogs mtha' yas shing bsam gyis mi khyab pa'i phyir su zhig gis brjod par nus/__'on kyang 'dir grags che zhing /__nye bar mkho ba 'ga' zhig phyogs gcig tu bsgrigs pa ste/__'dis kyang kun mkhyen chos kyi rgyal po'i bstan pa rin po che lhar bcas 'jig rten gsum gyi nyer 'tshor phyogs dang /__dus dang gnas skabs thams cad du dar zhing rgyas la yun ring du gnas pa'i rgyur gyur cig__/mang+ga laM/___/__!_

Footnotes

Other Information