JKW-KABUM-01-KA-002-019

From Khyentse Lineage - A Tsadra Foundation Project
Revision as of 16:30, 2 March 2022 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")

JKW-KABUM-01-KA-002-019

འཕགས་མ་རྡོ་རྗེ་དབྱངས་ཅན་མ་ལ་བསྟོད་པ།
Wylie title 'phags ma rdo rje dbyangs can ma la bstod pa JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 19, Pages 116-118 (Folios 29b5 to 30b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. phags ma rdo rje dbyangs can ma la bstod pa. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 116-118. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Verses of Praise - bstod pa
Deity rdo rje dbyangs can ma
Colophon

།ཅེས་འཕགས་མ་དབྱངས་ཅན་མ་དམར་མོའི་བསྟོད་པ་གསང་སྒྲུབ་ཀྱི་ཡི་གེ་རྙིང་པ་ལས་བྱུང་བ་ལ། འདོད་དོན་གསོལ་བའི་སྨོན་ལམ་གྱི་ཚིགས་སུ་བཅད་པའི་ཞལ་སྐོང་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཞུང་དང་མཐུན་པར་བྲིས་པ་དགེ།

ces 'phags ma dbyangs can ma dmar mo'i bstod pa gsang sgrub kyi yi ge rnying pa las byung ba la/__'dod don gsol ba'i smon lam gyi tshigs su bcad pa'i zhal skong 'di'ang 'jam dbyangs bla ma dgyes pa'i 'bangs mkhyen brtse'i dbang pos gzhung dang mthun par bris pa dge

1 Texts in this Section (sde tshan or chos tshan)

[edit]
རྒྱ་གར་སྐད་དུ། ཨཱཪྻ་བཛྲ་སྭ་ར་སྭ་སྟི་སྟུ་ཏི། བོད་སྐད་དུ། འཕགས་མ་རྡོ་རྗེ་དབྱངས་ཅན་མ་ལ་བསྟོད་པ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གིས་སྲིད་པའི་འཆིང་བ་ཀུན། །ལྷ་མོ་ཁྱོད་དྲན་གུས་བཟླས་པས། །སྐད་ཅིག་ཉིད་ལ་འཇོམས་མཛད་པའི། །རྒྱལ་བ་ཀུན་གྱི་ཡུམ་ལ་འདུད། །མ་རིག་མ་རིག་ལས་བྱུང་བ། །ཡེ་ཤེས་ཡེ་ཤེས་མཆོག་མངའ་བས། །མྱུར་བ་མྱུར་བར་གཅོད་མཛད་པའི། །ལྷ་མོའི་ལྷ་མོ་ཁྱོད་ལ་འདུད། །བློ་གྲོས་མཆོག་ཀུན་སྩོལ་མཛད་ཅིང་། །བློ་གྲོས་མཐའ་ཡས་སྟེར་མཛད་པ། །བློ་གྲོས་ཤེས་རབ་ཕ་རོལ་ཕྱིན། །བློ་གྲོས་མི་ཟད་གཏེར་གྱུར་འདུད། ཞལ་སྐོང་། །འཕགས་མ་ཁྱོད་ལ་གསོལ་བཏབ་པའི། །ལེགས་བྱས་ཟླ་བའི་འོད་སྣང་གིས། །རྨོངས་པའི་མུན་པ་ཀུན་བསལ་ནས། །བློ་གྲོས་ཆུ་གཏེར་རྒྱས་པར་ཤོག །ཚོགས་ཟུང་ཡེ་ཤེས་མེ་ལོང་ལས། །སྒྲ་དབྱངས་ལྷ་མོར་ཡོངས་ཤར་བའི། །ལྷ་སྔགས་ཏིང་འཛིན་རོལ་པའི་གཟིས། །དངོས་གྲུབ་རྣམ་གཉིས་འགྲུབ་གྱུར་ཅིག །ངག་གི་དཔལ་མོའི་གསང་གསུམ་གྱི། །བྱིན་རླབས་བདུད་རྩིའི་རྒྱུན་བཟང་པོས། །སྒྲིབ་གསུམ་དྲི་མ་ཀུན་སྦྱངས་ནས། །མཁྱེན་གཉིས་ངལ་འཚོ་བསྟེན་པར་ཤོག །མདོར་ན་འདི་ནས་བྱང་ཆུབ་བར། །འཕགས་མ་ཁྱོད་ཀྱིས་རྗེས་བཟུང་ནས། །ཤེས་རབ་ཕ་རོལ་ཕྱིན་མའི་དབྱིངས། །ཁམས་གསུམ་དབུགས་འབྱིན་སྩལ་གྱུར་ཅིག །ཅེས་འཕགས་མ་དབྱངས་ཅན་མ་དམར་མོའི་བསྟོད་པ་གསང་སྒྲུབ་ཀྱི་ཡི་གེ་རྙིང་པ་ལས་བྱུང་བ་ལ། འདོད་དོན་གསོལ་བའི་སྨོན་ལམ་གྱི་ཚིགས་སུ་བཅད་པའི་ཞལ་སྐོང་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཞུང་དང་མཐུན་པར་བྲིས་པ་དགེ། ། ༈།ན་མཿསྭ་ར་སྭ་སྟྱཻ། མཚོ་བྱུང་དབྱངས་ཅན་དང་ཟླ་བ། དཀར་དམར་གནག་པ་ལ། །རི་དྭགས་མཚན་མས་ཉེར་མཛེས་པ། །ཆེ་དགུའི་རལ་རྩེར་མི་ཕྱེད་བཞིན། །དབེན་པའི་གནས་སུ་རྟག་པར་འཇུག །ཅེས་ཀྱང་སྨྲས་སོ།། །། ༈
[edit]

'phags ma rdo rje dbyangs can ma la bstod pa/__(yang tshigs bcad sh+lo ka gcig_) rgya gar skad du/__AR+Ya badz+ra swa ra swa sti stu ti/__bod skad du/__'phags ma rdo rje dbyangs can ma la bstod pa/__bcom ldan 'das ngag gi dbang phyug la phyag 'tshal lo/__/gang gis srid pa'i 'ching ba kun/__/lha mo khyod dran gus bzlas pas/__/skad cig nyid la 'joms mdzad pa'i/__/rgyal ba kun gyi yum la 'dud/__/ma rig ma rig las byung ba/__/ye shes ye shes mchog mnga' bas/__/myur ba myur bar gcod mdzad pa'i/__/lha mo'i lha mo khyod la 'dud/__/blo gros mchog kun stsol mdzad cing /__/blo gros mtha' yas ster mdzad pa/__/blo gros shes rab pha rol phyin/__/blo gros mi zad gter gyur 'dud/__zhal skong /__/'phags ma khyod la gsol btab pa'i/__/legs byas zla ba'i 'od snang gis/__/rmongs pa'i mun pa kun bsal nas/__/blo gros chu gter rgyas par shog__/tshogs zung ye shes me long las/__/sgra dbyangs lha mor yongs shar ba'i/__/lha sngags ting 'dzin rol pa'i gzis/__/dngos grub rnam gnyis 'grub gyur cig__/ngag gi dpal mo'i gsang gsum gyi/__/byin rlabs bdud rtsi'i rgyun bzang pos/__/sgrib gsum dri ma kun sbyangs nas/__/mkhyen gnyis ngal 'tsho bsten par shog__/mdor na 'di nas byang chub bar/__/'phags ma khyod kyis rjes bzung nas/__/shes rab pha rol phyin ma'i dbyings/__/khams gsum dbugs 'byin stsal gyur cig__/ces 'phags ma dbyangs can ma dmar mo'i bstod pa gsang sgrub kyi yi ge rnying pa las byung ba la/__'dod don gsol ba'i smon lam gyi tshigs su bcad pa'i zhal skong 'di'ang 'jam dbyangs bla ma dgyes pa'i 'bangs mkhyen brtse'i dbang pos gzhung dang mthun par bris pa dge/___/__!/na maHswa ra swa s+t+yai/__mtsho byung dbyangs can dang zla ba/__dkar dmar gnag pa la/__/ri dwags mtshan mas nyer mdzes pa/__/che dgu'i ral rtser mi phyed bzhin/__/dben pa'i gnas su rtag par 'jug__/ces kyang smras so//___//__!_

Footnotes

Other Information