JKCL-KABUM-10-THA-025

From Khyentse Lineage - A Tsadra Foundation Project
Revision as of 13:05, 10 January 2022 by Mort (talk | contribs)

ཡར་འབྲོག་སྟག་ལུང་གནས་ཀྱི་མདོ་བྱང་།
Wylie title yar 'brog stag lung gnas kyi mdo byang JKCL-KABUM-10-THA-025.pdf
Location chos kyi blo gros bka' 'bum
Volume 10, Text 25, Pages 255-264 (Folios 1a to 5b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. yar 'brog stag lung gnas kyi mdo byang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 255-264. Bir, H.P.: Khyentse Labrang, 2012.
Genre Pilgrimage Guides - gnas yig  ·  Place or Sacred Site Guides - gnas bshad - skor tshad
Colophon
  • First colophon page 260: ཅེས་པའང་དབང་ཆེན་སྤྲེལ་ལོ་ཟླ་བ་བདུན་པའི་ཚེས་༡༣ལ། སྟག་ལུང་རྩེ་གྲྭར་སྡོད་པའི་སྐབས་རྨི་ལམ་དུ་རི་ལ་ཁྱབ་འཇུག་ཆེན་པོའི་སྐུ་ཡི་རྣམ་པར་ཕྱག་རྡོར་གྱི་གནས་ཡིན་བའི་རྨི་ལམ་གྱི་ཉིང་འཁྲུལ་ལ་བརྟེན་ཚེས་༡༤སྔ་ཆར་ཤུགས་འབྱུང་བཅོས་མེད་དུ་གང་ཤར་བྲིས་པ་དགེའོ།
  • Second colophon page 264: ཅེས་པའང་ཤིང་ལུག་ཟླ་༨ཚེས་༡༦ལ་དཔའ་དྷ་སུམ་མདོར་འབྱོར་སྐབས་རང་སློབ་ནང་ཆེན་ཚེས་བཅུའི་བླ་མ་མཆོད་དཔོན་མཆོག་ལྡན་ནས་བསྐུལ་ཡང་ཡིད་ངོར་མ་འཆར། ཚེས་༡༩ལ་ཀ་ལའི་གསས་མཁར་གྱི་ལ་ཐོགས་ནས་གནས་ཀྱི་བཀོད་པ་མཐོང་བ་དང་། རེ་ཆུ་མདོར་སྒར་བབས་པ་ན་ཡིད་ངོར་ལམ་ལམ་འཆར་ཞིང་བྲི་འདོད་བྱུང་བཞིན་སུག་རིས་སུ་རྒྱས་པ། འདི་ཡི་མགོར་ཨོ་རྒྱན་སྐད་དང་། ཞང་ཞུང་སྐད་ཀྱི་གནས་མིང་ཞིག་དྲན་ཡང་ཤེས་ཉམས་སྤུ་སུད་མ་ཆབ་ཆོབ་བྲིས་མཁས་བས་བཞད་གད་ཀྱི་གནས་སུ་འགྱུར་བས་མ་བཀོད་དོ།།
  • First colophon page 260: ces pa'ang dbang chen sprel lo zla ba bdun pa'i tshes 13la/__stag lung rtse grwar sdod pa'i skabs rmi lam du ri la khyab 'jug chen po'i sku yi rnam par phyag rdor gyi gnas yin ba'i rmi lam gyi nying 'khrul la brten tshes 14snga char shugs 'byung bcos med du gang shar bris pa dge'o/
  • Second colophon page 264: ces pa'ang shing lug zla 8tshes 16la dpa' d+ha sum mdor 'byor skabs rang slob nang chen tshes bcu'i bla ma mchod dpon mchog ldan nas bskul yang yid ngor ma 'char/__tshes 19la ka la'i gsas mkhar gyi la thogs nas gnas kyi bkod pa mthong ba dang /__re chu mdor sgar babs pa na yid ngor lam lam 'char zhing bri 'dod byung bzhin sug ris su rgyas pa/__'di yi mgor o rgyan skad dang /__zhang zhung skad kyi gnas ming zhig dran yang shes nyams spu sud ma chab chob bris mkhas bas bzhad gad kyi gnas su 'gyur bas ma bkod do//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཡར་འབྲོག་སྟག་ལུང་གནས་ཀྱི་མདོ་བྱང་བཞུགས། ། རང་བྱུང་གསང་བའི་ལྷ་ལ་འདུད། །ཨོ་རྒྱན་མཁན་པོ་བདག་ཉིད་ཀྱིས། །བོད་ཡུལ་ཐམས་ཅད་རྫུ་འཕྲུལ་གྱིས། །ཞབས་བཅགས་ས་གཞི་བྱིན་གྱིས་བརླབ། །བོད་ལ་བཀྲ་ཤིས་འབྱུང་བ་ཡི། །གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་། །བྱིན་གྱིས་བརླབས་ཤིང་ཧེ་རུ་ཀའི། །གནས་ཡུལ་རྣམས་དང་དབྱེར་མི་ཕྱེད། །ཆོས་ནོར་གཏེར་ཁ་དཔག་མེད་སྦས། །སྤྲུལ་པའི་རིག་འཛིན་རྣམས་ཀྱིས་བཏོན། །ས་མ་ཡ། དེ་ལས་དབུས་གཙང་ཁམས་གསུམ་གྱི། །བྱེ་བྲག་ཡར་མོ་འབྲོག་གི་སྟོད། །མཚོ་ཆེན་གླིང་དགུའི་ཉེ་བའི་ཆར། །ཕྱི་ལྟར་གཟའ་མཆོག་ཆེན་པོ་དང་། །བར་དུ་ལྕང་ལོ་ཅན་གྱི་ཞིང་། །གསང་བའི་བདག་པོ་དགྱེས་པའི་གནས། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེ། །གསང་བ་ཧེ་རུ་ཀ་དཔལ་དང་། །རྡོ་རྗེ་ཕག་མོ་དགྱེས་རོལ་པའི། །སྟག་མོ་གླིང་གི་དཔལ་དེའུ། །རིན་ཆེན་སྣ་ཚོགས་འབྱུང་བའི་རི། །ཆོས་ནོར་གཏེར་ཁ་དཔག་མེད་དང་། །རི་རྩེར་ཕྱག་རྡོར་གསང་ཕུག་དང་། །ཕྱོགས་མཚམས་དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཤར་ངོས་སྨན་གྱི་དེའུ་དང་། །ལྷོ་ཕྱོགས་རིན་ཆེན་སྤུངས་པ་དང་། །ནུབ་ཕྱོགས་བདེ་ལྡན་པདྨ་བཀོད། །བྱང་ཕྱོགས་རྔམ་པ་སྒྲ་སྒྲོགས་ཏེ། །དེ་དག་རྣམས་སུ་ཡ་མཚན་གྱི། །བཀོད་པ་བསམ་མི་ཁྱབ་པ་སྣང་། །དབུས་ཀྱི་དེའུ་དྲེགས་པ་ཕུག །ཤིན་ཏུ་བསྒྲོད་དཀའ་མུན་པ་དང་། །རླུང་ནག་རབ་ཏུ་འཚུབས་པའི་ནང་། །ཕུག་ཏུ་རཀྟའི་མཚོ་ཆེན་དབུས། །བྲག་རི་ཙིཏྟ་འདྲ་བ་ཡི། །གསང་བའི་སྒོ་མོ་རང་གྲུབ་ནང་། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ནི། །ཤིན་ཏུ་གསལ་བར་ཚོམ་བུར་གྲུབ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན། །རང་བྱུང་ཛྷི་ཀྵིཾ་ལས་གྲུབ་པའི། །སྐུ་དང་ཕྱག་མཚན་པུ་རི་སོགས། །ཛམ་བུ་གླིང་ན་ཆེ་བ་དང་། །ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས། །པདྨ་བདག་གིས་དྲངས་བྱས་ཏེ། །ཐུགས་དམ་གསང་བའི་ཕྱག་དཔེ་ནི། །རྣམ་མང་བགྲངས་ལས་འདས་པ་དང་། །གཞན་ཡང་དཀོར་ཆ་བསམ་མི་ཁྱབ། །ཤར་ན་ཞི་ཁྲོ་ཤེལ་ཕུག་དང་། །ལྷོ་ན་པདྨ་གསང་བའི་ཕུག །ནུབ་ན་བདེ་ཆེན་དབང་ཕུག་ཆེ། །བྱང་དུ་དྲག་སྔགས་རྡོ་རྗེ་ཕུག །དེ་དག་རྣམས་སུ་ང་ཉིད་དང་། །ཌཱ་ཀི་མཚོ་རྒྱལ་མནྡ་ར། །བཀྲ་ཤིས་ཁྱེའུ་འདྲེན་རྡོ་རྗེ་འཚོ། །ཆོས་རྒྱལ་བཻ་རོ་ངན་ལམ་དང་། །འབྲོག་མི་དཔལ་སེང་དཔལ་ཡེ་དང་། །ནམ་སྙིང་དཔལ་རྡོར་གནུབ་མཆོག་དབྱངས། །དེ་དག་རྣམས་ཀྱི་བྱིན་བརླབ་ལས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱིས། །རང་བྱོན་རྣམ་པ་མང་པོ་དང་། །བླ་མ་མཆོད་བསྟོད་དགོངས་འདུས་དང་། །དམོད་པ་དྲག་སྔགས་གཙོར་གྱུར་པའི། །སྒྲུབ་སྡེའི་ཟབ་གཏེར་དཔག་མེད་སྦས། །ཕྱི་ལྟར་སྲུང་མ་ཀླུ་སྨན་དང་། །གནོད་སྦྱིན་ཟུ་ར་ར་སྐྱེས་ཆེ། །ལྷ་བདུད་བཙན་དང་གིང་རྣམས་དང་། །གནོད་སྦྱིན་གང་བ་བཟང་པོ་ཆེ། །བརྟན་མ་ཆེན་མོ་རྣམ་གཉིས་སོགས། །གནས་གཏེར་སྲུང་མ་དཔག་མེད་དང་། །ནང་དུ་གཟའ་མཆོག་ཁྱབ་འཇུག་དང་། །དྲེགས་པ་སྡེ་བརྒྱད་གཟའ་གདོང་གི། འཁོར་ཚོགས་བསམ་མི་ཁྱབ་པས་བསྐོར། །གསང་བ་དཔལ་མགོན་མ་ནིང་ཆེ། །མགོན་ཆེན་སྡེ་ལྔ་སྔགས་སྲུང་མ། །སྐྱེས་མཆོག་བཛྲ་ས་དྷཱུ་དང་། །རྡོ་རྗེ་གཡུ་ཡི་སྒྲོན་མ་སོགས། །མི་འབྲལ་རྟག་ཏུ་འདུ་ཞིང་འགོ །དེ་ལྟའི་གནས་འདིར་དབང་པོ་དང་། །མཚམས་པའི་དད་མོས་ཕྱག་མཆོད་དང་། །ཚོགས་དང་བསྙེན་སྒྲུབ་འབད་གྱུར་ན། །རང་རང་སྐལ་བའི་དངོས་གྲུབ་ཐོབ། །ནད་གདོན་རྐྱེན་ཞི་བར་ཆད་སེལ། །མཆོག་ཐུན་དངོས་གྲུབ་ངེས་ཐོབ་འགྱུར། །གཙང་སྨད་གནས་ཆེན་ཀུན་གྱི་གཙོ། །བོད་ཡུལ་བདེ་སྐྱིད་འབྱུང་འདོད་ན། །འདི་ཉིད་མ་ཉམས་བསྲུང་བ་དང་། །ཚོགས་དང་སྦྱིན་སྲེག་བྱིན་འབེབས་དང་། །སྒྲུབ་དང་སྒྲུབ་ཆེན་མདོས་གཏོར་དང་། །བསད་མནན་བྱ་བ་ལ་སོགས་པས། །མཐའ་དམག་གདུག་པའི་འཚུབས་འགྱུར་ནི། །ངེས་བར་བཟློག་ལ་ཐེ་ཚོམ་མེད། །ས་མ་ཡཿགནས་ཀྱི་མདོ་བྱང་སྙིང་པོ་ནི། །པདྨ་བདག་གི་ཐུགས་ཀྱི་སྲས། །བི་མ་ཆོས་རྒྱལ་བྱིན་བརླབ་ཐོབ། །པདྨ་ཡེ་ཤེས་རྡོ་རྗེ་ཡི། །རང་བྱུང་རིག་པའི་ཀློང་དུ་སྦས། །དུས་ལ་བབ་ཚེ་སྣང་བར་འགྱུར། །ཕྱི་མའི་དུས་སུ་འགྲོ་དོན་སྤྱོད། །ཤིན་ཏུ་རྒྱས་པར་བསྟན་པར་འགྱུར། །ས་མ་ཡཿ། ཅེས་པའང་དབང་ཆེན་སྤྲེལ་ལོ་ཟླ་བ་བདུན་པའི་ཚེས་༡༣ལ། སྟག་ལུང་རྩེ་གྲྭར་སྡོད་པའི་སྐབས་རྨི་ལམ་དུ་རི་ལ་ཁྱབ་འཇུག་ཆེན་པོའི་སྐུ་ཡི་རྣམ་པར་ཕྱག་རྡོར་གྱི་གནས་ཡིན་བའི་རྨི་ལམ་གྱི་ཉིང་འཁྲུལ་ལ་བརྟེན་ཚེས་༡༤སྔ་ཆར་ཤུགས་འབྱུང་བཅོས་མེད་དུ་གང་ཤར་བྲིས་པ་དགེའོ། །དྷཱིཿ སྤུ་རྒྱལ་གངས་ཀྱི་རི་བོའི་གནས་ཀྱི་མདོ་བྱང་བཞུགས་སོ། །ཨོ་རྒྱན་མཁན་པོ་བདག་གིས་ནི། །རྒྱ་གར་ཡུལ་གྱི་གནས་རྣམས་སུ། །བརྟུལ་ཞུགས་སྤྱོད་པས་བགྲོད་པ་ན། །རིག་འཛིན་དཔའ་བོ་མཁའ་འགྲོ་ཡི། །དབང་བསྐུར་རྒྱུད་བཤད་བྱིན་གྱིས་བརླབས། །བདག་ཉིད་ཡེ་ནས་སངས་རྒྱས་ཀྱང་། །སླར་ཡང་གྲུབ་པ་ཆེན་པོ་ཡི། །ཕྱག་རྒྱའི་རིག་འཛིན་མཐར་སྦྱོར་ནས། །ལྷུན་གྱིས་གྲུབ་པའི་གོ་འཕང་ཐོབ། །བོད་ཡུལ་གདོང་དམར་སྲིན་པོའི་ཡུལ། །པྲེ་ཏ་པཱུ་རིའི་གྲོང་ཁྱེར་དུ། །སྔོན་གྱི་སྨོན་ལམ་སྟོབས་བཙན་པས། །སངས་རྒྱས་ཀྱིས་ཀྱང་སྤངས་པའི་ཡུལ། །ཆོས་རྒྱལ་ཆེན་པོ་དང་འབྲེལ་བས། །ལྡོག་ཏུ་མེད་པར་ཕྱིན་པ་དང་། །ས་གཞི་བཏུལ་ཞིང་ལྷ་སྲིན་རྣམས། །དམ་ལ་བཏགས་ཤིང་ཐུགས་དམ་གྱི། །གཙུག་ལག་ཁང་ཆེན་བཞེངས་པ་དང་། །ལོ་པཎ་སྤྱན་དྲངས་མདོ་སྔགས་ཀྱི། །དམ་ཆོས་དཔག་མེད་བསྒྱུར་བཤད་བྱས། །གསང་སྔགས་ནང་པ་ཐབས་ཆེན་གྱི། །ཐེག་པའི་དབང་རྒྱུད་མན་ངག་རྣམས། །རྗེ་འབངས་གཟུངས་མ་རྣམས་ལ་གདམས། །བརྩེ་བས་རང་རང་ཉམས་བླངས་ནས། །རང་རིག་གྲུབ་པ་མངོན་དུ་བརྙེས། །ས་མ་ཡཿདེ་ཚེ་བདག་ཉིད་སྣང་སེམས་ལ། །དབང་བསྒྱུར་ཆེན་པོ་བརྙེས་པའི་མཐུས། །བསམ་མི་ཁྱབ་པའི་ཆོ་འཕྲུལ་གྱིས། །བོད་ཁམས་མཐའ་དབུས་ཐམས་ཅད་ཀུན། །གསང་བ་གསུམ་གྱི་བྱིན་གྱིས་བརླབས། །བརྡའ་རྟགས་ཕྱག་མཚན་ཡི་གེ་སོགས། །ངོ་མཚར་ཆེན་པོ་འབྱུང་བའི་གནས། །གངས་བྲག་མཚོ་གླིང་ཐམས་ཅད་ཀུན། །རྒྱ་གར་ཡུལ་དང་ཨོ་རྒྱན་སོགས། །གཅིག་ལས་གཉིས་པར་འཕོས་པ་ཡི། །ཧེ་རུ་ཀ་ཡི་བསྟན་པའི་གནས། །རྣམ་པ་མང་པོ་སྣང་བར་བྱས། །ང་ཉིད་སྲིན་ཡུལ་གཤེགས་པའི་རྗེས། །དྷཱ་ཀིའི་གཙོ་མོ་མཚོ་རྒྱལ་མས། །ཆོས་ནོར་གཏེར་ཁ་དཔག་མེད་སྦས། །དེར་སྤྱོད་སྐལ་ལྡན་ད་ལྟའི་དུས། །རྗེ་འབངས་འདུས་པར་སྨོན་ལམ་གྱི། །ལས་དབང་བཙན་པོས་སྦྲེལ་བ་དང་། །བདག་གི་དགོངས་པ་གཏད་པའི་མཐུས། །སྐལ་ལྡན་རིག་འཛིན་འབྱུང་འགྱུར་ནས། །གནས་གཏེར་རྣམས་ལ་སྤྱོད་པ་ཡི། །བསྟན་འགྲོར་བདེ་སྐྱིད་འབྱུང་བར་འགྱུར། །ས་མ་ཡཿདེ་ལས་བྱེ་བྲག་བོད་ཆེན་གྱི། །དངུལ་ཟླ་སྒང་གི་ས་ཡི་ཆར། །གངས་རི་ཉེར་གཅིག་ལ་རྒྱལ་ནི། །སྤུར་རྒྱལ་གངས་ཀྱི་རི་བོ་ཆེ། །བརྗིད་ཆགས་རྩེ་མཐོ་ལྷུན་མཐོ་ཞིང་། །ཕྱོགས་མཚམས་གངས་ཀྱི་རྭ་བས་བསྐོར། །དབུས་རི་སེང་ཆེན་འགྱིང་བ་དང་། །ཤར་རི་དཔལ་གྱི་གཏོར་མ་དང་། །ལྷོ་རི་འབྲང་རྒྱས་འབར་བའི་དབྱིབས། །ནུབ་རི་ཟླ་གམ་བྱང་གི་རི། །ཟུར་གསུམ་རྩེ་རྣོ་མཚོན་གཟེངས་འདྲ། །གཡུ་མཚོ་འོ་མཚོ་སིནྡྷུའི་མཚོ། །ཁྲག་གི་མཚོ་མོ་ལ་སོགས་པ། །མཚོ་ཆེན་མཚོ་ཕྲན་བརྒྱ་རྩ་བརྒྱད། །ཕྱོགས་མཚམས་ཀུན་ཏུ་གངས་རི་དང་། །རྫ་བྲག་རི་བོ་ནགས་ཀྱི་ཚལ། །ཕྲེང་བས་བསྐོར་ཞིང་ལྷོ་ཕྱོགས་ནས། །འཇུག་པའི་སྒོ་ཆེན་ལྕགས་ཀྱི་འཕྲང་། །ནུབ་ནས་གཅོང་རོང་ཆེ་བའི་གནས། །གཅན་གཟན་གདུག་པའི་ངར་སྒྲ་སྒྲོགས། །བྱང་སྒོ་ཤེལ་གྱི་སྒོ་མོ་ནས། །ཤེལ་གྱི་ཕ་ཝཾ་ཤེལ་མཁར་སོགས། །ངོ་མཚར་ཆེ་བའི་བཀོད་པ་དང་། །ཤར་སྒོ་ཕ་ཝྃ་རྒྱ་རྟགས་ཅན། །ཨོ་རྒྱན་བདག་གི་ཞབས་རྗེས་ནི། །འདོམ་གང་ཙམ་དང་རྗེ་འབངས་ཀྱི། །རྫུ་འཕྲུལ་ཕྱག་རྗེས་ལ་སོགས་པ། །དུ་མས་མཚན་པ་དེ་རྣམས་ཀྱི། །སྒོ་ཆེན་གང་ནས་གཤེགས་ཀྱང་རུང་། །ཤར་དང་ལྷོ་གཉིས་འཇུག་པ་བདེ། །ལྷོ་ཡི་སྒོ་ནས་ལས་ཅན་གྱི། །སྐྱེས་བུས་སྣང་བར་བྱས་པ་ན། །སྦས་པའི་ཡུལ་མཆོག་གསང་སྔགས་ཀྱི། །སྣོད་དུ་རུང་བའི་ཡུལ་གྲུབ་ནི། །ཆེ་ཆུང་རན་ཙམ་ཡོད་པ་དེར། །བོད་ཀྱི་སྐྱེ་འགྲོ་སྡུག་པའི་དུས། །ཆོས་མཛད་བན་བོན་གནས་དེར་བསྒྲོད། །སྐབས་སུ་འཇིགས་མེད་ངལ་འཚོ་ཐོབ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །ཁྲོ་རྒྱལ་རྟ་མགྲིན་ཚེ་དཔག་མེད། །ཕག་མོ་བདེ་མཆོག་གཤིན་རྗེ་དང་། །རིག་འཛིན་བླ་མ་སྒྱུ་འཕྲུལ་གྱི། །ལྷ་ཚོགས་དཔག་ཏུ་མེད་པ་དང་། །མ་མགོན་ཞིང་སྐྱོང་སྡེ་དཔོན་ཚོགས། །ལྷ་ཀླུ་གཟའ་བདུད་གིང་ཆེན་སོགས། །བན་བོན་གནས་གཏེར་སྲུང་བའི་ལྷ། །འགོ་ཞིང་རྟག་ཆགས་བསམ་མི་ཁྱབ། །ཤ་རུལ་སྦྲང་མ་བཞིན་དུ་འདུ། །གཤིན་རབ་བོན་རིགས་བརྒྱུད་པ་དང་། །རྣམ་མཁྱེན་གཤིན་སྟོན་སྟོང་རྩ་དང་། །དྲན་པ་ཡབ་སྲས་གསུམ་ལ་སོགས། །དགྱེས་པར་བཞུགས་ཤིང་དབལ་སྲས་དང་། །ཁྲོ་རྒྱལ་སྟག་ལྷ་གེ་ཁོད་དང་། །བྱམས་མ་རྣམ་པར་རྒྱལ་མ་སོགས། །དངོས་སུ་ཐིམ་པའི་གཤིན་བསྟན་གྱི། །མི་ནུབ་མཆོད་སྡོང་ཆེན་པོ་ཡི། །འདི་ཉིད་ཇི་ཙམ་རྒྱས་པ་ན། །གཤེན་རབ་བོན་བསྟན་དེ་ཙམ་རྒྱས། །དེ་བས་འདི་ལ་གཅེས་པར་ཟུངས། །བན་བོན་རིག་སྔགས་འཆང་བ་ནི། །དཔའ་བོ་ཚེ་དབང་བདེ་ཆེན་གླིང་། །དུས་བབ་རིག་འཛིན་ཁྱད་འཕགས་པས། །གནས་ཀྱི་བཀོད་པ་གསལ་བར་བྱས། །དེ་འདས་དྲུག་ཅུ་མཚམས་ཤེད་ན། །མ་ངེས་འགྲོ་འདུལ་རིག་འཛིན་ནི། །ཆོས་ཀྱི་རྒྱལ་པོའི་སྐྱེ་མཐའ་ཞིག །ཤར་ནས་གློག་བཞིན་འཁྱུགས་པ་ཡི། །དགོངས་པའི་རྩལ་ལས་གནས་དེ་རུ། །རྟེན་འབྲེལ་ཅུང་ཟད་འགྲིགས་པའི་ཚེ། །གནས་ཀྱི་མདོ་བྱུང་བག་ཙམ་གསལ། །དེ་ནས་ཕྱི་མའི་དུས་ཤིག་ན། །སླར་ཡང་འགྲོ་འདུལ་སྤྲུལ་པ་ཡི། །གནས་གཏེར་ཟབ་མོའི་སྒོ་འབྱེད་ཅིང་། །གསང་བའི་ཐ་རམ་རྒྱ་བཀྲོལ་ནས། །ཤིན་ཏུ་གསལ་བར་ཡིད་ཆེས་འགྱུར། །བརྡའ་ཐིམ། ས་མ་ཡཿརྒྱ་རྒྱ་རྒྱ། ཅེས་པའང་ཤིང་ལུག་ཟླ་༨ཚེས་༡༦ལ་དཔའ་དྷ་སུམ་མདོར་འབྱོར་སྐབས་རང་སློབ་ནང་ཆེན་ཚེས་བཅུའི་བླ་མ་མཆོད་དཔོན་མཆོག་ལྡན་ནས་བསྐུལ་ཡང་ཡིད་ངོར་མ་འཆར། ཚེས་༡༩ལ་ཀ་ལའི་གསས་མཁར་གྱི་ལ་ཐོགས་ནས་གནས་ཀྱི་བཀོད་པ་མཐོང་བ་དང་། རེ་ཆུ་མདོར་སྒར་བབས་པ་ན་ཡིད་ངོར་ལམ་ལམ་འཆར་ཞིང་བྲི་འདོད་བྱུང་བཞིན་སུག་རིས་སུ་རྒྱས་པ། འདི་ཡི་མགོར་ཨོ་རྒྱན་སྐད་དང་། ཞང་ཞུང་སྐད་ཀྱི་གནས་མིང་ཞིག་དྲན་ཡང་ཤེས་ཉམས་སྤུ་སུད་མ་ཆབ་ཆོབ་བྲིས་མཁས་བས་བཞད་གད་ཀྱི་གནས་སུ་འགྱུར་བས་མ་བཀོད་དོ།། །།
[edit]

@#/__/yar 'brog stag lung gnas kyi mdo byang bzhugs/__/ rang byung gsang ba'i lha la 'dud/__/o rgyan mkhan po bdag nyid kyis/__/bod yul thams cad rdzu 'phrul gyis/__/zhabs bcags sa gzhi byin gyis brlab/__/bod la bkra shis 'byung ba yi/__/gnas chen brgya rtsa gnas phran stong /__/byin gyis brlabs shing he ru ka'i/__/gnas yul rnams dang dbyer mi phyed/__/chos nor gter kha dpag med sbas/__/sprul pa'i rig 'dzin rnams kyis bton/__/sa ma ya/__de las dbus gtsang khams gsum gyi/__/bye brag yar mo 'brog gi stod/__/mtsho chen gling dgu'i nye ba'i char/__/phyi ltar gza' mchog chen po dang /__/bar du lcang lo can gyi zhing /__/gsang ba'i bdag po dgyes pa'i gnas/__/mchod bstod dregs pa'i dkyil 'khor che/__/gsang ba he ru ka dpal dang /__/rdo rje phag mo dgyes rol pa'i/__/stag mo gling gi dpal de'u/__/rin chen sna tshogs 'byung ba'i ri/__/chos nor gter kha dpag med dang /__/ri rtser phyag rdor gsang phug dang /__/phyogs mtshams dur khrod brgyad kyis bskor/__/shar ngos sman gyi de'u dang /__/lho phyogs rin chen spungs pa dang /__/nub phyogs bde ldan pad+ma bkod/__/byang phyogs rngam pa sgra sgrogs te/__/de dag rnams su ya mtshan gyi/__/bkod pa bsam mi khyab pa snang /__/dbus kyi de'u dregs pa phug__/shin tu bsgrod dka' mun pa dang /__/rlung nag rab tu 'tshubs pa'i nang /__/phug tu rak+ta'i mtsho chen dbus/__/brag ri tsit+ta 'dra ba yi/__/gsang ba'i sgo mo rang grub nang /__/mchod bstod dregs pa'i dkyil 'khor ni/__/shin tu gsal bar tshom bur grub/__/gzhan yang sku gsung thugs kyi rten/__/rang byung dz+hi k+ShiM las grub pa'i/__/sku dang phyag mtshan pu ri sogs/__/dzam bu gling na che ba dang /__/o rgyan mkha' 'gro'i gsang mdzod nas/__/pad+ma bdag gis drangs byas te/__/thugs dam gsang ba'i phyag dpe ni/__/rnam mang bgrangs las 'das pa dang /__/gzhan yang dkor cha bsam mi khyab/__/shar na zhi khro shel phug dang /__/lho na pad+ma gsang ba'i phug__/nub na bde chen dbang phug che/__/byang du drag sngags rdo rje phug__/de dag rnams su nga nyid dang /__/DA ki mtsho rgyal man+da ra/__/bkra shis khye'u 'dren rdo rje 'tsho/__/chos rgyal bai ro ngan lam dang /__/'brog mi dpal seng dpal ye dang /__/nam snying dpal rdor gnub mchog dbyangs/__/de dag rnams kyi byin brlab las/__/sku dang sngags phreng phyag mtshan gyis/__/rang byon rnam pa mang po dang /__/bla ma mchod bstod dgongs 'dus dang /__/dmod pa drag sngags gtsor gyur pa'i/__/sgrub sde'i zab gter dpag med sbas/__/phyi ltar srung ma klu sman dang /__/gnod sbyin zu ra ra skyes che/__/lha bdud btsan dang ging rnams dang /__/gnod sbyin gang ba bzang po che/__/brtan ma chen mo rnam gnyis sogs/__/gnas gter srung ma dpag med dang /__/nang du gza' mchog khyab 'jug dang /__/dregs pa sde brgyad gza' gdong gi/__'khor tshogs bsam mi khyab pas bskor/__/gsang ba dpal mgon ma ning che/__/mgon chen sde lnga sngags srung ma/__/skyes mchog badz+ra sa d+hU dang /__/rdo rje g.yu yi sgron ma sogs/__/mi 'bral rtag tu 'du zhing 'go__/de lta'i gnas 'dir dbang po dang /__/mtshams pa'i dad mos phyag mchod dang /__/tshogs dang bsnyen sgrub 'bad gyur na/__/rang rang skal ba'i dngos grub thob/__/nad gdon rkyen zhi bar chad sel/__/mchog thun dngos grub nges thob 'gyur/__/gtsang smad gnas chen kun gyi gtso/__/bod yul bde skyid 'byung 'dod na/__/'di nyid ma nyams bsrung ba dang /__/tshogs dang sbyin sreg byin 'bebs dang /__/sgrub dang sgrub chen mdos gtor dang /__/bsad mnan bya ba la sogs pas/__/mtha' dmag gdug pa'i 'tshubs 'gyur ni/__/nges bar bzlog la the tshom med/__/sa ma yaHgnas kyi mdo byang snying po ni/__/pad+ma bdag gi thugs kyi sras/__/bi ma chos rgyal byin brlab thob/__/pad+ma ye shes rdo rje yi/__/rang byung rig pa'i klong du sbas/__/dus la bab tshe snang bar 'gyur/__/phyi ma'i dus su 'gro don spyod/__/shin tu rgyas par bstan par 'gyur/__/sa ma yaH/__ces pa'ang dbang chen sprel lo zla ba bdun pa'i tshes 13la/__stag lung rtse grwar sdod pa'i skabs rmi lam du ri la khyab 'jug chen po'i sku yi rnam par phyag rdor gyi gnas yin ba'i rmi lam gyi nying 'khrul la brten tshes 14snga char shugs 'byung bcos med du gang shar bris pa dge'o/__/d+hIHspu rgyal gangs kyi ri bo'i gnas kyi mdo byang bzhugs so/__/o rgyan mkhan po bdag gis ni/__/rgya gar yul gyi gnas rnams su/__/brtul zhugs spyod pas bgrod pa na/__/rig 'dzin dpa' bo mkha' 'gro yi/__/dbang bskur rgyud bshad byin gyis brlabs/__/bdag nyid ye nas sangs rgyas kyang /__/slar yang grub pa chen po yi/__/phyag rgya'i rig 'dzin mthar sbyor nas/__/lhun gyis grub pa'i go 'phang thob/__/bod yul gdong dmar srin po'i yul/__/pre ta pU ri'i grong khyer du/__/sngon gyi smon lam stobs btsan pas/__/sangs rgyas kyis kyang spangs pa'i yul/__/chos rgyal chen po dang 'brel bas/__/ldog tu med par phyin pa dang /__/sa gzhi btul zhing lha srin rnams/__/dam la btags shing thugs dam gyi/__/gtsug lag khang chen bzhengs pa dang /__/lo paN spyan drangs mdo sngags kyi/__/dam chos dpag med bsgyur bshad byas/__/gsang sngags nang pa thabs chen gyi/__/theg pa'i dbang rgyud man ngag rnams/__/rje 'bangs gzungs ma rnams la gdams/__/brtse bas rang rang nyams blangs nas/__/rang rig grub pa mngon du brnyes/__/sa ma yaHde tshe bdag nyid snang sems la/__/dbang bsgyur chen po brnyes pa'i mthus/__/bsam mi khyab pa'i cho 'phrul gyis/__/bod khams mtha' dbus thams cad kun/__/gsang ba gsum gyi byin gyis brlabs/__/brda' rtags phyag mtshan yi ge sogs/__/ngo mtshar chen po 'byung ba'i gnas/__/gangs brag mtsho gling thams cad kun/__/rgya gar yul dang o rgyan sogs/__/gcig las gnyis par 'phos pa yi/__/he ru ka yi bstan pa'i gnas/__/rnam pa mang po snang bar byas/__/nga nyid srin yul gshegs pa'i rjes/__/d+hA ki'i gtso mo mtsho rgyal mas/__/chos nor gter kha dpag med sbas/__/der spyod skal ldan da lta'i dus/__/rje 'bangs 'dus par smon lam gyi/__/las dbang btsan pos sbrel ba dang /__/bdag gi dgongs pa gtad pa'i mthus/__/skal ldan rig 'dzin 'byung 'gyur nas/__/gnas gter rnams la spyod pa yi/__/bstan 'gror bde skyid 'byung bar 'gyur/__/sa ma yaHde las bye brag bod chen gyi/__/dngul zla sgang gi sa yi char/__/gangs ri nyer gcig la rgyal ni/__/spur rgyal gangs kyi ri bo che/__/brjid chags rtse mtho lhun mtho zhing /__/phyogs mtshams gangs kyi rwa bas bskor/__/dbus ri seng chen 'gying ba dang /__/shar ri dpal gyi gtor ma dang /__/lho ri 'brang rgyas 'bar ba'i dbyibs/__/nub ri zla gam byang gi ri/__/zur gsum rtse rno mtshon gzengs 'dra/__/g.yu mtsho 'o mtsho sin+d+hu'i mtsho/__/khrag gi mtsho mo la sogs pa/__/mtsho chen mtsho phran brgya rtsa brgyad/__/phyogs mtshams kun tu gangs ri dang /__/rdza brag ri bo nags kyi tshal/__/phreng bas bskor zhing lho phyogs nas/__/'jug pa'i sgo chen lcags kyi 'phrang /__/nub nas gcong rong che ba'i gnas/__/gcan gzan gdug pa'i ngar sgra sgrogs/__/byang sgo shel gyi sgo mo nas/__/shel gyi pha waM shel mkhar sogs/__/ngo mtshar che ba'i bkod pa dang /__/shar sgo pha wa~M rgya rtags can/__/o rgyan bdag gi zhabs rjes ni/__/'dom gang tsam dang rje 'bangs kyi/__/rdzu 'phrul phyag rjes la sogs pa/__/du mas mtshan pa de rnams kyi/__/sgo chen gang nas gshegs kyang rung /__/shar dang lho gnyis 'jug pa bde/__/lho yi sgo nas las can gyi/__/skyes bus snang bar byas pa na/__/sbas pa'i yul mchog gsang sngags kyi/__/snod du rung ba'i yul grub ni/__/che chung ran tsam yod pa der/__/bod kyi skye 'gro sdug pa'i dus/__/chos mdzad ban bon gnas der bsgrod/__/skabs su 'jigs med ngal 'tsho thob/__/'phags pa spyan ras gzigs dbang phyug__/khro rgyal rta mgrin tshe dpag med/__/phag mo bde mchog gshin rje dang /__/rig 'dzin bla ma sgyu 'phrul gyi/__/lha tshogs dpag tu med pa dang /__/ma mgon zhing skyong sde dpon tshogs/__/lha klu gza' bdud ging chen sogs/__/ban bon gnas gter srung ba'i lha/__/'go zhing rtag chags bsam mi khyab/__/sha rul sbrang ma bzhin du 'du/__/gshin rab bon rigs brgyud pa dang /__/rnam mkhyen gshin ston stong rtsa dang /__/dran pa yab sras gsum la sogs/__/dgyes par bzhugs shing dbal sras dang /__/khro rgyal stag lha ge khod dang /__/byams ma rnam par rgyal ma sogs/__/dngos su thim pa'i gshin bstan gyi/__/mi nub mchod sdong chen po yi/__/'di nyid ji tsam rgyas pa na/__/gshen rab bon bstan de tsam rgyas/__/de bas 'di la gces par zungs/__/ban bon rig sngags 'chang ba ni/__/dpa' bo tshe dbang bde chen gling /__/dus bab rig 'dzin khyad 'phags pas/__/gnas kyi bkod pa gsal bar byas/__/de 'das drug cu mtshams shed na/__/ma nges 'gro 'dul rig 'dzin ni/__/chos kyi rgyal po'i skye mtha' zhig__/shar nas glog bzhin 'khyugs pa yi/__/dgongs pa'i rtsal las gnas de ru/__/rten 'brel cung zad 'grigs pa'i tshe/__/gnas kyi mdo byung bag tsam gsal/__/de nas phyi ma'i dus shig na/__/slar yang 'gro 'dul sprul pa yi/__/gnas gter zab mo'i sgo 'byed cing /__/gsang ba'i tha ram rgya bkrol nas/__/shin tu gsal bar yid ches 'gyur/__/brda' thim/__sa ma yaHrgya rgya rgya/__ces pa'ang shing lug zla 8tshes 16la dpa' d+ha sum mdor 'byor skabs rang slob nang chen tshes bcu'i bla ma mchod dpon mchog ldan nas bskul yang yid ngor ma 'char/__tshes 19la ka la'i gsas mkhar gyi la thogs nas gnas kyi bkod pa mthong ba dang /__re chu mdor sgar babs pa na yid ngor lam lam 'char zhing bri 'dod byung bzhin sug ris su rgyas pa/__'di yi mgor o rgyan skad dang /__zhang zhung skad kyi gnas ming zhig dran yang shes nyams spu sud ma chab chob bris mkhas bas bzhad gad kyi gnas su 'gyur bas ma bkod do//___//

Footnotes

Other Information