JKCL-KABUM-09-TA-037

From Khyentse Lineage - A Tsadra Foundation Project
Revision as of 14:53, 7 January 2022 by Mort (talk | contribs)

JKCL-KABUM-09-TA-037

དྷཱིཿ འཇམ་དཔལ་རྡོ་རྗེ་རབ་ཏུ་དགའ། །བློ་གྲོས་དྲི་མེད་འཇམ་པའི་དཔལ། སོགས་འཇམ་དཔལ་སྐོར་གཏེར་གཞུང་།
Wylie title d+hIH 'jam dpal rdo rje rab tu dga'/ /blo gros dri med 'jam pa'i dpal/ sogs 'jam dpal skor gter gzhung JKCL-KABUM-09-TA-037.pdf
Location chos kyi blo gros bka' 'bum
Volume 9, Text 37, Pages 537-543 (Folios 1a1 to 4a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. d+hIH 'jam dpal rdo rje rab tu dga' blo gros dri med 'jam pa'i dpal sogs 'jam dpal skor gter gzhung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 537-543. Bir, H.P.: Khyentse Labrang, 2012.
Genre
Deity 'jam dpal dbyangs
Colophon

ཅེས་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོས་ཤིང་ལུག་ས་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་དྲུག་གི་ཉིན་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རྩ་གསུམ་པདྨ་སྙིང་ཐིག་གི་གུ་རུ་ཞི་བའི་དབང་སྒྲུབ་སྐབས་ཞལ་ནས་གསུང་རིམ་བཞིན་གུས་པའི་འབངས་སྐལ་བཟང་མངྒ་ལའི་མིང་ཅན་གྱིས་ཡི་གེར་བྲིས་པ་དགེ་ལེགས་འཕེལ།།

ces kun mkhyen bla ma brtse ba chen pos shing lug sa zla'i dkar phyogs kyi 'phel tshes drug gi nyin bkra shis 'chi med grub pa'i dga' tshal du rtsa gsum pad+ma snying thig gi gu ru zhi ba'i dbang sgrub skabs zhal nas gsung rim bzhin gus pa'i 'bangs skal bzang mang+ga la'i ming can gyis yi ger bris pa dge legs 'phel//

1 Texts in this Section (sde tshan or chos tshan)

[edit]
དྷཱིཿ འཇམ་དཔལ་རྡོ་རྗེ་རབ་ཏུ་དགའ། །བློ་གྲོས་དྲི་མེད་འཇམ་པའི་དཔལ། །དཔལ་དང་ལྡན་པ་རིགས་རྣམས་བདག །འཇམ་པའི་དཔལ་ལ་གསོལ་བ་འདེབས། ཅེས་སོ། ཧྲཱིཿ པདྨ་གར་དབང་སྙིང་རྗེའི་བདག །པདྨའི་འབྱུང་གནས་པདྨའི་དཔལ། །པདྨ་ཡེ་ཤེས་ཁྱབ་བདག་ཆེ། །པདྨའི་དཔལ་ལ་གསོལ་བ་འདེབས། ཅེས་སོ། ཧཱུྃ༔ མི་བསྐྱོད་ཡེ་ཤེས་སེམས་དཔའ་ཆེ། །ཡེ་ཤེས་དབྱིངས་ནི་ཀུན་ཏུ་འགྲོ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །རབ་དགའི་དཔལ་ལ་གསོལ་བ་འདེབས། ཅེས་སོ། །ཕྱག་འཚལ་བསྟོད་ཀྱང་ཟེར། །བློ་གྲོས་ཉམས་ལས་བྱུང་བ་ཡི། །བརྫུན་ཆོས་དེ་ལ་མཁོ་བ་འདྲ། ༡ འཇམ་དཔལ་རྡོ་རྗེའི་ཐིག་ལེ་ནི། གསེར་མདོག་ནམ་མཁའ་གང་བར་སྤྲོས། །ལུས་སྣང་མཚན་མའི་རྟོགས་པ་སྦྱངས། །འཇམ་དཔལ་རྡོ་རྗེའི་སྐུར་གྱུར་པ། །ཐིག་སྐུ་སླར་བསྡུ་དབྱིངས་རིག་བསྲེ། །པདྨ་གར་དབང་ཐིག་ལེ་ནི། །དམར་པོ་ནམ་མཁའ་གང་བར་སྤྲོས། །ངག་སྣང་མཚན་མའི་རྟོག་པ་སྦྱངས། །སྒྲ་གྲགས་རྡོ་རྗེའི་དབྱངས་སུ་གྱུར། །ཐིག་ལེ་སྒྲ་བཅས་རང་ལ་བསྡུ། །མི་བསྐྱོད་རྡོ་རྗེའི་ཐིག་ལེ་ནི། །ནམ་མཁའ་དྭང་བའི་མདོག་ལྟ་བུ། །སྤྲོ་བས་ཡིད་ཀྱི་རྟོག་པ་སྦྱོངས། །ཁམས་གསུམ་ས་ཡི་སྐྱེ་འགྲོ་རྣམས། །ཐིག་ལེ་ཆེན་པོའི་དབྱིངས་སུ་བསྟིམ། །ཐུགས་ཀྱི་རྡོ་རྗེ་མངོན་དུ་གྱུར། །སླར་བསྡུ་ཀ་དག་ངང་དུ་བཞག །ཤིན་ཏུ་ཟབ་པའི་རྫོགས་རིམ་ཆེ། ཨི་ཐི། སྔོན་འགྲོ་སྒོ་གསུམ་སྦྱོངས་བ་ཡི། །འཁྲུལ་པ་རྩད་ནས་གཅོད་པ་གཅེས། །དངོས་གཞི་རིག་པ་རང་ངོ་སྤྲོད། །ལྟ་བའི་དུག་དབྱུང་སྒོམ་པ་ནི། །ཉིན་མཚན་བར་མེད་ཉམས་སུ་བླང་། །སྤྱོད་པ་རང་གྲོལ་ཆེན་པོར་བཞག །འབྲས་བུ་གཞི་རྫོགས་མངོན་དུ་འགྱུར། །རྗེས་ནི་འོད་གསལ་ཆེན་པོར་འབད། །རྣལ་འབྱོར་བཞི་དང་འབྲལ་མི་བྱ། །དྲན་པ་ཡེ་གྲོལ་ཆེན་པོར་དེང་། །ཟག་པ་ཟད་པའི་རྡོ་རྗེའི་ལུས། །ཤིན་ཏུ་རྣམ་པར་དག་པར་འགྱུར། །སྐུ་གསུམ་སྦུབས་སུ་ཐིམ་ནས་ནི། །ཕྱིར་གསལ་སྐུ་དང་ཡེ་ཤེས་ཀྱི། །འཁོར་བ་དོང་སྤྲུགས་མཐའ་རྒྱས་འགྱུར། །རླུང་དང་གཏུམ་མོའི་རྣལ་འབྱོར་ནི། །བདེ་བའི་སྟན་ལ་བག་ཕེབ་ནས། །རླུང་དུག་དབྱུང་ཞིང་རྣལ་དུ་དབབ། །དངོས་གཞི་རྣམ་སྣང་ཆོས་བདུན་བཅའ། །རིག་འཛིན་བླ་མའི་སྐུར་གསལ་བའི། །ལུས་ནང་རྩ་འཁོར་དང་བཅས་གསལ། །ཨ་ལང་འབྱེད་འཛུམ་སྦྱོར་བ་ཡི། །གཤང་སྒོའི་རླུང་གཡོས་སུམ་མདོའི་མེ། །སྦར་བས་རྩ་འཁོར་ཐམས་ཅད་བསྲེག །རྩ་གསུམ་ནང་རྣམས་མེས་གང་བས། །ཧཾ་ཡིག་ཞུ་བའི་བདུད་རྩི་ཡིས། །ལུས་དཀྱིལ་ལྷ་རྣམས་དགྱེས་མཆོད་འབུལ། །དགའ་བཞིའི་ཡེ་ཤེས་རང་ངོ་བསྐྱང་། །བུམ་ཅན་རླུང་གིས་བརྟན་པར་བྱ། །སྐབས་སུ་དབུ་མའི་ནང་དབུས་སུ། །རྡོ་རྗེའི་ཡི་གེ་འབྲུ་གསུམ་གསལ། །རླུང་དང་སྦྱར་བའི་རྡོར་བཟླས་བྱ། །བོགས་འདོན་འཁྲུལ་འཁོར་བསྟན་པ་ནི། །འཕེན་དང་སྡུད་དང་བཅུད་པ་ཡི། །སྤྲུག་འདར་འཕར་དང་བསྐོར་བ་སོགས། །ལུས་སྦྱོངས་དག་ལ་གོམས་པར་བྱ། །འཇམ་དཔལ་རྡོ་རྗེའི་འཁྲུལ་འཁོར་ནི། །སེངྒེའི་འདུག་སྟངས་ཉིད་དུ་བྱ། །པདྨ་གར་དབང་འཁྲུལ་འཁོར་ནི། །གླང་ཆེན་ཁ་སྦུབས་ཉིད་དུ་བྱ། །མི་བསྐྱོད་རྡོ་རྗེའི་འཁྲུལ་འཁོར་ནི། །དྲང་སྲོང་ཙོག་པུའི་ཚུལ་དུ་བྱ། །ལྟ་ལྟངས་སོ་སོར་གནད་དྲིལ་གཅེས། །ཧ་དང་རྡོར་འབེབས་ལ་གོམས་བྱ། །དེ་ལྟར་བྱས་པས་རྩ་མདུད་གྲོལ། །ཡེ་ཤེས་རིག་པའི་རྩལ་རྫོགས་ནས། འོད་གསལ་འཕོ་ཆེན་མངོན་དུ་འགྱུར། ཨི་ཐི། ཟབ་ལམ་འཕོ་བའི་རྣལ་འབྱོར་ནི། །མི་བསྐྱོད་ཐུགས་ཀར་རླུང་སེམས་རྟེན། །ཐིག་ལེ་ཧཱུྃ་བཅས་གསལ་བ་ཡི། །རླུང་དང་ཧིག་གི་སྦྱོར་བས་བསྐུལ། །མི་བསྐྱོད་གར་དབང་ལ་བསྟིམ་ཞིང་། །དེ་ཉིད་འཇམ་དཔལ་རྡོ་རྗེར་བསྡུ། །འཇམ་དཔལ་ཐིག་ལེར་གྱུར་པ་ཉིད། །དབྱིངས་སུ་བསྟིམ་ཞིང་དབྱིངས་སུ་བསྐྱལ། །ཨི་ཐི། ཐུན་མིན་དབང་གི་རིམ་པ་ནི། །དཀྱིལ་འཁོར་དབང་བཞིའི་རྫས་རྣམས་འཚོགས། །རིག་འཛིན་བླ་མའི་དཀྱིལ་འཁོར་སྒོམ། །ཁྲུས་བྱས་བགེགས་བསྐྲད་ལོ་རྒྱུས་བཤད། །མཎྜལ་ཕུལ་ལ་གསོལ་བ་གདབ། །ཨེ་མ་བླ་མ་རིན་པོ་ཆེ། །དུས་གསུམ་རྒྱལ་བ་འགྲོ་བའི་མགོན། །རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །བདག་རྒྱུད་སྨིན་པར་མཛད་དུ་གསོལ། །རྒྱུད་སྦྱངས་ཡེ་ཤེས་དབབ་བསྟིམ་བྱ། དངོས་གཞི་བུམ་པ་སྤྱི་བོར་བཞག །ཨ༔ བཀྲ་ཤིས་རང་བྱུང་བུམ་པ་ན། །རིག་འཛིན་བླ་མ་ཞུ་བའི་རྒྱུན། །བུམ་པའི་ཆུ་ཡི་དབང་བསྐུར་བས། །ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག །ཀཱ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། །རྗེས་འབྲེལ་སྐུ་ཙཀ་སྤྱི་བོར་བཞག །ཨོཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དཔལ་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཨཱཿསངས་རྒྱས་ཀུན་གྱི་ཡེ་ཤེས་གསུང་། །པདྨ་གར་དབང་དབང་བསྐུར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་ཨཱཿགུ་རུ་བཛྲ་སརྦ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། །རྗེས་སུ་དབང་དོན་ངོ་སྤྲོད་བྱ། །གསང་དབང་བདུད་རྩི་མགྲིན་པར་བཞག །ཨཱཿབླ་མ་ཡབ་ཡུམ་སྦྱོར་བའི་སེམས། །བྱང་ཆུབ་སེམས་ཀྱི་བདུད་རྩི་ནི། །ཁྱོད་ཀྱི་ལྕེ་ལ་བཞག་པ་ཡི། །ངག་རླུང་སྔགས་སུ་དག་པར་ཤོག །བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ། །བདུད་རྩི་ངག་ཏུ་བླུད་པ་དང་། །རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན། །དབང་དོན་ཡེ་ཤེས་ངོ་སྤྲོད་བྱ། །དེ་ནས་རིག་མའི་བརྟུལ་ཞུགས་སྦྱིན། །ཧོཿབདེ་ཆེན་ཆོས་རྣམས་འབྱུང་བའི་གནས། །སངས་རྒྱས་ཀུན་གྱི་ཉེར་བསྟེན་པ། །བདེ་ཆེན་ཡེ་ཤེས་ཕོ་ཉ་ནི། །ཁྱོད་ཀྱིས་རྟག་ཏུ་བཅང་བར་བྱ། །པདྨ་བྷཉྫ་མོ་ཀྵ་ཧོ། །སྙོམས་འཇུག་དགའ་བཞིའི་དོན་ངོ་སྤྲོད། །མེ་ལོང་ཤེལ་རྡོ་བཟུང་བྱས་ལ། །ཧོཿཆོས་རྣམས་མཚན་མ་ལས་འདས་ཤིང་། །སྐྱེ་མེད་དབྱིངས་ཀྱི་མེ་ལོང་ཆེར། །ལྷུན་གྲུབ་འོད་གསལ་ཚོམ་བུ་བཀྲ། །རིག་པའི་ཡེ་ཤེས་དབང་ཐོབ་ཤོག །ཛྙཱ་ན་དྷརྨ་དྷཱ་ཏུ་ཧོ༔ ཞེས་བརྗོད་དགོངས་པའི་ངང་བསྐྱང་ཤིང་། །དབང་དོན་སོ་སོར་ངོ་སྤྲོད་བྱ། །རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ། །ཨི་ཐི། བར་དོ་ལམ་ཁྱེར་གཞན་དུ་ཤེས། །ས་མ་ཡ། རྒྱ་རྒྱ་རྒྱ། ༈བར་དོ་ལམ་དུ་ཁྱེར་བ་ནི༔ རང་བཞིན་གནས་པའི་བར་དོ་ལ༔ ཟབ་མོའི་ལམ་ལ་སྒྲོ་འདོགས་བཅད༔ ཡང་ཡང་གོམས་ཤིང་འདྲིས་པ་ཡིས༔ ཚེ་འདིའམ་ནི་བར་དོར་གྲོལ༔ ཚེ་འདི་ཉིད་ལ་མ་གྲོལ་ན༔ འཆི་བ་ཆོས་སྐུ་འོད་གསལ་བའི༔ ཕྱི་ནང་འབྱུང་བཞི་ཐིམ་པ་དང་༔ དཀར་དམར་ནག་ལམ་སྣང་བའི་རྗེས༔ ཀ་དག་གཞི་ཡི་འོད་གསལ་འཆར༔ དེ་ལ་རང་སར་གནས་པ་ཡི༔ དེ་མ་ཐག་ཏུ་གྲོལ་བར་འགྱུར༔ དེ་ཉིད་ད་ལྟ་མངོན་བྱེད་ཐབས༔ གསང་ལམ་ཟབ་མོའི་གདམས་པ་ནི༔ ཙིཏྟ་རིན་ཆེན་གསང་བའི་སྦུབས༔ འོད་གསལ་སྟོང་པ་ཆེན་པོའི་གདངས༔ ཡེ་ཤེས་འོད་རྩ་ཤེལ་སྦུག་གི༔ ནང་དབྱིངས་སྟོང་པ་ཆེན་པོ་དང་༔ ཡེ་ཤེས་འོད་རྩའི་སྤྱན་གྱི་སྣེར༔ རྒྱང་ཞགས་ཆུ་སྒྲོན་ཕྱི་དབྱིངས་ལ༔ གཏད་དེ་དེ་གསུམ་གཅིག་ཏུ་བསྲེ༔ དེ་ཚེ་ཕྱི་ནང་དབྱིངས་འདྲེས་པའི༔ དྭངས་གསལ་བརྗོད་མེད་སྟོན་གནམ་ལྟར༔ ཤིན་ཏུ་དྭང་བ་ཆེན་པོ་འཆར༔ དེ་ཉིད་གོམས་པས་འཆི་སྲིད་ཀྱི༔ འོད་གསལ་མ་བུ་འཕྲོད་པར་འགྱུར༔ གལ་ཏེ་དེ་རུ་མ་གྲོལ་ན༔ ཆོས་ཉིད་ལོངས་སྤྱོད་རྫོགས་སྐུ་ཡི༔ རང་གདངས་སྒྲ་འོད་ཟེར་གསུམ་དང་༔ སྐུ་དང་ཡེ་ཤེས་ཐིག་ཁྱིམ་དང་༔ འོད་སྣང་ལྷུན་གྲུབ་སྣང་བ་རྣམས༔ རིམ་བཞིན་ཤར་བ་རང་ངོ་ཤེས༔ གནས་དང་བརྟན་དང་གྲོལ་མཐར་ཕྱིན༔ དེ་དང་སྦྱོར་བའི་ལམ་གྱི་གནད༔ ད་ལྟ་ལྷུན་གྲུབ་འོད་སྣང་གི༔ གསང་ལམ་ཟབ་མོར་བརྩོན་པ་ཡིས༔ སྔར་འདྲིས་མི་དང་འཕྲད་འདྲར་འགྱུར༔ དབང་པོ་དམན་དང་བརྩོན་འགྲུས་ཞན༔ དེ་བརྟན་གྲོལ་བ་མ་ཐོབ་ན༔ སྲིད་པའི་འཁྲུལ་སྣང་བར་དོ་ནི༔ རྨི་ལམ་ཙམ་དུ་ཤར་བ་ན༔ བླ་མ་ལྷ་དང་ཆོས་ཉིད་ཀྱི༔ བདེན་པས་རང་བཞིན་ཞིང་ལྡར་བསྒྲོད༔ ཞལ་མཐོང་ལུང་བསྟན་དབུགས་དབྱུངས་ཀྱི༔ གཟེངས་བསྟོད་ཐོབ་ནས་འཚང་རྒྱར་འགྱུར༔ དེ་ཉིད་སྦྱངས་པའི་གསང་ལམ་ནི༔ ད་ལྟའི་སྣང་བ་ཅི་ཤར་ཀུན༔ བང་དོའི་འཁྲུལ་སྣང་ཤེས་བྱས་ལ༔ རང་ལུས་ཡི་དམ་རྣམ་པའམ༔ ཐ་མལ་གནས་པའི་མདུན་མཁའ་རུ༔ རྩ་བའི་བླ་མ་སྒོམ་བྱས་ཏེ༔ དེ་ཡི་ཐུགས་ནས་འོད་དམར་ནི༔ བདེ་དྲོད་ལྕགས་ཀྱུ་ལྟར་འཕྲོས་པས༔ སྙིང་གར་ཟུག་དང་ལྷན་ཅིག་ཏུ༔ འོད་ཀྱི་གོང་བུའི་རྣམ་པར་ཞུ༔ བླ་མའི་ཐུགས་ཀར་ལྡོག་པ་དང་༔ བླ་མ་རང་ཉིད་གང་མོས་ཀྱི༔ ཞིང་དེར་ཐལ་གྱིས་གཤེགས་བསམ་ལ༔ ཞིང་དེའི་སྟོན་འཁོར་ཐམས་ཅད་དང་༔ དགོངས་པ་དབྱེར་མེད་ངང་དུ་བཞག༔ དེས་ནི་སྲིད་པ་བར་དོ་ཆོད༔ ས་མ་ཡཿ ཅེས་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོས་ཤིང་ལུག་ས་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་དྲུག་གི་ཉིན་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རྩ་གསུམ་པདྨ་སྙིང་ཐིག་གི་གུ་རུ་ཞི་བའི་དབང་སྒྲུབ་སྐབས་ཞལ་ནས་གསུང་རིམ་བཞིན་གུས་པའི་འབངས་སྐལ་བཟང་མངྒ་ལའི་མིང་ཅན་གྱིས་ཡི་གེར་བྲིས་པ་དགེ་ལེགས་འཕེལ།། །།
[edit]

d+hIH'jam dpal rdo rje rab tu dga'/__/blo gros dri med 'jam pa'i dpal/__/dpal dang ldan pa rigs rnams bdag__/'jam pa'i dpal la gsol ba 'debs/__ces so/__hrIHpad+ma gar dbang snying rje'i bdag__/pad+ma'i 'byung gnas pad+ma'i dpal/__/pad+ma ye shes khyab bdag che/__/pad+ma'i dpal la gsol ba 'debs/__ces so/__hU~M:__mi bskyod ye shes sems dpa' che/__/ye shes dbyings ni kun tu 'gro/__/rdo rje sems dpa' bde ba che/__/rab dga'i dpal la gsol ba 'debs/__ces so/__/phyag 'tshal bstod kyang zer/__/blo gros nyams las byung ba yi/__/brdzun chos de la mkho ba 'dra/__1'jam dpal rdo rje'i thig le ni/__gser mdog nam mkha' gang bar spros/__/lus snang mtshan ma'i rtogs pa sbyangs/__/'jam dpal rdo rje'i skur gyur pa/__/thig sku slar bsdu dbyings rig bsre/__/pad+ma gar dbang thig le ni/__/dmar po nam mkha' gang bar spros/__/ngag snang mtshan ma'i rtog pa sbyangs/__/sgra grags rdo rje'i dbyangs su gyur/__/thig le sgra bcas rang la bsdu/__/mi bskyod rdo rje'i thig le ni/__/nam mkha' dwang ba'i mdog lta bu/__/spro bas yid kyi rtog pa sbyongs/__/khams gsum sa yi skye 'gro rnams/__/thig le chen po'i dbyings su bstim/__/thugs kyi rdo rje mngon du gyur/__/slar bsdu ka dag ngang du bzhag__/shin tu zab pa'i rdzogs rim che/__i thi/__sngon 'gro sgo gsum sbyongs ba yi/__/'khrul pa rtsad nas gcod pa gces/__/dngos gzhi rig pa rang ngo sprod/__/lta ba'i dug dbyung sgom pa ni/__/nyin mtshan bar med nyams su blang /__/spyod pa rang grol chen por bzhag__/'bras bu gzhi rdzogs mngon du 'gyur/__/rjes ni 'od gsal chen por 'bad/__/rnal 'byor bzhi dang 'bral mi bya/__/dran pa ye grol chen por deng /__/zag pa zad pa'i rdo rje'i lus/__/shin tu rnam par dag par 'gyur/__/sku gsum sbubs su thim nas ni/__/phyir gsal sku dang ye shes kyi/__/'khor ba dong sprugs mtha' rgyas 'gyur/__/rlung dang gtum mo'i rnal 'byor ni/__/bde ba'i stan la bag pheb nas/__/rlung dug dbyung zhing rnal du dbab/__/dngos gzhi rnam snang chos bdun bca'/__/rig 'dzin bla ma'i skur gsal ba'i/__/lus nang rtsa 'khor dang bcas gsal/__/a lang 'byed 'dzum sbyor ba yi/__/gshang sgo'i rlung g.yos sum mdo'i me/__/sbar bas rtsa 'khor thams cad bsreg__/rtsa gsum nang rnams mes gang bas/__/haM yig zhu ba'i bdud rtsi yis/__/lus dkyil lha rnams dgyes mchod 'bul/__/dga' bzhi'i ye shes rang ngo bskyang /__/bum can rlung gis brtan par bya/__/skabs su dbu ma'i nang dbus su/__/rdo rje'i yi ge 'bru gsum gsal/__/rlung dang sbyar ba'i rdor bzlas bya/__/bogs 'don 'khrul 'khor bstan pa ni/__/'phen dang sdud dang bcud pa yi/__/sprug 'dar 'phar dang bskor ba sogs/__/lus sbyongs dag la goms par bya/__/'jam dpal rdo rje'i 'khrul 'khor ni/__/seng+ge'i 'dug stangs nyid du bya/__/pad+ma gar dbang 'khrul 'khor ni/__/glang chen kha sbubs nyid du bya/__/mi bskyod rdo rje'i 'khrul 'khor ni/__/drang srong tsog pu'i tshul du bya/__/lta ltangs so sor gnad dril gces/__/ha dang rdor 'bebs la goms bya/__/de ltar byas pas rtsa mdud grol/__/ye shes rig pa'i rtsal rdzogs nas/__'od gsal 'pho chen mngon du 'gyur/__i thi/__zab lam 'pho ba'i rnal 'byor ni/__/mi bskyod thugs kar rlung sems rten/__/thig le hU~M bcas gsal ba yi/__/rlung dang hig gi sbyor bas bskul/__/mi bskyod gar dbang la bstim zhing /__/de nyid 'jam dpal rdo rjer bsdu/__/'jam dpal thig ler gyur pa nyid/__/dbyings su bstim zhing dbyings su bskyal/__/i thi/__thun min dbang gi rim pa ni/__/dkyil 'khor dbang bzhi'i rdzas rnams 'tshogs/__/rig 'dzin bla ma'i dkyil 'khor sgom/__/khrus byas bgegs bskrad lo rgyus bshad/__/maN+Dal phul la gsol ba gdab/__/e ma bla ma rin po che/__/dus gsum rgyal ba 'gro ba'i mgon/__/rig 'dzin bla ma'i dkyil 'khor du/__/bdag rgyud smin par mdzad du gsol/__/rgyud sbyangs ye shes dbab bstim bya/__dngos gzhi bum pa spyi bor bzhag__/a:__bkra shis rang byung bum pa na/__/rig 'dzin bla ma zhu ba'i rgyun/__/bum pa'i chu yi dbang bskur bas/__/phung khams lha skur smin par shog__/kA la sha kA ya a b+hi Shiny+tsa oM/__/rjes 'brel sku tsaka spyi bor bzhag__/oM/__sangs rgyas kun gyi ye shes sku/__/'jam dpal rdo rje'i dbang bskur ro/__/oM a ra pa tsa na d+hIHkA ya a b+hi Shiny+tsa oM/__AHsangs rgyas kun gyi ye shes gsung /__/pad+ma gar dbang dbang bskur ro/__/oM ma Ni pad+me hU~M/__wA ka a b+hi Shiny+tsa AHhU~M/__sangs rgyas kun gyi ye shes thugs/__/mi bskyod rdo rje'i dbang bskur ro/__/oM AHgu ru badz+ra sarba ru lu ru lu hU~M b+h+yo hU~M/__tsit+ta a b+hi Shiny+tsa hU~M/__/rjes su dbang don ngo sprod bya/__/gsang dbang bdud rtsi mgrin par bzhag__/AHbla ma yab yum sbyor ba'i sems/__/byang chub sems kyi bdud rtsi ni/__/khyod kyi lce la bzhag pa yi/__/ngag rlung sngags su dag par shog__/b+ho d+hi tsit+ta ma hA su kha ho/__/bdud rtsi ngag tu blud pa dang /__/rjes 'brel sngags kyi bzlas lung sbyin/__/dbang don ye shes ngo sprod bya/__/de nas rig ma'i brtul zhugs sbyin/__/hoHbde chen chos rnams 'byung ba'i gnas/__/sangs rgyas kun gyi nyer bsten pa/__/bde chen ye shes pho nya ni/__/khyod kyis rtag tu bcang bar bya/__/pad+ma b+hany+dza mo k+Sha ho/__/snyoms 'jug dga' bzhi'i don ngo sprod/__/me long shel rdo bzung byas la/__/hoHchos rnams mtshan ma las 'das shing /__/skye med dbyings kyi me long cher/__/lhun grub 'od gsal tshom bu bkra/__/rig pa'i ye shes dbang thob shog__/dz+nyA na d+harma d+hA tu ho:__zhes brjod dgongs pa'i ngang bskyang shing /__/dbang don so sor ngo sprod bya/__/rjes kyi rim pa spyi ltar bya/__/i thi/__bar do lam khyer gzhan du shes/__/sa ma ya/__rgya rgya rgya/__!bar do lam du khyer ba ni:__rang bzhin gnas pa'i bar do la:__zab mo'i lam la sgro 'dogs bcad:__yang yang goms shing 'dris pa yis:__tshe 'di'am ni bar dor grol:__tshe 'di nyid la ma grol na:__'chi ba chos sku 'od gsal ba'i:__phyi nang 'byung bzhi thim pa dang :__dkar dmar nag lam snang ba'i rjes:__ka dag gzhi yi 'od gsal 'char:__de la rang sar gnas pa yi:__de ma thag tu grol bar 'gyur:__de nyid da lta mngon byed thabs:__gsang lam zab mo'i gdams pa ni:__tsit+ta rin chen gsang ba'i sbubs:__'od gsal stong pa chen po'i gdangs:__ye shes 'od rtsa shel sbug gi:__nang dbyings stong pa chen po dang :__ye shes 'od rtsa'i spyan gyi sner:__rgyang zhags chu sgron phyi dbyings la:__gtad de de gsum gcig tu bsre:__de tshe phyi nang dbyings 'dres pa'i:__dwangs gsal brjod med ston gnam ltar:__shin tu dwang ba chen po 'char:__de nyid goms pas 'chi srid kyi:__'od gsal ma bu 'phrod par 'gyur:__gal te de ru ma grol na:__chos nyid longs spyod rdzogs sku yi:__rang gdangs sgra 'od zer gsum dang :__sku dang ye shes thig khyim dang :__'od snang lhun grub snang ba rnams:__rim bzhin shar ba rang ngo shes:__gnas dang brtan dang grol mthar phyin:__de dang sbyor ba'i lam gyi gnad:__da lta lhun grub 'od snang gi:__gsang lam zab mor brtson pa yis:__sngar 'dris mi dang 'phrad 'drar 'gyur:__dbang po dman dang brtson 'grus zhan:__de brtan grol ba ma thob na:__srid pa'i 'khrul snang bar do ni:__rmi lam tsam du shar ba na:__bla ma lha dang chos nyid kyi:__bden pas rang bzhin zhing ldar bsgrod:__zhal mthong lung bstan dbugs dbyungs kyi:__gzengs bstod thob nas 'tshang rgyar 'gyur:__de nyid sbyangs pa'i gsang lam ni:__da lta'i snang ba ci shar kun:__bang do'i 'khrul snang shes byas la:__rang lus yi dam rnam pa'am:__tha mal gnas pa'i mdun mkha' ru:__rtsa ba'i bla ma sgom byas te:__de yi thugs nas 'od dmar ni:__bde drod lcags kyu ltar 'phros pas:__snying gar zug dang lhan cig tu:__'od kyi gong bu'i rnam par zhu:__bla ma'i thugs kar ldog pa dang :__bla ma rang nyid gang mos kyi:__zhing der thal gyis gshegs bsam la:__zhing de'i ston 'khor thams cad dang :__dgongs pa dbyer med ngang du bzhag:__des ni srid pa bar do chod:__sa ma yaHces kun mkhyen bla ma brtse ba chen pos shing lug sa zla'i dkar phyogs kyi 'phel tshes drug gi nyin bkra shis 'chi med grub pa'i dga' tshal du rtsa gsum pad+ma snying thig gi gu ru zhi ba'i dbang sgrub skabs zhal nas gsung rim bzhin gus pa'i 'bangs skal bzang mang+ga la'i ming can gyis yi ger bris pa dge legs 'phel//__//

Footnotes

Other Information