JKCL-KABUM-02-KHA-021

From Khyentse Lineage - A Tsadra Foundation Project
Revision as of 13:25, 24 November 2021 by Mort (talk | contribs)

ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས།
Wylie title lha mo dbyangs can ma la bstod pa blo gros rgya mtsho'i sgra dbyangs JKCL-KABUM-02-KHA-021.pdf
Location chos kyi blo gros bka' 'bum
Volume 2, Text 21, Pages 391-394 (Folios 1a1 to 2b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. lha mo dbyangs can ma la bstod pa blo gros rgya mtsho'i sgra dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 391-394. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity dbyangs can ma
Colophon

།དེ་ལྟར་བསྟོད་པའི་ཕྲེང་བ་འདི་ཡང་ཆོས་ཀྱི་བློ་གྲོས་པས་ནག་ཟླའི་ཚེས་༣གྱི་སྣང་གསལ་ངོགས་སུ་ཤར་མར་བྲིས་པ་འདིས་ཀྱང་སོ་སོར་རྟོགས་པའི་ཤེས་རབ་ཟབ་མོ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག །

de ltar bstod pa'i phreng ba 'di yang chos kyi blo gros pas nag zla'i tshes 3gyi snang gsal ngogs su shar mar bris pa 'dis kyang so sor rtogs pa'i shes rab zab mo rgyud la skye ba'i rgyur gyur cig

1 Texts in this Section (sde tshan or chos tshan)

[edit]
ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། སྲས་བཅས་རྒྱལ་བའི་མཁྱེན་རབ་གཅིག་བསྡུས་གསུང་དབྱངས་རྒྱ་མཚོའི་དཔལ་མངའ་བ། །ནམ་མཁའི་བློ་ཅན་གཏིང་དཔག་དཀའ་བ་བརྟན་པའི་འཁོར་ལོ་ཤེས་རབ་མ། །སྙིང་རྗེའི་དབང་པོ་པད་དཀར་འཆང་བའི་ཞལ་གྱི་མཆེ་བའི་རྩེ་ལས་སྤྲུལ། །སྒྲ་དབྱངས་ལྷ་མོར་གུས་པས་བསྟོད་དོ་ཟབ་རྒྱས་ཤེས་རབ་བདག་ལ་སྩོལ། །སྲིད་པའི་མེས་པོ་གསེར་ཞལ་ཅན་གྱི་ཞལ་ལས་ཡིད་ཀྱི་རོལ་མཚོ་བྱུང་། །རྦ་རླབས་གདངས་ལས་སྭ་ར་སྭ་སྟཱིའི་དབྱངས་སྙན་ཕུན་ཚོགས་བསྐྱེད་པའི་ཡུམ། །མེས་པོ་ཆགས་པའི་ཐུགས་ཀྱི་གསན་ལས་བསྲུབ་པས་ལྷ་མོ་མཚར་སྡུག་ལྡན། །དབྱངས་ཅན་ལྷ་མོར་གུས་པས་བསྟོད་དོ༴། དོན་དམ་རྒྱལ་བའི་ཤེས་རབ་སྟོང་ཉིད་བཞིན་ལགས་མཚན་དཔའི་རྟག་རོལ་ཤར། །སིནྡྷུའི་གཟུགས་ཅན་ཏམ་བུ་ར་ལ་ཡིད་གཡོས་དགའ་བསྐྱིད་ཚུལ་འཛིན་མ། །སྲེད་དང་བྲལ་ཡང་སྙིང་རྗེས་ཟླ་བའི་ཞུ་བའི་བདུད་རྩི་འཛིན་མཛད་ཅིང་། །དབྱིངས་ཀྱི་ཡུམ་ཆེན་གུས་པས་བསྟོད་དོ༴། གངས་རི་ལྟར་དཀར་ཟླ་བའི་ཞལ་ཅན་སྐུ་ཡི་ཁོ་ལག་ཡོངས་སུ་རྫོགས། །མཚན་དཔེའི་རྒྱུ་སྐར་བྱེ་བས་སྤྲས་ཤིང་དབུ་སྐྲ་བུང་བ་གནག་པ་འཕྱང་། །སྙན་དང་དྲི་འཛིན་མཆུ་སྒྲོས་ལེགས་ཤིང་ཚེམས་ལེགས་དུང་གི་ཕྲེང་བ་བསྒྲིགས། །དབྱངས་ཅན་ལྷ་མོར་གུས་པས༴། མིག་དག་མཐོན་མཐིང་ཨུཏྤལ་ལེགས་ཤིང་སྤྱན་ཡང་ཟུར་གྱི་གཡོ་བྱེད་ཅིང་། །མྱོས་བུམ་མཐོ་ཞིང་སྐེད་སྐབས་ཕྲ་ལ་ཆུ་སྐྱེས་རྒྱས་པ་འཁྲིལ་བག་ཅན། །བཅུ་དྲུག་ལང་ཚོ་བལྟ་བས་མི་ངོམ་པད་དཀར་རྒྱས་པའི་མདངས་ལྡན་མ། །སྒྲ་དབྱངས་ལྷ་མོར༴། ཡོན་ཏན་རྒྱ་མཚོའི་རྒྱན་གྱིས་སྒེགས་ཅིང་ཏིང་འཛིན་གཟུངས་ཀྱི་སྒོ་བརྒྱ་འགྱེད། །མཁྱེན་བརྩེའི་རང་བཞིན་གངས་རིའི་ལྷ་མོ་གསུངས་རབ་རྒྱ་མཚོའི་ལྡེའུ་མིག་འཆང་། །སྙན་ངག་གངྒཱའི་ཆུ་བོ་དལ་འབབ་བློ་གྲོས་གསེར་གྱི་བྱེ་མ་འདྲེན། །སྒྲ་དབྱངས་ལྷ་མོར༴། འོད་དཀར་རྒྱས་པའི་གདན་གྱི་བཏུད་ཅིང་དེ་ཡི་རྒྱབ་ཡོལ་གྱིས་བརྟེན་ཞིང་། །གླང་པོ་ཟླ་བ་མཚོ་སྐྱེས་སོགས་ཀྱིས་སྟོབས་དང་འོད་ཟེར་འཕྲོག་མཛད་ཅིང་། །ཉི་མ་ལྟ་བུར་ཀུན་ན་མཛེས་ཤིང་ཀུན་ཏུ་མཐོང་ན་མཆོག་དགའ་བསྐྱེད། །སྒྲ་དབྱངས་ལྷ་མོར༴། ལྷ་ཀླུ་མི་ཡི་སིལ་ཁྲོལ་རྒྱན་གྱི་ཕྲེང་བ་དག་གིས་མཆོག་ཏུ་མཛེས། །སྲབ་འཇམ་ཡང་བ་པཉྩ་ལི་ཀའི་སྟོད་གཡོགས་སྨད་གཡོགས་ལེགས་པར་བགོས། །རིན་ཐང་གྲགས་པའི་མེ་ཏོག་གསར་པའི་རྒྱན་གྱིས་ཀུན་ནས་བརྒྱན་པ་མོ། །མཚོ་བྱུང་ལྷ་མོར༴། ཁྱེད་སྐུ་རྩེ་གཅིག་དྲན་ཅིང་བསྒོམ་པས་ཡེ་ཤེས་སྐུ་རུ་ངེས་པར་འཁྲུངས། །རྒྱུད་བཞིའི་སྒྲ་སྙན་སོར་རྩེའི་བསྐུལ་ལས་མ་རིག་གཉིད་མཐུག་སྐྲོག་མཛད་ཅིང་། །ཨ་ཨའི་དབྱངས་ཡིག་ཡང་ཡང་དམིགས་ལས་ཧྲིཾ་གྱི་བུང་བ་འཕུར་ལྡིང་གཡོ། །ཡེ་ཤེས་ལྷ་མོར་གུས་པས་བསྟོད་དོ་ཟབ་རྒྱས་ཤེས་རབ་བདག་ལ་སྩོལ། །སྤྲུལ་དང་ཡང་སྤྲུལ་སྒྱུ་མའི་འཕྲུལ་འཆང་ཀུན་ཀྱང་རིགས་སྔགས་གྲུབ་པའི་དཔྱིད། །གང་འདུལ་དེར་མཐུན་སྣང་དང་མི་སྣང་སྐད་ཅིག་སྐད་ཅིག་ཆོ་འཕྲུལ་འགྱེད། །དཔའ་མོ་རྣལ་འབྱོར་མཛེས་མའི་འཇའ་སྐུ་བདག་གི་སྙིང་གའི་དབུས་ན་བཞུགས། །གཟུངས་སྤོབས་བློ་གྲོས་གཏེར་བརྒྱ་འབྱེད་ཅིང་འཆད་རྩོད་རྩོམ་པའི་དངོས་གྲུབ་སྩོལ། །རྟག་པར་སྨོན་པའི་འདོད་དོན་གྲུབ་ཅིང་སྐུ་གསུངས་ཐུགས་ཀྱི་བྱིན་རླབས་མཐུས། །བློ་གྲོས་ཆགས་ཐོགས་བྲལ་བའི་ཉི་མའི་གསུང་རབ་པདྨོའི་ཁ་འབྱེད་ཅིང་། །ཚིག་དོན་མ་འདྲེས་ལེགས་པར་འཐུང་བའི་དྭངས་མས་རྩ་ཡི་དཀྱིལ་འཁོར་རྒྱས། །བདག་གཞན་དོན་གཉིས་མ་འབད་མཐར་ཕྱིན་ཤེས་རབ་ཆེན་པོའི་དཔལ་ཐོབ་ཤོག །དེ་ལྟར་བསྟོད་ཕྲེང་བློ་གྲོས་སྒྲ་དབྱངས་སྙན་པའི་ངག་གིས་དྲངས་པ་འདི། །སྒོ་གསུམ་སྒྲིབ་དག་དོན་དམ་ཤེས་རབ་ལྷ་མོའི་རང་ཞལ་མྱུར་དུ་མཐོང་། །ངག་ལ་དབང་ཐོབ་དྲི་མེད་འཆད་དང་རྩོད་ཅིང་རྩོམ་པའི་དབྱར་རྔ་ལྡིར། །སྐྱེ་དང་སྐྱེ་བར་དཔལ་མོས་རྗེས་བཟུང་རྒྱལ་བའི་བསྟན་པ་འཛིན་གྱུར་ཅིག །དེ་ལྟར་བསྟོད་པའི་ཕྲེང་བ་འདི་ཡང་ཆོས་ཀྱི་བློ་གྲོས་པས་ནག་ཟླའི་ཚེས་༣གྱི་སྣང་གསལ་ངོགས་སུ་ཤར་མར་བྲིས་པ་འདིས་ཀྱང་སོ་སོར་རྟོགས་པའི་ཤེས་རབ་ཟབ་མོ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག ། །།
[edit]

lha mo dbyangs can ma la bstod pa blo gros rgya mtsho'i sgra dbyangs zhes bya ba bzhugs so/____/oM swasti/__sras bcas rgyal ba'i mkhyen rab gcig bsdus gsung dbyangs rgya mtsho'i dpal mnga' ba/____/nam mkha'i blo can gting dpag dka' ba brtan pa'i 'khor lo shes rab ma/____/snying rje'i dbang po pad dkar 'chang ba'i zhal gyi mche ba'i rtse las sprul/____/sgra dbyangs lha mor gus pas bstod do zab rgyas shes rab bdag la stsol/____/srid pa'i mes po gser zhal can gyi zhal las yid kyi rol mtsho byung /____/rba rlabs gdangs las swa ra swa stI'i dbyangs snyan phun tshogs bskyed pa'i yum/____/mes po chags pa'i thugs kyi gsan las bsrub pas lha mo mtshar sdug ldan/____/dbyangs can lha mor gus pas bstod do=/__don dam rgyal ba'i shes rab stong nyid bzhin lags mtshan dpa'i rtag rol shar/____/sin+d+hu'i gzugs can tam bu ra la yid g.yos dga' bskyid tshul 'dzin ma/____/sred dang bral yang snying rjes zla ba'i zhu ba'i bdud rtsi 'dzin mdzad cing /____/dbyings kyi yum chen gus pas bstod do=/__gangs ri ltar dkar zla ba'i zhal can sku yi kho lag yongs su rdzogs/____/mtshan dpe'i rgyu skar bye bas spras shing dbu skra bung ba gnag pa 'phyang /____/snyan dang dri 'dzin mchu sgros legs shing tshems legs dung gi phreng ba bsgrigs/____/dbyangs can lha mor gus pas=/__mig dag mthon mthing ut+pal legs shing spyan yang zur gyi g.yo byed cing /____/myos bum mtho zhing sked skabs phra la chu skyes rgyas pa 'khril bag can/____/bcu drug lang tsho blta bas mi ngom pad dkar rgyas pa'i mdangs ldan ma/____/sgra dbyangs lha mor=/__yon tan rgya mtsho'i rgyan gyis sgegs cing ting 'dzin gzungs kyi sgo brgya 'gyed/____/mkhyen brtse'i rang bzhin gangs ri'i lha mo gsungs rab rgya mtsho'i lde'u mig 'chang /____/snyan ngag gang+gA'i chu bo dal 'bab blo gros gser gyi bye ma 'dren/____/sgra dbyangs lha mor=/__'od dkar rgyas pa'i gdan gyi btud cing de yi rgyab yol gyis brten zhing /____/glang po zla ba mtsho skyes sogs kyis stobs dang 'od zer 'phrog mdzad cing /____/nyi ma lta bur kun na mdzes shing kun tu mthong na mchog dga' bskyed/____/sgra dbyangs lha mor=/__lha klu mi yi sil khrol rgyan gyi phreng ba dag gis mchog tu mdzes/____/srab 'jam yang ba pany+tsa li ka'i stod g.yogs smad g.yogs legs par bgos/____/rin thang grags pa'i me tog gsar pa'i rgyan gyis kun nas brgyan pa mo/____/mtsho byung lha mor=/__khyed sku rtse gcig dran cing bsgom pas ye shes sku ru nges par 'khrungs/____/rgyud bzhi'i sgra snyan sor rtse'i bskul las ma rig gnyid mthug skrog mdzad cing /____/a a'i dbyangs yig yang yang dmigs las hriM gyi bung ba 'phur lding g.yo/____/ye shes lha mor gus pas bstod do zab rgyas shes rab bdag la stsol/____/sprul dang yang sprul sgyu ma'i 'phrul 'chang kun kyang rigs sngags grub pa'i dpyid/____/gang 'dul der mthun snang dang mi snang skad cig skad cig cho 'phrul 'gyed/____/dpa' mo rnal 'byor mdzes ma'i 'ja' sku bdag gi snying ga'i dbus na bzhugs/____/gzungs spobs blo gros gter brgya 'byed cing 'chad rtsod rtsom pa'i dngos grub stsol/____/rtag par smon pa'i 'dod don grub cing sku gsungs thugs kyi byin rlabs mthus/____/blo gros chags thogs bral ba'i nyi ma'i gsung rab pad+mo'i kha 'byed cing /____/tshig don ma 'dres legs par 'thung ba'i dwangs mas rtsa yi dkyil 'khor rgyas/____/bdag gzhan don gnyis ma 'bad mthar phyin shes rab chen po'i dpal thob shog__/de ltar bstod phreng blo gros sgra dbyangs snyan pa'i ngag gis drangs pa 'di/____/sgo gsum sgrib dag don dam shes rab lha mo'i rang zhal myur du mthong /____/ngag la dbang thob dri med 'chad dang rtsod cing rtsom pa'i dbyar rnga ldir/____/skye dang skye bar dpal mos rjes bzung rgyal ba'i bstan pa 'dzin gyur cig__/de ltar bstod pa'i phreng ba 'di yang chos kyi blo gros pas nag zla'i tshes 3gyi snang gsal ngogs su shar mar bris pa 'dis kyang so sor rtogs pa'i shes rab zab mo rgyud la skye ba'i rgyur gyur cig__/__//_

Footnotes

Other Information