DKR-KABUM-18-TSHA-001

From Khyentse Lineage - A Tsadra Foundation Project
Revision as of 17:05, 7 December 2022 by Mort (talk | contribs)

Wylie title ' DKR-KABUM-18-TSHA-001.pdf
Location dil mgo mkhyen brtse bka' 'bum
Volume 18, Text 1, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rdo rje snying po don gyi thol glu)
[edit]
༄༅། །རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་བཞུགས་སོ། །ཀ་དག་ཆོས་སྐུ་ཀུན་བཟང་འོད་མཐའ་ཡས། །ལྷུན་གྲུབ་འོད་གསལ་ལོངས་སྐུ་རིགས་ལྔའི་སྤྲིན། །ཟུང་འཇུག་སྲིད་ཞིའི་ཁྱབ་བདག་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་སྨིན་གྲོལ་ཆིག་རྫོགས་མཛོད། །དབྱིངས་ཀྱི་རྒྱལ་མོའི་ཡེ་ཤེས་མཁར་ཆེན་བཟའ། །ཤེས་རབ་ཕུལ་བྱུང་བཻ་རོ་འཇིག་རྟེན་མིག །རྒྱལ་ཐབས་སྤྱི་བླུགས་ཚངས་ཆེན་ལྷའི་མེ་ཏོག །གསོལ་བ་འདེབས་སོ་སྨིན་གྲོལ་ཆིག་རྫོགས་མཛོད། །ལྔ་བརྒྱའི་གཙུག་རྒྱན་དྲི་མེད་ཆོས་ཀྱི་བཤེས། །ཐུགས་རྗེའི་རིག་རྩལ་རང་བྱུང་ཧེ་རུ་ཀཿ །ནམ་མཁའ་འཇིགས་མེད་ཐེག་མཆོག་ཤིང་རྟ་ཆེར། །གསོལ་བ་འདེབས་སོ་སྨིན་གྲོལ་ཆིག་རྫོགས་མཛོད། །ཡེ་ཤེས་སྒྱུ་འཕྲུལ་རྡོ་རྗེ་གཟི་བརྗིད་རྩལ། །ཐུགས་རྗེའི་རང་གདངས་ཡེ་ཤེས་རྡོ་རྗེ་ཡིས། །མངོན་སུམ་བྱིན་བརླབས་འོད་གསལ་མདོ་སྔགས་གླིང༌། །གསོལ་བ་འདེབས་སོ་སྨིན་གྲོལ་ཆིག་རྫོགས་མཛོད། །ལས་ཅན་ཆོས་བདག་བརྒྱུད་གསུམ་བླ་མ་དང༌། །བདེ་གཤེགས་ཡོངས་འདུས་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །མཁའ་སྤྱོད་ཌཱ་ཀིའི་ཚོགས་རྗེ་ཝཱ་ར་ཧིར། །གསོལ་བ་འདེབས་སོ་བརྒྱུད་གསུམ་ཆིག་རྫོགས་མཛོད། །སྨིན་གྲོལ་གདམས་པས་སྐལ་བཟང་མངོན་དུ་གྱུར། །ངེས་འབྱུང་དད་དང་སྙིང་རྗེས་སེམས་རབ་འབྱོངས། །བསྐྱེད་རྫོགས་གདམས་པས་སྣང་སྲིད་བླ་མ་ལྷར། །ཤར་བས་སྐུ་གསུམ་རྡོ་རྗེའི་དབྱིངས་གྲུབ་མཛོད། །ཅེས་པའང་ལས་ཅན་ཆོས་ཀྱི་བདག་པོ་འཇིགས་མེད་ནམ་མཁའ་རྒྱ་མཚོའི་བཀའ་ཡིས་བསྐུལ་མ་གནང་བ་བཞིན་རྣལ་འབྱོར་སྤྱོད་པའི་གཟུགས་བརྙན་རྒན་པོ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་བྱིན་རླབས་ཀྱི་ངེས་པ་རྙེད་པའི་དུས་ཚེས་དགེ་བར་བྲིས་པ་འབྲེལ་ཚད་དགོངས་པའི་དབུགས་འབྱིན་སྩོལ་བའི་རྟེན་འབྱུང་དུ་གྱུར་ཅིག། །།
[edit]

@#/___/rdo rje snying po don gyi thol glu'i brgyud 'debs byin rlabs myur stsol zhes bya ba bzhugs so/__/ka dag chos sku kun bzang 'od mtha' yas/_/lhun grub 'od gsal longs sku rigs lnga'i sprin/_/zung 'jug srid zhi'i khyab bdag thod phreng rtsal/_/gsol ba 'debs so smin grol chig rdzogs mdzod/_/dbyings kyi rgyal mo'i ye shes mkhar chen bza'/_/shes rab phul byung bai ro 'jig rten mig_/rgyal thabs spyi blugs tshangs chen lha'i me tog_/gsol ba 'debs so smin grol chig rdzogs mdzod/_/lnga brgya'i gtsug rgyan dri med chos kyi bshes/_/thugs rje'i rig rtsal rang byung he ru kaH_/nam mkha' 'jigs med theg mchog shing rta cher/_/gsol ba 'debs so smin grol chig rdzogs mdzod/_/ye shes sgyu 'phrul rdo rje gzi brjid rtsal/_/thugs rje'i rang gdangs ye shes rdo rje yis/_/mngon sum byin brlabs 'od gsal mdo sngags gling*/_/gsol ba 'debs so smin grol chig rdzogs mdzod/_/las can chos bdag brgyud gsum bla ma dang*/_/bde gshegs yongs 'dus sgrub sde brgyad kyi lha/_/mkha' spyod DA ki'i tshogs rje wA ra hir/_/gsol ba 'debs so brgyud gsum chig rdzogs mdzod/_/smin grol gdams pas skal bzang mngon du gyur/_/nges 'byung dad dang snying rjes sems rab 'byongs/_/bskyed rdzogs gdams pas snang srid bla ma lhar/_/shar bas sku gsum rdo rje'i dbyings grub mdzod/_/ces pa'ang las can chos kyi bdag po 'jigs med nam mkha' rgya mtsho'i bka' yis bskul ma gnang ba bzhin rnal 'byor spyod pa'i gzugs brnyan rgan po rang byung 'od gsal thugs mchog rdo rje'i byin rlabs kyi nges pa rnyed pa'i dus tshes dge bar bris pa 'brel tshad dgongs pa'i dbugs 'byin stsol ba'i rten 'byung du gyur cig/__//

Footnotes

Other Information