DKR-KABUM-05-CA-029

From Khyentse Lineage - A Tsadra Foundation Project
Revision as of 14:20, 3 November 2022 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-05-CA-029

Wylie title DKR-KABUM-05-CA-029.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "ca"., Text 29, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "CA" is not a number.

"CA" is not a number.

[edit]
༄༅། ནོར་བུའི་རྒྱ་ཅན་ལས། ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་སྙིང་རྗེའི་དབང་ཕྱུག་དགྱེས་པའི་ཟླ་སྣང་བཞུགས་སོ།།


༄༅། ཨོཾ་སྭ་སྟི། །གངས་ཅན་ལྷ་གཅིག་སྙིང་རྗེའི་གཏེར། །གངས་རིའི་མགོན་ལ་གུས་བཏུད་ནས། །གངས་ཅན་སྐྱོབས་པའི་ཐུགས་ཀྱི་བཅུད། །གངས་ཅན་བསྟན་འགྲོའི་བཙས་སུ་སྤེལ། འདི་ལ་གཉིས། སྒྲུབ་ཐབས་དང༌། དབང་གི་ཆོ་གའོ། །དང་པོ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་བདུན་ལས། དང་པོ་རྒྱུད་སྦྱང་བའི་ཐོག་མར་སྐྱབས་འགྲོ་ནི། བླ་མ་དང་ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་གྱུར། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མི་འབྲལ་རྩེ་གཅིག་བྱིན་རློབ་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ། གསུམ་པ་མཚམས་ལྷ་བསྐྱེད་ཅིང་བགེགས་བསྐྲད་པ་ནི། རང་ཉིད་རྟ་མགྲིན་དམར་པོ་ཕྱག་གཉིས་པ། བེ་ཅོན་སྡིག་མཛུབ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཐུགས་ལས་སྤྲུལ་པའི་ཁྲོ་བོས་བགེགས་དཔུང་བསྐྲད། །སྲུང་བའི་གུར་གྱིས་བར་མཚམས་མེད་པར་གཏམས། །ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ། ཧཱུྃ་བཞིའི་སྔགས་དང༌། བཞི་པ་མཚམས་བཅད་པ་ནི། ཧྲཱིཿ དབང་གི་རྟ་སྐད་རབ་འཚེར་ཞིང༌། །འཁོར་ལོ་རྡོ་རྗེ་མེ་དཔུང་གི །སྟེང་འོག་ཕྱོགས་མཚམས་མེད་པར་གཏམས། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ལྔ་པ་ཚོགས་བསགས་ནི། རང་འཇིག་རྟེན་དབང་ཕྱུག་ཏུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་འཇིག་རྟེན་དབང་ཕྱུག་གི་གནས་ལྔར་སེམས་ཉིད་ངལ་གསོ་དཀར་དམར་མཐིང་སེར་ལྗང་ཞུ་བཞུགས་པ། ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༌། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །དེ་ནས་སྤྱི་བོའི་རྩ་འཁོར་གྱི་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་བྱུང༌། རང་གི་སྨིན་མཚམས་སུ་ཐིམ་པས། དེ་ཡི་ཐད་ཀྱི་སོར་ལྔ་ཙམ་སྐ་རག་བཅིངས་པ་བཞིན་དཀར་པོར་སོང༌། དེ་བཞིན་དུ་མགྲིན་སྙིང་ལྟེ་གསང་བཞིའི་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་མཐིང་སེར་ལྗང་རིམ་བཞིན་སོ་སོར་འཕྲོས། གནས་སོ་སོར་ཐིམ་པས་དེའི་ཐད་སོར་ལྔ་ཙམ་ཁ་དོག་སོ་སོར་གྱུར་པར་བསམ་རྗེས། ཚོགས་ཞིང་རང་ལ་བསྟིམ། དྲུག་པ་བྱིན་འབེབས་ནི། རང་རྟ་མགྲིན་གནས་ལྔའི་ཁ་དོག་གོང་ལྟར་སོ་སོར་མ་འདྲེས་པར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་བྱིན་རླབས་རྣམས་བཀུག་པར་མོས་ནས། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་སྟོན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཉམས་ཆག་བསྐང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾཿཧྲཱིཾཿཛ༔ ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ༔ ཨ་བེ་ཤ་ཡ་ཨ་ཨཿ མཆོད་པ་བྱིན་རླབས་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྷོ྅་ཧཾ། ཞེས་བརྗོད་པས་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་ཡེ་ཤེས་ཀྱི་ང་རྒྱལ་དང༌། རྃ་ཡྃ་ཁྃ་གིས་རྣམ་པ་རྫས་ཀྱི་དངོས་འཛིན་ཐམས་ཅད་ཡེ་ཤེས་ཀྱི་མེ་རླུང་ཆུས་བསྲེགས་གཏོར་བཀྲུས་ནས་སྦྱངས་པར་བསམ་ལ། །ཐུགས་ནས་རྃ་ཡྃ་ཁྃ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱི། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ་གྱུར། །ཅེས་དང༌། ཨོཾ་ཨཱཿཧཱུྃ་གིས་སྤྱིར་བརླབས། །བྱེ་བྲག་སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱཱ། ཤཔྟ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་མ་ཧཱ་པཱུ་ཛ་ཧོ། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ། ཞེས་པས་ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་བཅས་པ་ཆོས་ཉིད་ཀྱི་རང་རྩལ་འགག་པ་མེད་པ་ལས་འདོད་ཡོན་རྣམ་པ་ཐམས་ཅད་པའི་མཆོད་སྤྲིན་ཡེ་ཤེས་སྒྱུ་མའི་རོལ་པ་ཅིར་ཡང་འཆར་བར་གྱུར་པར་བསམ་མོ། །གཉིས་པ་དངོས་གཞི་ལ་བདུན་ལས་དང་པོ་དམ་ཚིག་པ་བསྐྱེད་པ་ནི། རང་རྟ་མགྲིན་དུ་གསལ་བ་འོད་དུ་ཞུ་ནས་སྟོང་པའི་རང་གདངས་ཡི་གེ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་གཡོན་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་རྩ་དབུ་མ་སྔོན་པོ་སྦ་སྙུག་ཙམ་པ་སྤྱི་གཙུག་ནས་གསང་གནས་ཀྱི་བར་སྲོག་ཤིང་ལྟར་ཐལ་ལེ་ཡོད་པ་སྤྱི་བོའི་རྩ་འཁོར་གྱི་ཐད་དུ་རྩ་དང་དབྱེར་མེད་པའི་འོད་དང་འོད་ཟེར་དཀར་པོ་ངང་པའི་སྒོ་ངའི་དབྱིབས་དང་ཚད་ཙམ་པ་སྦུབས་སྟོང་དུ་ཡོད་པ། དེ་བཞིན་དུ་མགྲིན་པར་དམར་པོ། སྙིང་གར་སྔོན་པོ། ལྟེ་བར་སེར་པོ། གསང་གནས་སུ་ལྗང་གུ་རྣམས་གསལ་བའི་ལྟེ་བའི་རྩ་འཁོར་འོད་སེར་པོའི་སྦུགས་ཀྱི་རྩ་ནང་དུ་གསང་བ་ཡེ་ཤེས་ཀྱི་ཌཱཀི་མ་དམར་མོ་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་ཐུགས་ཀར་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་པའི་རྟིང་པ་བྷ་གར་གཏད་ཅིང༌། གཡོན་པའི་རྩེ་མོས་རོ་གདན་མནན་པ། གསང་གནས་འོད་ལྗང་གུའི་རྩ་ནང་དུ་པད་ཉིའི་གདན་ལ། རྟ་མགྲིན་དམར་པོ་གཡས་བེ་ཅོན་དང་གཡོན་སྡིག་མཛུབ་མཛད་པ། དུར་ཁྲོད་ཆས་ཀྱིས་བརྒྱན་པ། གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། སྙིང་གའི་འོད་སྔོན་པོའི་རྩ་ནང་དུ་ཐུགས་རྗེ་ཆེན་པོ་དཀར་པོ་གཡས་པདྨ་དང༌། གཡོན་དྲིལ་བུ་འཛིན་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། མགྲིན་པའི་འོད་དམར་པོའི་རྩ་ནང་དུ་པདྨ་དང་ཉི་ཟླའི་གདན་ལ་གུ་རུ་བདེ་བ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། གཡས་རྡོ་རྗེ་དང་གཡོན་བུམ་པ་འཛིན་པ། ཡུམ་ཡེ་ཤེས་མཚོ་རྒྱལ་རྣལ་འབྱོར་མའི་ཆ་བྱད་ཅན་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། སྤྱི་བོའི་རྩ་ནང་དུ་འོད་དཀར་པོའི་ནང་དུ་སྣང་བ་མཐའ་ཡས་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཅན། མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། ཕྲག་པ་གཡས་གཡོན་དུ་ཉི་མ་དང་ཟླ་བས་བརྒྱན་པ། འོད་ཕུང་གི་ཀློང་ན་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་པས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པའི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་བར་བསམ། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་ནི། ཧཱུྃ། །སྔོན་ཚེ་བསྐལ་པའི་ཐོག་མ་ལ། །འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས། སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། གནས་མཆོག་འདི་རུ་གཤེགས་སུ་གསོལ། །ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ གསུམ་པ་དམ་ཡེ་དབྱེར་མེད་དུ་བསྟིམ་པ་ནི། ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར། །དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་བའི་དབུས། །རིག་པ་རང་ཤར་ཐུགས་རྗེ་ཆེན་པོའི་ལྷ། །མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས། །ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ། བཞི་པ་དབང་བསྐུར་རྒྱས་གདབ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་ཡེ་ཤེས་ཀྱི་བདུད་རྩིའི་དབང་བསྐུར་བས་སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་འཁྱིལ་བ་ལས་རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ལྔ་པ་མཆོད་པ་ལ་བཞི་ལས། དང་པོ་ཕྱི་མཆོད་ནི། ཧྲཱིཿ རིག་གདངས་ཐུགས་རྗེའི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱ་སྒྱུར། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་ས་པཱ་རི་ཝ་ར་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོཿ གཉིས་པ་ནང་མཆོད་ནི། ཧྲཱིཿ རིག་གདངས་ཐུགས་རྗེའི་ལྷ་ཚོགས་ལ། །རང་བྱུང་བདུད་རྩིའི་རྣམ་ལྔ་དང༌། །ཤ་ལྔ་དམ་ཚིག་མཆོག་གི་རྫས། །ནང་གི་བདག་ཉིད་དག་པར་བཞེས། མ་ཧཱ་ཨ་མྲྀ་ཏ་མཾ་ས་པཉྩ་པཱུ་ཛ་ཧོཿ གསུམ་པ་གསང་མཆོད་ནི། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར། །དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ། །ཟུང་འཇུག་བདེ་ཆེན་མཆོད་པར་ཞེས། །ཨོཾ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ བཞི་པ་སྨན་རཀ་གཏོར་མཆོད་ནི། ཧྲཱི། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །རྩ་བརྒྱད་བདུད་རྩིའི་མཆོད་པ་དང༌། །བདེ་ཆེན་རཀྟའི་མཆོད་པ་དང༌། །དམ་རྫས་གཏོར་མའི་མཆོད་པ་རྣམས། །དོན་དམ་དབྱིངས་ཀྱི་མཆོད་པར་འབུལ། །མཐུན་འཇུག་མཆོག་གི་མཆོད་པར་བཞེས། །ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། སྤྲོ་ན། སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང༌། །ཆོས་རྒྱལ་སྲོང་བཙན་རྡོ་རྗེ་ཐོགས་མེད་རྩལ། །སྨིན་གྲོལ་མཆོག་སྩོལ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་རྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞི་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་ཀྱི། །སྤྱི་གཟུགས་འཇིག་རྟེན་དབང་ཕྱུག་ལྷག་པའི་ལྷ། །དཀྱིལ་འཁོར་འཁོར་ལོར་བཅས་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧ། །ཟབ་ལམ་གདམས་པའི་བཀའ་སྲུང་མཐུ་སྟོབས་བདག །དམ་ཅན་བརྟན་མ་བཅུ་གཉིས་ལ་སོགས་པ། །རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛད་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཞེས་འབུལ། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱི་ཧཱུྃ་བསྒོམ་སྟེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ནས་དངོས་གྲུབ་ཐོབ་པར་འགྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ྄་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་གནས་གསུམ་དུ་ཐིག་ལེ་བྱ་ཞིང་མྱང་ངོ༌། །དྲུག་པ་བསྟོད་པ་ནི། ཧྲཱིཿ བདེ་བར་གཤེགས་པ་ཀུན་གྱི་བདག་ཉིད་ཆེ། །སྣང་བ་མཐའ་ཡས་པད་འབྱུང་འཇིག་རྟེན་མགོན། །གསང་བ་ཡེ་ཤེས་ཁྲོ་རྒྱལ་རྟ་མཆོག་དཔལ། །རྩ་གསུམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བདུན་པ་ཛཔ྄་བཟླ་བ་ལ། སྣང་བ་མཐའ་ཡས་ཀྱི་བསྙེན་པ་ནི། སྤྱི་བོའི་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་བཅུད་བསྡུས་པ་ལྷུང་བཟེད་ཀྱི་ནང་དུ་བདུད་རྩིར་ཞུ་བ་ལུད་དེ་སྤྱི་གཙུག་ནས་གསང་གནས་ཀྱི་བར་གང་བར་བསམ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཞེས་བཟླ། བླ་མའི་བསྙེན་པ་ནི། མགྲིན་པའི་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་གྱིས་སྟོད་སྨད་སྙིང་ཁ་ཁྱབ་པས་ལུས་གང་བར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་བཟླ། ཡི་དམ་ཞི་བ་སྤྱན་རས་གཟིགས་ཀྱི་བསྙེན་པ་ནི། ལྟེ་བའི་གསང་བ་ཡེ་ཤེས་ལས་གཉིས་པ་ཞིག་ཆད་དེ་སྙིང་ཀའི་ཐུགས་རྗེ་ཆེན་པོ་དང་སྙོམས་པར་ཞུགས་ནས། ཐུགས་རྗེ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱིས་རིགས་དྲུག་གི་སེམས་ཅན་རྣམས་བཀུག་པ་ཞལ་དུ་བཅུག་སྐུའི་དབྱིབས་རྒྱུད། ཡུམ་གྱི་པདྨར་ཐོན་པ་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་རེ་རེ་བཞིན་ཐུགས་རྗེ་ཆེན་པོར་གྱུར་ཏེ་ཕྱིར་བྱུང་ནས་རང་གནས་སུ་བཀོད་པས་བཅུད་ཐམས་ཅད་ལྷར་གྱུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡིག་དྲུག་བཟླ། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་བསྙེན་པ་ནི། །ལྟེ་བའི་གསང་བ་ཡེ་ཤེས་ཨ་ཐུང་ཤད་ཀྱི་རྣམ་པར་གྱུར་པའི་དྲོད་ཀྱིས་རྩ་ནང་གི་བྱང་སེམས་ཞུ་བ་སྤྱི་བོར་སོང་བ་ཐིག་ལེར་གྱུར་པ་ལ་ལྟེ་བའི་ཨ་ཤད་ལ་མེ་འབར་བའི་མེ་ལྕེ་ཕོག་པས་སྨིན་མཚམས་ཀྱི་ཐད་དུ་འབར་འཛག་ལ་སེམས་གཏད། རིམ་གྱིས་བྱང་སེམས་ཀྱི་མེ་མནན་ཏེ་མགྲིན་སྙིང་ལྟེ་བའི་བར་དུ་འབར་འཛག་བྱས་པས་བདེ་སྟོང་གི་ངང་ནས་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ ཡི་དམ་ཁྲོ་བོ་རྟ་མགྲིན་གྱི་བསྙེན་པ་ནི། གསང་གནས་རྟ་མགྲིན་གྱིས་རྟ་སྐད་དྲག་པོ་ཐེང་གསུམ་བསྒྲགས་སྐུ་ལས་འབར་བའི་མེས་རང་ལུས་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། མེ་དཔུང་ལུས་ཀྱི་ཕྱིར་འཕྲོས་པས་འཇིག་རྟེན་མེས་བཀང་གནོད་བྱེད་བར་གཅོད་ཐམས་ཅད་བསྲེགས་པར་བསམ་ལ། ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ། ཞེས་བཟླ་ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླས་པས་ལྷག་ཆད་ཁ་བསྐང་ཞིང་བྱིན་ནུས་བརྟན་པར་བྱ། མཆོད་བསྟོད་མདོར་བསྡུས་ཡིག་བརྒྱ་བཟླ། གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད་ལས། དང་པོ་ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་ལ་ཆུ་ཆང་གིས་བྲན་ལ། ཨོཾ་སརྦ་དྲ་བྱྃ་སྃ་ཤོ་དྷ་ནི་ཧཱུྃ་ཕཊ། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བར་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་སྤྲིན་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿས་བྱིན་གྱིས་བརླབས། ཧྲཱིཿ །རང་བཞིན་རྣམ་དག་གཞལ་ཡས་ནས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། དེ་ནས་ཚོགས་ཕུད་རིམ་པ་གསུམ་སྤྲོས་པའི་དང་པོ་ཕུད་མཆོད་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ། །འབུལ་གྱི་བཞེས་ལ་དངོས་གྲུབ་སྩོལ། །ཨཱརྻ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། །མ་རིག་ལས་དང་ཉོན་མོངས་ཀྱིས། །རྩ་བ་ཡན་ལག་དམ་ཚིག་གི །ནོངས་པར་གྱུར་པའི་ཉེས་པ་ཀུན། །གནོང་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས། །ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི། རང་ཉིད་དབང་ཆེན་ཁྲོ་བོའི་སྐུར་གྱུར། ཨེ་ནྲྀ་ཏྲི་ཛཿཧཱུྃ་བཾ་ཧོཿ སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །དགྲ་བགེགས་ལོག་འདྲེན་དམ་སྲི་ཡི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་ཕུང་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་གནོད་བྱེད་དགྲ་བགེགས་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཞེས་བསྒྲལ་བ། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧིས་དབུལ། སྤྲོ་ན་སྐབས་འདིར་རྩ་གསུམ་སྤྱི་བསྐང་སོགས་ཇི་ལྟར་རིགས་པ་བཏང༌། ཚོགས་རྫས་རྣམས་ནང་གི་སྦྱིན་སྲེག་ཚུལ་དུ་རོལ། རྩ་གསུམ་འདུས་པའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོའི་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། ལྷག་མ་རྣམས་བསྡུས་ཏེ། པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་གྱིས་ལྷག་མགྲོན་སྤྱན་དྲངས། ཧྲཱིཿ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན། །དམ་པའི་ཆོས་ཀྱི་སྲུང་མ་རྣམས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། །ཧ་རི་ཀ་དང་པཉྫི་ཀ །འཕྲོག་མ་མ་བུ་བཅས་པ་དང༌། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང༌། །ལྷ་དང་ལྷ་མིན་མིའམ་ཅི། །དྲི་ཟ་གནོད་སྦྱིན་འབྱུང་པོ་དང༌། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །མཆོད་སྦྱིན་གཏོར་མ་འདི་བསྔོས་པས། །ཅི་འདོད་ཕུན་སུམ་ཚོགས་པར་ཤོག །ཇི་ལྟར་ནུས་པའི་ཕྲིན་ལས་མཛོད། བ་ལིཾ་ཏ་པཱུ་ཛ་ཧོ། ཞེས་བསྔོ། གཉིས་པ་བརྟན་མ་ནི། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཧཱུྃ། ཨ་སུ་ར་ཡི་བྲག་ཕུག་ཏུ། །ཨུ་རྒྱན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླང་དམ་བཅས་པའི། །བོད་ཡུལ་བརྟན་མ་བཅུ་གཉིས་དང༌། །ཕྱི་གཏེར་དབང་བར་ཁས་བླང་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ། །དལ་ཁ་ཆིངས་ལ་འབྲུ་ཕྱུགས་སྤེལ། །དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ། །བཅོལ་བའི་དམ་ཚིག་དྲན་པར་མཛོད། གསུམ་པ་དངོས་གྲུབ་བླང་བ་ནི། ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེ་འགག་མེད་དཀྱིལ་འཁོར་ལྷ། །མཉམ་ཉིད་དབྱིངས་ནས་སྐུར་བཞེངས་ལ། །སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ། ཞེས་བསྐུལ་ལ། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ། བཞི་པ་མཆོད་བསྟོད་ནི། ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོ། ཨོཾ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧིས་མཆོད། ཧྲཱིཿ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པའི། །མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ལྔ་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་སོགས་དང༌། ཡིག་བརྒྱས་བཤགས། དྲུག་པ་བསྡུ་ལྡང་ནི། རྟེན་ཡོད་ན། འདིར་ནི་རྟེན་དང་སོགས་བརྟན་བཞུགས་བྱ། དམ་ཚིག་དཀྱིལ་འཁོར། ཧྲཱིཿ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་འཁོར་དང་འཁོར་རྣམས་གཙོ་ལ་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར། །བདུན་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱིས། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །ཐུགས་རྗེ་ཆེན་པོའི་གོ་འཕང་མངོན་གྱུར་ཏེ། །བདག་གཞན་དོན་གཉིས་མ་ལུས་འགྲུབ་པར་ཤོག །བརྒྱད་པ་ཤིས་བརྗོད་ནི། །ཆོས་སྐུ་སྣང་མཐའ་ལོངས་སྐུ་འཇིག་རྟེན་དབང༌། །སྤྲུལ་སྐུ་པད་འབྱུང་རྟ་མཆོག་ཞི་ཁྲོ་ཡུམ། །རྩ་གསུམ་ཀུན་འདུས་ཐུགས་རྗེ་ཆེན་པོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །རྩ་བའི་གཉིས་པ་དབང་དང་འབྲེལ་ན། མདུན་སྟེགས་སུ་པདྨ་འདབ་བརྒྱད་ཀྱི་དབུས་དང༌། ཤར་ལྷོ་ནུབ་བྱང་གི་འདབ་མར་ཧྲཱིཿལྔས་མཚན་པ་དབུས་སུ་འོད་དཔག་མེད་པའི་སྐུ། ཤར་དུ་རྣམ་བུམ་དང་གུ་རུའི་སྐུ། །ལྷོར་སྤྱན་རས་གཟིགས་ཀྱི་སྐུ་དང་པདྨ། ནུབ་ཏུ་ཐོད་ཆང་ཁར་མེ་ལོང་སིནྡྷཱུ་རས་བཅག་པར་དགའ་འཁྱིལ་བྲིས་པ་དང་ཕག་མོའི་སྐུ། བྱང་དུ་རྟ་མགྲིན་དང་བེ་ཅོན་རྣམས་བཀོད། མཐའ་བསྐོར་དུ་སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱིས་བསྐོར། གཞན་ཡང་ཚོགས་དང༌། ཆད་བརྟན། སྲུང་མའི་གཏོར་འབུལ། དཀར་བགེགས་སོགས་འདུ་བྱ། སྒྲུབ་པ་པོའི་མདུན་དུ་འཐོར་ནས། ཌཱ་རུ་རྡོར་དྲིལ་སོགས་ཉེར་བསྡོག་བྱ། ཆོ་གའི་གཞུང་བསྲང་སྟེ་རྩ་གསུམ་སོ་སོའི་བསྐྱེད་བཟླས་བྱ། མདུན་བསྐྱེད་དབང་རྫས་བཀོད་པ་བཞིན་རྩ་གསུམ་ལྷ་ལྔ་སོ་སོར་བསྐྱེད་བཟླས་དགོས་འདྲ། བུམ་པའི་ནང་གུ་རུ་གསལ་བའི་སྐུ་ལས་བྱུང་བའི་བདུད་རྩི་བུམ་ཆུ་དང་འདྲེས་པར་བསམ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ལ། སློབ་མ་བོས་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་སྔོན་དུ་འགྲོ་བས། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་འཇིག་རྟེན་གསུམ་གྱི་མགོན་པོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ནི། ཆོས་སྐུའི་དུས་ནས་གཟི་བརྗིད་འོད་དཔག་མེད། ལོངས་སྐུ་རྣམ་སྣང་གངས་ཅན་མཚོ་ཞེས་སྐུ་དང་ཞིང་ཁམས་རྒྱ་མཚོའི་ཁྱབ་བདག །སྤྲུལ་སྐུ་སྤྱན་རས་གཟིགས་དབང་ཕྱུག་རྣམ་འཕྲུལ་ཚད་མེད་པས་འཁོར་བ་མ་སྟོང་གི་བར་འགྲོ་བའི་དོན་མཛད་ཅིང༌། མི་མཇེད་ཀྱི་ཞིང་འདིར་ཡང་སྐལ་བཟང་སངས་རྒྱས་སྟོང་དང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་སྟོང་སྤྲུལ་པ་སོགས་རྣམ་ཐར་དང་ཕྲིན་ལས་སངས་རྒྱས་རྣམས་ཀྱིས་ཀྱང་གཞལ་དུ་མི་བཟོད་ལས། ཁྱད་པར་གངས་ཅན་སྤྲེལ་ཚ་སྲིན་མོའི་རིགས་ཀྱི་འགྲོ་ལ་ཐུགས་རྗེའི་ལྷག་པར་གཟིགས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྫུ་འཕྲུལ་གྱི་བཀོད་པ་བསམ་མི་ཁྱབ་པས་སངས་རྒྱས་དངོས་སུ་ངེས་པའི་རྟེན་གསུམ་བཞུགས་པའི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་ཀྱིས་ས་གནད་མནན། མདོ་རྒྱུད་ཀྱི་ཆོས་བསྒྱུར། དགེ་བཅུའི་ཁྲིམས་བཅས། སྐལ་ལྡན་རྣམས་ལ་ཐུགས་རྗེ་ཆེན་པོའི་ཆོས་ཀྱི་གྲོལ་བར་མཛད་པ་ལས། སྐབས་སུ་བབ་པ་འདི་ཡང་འཕགས་མཆོག་མིག་མི་འཛུམ་ཉིད་ངུར་སྨྲིག་གར་གྱིས་རོལ་པའི་གངས་ཅན་སྐྱོབ་པའི་ཚུལ་དུ་བྱོན་པ་ཐམས་ཅད་མཁྱེན་གཟིགས་ངག་དབང་བློ་བཟང་རྒྱ་མཚོ་ལ་དག་པ་ཡེ་ཤེས་ཀྱི་སྣང་ཆ་རྒྱ་ཅན་ཉི་ཤུ་རྩ་ལྔར་གྲགས་པའི་ཆོས་སྐོར་བཞུགས་པ་ལས་ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། སློབ་དཔོན་ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པ་དངོས་སུ་གསལ་བས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ཕྲིན་ལས་ལྔ་ཡི་བྱིན་རླབས་སྩོལ། །ལན་གསུམ། མདུན་གྱི་ནམ་མཁར་བླ་མ་དང་ཐུགས་རྗེ་ཆེན་པོ་རྩ་གསུམ་ཀུན་འདུས་ཀྱི་རྣམ་པར་བཞུགས་པའི་སྤྱན་སྔར་འདི་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པ་རྣམས་ཀྱི་ཉེས་ལྟུང་དྲི་མའི་ཚོགས་བཤགས་ཤིང་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སྔོན་ནས་བསགས་པའི་སོགས་ལན་གསུམ། གསང་སྔགས་ཀྱི་དབང་གིས་སྨིན་པར་བྱ་བ་ལ་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་རྣམ་པར་དག་དགོས་པས་དེ་ཉིད་སྲུང་བར་ནུས་སམ་ཞེས་དྲི་བ་ནི། རྩ་བ་ཡན་ལག་དམ་ཚིག་རྣམས། །ཁྱོད་ཀྱིས་ལེགས་པར་སྲུང་ནུས་སམ། །ཞེས་དྲིས་པ་ལ་ལན་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཇི་ལྟར་བསྒོ་བའི་དམ་ཚིག་རྣམས། །སྲོག་ལ་བབ་ཀྱང་བསྲུང་བར་བྱ། ཞེས་ལན་གསུམ་ཞུ། དམ་ཚིག་ལས་མི་འདའ་བར་ཁས་བླངས་བའི་དཔང་པོར་མནའ་ཆུ་བླུད་ཅིང་རྡོ་རྗེ་མགོར་བཞག་སྟེ། སྣོད་མིན་ལ་གསང་བར་གདམས་པ་ནི། མཆོག་ཏུ་གསང་ཆེན་དམ་པ་འདི། ཐེག་མཆོག་རིགས་དང་མི་ལྡན་པའི། །སྣོད་མིན་རྣམས་ལ་གསང་བྱ་ཞིང༌། །རྟག་ཏུ་དམ་ཚིག་ཐུབ་པར་སྲུངས། ས་མ་ཡ་ན་ར་ཀན། དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པའི་ཆེད་དུ་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། ལས་བུམ་གྱི་ཆུས་བསང༌། ཤཱུ་ནྱ་ཏས་སྔགས་ཀྱིས་སྟོང་པར་སྦྱང༌། སྣོད་བཅུད་རྒྱུད་གསུམ་གྱི་མ་དག་བག་ཆག་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སེམས་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་གསལ་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་བ། ཞི་ཞིང་འཛུམ་པའི་ཉམས་ལྡན། ཞི་བའི་སྤྱན་གཉིས་འཛུམ་པས་འགྲོ་བ་ཀུན་ལ་ལྷག་པར་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ནོར་བུས་མཚན་པ། །ལྷག་མ་སྐུ་རྒྱབ་ནས་ཐུར་དུ་འཕྱང་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་འཕྱང་ཞིང༌། གཡོན་པ་སྟ་ཟུར་གཡོན་ངོས་དཀུར་བསྟེན་པ། རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་དང༌། དར་གྱི་ཆས་གོས་ལྔས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞེངས་པ། སྐུ་ལས་དྲི་མ་མེད་པའི་འོད་ཟེར་མུ་མཐའ་མེད་པ་འཕྲོ་བའི་གནས་གསུམ་གྱི་ཡི་གེ་དང༌། སློབ་དཔོན་ལ་མོས་གུས་དྲག་ཏུ་བསྐྱེད་པའི་རྐྱེན་གྱིས་རི་བོ་པོ་ཏཱ་ལ་སོགས་ཕྱོགས་བཅུའི་དག་པའི་ཞིང་རབ་འབྱམས་ནས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། བྱིན་འབེབས་ཀྱི་སྤོས་དང༌། ཌཱ་དྲིལ་དབྱངས་དང་བཅས་སྟེ། འཕགས་མཆོག་ཐུགས་རྗེ་སོགས། རྩ་གསུམ་གྱི་སྔགས་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དངོས་གཞིའི་དབང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ལས། སྐུ་བུམ་པའི་དབང་ཞུ་བའི་ཆེད་དུ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཧོ། སྣང་བ་མཐའ་ཡས་སྐུ་ཡི་དབང༌། དེ་རིང་བདག་ལ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་གཙོ་བོ་ལས་རང་འདྲ་གཉིས་པ་སྤྲོས་ཏེ་དཔྲལ་བར་ཐིམ་པར་མོས་ཤིག །སྣང་མཐའི་སྐུ་སྤྱི་བོར་བཞག་སྟེ། འཁོར་འདས་ཀུན་གྱི་ཚེ་དང་བཅུད། །འཆི་བ་མེད་པའི་བདུད་རྩི་ཡིས། །ལུས་གང་སྐུ་ཡིས་བྱིན་གྱིས་རློབས། བུམ་པའི་དབང་བསྐུར་ཐོབ་པར་ཤོག །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏེ་ཛོ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། འཆི་མེད་འོད་མཚན་སྟོང་འབར་གྱི་སྐུ་ལས་བྱུང་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང༌། སྐུ་སྐྱེ་འཆི་མེད་པས་བུམ་པའི་དབང་ཐོབ། ལུས་འཕོ་འཇིག་གི་སྒྲིབ་པ་དག །སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང༌། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །བུམ་པ་དང་གུ་རུའི་སྐུ་ཙཀ་མགྲིན་པར་བཞག་སྟེ། ཐོད་ཕྲེང་ཡབ་ཡུམ་སྙོམས་ཞུགས་པའི། །བྱང་སེམས་བདེ་བ་ཆེན་པོའི་ཆུས། །མགྲིན་པའི་འཁོར་ལོ་ཡོངས་གང་བས། །གསང་བའི་དབང་བསྐུར་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཿ ཝཱཀ྄་ཨ་བྷི་ཥིཉྩ་ཨ། བུམ་ཆུ་མྱངས་བས་རྩ་ཐམས་ཅད་བདུད་རྩིས་གང༌། གསུང་གསང་བའི་དབང་ཐོབ། ངག་འཕོ་བཅས་ཀྱི་སྒྲིབ་པ་དག །གྲགས་སྟོང་རྡོ་རྗེའི་བཟླས་བརྗོད་བྱ་བར་དབང༌། འབྲས་བུ་ལོངས་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །དེ་དང་རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། གཙོ་བོ་ཐུགས་རྗེ་ཆེན་པོའི་སྤྱི་བོར་འོད་དཔག་མེད། མགྲིན་པར་གུ་རུ་ཡབ་ཡུམ། ཐུགས་ཀར་སྤྱན་རས་གཟིགས། ལྟེ་བར་གསང་བ་ཡེ་ཤེས། གསང་གནས་རྟ་མགྲིན་རྣམས་གསལ་བའི་ལྷ་སོ་སོའི་ཐུགས་ཀའི་ས་བོན་ལས་རང་རང་གི་སྔགས་ཕྲེང་ཕྱུང༌། ཞལ་ནས་ཐོན། སློབ་མའི་ཞལ་ནས་བྱུང༌། ལུས་ཀྱི་གནས་ལྔའི་ལྷ་ཡི་ཞལ་བརྒྱུད་ཐུགས་སྲོག་ས་བོན་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། སྔགས་སོ་སོའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ ཧྲཱི་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕྱག་མཚན་སྙིང་གར་གཏུགས་ཏེ། །གསང་བ་ཡེ་ཤེས་ཌཱ་ཀི་དང༌། །བུ་ཁྱོད་ཐུགས་རྗེ་ཆེན་པོ་རུ། །གསལ་བར་སྙོམས་འཇུག་དགའ་བ་བཞིས། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ལོ་ཀེ་ཤྭ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །བདེ་གསལ་མི་རྟོག་པའི་ཏིང་འཛིན་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །མཁའ་འགྲོའི་སྐུ་དང་ཐོད་པ་མེ་ལོང་རྣམས་ལྟེ་བར་བཞག །བདུད་རྩི་སྦྱིན། སིནྡྷཱུ་ར་ལྟེ་བར་བྱུག་ལ། ལྟེ་བར་རྣལ་འབྱོར་མའི་ངོ་བོ་ཨ་ཤད་ལས་མེ་འབར། སྤྱི་བོའི་ཧཾ་ལ་རེག་པས་བྱང་སེམས་བདུད་རྩིའི་རྒྱུན་བྱུང༌། ལུས་ཀྱི་གནས་བཞིར་བབ་པས་དགའ་བཞིའི་ཉམས་སྐྱེས་པའི་དཔེ་ཡི་ཡེ་ཤེས་ཀྱིས་དྲངས་པའི་ངོ་བོ་ལ་བལྟས་པས་ཀ་དག་ཟུང་འཇུག་གི་དོན་གྱི་ཡེ་ཤེས་ངོ་སྤྲད་དེ། །མཁའ་འགྲོའི་རྫས་ཀྱི་རྟེན་འབྲེལ་གྱིས། །ལྟེ་བའི་གཏུམ་མོ་མེ་འབར་བས། །བདེ་བའི་རང་བཞིན་སྟོང་པའི་དབྱིངས། །སྤྲོས་བྲལ་བཞི་པའི་དབང་ཐོབ་ཤོག །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ གུ་ཎ་ཨ་བྷི་ཥིཉྩ་སྭཱ། དེས་ཡོན་ཏན་གྱི་དབང་ཐོབ། །སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །རྟ་མགྲིན་གྱི་སྐུ་དང་ཕྱག་མཚན་གསང་བར་བཞག་སྟེ། རྟ་སྐད་སྒྲ་དབྱངས་སྲིད་གསུམ་ཁྱབ། །ཡེ་ཤེས་མེ་ཡིས་བགེགས་དཔུང་བསྲེགས། །དབང་དྲག་ཞི་རྒྱས་ལ་སོགས་པའི། །ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག །ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ། ཀརྨ་ཨ་བྷི་ཥིཉྩ་ཧཱ། དེས་རྟག་ཁྱབ་ཕྲིན་ལས་ཀྱི་དབང་ཐོབ། ཐ་མལ་བྱ་བྱེད་ཀྱི་སྒྲིབ་པ་དག །གཞན་དོན་ཕྲིན་ལས་བཞི་སྒྲུབ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་གོ །རྗེས་དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ། དགེ་བསྔོ་བཅས་མཐར་དབྱུང་བས་གྲུབ་པའོ། །སྦྱང་བྱ་འཕོ་འགྱུརྃ་དང་བཅས་སྒོ་གསུམ་སྒྲིབ། །སྦྱོང་བྱེད་མི་ཟད་རྒྱན་འཁོར་ལྔ་ཡི་མཐུས། །ཐོགས་མེདྃ་དབང་བཞི་ཐེགྃ་མཆོྃག་བསྟནྃ་པྃ་ཡི། །སྦྱངས་འབྲས་སྐུ་བཞིའི་རྒྱལྃ་མཚྃན་སྦྱིན་གྱུར་ཅིག །ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པའི་ཕྲིན་ལས་དབང་གི་ལེའུ་ཚན་ནོ།། །།
[edit]

@#/__nor bu'i rgya can las/_thugs rje chen po rtsa gsum 'dus pa'i phrin las dbang bskur dang bcas pa snying rje'i dbang phyug dgyes pa'i zla snang bzhugs so//


@#/_oM swa sti/_/gangs can lha gcig snying rje'i gter/_/gangs ri'i mgon la gus btud nas/_/gangs can skyobs pa'i thugs kyi bcud/_/gangs can bstan 'gro'i btsas su spel/_'di la gnyis/_sgrub thabs dang*/_dbang gi cho ga'o/__/dang po la/_sngon dngos rjes gsum las/_dang po sngon 'gro la bdun las/_dang po rgyud sbyang ba'i thog mar skyabs 'gro ni/_bla ma dang thugs rje chen po rtsa gsum 'dus pa'i dkyil 'khor mkha' khyab tu sad par gyur/_thugs rje'i dbang gis 'gro don mdzad/_/bla ma rnams la skyabs su mchi/_/mi 'bral rtse gcig byin rlob pa'i/_/yi dam lha la skyabs su mchi/_/legs nyes stangs 'dzin dngos grub ster/_/mkha' 'gro'i tshogs la skyabs su mchi/_/lan gsum/_gnyis pa sems bskyed pa ni/_/sngon nas bsags pa'i sdig sgrib bshags/_/'gro don sangs rgyas thob bya'i phyir/_/smon pa'i byang chub sems bskyed do/_/sems can yongs su smin bya'i phyir/_/gsang sngags spyod pa rlabs chen spyad/_/don dam spros bral byang chub sems/_/rang byung mtha' bral stong gsal bsgom/_/lan gsum/_gsum pa mtshams lha bskyed cing bgegs bskrad pa ni/_rang nyid rta mgrin dmar po phyag gnyis pa/_be con sdig mdzub dur khrod chas kyis brgyan/_/thugs las sprul pa'i khro bos bgegs dpung bskrad/_/srung ba'i gur gyis bar mtshams med par gtams/_/hrIHbadz+ra kro d+ha h+ya gr-I wa hU~M phaT/_hU~M bzhi'i sngags dang*/_bzhi pa mtshams bcad pa ni/_hrIH_dbang gi rta skad rab 'tsher zhing*/_/'khor lo rdo rje me dpung gi_/steng 'og phyogs mtshams med par gtams/_/srung ba'i gur khang chen por gyur/_/badz+ra rak+Sha rak+Sha hU~M phaT/_lnga pa tshogs bsags ni/_rang 'jig rten dbang phyug tu gsal ba'i thugs ka nas 'od zer 'phros pas mdun gyi nam mkhar 'jig rten dbang phyug gi gnas lngar sems nyid ngal gso dkar dmar mthing ser ljang zhu bzhugs pa/_oM badz+ra sa mA dzaHsa spyan drangs/_bla ma yi dam mkha' 'gro gshegs/_/nyi zla pad+ma'i gdan la bzhugs/_/lus ngag yid gsum gus phyag 'tshal/_/phyi nang gsang ba'i mchod pa 'bul/_/nyams chag sdig sgrib thams cad bshags/_/gsang sngags bsgrubs la rjes yi rang*/_/smin grol gsang sngags chos 'khor bskor/_/mya ngan mi 'da' gsol ba 'debs/_/snying po sems can don du bsngo/_/yang dag rdo rje'i don rtogs shog_/de nas spyi bo'i rtsa 'khor gyi lha'i thugs ka'i sa bon las 'od zer dkar po byung*/_rang gi smin mtshams su thim pas/_de yi thad kyi sor lnga tsam ska rag bcings pa bzhin dkar por song*/_de bzhin du mgrin snying lte gsang bzhi'i lha'i thugs ka'i sa bon las 'od zer dmar mthing ser ljang rim bzhin so sor 'phros/_gnas so sor thim pas de'i thad sor lnga tsam kha dog so sor gyur par bsam rjes/_tshogs zhing rang la bstim/_drug pa byin 'bebs ni/_rang rta mgrin gnas lnga'i kha dog gong ltar so sor ma 'dres par gsal ba'i thugs ka'i sa bon las 'od 'phros byin rlabs rnams bkug par mos nas/_'phags mchog thugs rje'i dus la bab/_/khyad par ston pa'i dus la bab/_/mthu rtsal dbyung ba'i dus la bab/_/dngos grub stsol ba'i dus la bab/_/dgra bgegs sgrol ba'i dus la bab/_/nyams chag bskang ba'i dus la bab/_/mthu chen mthu stsol bcom ldan 'das/_/byin chen byin phob bcom ldan 'das/_/dngos grub mchog stsol bcom ldan 'das/_/bcom ldan 'das kyis bdag rnams la/_/las kyi 'bras bu mchis par mdzod/_oM a mA ra Ni dzI ban+ti ye swA hA/_oM AHhU~M badz+ra gu ru pad+ma sid+d+hi hU~M:_oM ma Ni pad+me hU~M:_hrIHma ha ri ni sa ra tsa hri ya tsit+ta hrIMHhrIMHdza:_hrIHbadz+ra kro d+ha h+ya gr-I wa hU~M phaT:_a be sha ya a aH_mchod pa byin rlabs ni/_oM swa b+hA ba bi shud+d+he sarba d+harma swa b+hA wa bi shud+ho\u0f85 haM/_zhes brjod pas ngo bo rang bzhin gyis rnam par dag pa ye shes kyi nga rgyal dang*/_ra~M ya~M kha~M gis rnam pa rdzas kyi dngos 'dzin thams cad ye shes kyi me rlung chus bsregs gtor bkrus nas sbyangs par bsam la/_/thugs nas ra~M ya~M kha~M 'phros pas/_/phyi nang gsang ba'i mchod rdzas kyi/_/ma dag nyes skyon kun sbyangs nas/_/mi zad nam mkha'i mdzod du gyur/_/ces dang*/_oM AHhU~M gis spyir brlabs/_/bye brag so so'i phyag rgya dang bcas/_oM badz+ra puSh+pe/_d+hU pe/_A lo ke_/gan+d+he/_nai wi d+yA/_shap+ta pU dza hoH_oM AHhU~M bo d+hi tsit+ta ga na gu h+ya ma hA pU dza ho/_oM AHhU~M ma hA sarba pany+tsa a mr-i ta rak+ta ba liM ta hU~M hrIHTha/_zhes pas phyi nang gsang mchod sman raka gtor ma dang bcas pa chos nyid kyi rang rtsal 'gag pa med pa las 'dod yon rnam pa thams cad pa'i mchod sprin ye shes sgyu ma'i rol pa cir yang 'char bar gyur par bsam mo/__/gnyis pa dngos gzhi la bdun las dang po dam tshig pa bskyed pa ni/_rang rta mgrin du gsal ba 'od du zhu nas stong pa'i rang gdangs yi ge hrIHdkar po yongs su gyur pa las rang nyid thugs rje chen po sku mdog dkar po zhal gcig phyag gnyis pa g.yas mchog sbyin gyi phyag rgya dang g.yon dkur brten pa/_rin po che'i rgyan dang dar gyi na bza' can zhabs gnyis mnyam pa'i stabs kyis bzhengs pa'i rtsa dbu ma sngon po sba snyug tsam pa spyi gtsug nas gsang gnas kyi bar srog shing ltar thal le yod pa spyi bo'i rtsa 'khor gyi thad du rtsa dang dbyer med pa'i 'od dang 'od zer dkar po ngang pa'i sgo nga'i dbyibs dang tshad tsam pa sbubs stong du yod pa/_de bzhin du mgrin par dmar po/_snying gar sngon po/_lte bar ser po/_gsang gnas su ljang gu rnams gsal ba'i lte ba'i rtsa 'khor 'od ser po'i sbugs kyi rtsa nang du gsang ba ye shes kyi DAki ma dmar mo g.yas gri gug 'phyar zhing*/_g.yon thod pa thugs kar 'dzin pa/_phyag rgya lngas brgyan pa/_zhabs g.yas pa'i rting pa b+ha gar gtad cing*/_g.yon pa'i rtse mos ro gdan mnan pa/_gsang gnas 'od ljang gu'i rtsa nang du pad nyi'i gdan la/_rta mgrin dmar po g.yas be con dang g.yon sdig mdzub mdzad pa/_dur khrod chas kyis brgyan pa/_g.yas bskum g.yon brkyang gis bzhugs pa/_snying ga'i 'od sngon po'i rtsa nang du thugs rje chen po dkar po g.yas pad+ma dang*/_g.yon dril bu 'dzin pa longs spyod rdzogs sku'i cha lugs can/_mgrin pa'i 'od dmar po'i rtsa nang du pad+ma dang nyi zla'i gdan la gu ru bde ba chen po sku mdog dkar la dmar ba'i mdangs chags pa/_g.yas rdo rje dang g.yon bum pa 'dzin pa/_yum ye shes mtsho rgyal rnal 'byor ma'i cha byad can gri thod 'dzin pa dang mnyam par sbyor ba/_spyi bo'i rtsa nang du 'od dkar po'i nang du snang ba mtha' yas dmar po sprul sku'i cha lugs can/_mnyam bzhag gi steng na lhung bzed 'dzin pa/_phrag pa g.yas g.yon du nyi ma dang zla bas brgyan pa/_'od phung gi klong na bzhugs par gsal ba'i spyi bor oM dkar po/_mgrin par AHdmar po/_thugs kar hU~M sngon po/_de las 'od 'phros pas mkha' khyab kyi rgyal ba thams cad thugs rje chen po rtsa gsum 'dus pa'i ye shes kyi 'khor lo'i rnam par mdun gyi nam mkhar badz+ra sa mA dzaHsa spyan drangs bar bsam/_gnyis pa ye shes pa spyan 'dren ni/_hU~M/_/sngon tshe bskal pa'i thog ma la/_/'gro drug sdug bsngal thugs rjes gzigs/_smon lam stobs bskyed 'gro don mdzad/_/byang chub sems dpa' spyan ras gzigs/_gnas mchog 'di ru gshegs su gsol/_/oM badz+ra gu ru d+he wa DAk+ki ni sa pa ri wA ra badz+ra sa ma dzaH_gsum pa dam ye dbyer med du bstim pa ni/_hrIH_chos dbyings lhun grub bde chen gzhal yas 'dir/_/dbyings kyi thig le 'od phung 'khyil ba'i dbus/_/rig pa rang shar thugs rje chen po'i lha/_/mnyam nyid don gyi dbyings su brtan par bzhugs/_/oM badz+ra sa ma ya tiSh+Than+tu/_bzhi pa dbang bskur rgyas gdab ni/_slar yang thugs ka'i sa bon las 'od zer 'phros pas dbang gi lha rigs lnga 'khor dang bcas pa mdun gyi nam mkhar badz+ra sa mA dzaHsa spyan drangs/_de bzhin gshegs pa thams cad kyis dbang bskur bstsal du gsol/_zhes gsol ba btab pas dbang gi lha rnams kyis/_oM sarba ta thA ga ta a b+hi She ka te sa ma ye shrI hU~M/_zhes gsungs shing ye shes kyi bdud rtsi'i dbang bskur bas sku gang*/_dri ma dag_/chu'i lhag ma yar 'khyil ba las rigs bdag snang ba mtha' yas kyis dbu brgyan par gyur/_lnga pa mchod pa la bzhi las/_dang po phyi mchod ni/_hrIH_rig gdangs thugs rje'i lha tshogs la/_/mchod pa'i bye brag 'bul ba ni/_/me tog bdug spos mar me dri/_/zhal zas sgra snyan lha mo rnams/_/so so'i kha dog phyag rgya sgyur/_/rab 'byams nam mkha'i khams bkang nas/_/rgyal ba'i dkyil 'khor mchod par bya/_/oM badz+ra gu ru d+he wa DAk+ki ni sa pA ri wa ra badz+ra puSh+pe nas shap+ta pU dza hoH_gnyis pa nang mchod ni/_hrIH_rig gdangs thugs rje'i lha tshogs la/_/rang byung bdud rtsi'i rnam lnga dang*/_/sha lnga dam tshig mchog gi rdzas/_/nang gi bdag nyid dag par bzhes/_ma hA a mr-i ta maM sa pany+tsa pU dza hoH_gsum pa gsang mchod ni/_hrIH_thugs rje chen po'i lha tshogs la/_/snang stong bde chen yab yum mkhar/_/dga' bzhi ye shes thig ler 'khyil/_/zung 'jug bde chen mchod par zhes/_/oM bo d+hi tsit+ta pU dza hoH_bzhi pa sman raka gtor mchod ni/_hrI/_/thugs rje chen po'i lha tshogs la/_/rtsa brgyad bdud rtsi'i mchod pa dang*/_/bde chen rak+ta'i mchod pa dang*/_/dam rdzas gtor ma'i mchod pa rnams/_/don dam dbyings kyi mchod par 'bul/_/mthun 'jug mchog gi mchod par bzhes/_/oM ma hA pany+tsa a mr-i ta rak+ta ba liM ta kha raM khA hi/_spro na/_snang mtha' spyan ras gzigs dbang pad+ma 'byung*/_/chos rgyal srong btsan rdo rje thogs med rtsal/_/smin grol mchog stsol rtsa brgyud bla ma la/_/sman mchod 'bul lo mthu dbang dngos grub rtsol/_/sarba pany+tsa a mr-i ta kha raM khA hi/_zhi dang khro bo'i dkyil 'khor rab 'byams kyi/_/spyi gzugs 'jig rten dbang phyug lhag pa'i lha/_/dkyil 'khor 'khor lor bcas pa thams cad la/_/sman mchod 'bul lo mthu dbang dngos grub stsol/_/sarba pany+tsa a mr-i ta kha raM khA ha/_/zab lam gdams pa'i bka' srung mthu stobs bdag_/dam can brtan ma bcu gnyis la sogs pa/_/rnam bzhi'i phrin las sgrub par mdzad rnams la/_/sman mchod 'bul lo mthu dbang dngos grub stsol/_sarba pany+tsa a mr-i ta kha raM khA hi/_/zhes 'bul/_rjes 'brel du dngos grub blang ba ni/_hU~M/_lce yi dam tshig rdo rje la/_/dam tshig can gyi hU~M bsgom ste/_/mtheb srin thabs shes phyag rgya yis/_/myangs nas dngos grub thob par 'gyur/_kA ya sid+d+hi oM/_wAka? sid+d+hi AH_tsit+ta sid+d+hi hU~M/_sarba sid+d+hi hrIH_zhes gnas gsum du thig le bya zhing myang ngo*/_/drug pa bstod pa ni/_hrIH_bde bar gshegs pa kun gyi bdag nyid che/_/snang ba mtha' yas pad 'byung 'jig rten mgon/_/gsang ba ye shes khro rgyal rta mchog dpal/_/rtsa gsum lha tshogs rnams la phyag 'tshal bstod/_/bdun pa dzapa? bzla ba la/_snang ba mtha' yas kyi bsnyen pa ni/_spyi bo'i snang ba mtha' yas kyi thugs ka'i 'od zer gyis 'jig rten dang 'jig rten las 'das pa'i tshe bcud bsdus pa lhung bzed kyi nang du bdud rtsir zhu ba lud de spyi gtsug nas gsang gnas kyi bar gang bar bsam la/_oM a mA ra Ni dzI wan+ti ye swA hAH_zhes bzla/_bla ma'i bsnyen pa ni/_mgrin pa'i o rgyan yab yum gyi byang sems dkar dmar 'dres pa'i rgyun gyis stod smad snying kha khyab pas lus gang bar bsam la/_oM AHhU~M badz+ra gu ru pad+ma sid+d+hi hU~MH_zhes bzla/_yi dam zhi ba spyan ras gzigs kyi bsnyen pa ni/_lte ba'i gsang ba ye shes las gnyis pa zhig chad de snying ka'i thugs rje chen po dang snyoms par zhugs nas/_thugs rje chen po'i thugs ka'i 'od zer gyis rigs drug gi sems can rnams bkug pa zhal du bcug sku'i dbyibs rgyud/_yum gyi pad+mar thon pa la byang chub sems kyi dbang bskur ba re re bzhin thugs rje chen por gyur te phyir byung nas rang gnas su bkod pas bcud thams cad lhar gyur bar bsam la/_oM ma Ni pad+me hU~M hrIH_zhes yig drug bzla/_mkha' 'gro gsang ba ye shes kyi bsnyen pa ni/_/lte ba'i gsang ba ye shes a thung shad kyi rnam par gyur pa'i drod kyis rtsa nang gi byang sems zhu ba spyi bor song ba thig ler gyur pa la lte ba'i a shad la me 'bar ba'i me lce phog pas smin mtshams kyi thad du 'bar 'dzag la sems gtad/_rim gyis byang sems kyi me mnan te mgrin snying lte ba'i bar du 'bar 'dzag byas pas bde stong gi ngang nas hrIHma ha ri ni sa ra tsa hri ya tsit+ta hrIM hrIM dzaH_yi dam khro bo rta mgrin gyi bsnyen pa ni/_gsang gnas rta mgrin gyis rta skad drag po theng gsum bsgrags sku las 'bar ba'i mes rang lus gang*/_nad gdon sdig sgrib thams cad bsregs/_me dpung lus kyi phyir 'phros pas 'jig rten mes bkang gnod byed bar gcod thams cad bsregs par bsam la/_hrIHbadz+ra kro d+ha h+ya gr-I wa hU~M phaT/_zhes bzla thun mthar dbyangs gsal rten snying bzlas pas lhag chad kha bskang zhing byin nus brtan par bya/_mchod bstod mdor bsdus yig brgya bzla/_gsum pa rjes kyi las rim la brgyad las/_dang po tshogs mchod ni/_thabs shes kyi rdzas la chu chang gis bran la/_oM sarba dra bya~M sa~M sho d+ha ni hU~M phaT/_ra~M ya~M kha~M gis bsang sbyang*/_stong pa'i ngang las tshogs gzhong b+han+d+ha 'bar bar tshogs rdzas ye shes kyi bdud rtsi 'dod yon gyi sprin 'phro bar gyur/_oM AHhU~M hrIHsa byin gyis brlabs/_hrIH_/rang bzhin rnam dag gzhal yas nas/_/thugs rje chen po spyan ras gzigs/_/rtsa gsum rgya mtsho'i tshogs dang bcas/_/tshogs la spyan 'dren gshegs su gsol/_/oM Ar+Ya lo ke shwa ra gu ru d+he wa d+hA ki ni sa pa ri wA ra e h+ye his spyan drangs/_de nas tshogs phud rim pa gsum spros pa'i dang po phud mchod pa ni/_/gzugs sgra dri ro reg bya chos/_/kun tu bzang po'i mchod pa'i sprin/_/nam mkha' mdzod kyi sgo phye ste/_/'bul gyi bzhes la dngos grub stsol/_/Ar+Ya lo ke shwa ra gu ru d+he wa d+hA ki ni ga Na tsakra pU dza khA hi/_bar pa bshags pa ni/_/ma rig las dang nyon mongs kyis/_/rtsa ba yan lag dam tshig gi_/nongs par gyur pa'i nyes pa kun/_/gnong 'gyod sems kyis mthol zhing bshags/_/yi ge brgya pa brjod/_tha ma bsgral bstab ni/_rang nyid dbang chen khro bo'i skur gyur/_e nr-i tri dzaHhU~M baM hoH_sku stod dbang chen khros pa'i gzugs/_/sku smad gnam lcags phur bu'i dbal/_/dgra bgegs log 'dren dam sri yi/_/snying la btab bo mA ra ya/_/sha khrag rus phung rdul du rlog_/oM badz+ra kro d+ha h+ya gr-I wa gnod byed dgra bgegs sha trUM mA ra ya rbad/_zhes bsgral ba/_oM Ar+Ya lo ke shwa ra gu ru d+he wa DA ki ni sa pa ri wA ra ma hA mAM sa rak+ta keM ni ri ti khA his dbul/_spro na skabs 'dir rtsa gsum spyi bskang sogs ji ltar rigs pa btang*/_tshogs rdzas rnams nang gi sbyin sreg tshul du rol/_rtsa gsum 'dus pa'i dkyil 'khor du/_/tshogs kyi 'khor lo'i mchod pa yis/_/bdag gzhan 'gro ba ma lus pa/_/dkyil 'khor gcig tu 'grub par shog_/ces smon lam gdab/_lhag ma rnams bsdus te/_pany+tsa a mr-i ta ha ho hrIH_lhag ma'i dam tshig 'dod yon gyi phung po zad mi shes pa nam mkha' gang bar gyur/_e a ral+li hrIM hrIM pheM pheM gyis lhag mgron spyan drangs/_hrIH_thugs rje chen po'i bka' 'khor na/_/dam pa'i chos kyi srung ma rnams/_/lha chen brgyad dang klu chen brgyad/_/gza' chen brgyad dang gnod sbyin brgyad/_/rgyal chen bzhi dang phyogs skyong bcu/_/rgyu skar nyi shu rtsa brgyad dang*/_/ha ri ka dang pany+dzi ka_/'phrog ma ma bu bcas pa dang*/_/dpal ldan mgon po lcam dral dang*/_/lha dang lha min mi'am ci/_/dri za gnod sbyin 'byung po dang*/_/lha srin sde brgyad thams cad la/_/mchod sbyin gtor ma 'di bsngos pas/_/ci 'dod phun sum tshogs par shog_/ji ltar nus pa'i phrin las mdzod/_ba liM ta pU dza ho/_zhes bsngo/_gnyis pa brtan ma ni/_gtor ma oM AHhU~M gis byin gyis brlabs/_hU~M/_a su ra yi brag phug tu/_/u rgyan pad+ma 'byung gnas kyi/_/spyan sngar khas blang dam bcas pa'i/_/bod yul brtan ma bcu gnyis dang*/_/phyi gter dbang bar khas blang rnams/_/mchod sbyin gtor ma 'di bzhes la/_/bdud dpung thul la zhing bcu sgrol/_/dal kha chings la 'bru phyugs spel/_/dmag dpung choms la mtshon rtse rtul/_/bcol ba'i dam tshig dran par mdzod/_gsum pa dngos grub blang ba ni/_hrIH_skye med chos dbyings pho brang nas/_/thugs rje 'gag med dkyil 'khor lha/_/mnyam nyid dbyings nas skur bzhengs la/_/sku gsum yongs rdzogs dngos grub stsol/_zhes bskul la/_oM Ar+Ya lo ke shwa ra gu ru d+he wa d+hA ki ni sa pa ri wA ra oM AHhU~M ma hA sid+d+hi hU~M/_bzhi pa mchod bstod ni/_oM badz+ra puSh+pe nas shap+ta pU dza ho/_oM ma hA a mr-i ta rak+ta ba liM ta kha raM khA his mchod/_hrIH_dang po byang chub mchog tu thugs bskyed nas/_/smon lam stobs kyis 'gro ba'i don mdzad pa'i/_/mthong thos dran pas sdug bsngal kun las grol/_/'phags pa spyan ras gzigs la phyag 'tshal bstod/_/lnga pa nongs bshags ni/_ma rnyed yongs su sogs dang*/_yig brgyas bshags/_drug pa bsdu ldang ni/_rten yod na/_'dir ni rten dang sogs brtan bzhugs bya/_dam tshig dkyil 'khor/_hrIH_snod bcud ma lus gzhal yas khang la thim/_/de nyid 'khor dang 'khor rnams gtso la thim/_/gtso bo mi dmigs stong pa'i ngang nyid las/_/slar yang 'ja' tshon bzhin du gsal bar gyur/_/bdun pa bsngo smon ni/_dge ba 'di yis mkha' mnyam 'gro kun gyis/_/sgrib gnyis de 'bras ma lus kun byang nas/_/thugs rje chen po'i go 'phang mngon gyur te/_/bdag gzhan don gnyis ma lus 'grub par shog_/brgyad pa shis brjod ni/_/chos sku snang mtha' longs sku 'jig rten dbang*/_/sprul sku pad 'byung rta mchog zhi khro yum/_/rtsa gsum kun 'dus thugs rje chen po yi/_/bkra shis phyogs dus kun tu khyab par shog_/rtsa ba'i gnyis pa dbang dang 'brel na/_mdun stegs su pad+ma 'dab brgyad kyi dbus dang*/_shar lho nub byang gi 'dab mar hrIHlngas mtshan pa dbus su 'od dpag med pa'i sku/_shar du rnam bum dang gu ru'i sku/_/lhor spyan ras gzigs kyi sku dang pad+ma/_nub tu thod chang khar me long sin+d+hU ras bcag par dga' 'khyil bris pa dang phag mo'i sku/_byang du rta mgrin dang be con rnams bkod/_mtha' bskor du sman raka gtor ma nyer spyod kyis bskor/_gzhan yang tshogs dang*/_chad brtan/_srung ma'i gtor 'bul/_dkar bgegs sogs 'du bya/_sgrub pa po'i mdun du 'thor nas/_DA ru rdor dril sogs nyer bsdog bya/_cho ga'i gzhung bsrang ste rtsa gsum so so'i bskyed bzlas bya/_mdun bskyed dbang rdzas bkod pa bzhin rtsa gsum lha lnga so sor bskyed bzlas dgos 'dra/_bum pa'i nang gu ru gsal ba'i sku las byung ba'i bdud rtsi bum chu dang 'dres par bsam/_bdag 'jug gam rig pa'i me tog dor la/_slob ma bos la khrus dang bgegs bskrad srung 'khor sngon du 'gro bas/_lo rgyus kyi khyad par/_de yang 'jig rten gsum gyi mgon po 'phags mchog thugs rje chen po ni/_chos sku'i dus nas gzi brjid 'od dpag med/_longs sku rnam snang gangs can mtsho zhes sku dang zhing khams rgya mtsho'i khyab bdag_/sprul sku spyan ras gzigs dbang phyug rnam 'phrul tshad med pas 'khor ba ma stong gi bar 'gro ba'i don mdzad cing*/_mi mjed kyi zhing 'dir yang skal bzang sangs rgyas stong dang 'khor lo'i bsgyur ba'i rgyal po stong sprul pa sogs rnam thar dang phrin las sangs rgyas rnams kyis kyang gzhal du mi bzod las/_khyad par gangs can sprel tsha srin mo'i rigs kyi 'gro la thugs rje'i lhag par gzigs te chos rgyal srong btsan sgam po'i rdzu 'phrul gyi bkod pa bsam mi khyab pas sangs rgyas dngos su nges pa'i rten gsum bzhugs pa'i gtsug lag khang brgya dang rtsa brgyad kyis sa gnad mnan/_mdo rgyud kyi chos bsgyur/_dge bcu'i khrims bcas/_skal ldan rnams la thugs rje chen po'i chos kyi grol bar mdzad pa las/_skabs su bab pa 'di yang 'phags mchog mig mi 'dzum nyid ngur smrig gar gyis rol pa'i gangs can skyob pa'i tshul du byon pa thams cad mkhyen gzigs ngag dbang blo bzang rgya mtsho la dag pa ye shes kyi snang cha rgya can nyi shu rtsa lngar grags pa'i chos skor bzhugs pa las thugs rje chen po rtsa gsum 'dus pa'i dbang bskur zhu ba'i ched du maN+Dal phul/_slob dpon thugs rje chen po rtsa gsum 'dus pa dngos su gsal bas gsol ba 'debs pa 'di'i rjes zlos mdzod/_rdo rje slob dpon dgongs su gsol/_/rtsa ba gsum gyi lha tshogs kyi/_/sku gsung thugs dang yon tan dang*/_/phrin las lnga yi byin rlabs stsol/_/lan gsum/_mdun gyi nam mkhar bla ma dang thugs rje chen po rtsa gsum kun 'dus kyi rnam par bzhugs pa'i spyan sngar 'di nas snying po byang chub la mchis kyi bar skyabs su 'gro snyam pas 'di'i rjes zlos mdzod/_thugs rje'i dbang gis sogs lan gsum/_mkha' mnyam gyi sems can sdug bsngal rgyu 'bras la spyod pa rnams kyi nyes ltung dri ma'i tshogs bshags shing byang chub mchog gi go 'phang la 'god par bya/_de'i ched du sems bskyed par bgyi'o snyam pas 'di'i rjes zlos mdzod/_sngon nas bsags pa'i sogs lan gsum/_gsang sngags kyi dbang gis smin par bya ba la dbang srog rgyud la 'dzin pa dam tshig rnam par dag dgos pas de nyid srung bar nus sam zhes dri ba ni/_rtsa ba yan lag dam tshig rnams/_/khyod kyis legs par srung nus sam/_/zhes dris pa la lan gsol ba 'debs pa 'di'i rjes zlos mdzod/_ji ltar bsgo ba'i dam tshig rnams/_/srog la bab kyang bsrung bar bya/_zhes lan gsum zhu/_dam tshig las mi 'da' bar khas blangs ba'i dpang por mna' chu blud cing rdo rje mgor bzhag ste/_snod min la gsang bar gdams pa ni/_mchog tu gsang chen dam pa 'di/_theg mchog rigs dang mi ldan pa'i/_/snod min rnams la gsang bya zhing*/_/rtag tu dam tshig thub par srungs/_sa ma ya na ra kan/_dbang gi gzhi 'god pa ye shes dbab pa'i ched du dmigs pa 'di ltar gsal thob mdzod/_las bum gyi chus bsang*/_shU n+ya tas sngags kyis stong par sbyang*/_snod bcud rgyud gsum gyi ma dag bag chag thams cad stong par sbyangs/_stong pa'i ngang las rang sems hrIHyig dkar po yongs su gyur pa las thugs rje chen po 'jig rten dbang phyug sku mdog dkar gsal gangs ri la nyi ma shar ba ltar dkar ba/_nor bu chu shel ltar dwangs ba/_zhi zhing 'dzum pa'i nyams ldan/_zhi ba'i spyan gnyis 'dzum pas 'gro ba kun la lhag par gzigs pa/_dbu skra ral pa'i thor tshugs su bcings pa'i rtse mor nor bus mtshan pa/_/lhag ma sku rgyab nas thur du 'phyang ba/_phyag g.yas mchog sbyin gyi phyag rgya pus mo'i steng du 'phyang zhing*/_g.yon pa sta zur g.yon ngos dkur bsten pa/_rin po che'i rgyan chas bcu gsum dang*/_dar gyi chas gos lngas brgyan pa/_zhabs gnyis mnyam pa'i stabs kyis pad+ma dang zla ba'i gdan la bzhengs pa/_sku las dri ma med pa'i 'od zer mu mtha' med pa 'phro ba'i gnas gsum gyi yi ge dang*/_slob dpon la mos gus drag tu bskyed pa'i rkyen gyis ri bo po tA la sogs phyogs bcu'i dag pa'i zhing rab 'byams nas rtsa gsum rgyal ba rgya mtsho'i tshogs dang bcas pa bu yug 'tshubs pa ltar byon nas khyed rang la sib sib thim pas gnyis med du gyur pa'i mos pa mdzod/_byin 'bebs kyi spos dang*/_DA dril dbyangs dang bcas ste/_'phags mchog thugs rje sogs/_rtsa gsum gyi sngags mthar/_dz+nyA na a be sha ya a aH_btags pas byin dbab/_tiSh+Tha badz+ras brtan par bya/_de nas dngos gzhi'i dbang la sku gsung thugs yon tan phrin las kyi dbang lnga las/_sku bum pa'i dbang zhu ba'i ched du gsol ba gdab pa 'di yi rjes zlos mdzod/_ho/_snang ba mtha' yas sku yi dbang*/_de ring bdag la bstsal du gsol/_zhes gsol ba btab pas gtso bo las rang 'dra gnyis pa spros te dpral bar thim par mos shig_/snang mtha'i sku spyi bor bzhag ste/_'khor 'das kun gyi tshe dang bcud/_/'chi ba med pa'i bdud rtsi yis/_/lus gang sku yis byin gyis rlobs/_bum pa'i dbang bskur thob par shog_/oM na mo b+ha ga wa te/_a pa ri mi ta A yur+dz+nyA na su bi nish+tsi te dzo rA dza ya/_ta thA ga ta ya/_ar+ha te samyak+saM bud+d+ha ya/_tad+ya thA/_oM puN+ye puN+ye ma hA puN+ye/_a pa ri mi ta puN+ye/_a pa ri mi ta puN+ya dz+nyA na saM b+ha ro pa tsi te/_oM sarba saM skA ra pa ri shud+d+ha d+harmA te ga ga na sa mutag te swa b+hA wa bi shud+d+he ma hA na ya pa ri wA re swA hA/_oM a mA ra Ni dzI ban+ti ye swA hA/_'chi med 'od mtshan stong 'bar gyi sku las byung ba'i 'chi med ye shes kyi bdud rtsis lus gang*/_sku skye 'chi med pas bum pa'i dbang thob/_lus 'pho 'jig gi sgrib pa dag_/snang stong lha sku bsgom pa la dbang*/_sprul sku'i go 'phang thob pa'i skal pa rgyud la bzhag pa'o/__/bum pa dang gu ru'i sku tsaka mgrin par bzhag ste/_thod phreng yab yum snyoms zhugs pa'i/_/byang sems bde ba chen po'i chus/_/mgrin pa'i 'khor lo yongs gang bas/_/gsang ba'i dbang bskur thob par shog_/oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M aH_wAka? a b+hi Shiny+tsa a/_bum chu myangs bas rtsa thams cad bdud rtsis gang*/_gsung gsang ba'i dbang thob/_ngag 'pho bcas kyi sgrib pa dag_/grags stong rdo rje'i bzlas brjod bya bar dbang*/_'bras bu longs sku'i go 'phang gi skal pa rgyud la bzhag go_/de dang rjes 'brel bzlas pa'i lung sbyin pa la dmigs pa 'di ltar mdzod/_gtso bo thugs rje chen po'i spyi bor 'od dpag med/_mgrin par gu ru yab yum/_thugs kar spyan ras gzigs/_lte bar gsang ba ye shes/_gsang gnas rta mgrin rnams gsal ba'i lha so so'i thugs ka'i sa bon las rang rang gi sngags phreng phyung*/_zhal nas thon/_slob ma'i zhal nas byung*/_lus kyi gnas lnga'i lha yi zhal brgyud thugs srog sa bon la thim pas dngos grub thams cad thob par bsam la/_sngags so so'i rjes zlos lan gsum mdzod/_oM a mA ra Ni dzI ban+ti ye swA hA/_oM AHhU~M badz+ra gu ru pad+ma sid+d+hi hU~M/_oM ma Ni pad+me hU~M/_hrIHma ha ri ni sa ra tsa hri ya tsit+ta hrIM hrIM dzaH_hrI badz+ra kro d+ha h+ya gr-I wa hU~M phaT/_dbyangs gsal rten snying yig brgya bzlas te/_'phags pa 'jig rten dbang phyug gi phyag mtshan snying gar gtugs te/_/gsang ba ye shes DA ki dang*/_/bu khyod thugs rje chen po ru/_/gsal bar snyoms 'jug dga' ba bzhis/_/shes rab ye shes dbang thob shog_/oM ma Ni pad+me hU~M/_lo ke shwa ra tsit+ta a b+hi Shiny+tsa hU~M/_des thugs shes rab ye shes kyi dbang thob/_yid thig le'i sgrib pa dag_/bde gsal mi rtog pa'i ting 'dzin bsgom pa la dbang*/_'bras bu chos sku'i go 'phang gi skal ba rgyud la bzhag go_/mkha' 'gro'i sku dang thod pa me long rnams lte bar bzhag_/bdud rtsi sbyin/_sin+d+hU ra lte bar byug la/_lte bar rnal 'byor ma'i ngo bo a shad las me 'bar/_spyi bo'i haM la reg pas byang sems bdud rtsi'i rgyun byung*/_lus kyi gnas bzhir bab pas dga' bzhi'i nyams skyes pa'i dpe yi ye shes kyis drangs pa'i ngo bo la bltas pas ka dag zung 'jug gi don gyi ye shes ngo sprad de/_/mkha' 'gro'i rdzas kyi rten 'brel gyis/_/lte ba'i gtum mo me 'bar bas/_/bde ba'i rang bzhin stong pa'i dbyings/_/spros bral bzhi pa'i dbang thob shog_/hrIHma ha ri ni sa ra tsa hri ya tsit+ta hrIM hrIM dzaH_gu Na a b+hi Shiny+tsa swA/_des yon tan gyi dbang thob/_/sgo gsum cha snyoms kyi sgrib pa dag_/zung 'jug gi rnal 'byor bsgom pa la dbang*/_'bras bu chos sku'i go 'phang gi skal pa rgyud la bzhag go_/rta mgrin gyi sku dang phyag mtshan gsang bar bzhag ste/_rta skad sgra dbyangs srid gsum khyab/_/ye shes me yis bgegs dpung bsregs/_/dbang drag zhi rgyas la sogs pa'i/_/phrin las 'grub pa'i dbang thob shog_/hrIHbadz+ra kro d+ha h+ya gr-I wa hU~M phaT/_karma a b+hi Shiny+tsa hA/_des rtag khyab phrin las kyi dbang thob/_tha mal bya byed kyi sgrib pa dag_/gzhan don phrin las bzhi sgrub pa la dbang*/_'bras bu ngo bo nyid sku 'grub pa'i skal pa rgyud la bzhag go_/rjes dam tshig khas blang*/_maN+Dal/_lus 'bul/_dge bsngo bcas mthar dbyung bas grub pa'o/__/sbyang bya 'pho 'gyura~M dang bcas sgo gsum sgrib/_/sbyong byed mi zad rgyan 'khor lnga yi mthus/_/thogs meda~M dbang bzhi thega~M mcho~Mg bstana~M pa~M yi/_/sbyangs 'bras sku bzhi'i rgyala~M mtsha~Mn sbyin gyur cig_/thugs rje chen po rtsa gsum 'dus pa'i phrin las dbang gi le'u tshan no//_//

Footnotes

Other Information