JKCL-KABUM-11-DA-001

From Khyentse Lineage - A Tsadra Foundation Project
Revision as of 15:33, 11 January 2022 by Mort (talk | contribs)

ཤྲཱིཿརྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་འདིར་རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས་ལོར་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ལ་ཞལ་འདེབ་ཕུལ་ཐོ།
Wylie title shrIH rdzong gsar bkra shis lha rtse'i chos grwa 'dir rab byung bcu drug pa'i thog ma me yos lor rdo rje gzhon nu'i sgrub mchod la zhal 'deb phul tho JKCL-KABUM-11-DA-001.pdf
Location chos kyi blo gros bka' 'bum
Volume 11, Text 1, Pages 1-7 (Folios 1a to 4a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. shrIH rdzong gsar bkra shis lha rtse'i chos grwa 'dir rab byung bcu drug pa'i thog ma me yos lor rdo rje gzhon nu'i sgrub mchod la zhal 'deb phul tho. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 1-7. Bir, H.P.: Khyentse Labrang, 2012.
Genre
Colophon

འདི་ལོ་ནས་༧སྐྱབས་མགོན་བདག་ཆེན་རིན་པོ་ཆེས་རང་དགོན་ལས་ཐོག་བླ་མས་སློབ་དཔོན་བགྱིད་ཆོག་པའི་བཀའ་དྲིན་ཐོབ་པ་ཕུར་བླའི་གསོལ་བསྙེན་ཐེབས་སྡེ་དགེ་བདག་པོར་ཞུས་ཐོབ་རྨེ་ཤོད་ཧྱོ་ནས་ར་ཚའི་ས་ཆུས་ཞིང་ཕྲུལ་དུ་ཡོད་དང་སོན་འགྲོ་དེ་འབྲེལ་གླིང་ཁང་ཁམས་ར་བཅས་ཀྱི་ཞིང་ཡིག་གཤམ་བཀོད་ལྟར་ལ། འབྲུ་འབབ་གོང་འཁོད་ཀྱིས་རྟེན་རྩ་རྒྱས་འདོངས་ཡོད་པས། བླ་བྲང་ནས་འདིར་ཕན་པའི་ཆེད་དམིགས་གསོལ་མཆོད་ཀྱི་རྟེན་རྩར་མཁས་གྲུབ་འདས་པའི་གྲྭ་འཕར་སྐབས་གཙང་འབལ་མཛད་ཟིན་པས་སྤྱི་ཁག་གསུམ་ནས་ལོ་ནར་ས་ཞིང་ལག་ལེན་བསྟར་རྒྱུ་དང་ཇ་དངུལ་ནས་གསུམ་གྱི་རྟེན་རྩ་རྣམས་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་སྤྱི་པ་རིམ་ཅན་ནས་རྩ་བ་རྩིས་སྤྲོད། ལོ་མས་གཏོང་སྒོ་བྱ་ལུགས་དེབས་ཡིག་འདིས་གསལ་རིགས་ཆད་ལུས་འཕྲི་ལྷག་མེད་པ་དགེ་འདུན་པའི་ཉམས་རྩར་སྨིན་ངེས་ལྷག་བློ་གོང་སྤེལ་ཞུ་བ་ལས། རྟེན་རྩ་སྔ་རྗེས་གཉིས་ཆར་རང་བཞིན་འོལ་ཚོད་ཀྱི་ཕྱག་ལས་སྟབས་གང་བདེའི་ལེ་ལོ་འཐུས་ཤོར་སྤུ་ཙམ་ཆོག་རྒྱུ་མིན་པ་ངེས་འཚལ། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཟླ་༡༡ཚེས་༡༠བཟང་པོར་འཇམ་དབྱངས་མཁྱེན་བརྩེ་སྤྲུལ་སྐུས་སྤེལ་བ་དགེ། དེ་འབྲེལ་སྒང་སྣ་སྤྲུལ་མིང་པས། རྩེ་ཤོད་ལས་བྱེད་མཛོད་ཚེ་དཔལ་དང་། བླ་ཆོས་གསར་རྙིང་བཅས་ཐུན་མོང་ནས་བྲིས་པ་དགེ། །། བཀྲ་ཤིས་དཔལ་འབར་འཛོམ་གླིང་རྒྱན་དྲུག་ཤོག། །།

'di lo nas 7skyabs mgon bdag chen rin po ches rang dgon las thog bla mas slob dpon bgyid chog pa'i bka' drin thob pa phur bla'i gsol bsnyen thebs sde dge bdag por zhus thob rme shod h+yo nas ra tsha'i sa chus zhing phrul du yod dang son 'gro de 'brel gling khang khams ra bcas kyi zhing yig gsham bkod ltar la/__'bru 'bab gong 'khod kyis rten rtsa rgyas 'dongs yod pas/__bla brang nas 'dir phan pa'i ched dmigs gsol mchod kyi rten rtsar mkhas grub 'das pa'i grwa 'phar skabs gtsang 'bal mdzad zin pas spyi khag gsum nas lo nar sa zhing lag len bstar rgyu dang ja dngul nas gsum gyi rten rtsa rnams ji srid bstan pa gnas kyi bar du spyi pa rim can nas rtsa ba rtsis sprod/__lo mas gtong sgo bya lugs debs yig 'dis gsal rigs chad lus 'phri lhag med pa dge 'dun pa'i nyams rtsar smin nges lhag blo gong spel zhu ba las/__rten rtsa snga rjes gnyis char rang bzhin 'ol tshod kyi phyag las stabs gang bde'i le lo 'thus shor spu tsam chog rgyu min pa nges 'tshal/__rab byung bcu drug pa'i shing rta zla 11tshes 10bzang por 'jam dbyangs mkhyen brtse sprul skus spel ba dge/__de 'brel sgang sna sprul ming pas/__rtse shod las byed mdzod tshe dpal dang /__bla chos gsar rnying bcas thun mong nas bris pa dge/__//__bkra shis dpal 'bar 'dzom gling rgyan drug shog/__//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཤྲཱིཿརྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་འདིར་རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས་ལོར་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ལ་ཞལ་འདེབ་ཕུལ་ཐོ་བཞུགས། ཨོཾ་སྭསྟི། བརྟན་གཡོའི་ཁྱབ་བདག་འཇིགས་རུང་གར་དགུའི་སྐུ། །བཞད་པའི་ང་རོ་འབྲུག་སྟོང་ལྡིར་བའི་གསུངས། །སྙིང་རྗེས་རབ་ཞི་འཇམ་པའི་ཐུགས་མངའ་བ། །བླ་མ་རྡོ་རྗེ་གཞོན་ནུས་ཤིས་པ་སྩོལ། །ཅེས་དགེ་ལེགས་ཚིག་གི་མེ་ཏོག་འཐོར་བས་ཤིས་པར་བྱས་ཏེ། ཤྲཱིཿརྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་འདིར་རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས་ལོར་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་འཛུགས་ནས་ཤིང་ལུག་ཕན་ལོ་ཉེར་དགུ་འདས་པར། དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་བགྲེས་པ་༧སྐྱབས་མགོན་བདག་ཆེན་རྡོ་རྗེ་ངག་དབང་ཀུན་དགའ་བསོད་ནམས་དང་། དེ་སྲས་འཇམ་དབྱངས་ཀུན་དགའ་དབང་རྒྱལ་ཡབ་སྲས་ཞལ་རྒྱས་ཀྱིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཕྱག་བཞེས་ལྟར་སྒྲུབ་མཆོད་གར་མཆམས་བཅས་པར་ཞུས་དག་བཅོས་བསྒྱུར་གྱི་བསླབ་སྦྱོངས་དང་། སྒྲུབ་མཆོད་ཚོགས་དབུར་ཕེབས་པའི་བཀའ་དྲིན་ཆེན་པོ་བསྐྱངས་སྐབས། རྫོང་དགོན་བླ་མ་མཁས་གྲུབ་བསྟན་དར་མ་འདས་གོང་ནས་ཕྱག་རྫས་སྤངས་དག་གིས་ཕུར་པའི་སྒྲུབ་མཆོད་གཙོར་བྱས་ལ་ཞལ་འདེབ་ཕུལ་བ། བླ་ཆོས་ནས་ཚོང་བསྒྱུར་བགྱིས་པ་རྒྱ་རྡོ་བཅོ་བརྒྱད་དང་། སྒོར་༡༢༩སྤྱི་ཆུང་གི་རྟེན་རྩ་ཆད་མཐུད་ལ་བརྟེན་བཞག་བྱས་འཕྲོས། ཕུར་སྒྲུབ་བླ་གྲྭ་སྔར་ཡོད་ཁར་གསར་འཕར་བླ་གྲྭ་༥༡གི་གསོལ་ཆས་སྐུ་ཡོན་དང་། མཆོད་ཆས་གེགས་གོང་དེབས་ནང་གསལ་རིགས་འགྲེས། མཛོད་ཚེ་དཔལ། བླ་ཆོས་ལས་སྣེ་གསར་རྙིང་ལྷན་རྒྱས། སྤྱི་པ་རྣམས་བཅས་ངོས་འཛོམས་ཀྱི་ཞིབ་བརྩིས་ཧེ་བག་མེད་པར་གཏན་འབེབས་བགྱིས་པའི་ཐོ་བཀོད་པ་ལ། མཆོད་ཆས་སྐོར་ཉིན་བཅུ་གཅིག་ལ་ཚོགས་རྩམ་འབོ་བཅུ་གཉིས། མཆོད་ནས་ཚོགས་ཆང་བཅས་འབོ་དོ། མཐུད་དང་ཚོགས་བཅས་ལ་ཆུར་འབོ་དྲུག །གྲོ་སླས་ལ་གྲོ་འབོ་དྲུག །ཉིན་བརྒྱད་ལ་ཐུག་རྩམ་འབོ་ཕྱེད་བཅུ་གསུམ། ཉིན་བཅུ་གཉིས་གྲོ་མཆན་འབོ་སུམ་ཅུ་སོ་དྲུག །ཉིན་བཅུ་གཉིས་ཚ་འབོ་ལྔ་བླ་མ་གཅིག་གི་རྩམ་སྤར་བཅུ་གཉིས་ལ་འབོ་ཕྱེད་དོ་བཅས་ཁྱོན་བསྡོམས་འབོ་བརྒྱད་ཅུ་གྱ་གཅིག་ཐོབ། གྲྭ་གྲངས་ལྔ་བཅུ་ལ་རྩམ་མལ་འབོ་ལྔ་བཅུ་བཅས་གོང་འཁོད་ཁྱོན་བསྡོམས་འབོ་གཅིག་བརྒྱ་སུམ་ཅུ་སོ་གཅིག་ཐོབ་པ་ལ་རྟེན་རྩ་མ་རྐང་ར་ཚའི་ས་ཞིང་ནས་འཁོར་པའི་ཕོག་ཞིང་ཟུར་ཕུད་ཀྱི་དེ་བྱིངས་གླིང་ཁང་ཁམས་ར་བཅས་ཆབ་ཚང་གི་ཞིང་ཡིག་གཤམ་གསལ་ལྟར་ལ་འདི་ལོ་ཕྱེད་ཐོག་འབྲིང་སྨད་ཀྱི་དབང་དུ་བཏང་བས་ནས་སྒྲོ་བཅུ་དགུ་ལ་འབོ་གཅིག་བརྒྱ་སོ་གཅིག་ལྷག་ཙམ་འདུག་པས་གོང་གསལ་རྟེན་རྩ་རྒྱས་སྤྲོས་ཡིན་རྩིས་དང་། དངུལ་གྱི་རྟེན་ཐེབ། ཚོགས་ཤ་ལ་སྒོར་ཉིས་བརྒྱ་བཞི་བཅུ་བརྩིས། དེ་ལ་མ་རྐང་རྡིལ་ཚད་ཕྱེད་བརྒྱད། སློབ་དཔོན་སྐུ་ཡོན་སྒོར་བརྒྱད་ཅུ། དེ་ལ་མ་རྐང་རྡིལ་ཚད་ཕྱེད་གསུམ། གྲྭ་གྲངས་ལྔ་བཅུ་ལ་སྐུ་ཡོན་སྒོར་ཉིས་བརྒྱ་ཐམ་པ། དེ་ལ་མ་རྐང་རྡི༵ལ་ཚད་དྲུག་དང་སྒོར་བཞི་བཅུ། ཇ་མཆན་ཐུག་པ་གྲོ་སླས་ཚོགས་སློབ་དཔོན་ཕྱེ་མར་རྒྱ་གང་བཅས་ཕུར་པའི་དེབ་ཡིག་ནང་བཞིན་བརྩིས་པའི་མར་རྒྱ་དྲུག་ཅུ་རེ་བརྒྱད་ཐོབ། མར་རྒྱ་གང་རེ་ལ་ལྟག་སྒོར་བཅོ་བརྒྱད་རེ་བརྩིས་བའི་སྐྱེད་རྡི༵ལ་ཚད་བདུན་དང་། སྒོར་གཅིག་བརྒྱ་དང་བཞི་ཐོབ། དེ་ལ་མ་རྐང་རྡིལ་ཚད་སུམ་ཅུ་སོ་བརྒྱད་དང་། སྒོར་བཞི་བཅུ། སྐྱེད་མགོ་ཇ་བག་ཕྱེད་དགུ་ལ་མ་རྐང་བཟང་ཇ་དངོས་ཅིན་དང་བག་བཞི་བཅུ་ཞེ་གཉིས་ཡོད། སྤྱི་གཡོག་ཕྱེད་གསུམ། དགེ་ཚུལ་གཉིས་བཅས་ལ་ཡོན་སྒོར་བཅོ་བརྒྱད། དེ་ལ་མ་རྐང་སྒོར་དགུ་ཅུ། རྩམ་མལ་འབོ་ཕྱེད་ལྔ། དེ་ཕན་གྲྭ་སྤྱི་ལ་ནས་དངོས་རྩིས་སྤྲོད་འབོ་སུམ་བཅུ་ཡོད་པར་བཞི་སྐྱེད་བརྩིས་འབོ་ཕྱེད་བརྒྱད་བབས། དེ་ནང་རྩམ་མལ་འབོ་ཕྱེད་ལྔ་བརྩིས། འབོ་གསུམ་མཆན་དང་ཐུག་པ་ལ་བརྩིས། གོང་གསལ་དངུལ་མ་རྐང་དགོས་རིགས་འབོར་བསྡོམས་རྡིལ་ཚད་ལྔ་བཅུ་ང་ལྔ་དང་སྒོར་བཅུ་ཡོད། ཡང་དུ་འཆམས་པ་རྣམས་ལ་སྐུ་གསོལ་ཕྱག་འགྱེད་རྟེན། སློབ་དཔོན་སྐུ་སྐལ་གོང་གིས་འཐུས་རྒྱུ་བྱས་འཕྲོས། འཆམས་པ་རྣམས་དང་ཕྱི་ནང་འཚོགས་བཞུགས་ཡོད་རིགས་སྐུ་སྐལ་རྐྱང་བརྩིས་ཀྱི་ཞལ་གྲངས་གཅིག་བརྒྱ་ཞེ་བདུན། བླ་ཆོས་དྲུག་ལ་སྐལ་ལོག་བརྩིས་པའི་ཁྱོན་གཅིག་བརྒྱ་ང་གསུམ་ལ་འགྱེད་སྒོར་གཉིས་རེ་བརྩིས་ཁྱོན་ལྟག་སྒོར་སུམ་བརྒྱ་དང་དྲུག་ཐོབ་པ་ལ་མ་རྐང་རྡིལ་ཚད་དགུ་དང་སྒོར་དགུ་བཅུ། འཆམས་པ་བཞི་བཅུ་ཞེ་གཅིག་ལ་སྒོར་གཉིས་རེ། སློབ་དཔོན། འཆམས་དཔོན་གཉིས་བཅས་ལ་སྐལ་ལོག་བརྩིས་པའི་སྒོར་བརྒྱད་ཅུ་གྱ་བརྒྱད་ལ་མ་རྐང་རྡིལ་ཚད་གཉིས་དང་སྒོར་གཅིག་བརྒྱ་ཉི་ཤུ་བཅས་བཞག་ཡོད་པས། གོང་གསལ་མ་རྐང་རྟེན་རྩ་ཁྱོན་བསྡོམས་རྡིལ་ཚད་དྲུག་ཅུ་རེ་བདུན་དང་། སྒོར་དྲུག་ཅུ་ཐམ་པ་གྲྭ་སྤྱི་གསུམ་ལ་སོ་སོར་བསྒོས་པས་ཁག་རེ་ལ་དྷིལ་ཚད་ཉེར་གཉིས་དང་། སྒོར་བདུན་ཅུ་དོན་གསུམ། དངུལ་ཞོ་གང་རེ་བཅོས་ཡོད། དངུལ་འདི་ནང་ཁག་རེ་ལ་དག་ཡན་སྒོར་གཅིག་བརྒྱ་བརྒྱད་ཅུ་གྱ་གཅིག་རེ་ཡོད་པས་དག་གོར་རེ་ལ་རྩེ་སྒོར་དྲུག་བརྩིས་བྱས་ཡོད་ཁག་རེ་ལ་ནས་དངོས་འབོ་བཅུ་རེ། ཇ་བག་བཅུ་བཞི་རེ་བཅས་རྩིས་སྤྲོད་ཡོད། གོང་འཁོད་འབྲུ་འབབས་ལ་ཕན་བསྐྱེད། ད་སྔ་ཕན་ཕུར་བླ་ལྷུན་གྲུབ་སྟེང་ནས་ས་ཕུར་གྱང་གསུམ་གང་རིགས་གདན་ཞུས་དགོས་པ། འདི་ལོ་ནས་༧སྐྱབས་མགོན་བདག་ཆེན་རིན་པོ་ཆེས་རང་དགོན་ལས་ཐོག་བླ་མས་སློབ་དཔོན་བགྱིད་ཆོག་པའི་བཀའ་དྲིན་ཐོབ་པ་ཕུར་བླའི་གསོལ་བསྙེན་ཐེབས་སྡེ་དགེ་བདག་པོར་ཞུས་ཐོབ་རྨེ་ཤོད་ཧྱོ་ནས་ར་ཚའི་ས་ཆུས་ཞིང་ཕྲུལ་དུ་ཡོད་དང་སོན་འགྲོ་དེ་འབྲེལ་གླིང་ཁང་ཁམས་ར་བཅས་ཀྱི་ཞིང་ཡིག་གཤམ་བཀོད་ལྟར་ལ། འབྲུ་འབབ་གོང་འཁོད་ཀྱིས་རྟེན་རྩ་རྒྱས་འདོངས་ཡོད་པས། བླ་བྲང་ནས་འདིར་ཕན་པའི་ཆེད་དམིགས་གསོལ་མཆོད་ཀྱི་རྟེན་རྩར་མཁས་གྲུབ་འདས་པའི་གྲྭ་འཕར་སྐབས་གཙང་འབལ་མཛད་ཟིན་པས་སྤྱི་ཁག་གསུམ་ནས་ལོ་ནར་ས་ཞིང་ལག་ལེན་བསྟར་རྒྱུ་དང་ཇ་དངུལ་ནས་གསུམ་གྱི་རྟེན་རྩ་རྣམས་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་སྤྱི་པ་རིམ་ཅན་ནས་རྩ་བ་རྩིས་སྤྲོད། ལོ་མས་གཏོང་སྒོ་བྱ་ལུགས་དེབས་ཡིག་འདིས་གསལ་རིགས་ཆད་ལུས་འཕྲི་ལྷག་མེད་པ་དགེ་འདུན་པའི་ཉམས་རྩར་སྨིན་ངེས་ལྷག་བློ་གོང་སྤེལ་ཞུ་བ་ལས། རྟེན་རྩ་སྔ་རྗེས་གཉིས་ཆར་རང་བཞིན་འོལ་ཚོད་ཀྱི་ཕྱག་ལས་སྟབས་གང་བདེའི་ལེ་ལོ་འཐུས་ཤོར་སྤུ་ཙམ་ཆོག་རྒྱུ་མིན་པ་ངེས་འཚལ། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཟླ་༡༡ཚེས་༡༠བཟང་པོར་འཇམ་དབྱངས་མཁྱེན་བརྩེ་སྤྲུལ་སྐུས་སྤེལ་བ་དགེ། དེ་འབྲེལ་སྒང་སྣ་སྤྲུལ་མིང་པས། རྩེ་ཤོད་ལས་བྱེད་མཛོད་ཚེ་དཔལ་དང་། བླ་ཆོས་གསར་རྙིང་བཅས་ཐུན་མོང་ནས་བྲིས་པ་དགེ། །། བཀྲ་ཤིས་དཔལ་འབར་འཛོམ་གླིང་རྒྱན་དྲུག་ཤོག། །།
[edit]

@#/__/shrIHrdzong gsar bkra shis lha rtse'i chos grwa 'dir rab byung bcu drug pa'i thog ma me yos lor rdo rje gzhon nu'i sgrub mchod la zhal 'deb phul tho bzhugs/__ oM swasti/__brtan g.yo'i khyab bdag 'jigs rung gar dgu'i sku/__/bzhad pa'i nga ro 'brug stong ldir ba'i gsungs/__/snying rjes rab zhi 'jam pa'i thugs mnga' ba/__/bla ma rdo rje gzhon nus shis pa stsol/__/ces dge legs tshig gi me tog 'thor bas shis par byas te/__shrIHrdzong gsar bkra shis lha rtse'i chos grwa 'dir rab byung bcu drug pa'i thog ma me yos lor rdo rje gzhon nu'i sgrub mchod 'dzugs nas shing lug phan lo nyer dgu 'das par/__dpal sa skya'i phun tshogs pho brang gi gdung sras bgres pa 7skyabs mgon bdag chen rdo rje ngag dbang kun dga' bsod nams dang /__de sras 'jam dbyangs kun dga' dbang rgyal yab sras zhal rgyas kyis gdan sa chen po dpal ldan sa skya'i phyag bzhes ltar sgrub mchod gar mchams bcas par zhus dag bcos bsgyur gyi bslab sbyongs dang /__sgrub mchod tshogs dbur phebs pa'i bka' drin chen po bskyangs skabs/__rdzong dgon bla ma mkhas grub bstan dar ma 'das gong nas phyag rdzas spangs dag gis phur pa'i sgrub mchod gtsor byas la zhal 'deb phul ba/__bla chos nas tshong bsgyur bgyis pa rgya rdo bco brgyad dang /__sgor 129spyi chung gi rten rtsa chad mthud la brten bzhag byas 'phros/__phur sgrub bla grwa sngar yod khar gsar 'phar bla grwa 51gi gsol chas sku yon dang /__mchod chas gegs gong debs nang gsal rigs 'gres/__mdzod tshe dpal/__bla chos las sne gsar rnying lhan rgyas/__spyi pa rnams bcas ngos 'dzoms kyi zhib brtsis he bag med par gtan 'bebs bgyis pa'i tho bkod pa la/__mchod chas skor nyin bcu gcig la tshogs rtsam 'bo bcu gnyis/__mchod nas tshogs chang bcas 'bo do/__mthud dang tshogs bcas la chur 'bo drug__/gro slas la gro 'bo drug__/nyin brgyad la thug rtsam 'bo phyed bcu gsum/__nyin bcu gnyis gro mchan 'bo sum cu so drug__/nyin bcu gnyis tsha 'bo lnga bla ma gcig gi rtsam spar bcu gnyis la 'bo phyed do bcas khyon bsdoms 'bo brgyad cu gya gcig thob/__grwa grangs lnga bcu la rtsam mal 'bo lnga bcu bcas gong 'khod khyon bsdoms 'bo gcig brgya sum cu so gcig thob pa la rten rtsa ma rkang ra tsha'i sa zhing nas 'khor pa'i phog zhing zur phud kyi de byings gling khang khams ra bcas chab tshang gi zhing yig gsham gsal ltar la 'di lo phyed thog 'bring smad kyi dbang du btang bas nas sgro bcu dgu la 'bo gcig brgya so gcig lhag tsam 'dug pas gong gsal rten rtsa rgyas spros yin rtsis dang /__dngul gyi rten theb/__tshogs sha la sgor nyis brgya bzhi bcu brtsis/__de la ma rkang rdil tshad phyed brgyad/__slob dpon sku yon sgor brgyad cu/__de la ma rkang rdil tshad phyed gsum/__grwa grangs lnga bcu la sku yon sgor nyis brgya tham pa/__de la ma rkang rdi~Xl tshad drug dang sgor bzhi bcu/__ja mchan thug pa gro slas tshogs slob dpon phye mar rgya gang bcas phur pa'i deb yig nang bzhin brtsis pa'i mar rgya drug cu re brgyad thob/__mar rgya gang re la ltag sgor bco brgyad re brtsis ba'i skyed rdi~Xl tshad bdun dang /__sgor gcig brgya dang bzhi thob/__de la ma rkang rdil tshad sum cu so brgyad dang /__sgor bzhi bcu/__skyed mgo ja bag phyed dgu la ma rkang bzang ja dngos cin dang bag bzhi bcu zhe gnyis yod/__spyi g.yog phyed gsum/__dge tshul gnyis bcas la yon sgor bco brgyad/__de la ma rkang sgor dgu cu/__rtsam mal 'bo phyed lnga/__de phan grwa spyi la nas dngos rtsis sprod 'bo sum bcu yod par bzhi skyed brtsis 'bo phyed brgyad babs/__de nang rtsam mal 'bo phyed lnga brtsis/__'bo gsum mchan dang thug pa la brtsis/__gong gsal dngul ma rkang dgos rigs 'bor bsdoms rdil tshad lnga bcu nga lnga dang sgor bcu yod/__yang du 'chams pa rnams la sku gsol phyag 'gyed rten/__slob dpon sku skal gong gis 'thus rgyu byas 'phros/__'chams pa rnams dang phyi nang 'tshogs bzhugs yod rigs sku skal rkyang brtsis kyi zhal grangs gcig brgya zhe bdun/__bla chos drug la skal log brtsis pa'i khyon gcig brgya nga gsum la 'gyed sgor gnyis re brtsis khyon ltag sgor sum brgya dang drug thob pa la ma rkang rdil tshad dgu dang sgor dgu bcu/__'chams pa bzhi bcu zhe gcig la sgor gnyis re/__slob dpon/__'chams dpon gnyis bcas la skal log brtsis pa'i sgor brgyad cu gya brgyad la ma rkang rdil tshad gnyis dang sgor gcig brgya nyi shu bcas bzhag yod pas/__gong gsal ma rkang rten rtsa khyon bsdoms rdil tshad drug cu re bdun dang /__sgor drug cu tham pa grwa spyi gsum la so sor bsgos pas khag re la d+hil tshad nyer gnyis dang /__sgor bdun cu don gsum/__dngul zho gang re bcos yod/__dngul 'di nang khag re la dag yan sgor gcig brgya brgyad cu gya gcig re yod pas dag gor re la rtse sgor drug brtsis byas yod khag re la nas dngos 'bo bcu re/__ja bag bcu bzhi re bcas rtsis sprod yod/__gong 'khod 'bru 'babs la phan bskyed/__da snga phan phur bla lhun grub steng nas sa phur gyang gsum gang rigs gdan zhus dgos pa/__'di lo nas 7skyabs mgon bdag chen rin po ches rang dgon las thog bla mas slob dpon bgyid chog pa'i bka' drin thob pa phur bla'i gsol bsnyen thebs sde dge bdag por zhus thob rme shod h+yo nas ra tsha'i sa chus zhing phrul du yod dang son 'gro de 'brel gling khang khams ra bcas kyi zhing yig gsham bkod ltar la/__'bru 'bab gong 'khod kyis rten rtsa rgyas 'dongs yod pas/__bla brang nas 'dir phan pa'i ched dmigs gsol mchod kyi rten rtsar mkhas grub 'das pa'i grwa 'phar skabs gtsang 'bal mdzad zin pas spyi khag gsum nas lo nar sa zhing lag len bstar rgyu dang ja dngul nas gsum gyi rten rtsa rnams ji srid bstan pa gnas kyi bar du spyi pa rim can nas rtsa ba rtsis sprod/__lo mas gtong sgo bya lugs debs yig 'dis gsal rigs chad lus 'phri lhag med pa dge 'dun pa'i nyams rtsar smin nges lhag blo gong spel zhu ba las/__rten rtsa snga rjes gnyis char rang bzhin 'ol tshod kyi phyag las stabs gang bde'i le lo 'thus shor spu tsam chog rgyu min pa nges 'tshal/__rab byung bcu drug pa'i shing rta zla 11tshes 10bzang por 'jam dbyangs mkhyen brtse sprul skus spel ba dge/__de 'brel sgang sna sprul ming pas/__rtse shod las byed mdzod tshe dpal dang /__bla chos gsar rnying bcas thun mong nas bris pa dge/__//__bkra shis dpal 'bar 'dzom gling rgyan drug shog/__//__

Footnotes

Other Information