JKCL-KABUM-12-NA-080

From Khyentse Lineage - A Tsadra Foundation Project
Revision as of 18:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-080.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 80, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
སྦས་གནས་ཆེན་པོ་འབྲས་ལྗོངས་བདེ་བའི་སྨོན་ལམ་བདེ་སྐྱིད་རབ་འཕེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་པ། །མ་ལུས་འགྲོ་བའི་སྐྱབས་མགོན་པདྨ་འབྱུང་། །བི་མ་བཻ་རོ་ཁྲི་སྲོང་མཚོ་རྒྱལ་སོགས། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཐམས་ཅད་དང་། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་དང་། །ནོར་ལྷ་གཏེར་གྱི་བདག་པོ་ལ་སོགས་པ། །མཁྱེན་བརྩེ་ནུས་པའི་གཏེར་ལ་དབང་འབྱོར་བའི། །སྐྱབས་ཀྱི་མཆོག་གྱུར་ཐམས་ཅད་དགོངས་སུ་གསོལ། །འཛམ་གླིང་སྤྱི་དང་ཁྱད་པར་སྦས་པའི་ཡུལ། །འབྲས་མོ་ལྗོངས་ཞེས་དཔལ་རི་པདྨ་འོད། །ས་འདིར་འཕོས་པའི་སྒྲུབ་གནས་བྱིན་ཅན་ལ། །མི་གཙང་ཉམས་གྲིབ་གོས་པ་སངས་གྱུར་ཅིག །རྩ་གསུམ་ལྷ་རྣམས་གནས་འདིར་རྟག་བཞུགས་ནས། །སྣོད་བཅུད་བཀྲ་ཤིས་རྡོ་རྗེའི་བྱིན་ཆེན་དབབ། །ཡུལ་ལ་དགེ་བཅུ་སྡེ་བཞིའི་དཔལ་ཡོན་རྒྱས། །སྲིད་ཞིའི་ཕྱྭ་གཡང་དངས་བཅུད་འགུགས་པར་མཛོད། །ཆོས་ལྡན་རྒྱལ་པོའི་ཆབ་སྲིད་མངའ་ཐང་རྒྱས། །རིགས་བརྒྱུད་འཕེལ་ཞིང་སྐུ་ཚེ་ཡུན་དུ་བརྟན། །ཕ་རོལ་སྡང་དགྲ་གནོད་བྱེད་གདོན་བགེགས་རྣམས། །ཐལ་པའི་རྡུལ་བཞིན་བརླག་པར་མཛད་དུ་གསོལ། །ངེས་གསང་སྙིང་པོའི་བསྟན་པ་རབ་རྒྱས་ཤིང་། །སྐྱེ་འགྲོ་ཐམས་ཅད་བྱམས་པའི་སེམས་དང་ལྡན། །ཕན་ཚུན་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས། །ཡང་དག་དགེ་ལ་སྤྱོད་པར་མཛད་དུ་གསོལ། །ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་མེད་སོགས། །རྣལ་འབྱོར་མཆེད་བཞིས་ཇི་ལྟར་སྨོན་པ་བཞིན། །གེགས་མེད་འགྲུབ་ཅིང་གུ་རུ་པདྨ་ཡི། །ཐུགས་བསྐྱེད་བདེན་ཚིག་བསླུ་བ་མེད་པར་ཤོག །ལྷ་མ་ཡིན་དང་ཡིད་སྲུབས་འགོང་པོ་ཡི། །རྒྱུ་ལམ་བཅད་ནས་སྦས་ཡུལ་རིན་ཆེན་གྱི། །བཀྲ་ཤིས་མཛོད་ཁང་འཇིགས་མེད་རྡོ་རྗེའི་གུར། །རྟག་བརྟན་དགེ་ལེགས་སྣང་བའི་བཀྲ་ཤིས་ཤོག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་མེ་བྱ་ཟླ་༣ཚེས་ལ་བླ་མ་དམ་པ་ངག་དབང་གྲགས་པ་ནས་བསྐུལ་ངོར་བྲིས་པའོ།། །།
[edit]

sbas gnas chen po 'bras ljongs bde ba'i smon lam bde skyid rab 'phel zhes bya ba bzhugs so/__/na mo gu ru/__mchog gsum rtsa gsum sku gsum kun 'dus pa/__/ma lus 'gro ba'i skyabs mgon pad+ma 'byung /__/bi ma bai ro khri srong mtsho rgyal sogs/__/bka' gter rig 'dzin brgyud pa thams cad dang /__/yi dam zhi khro mkha' 'gro chos skyong dang /__/nor lha gter gyi bdag po la sogs pa/__/mkhyen brtse nus pa'i gter la dbang 'byor ba'i/__/skyabs kyi mchog gyur thams cad dgongs su gsol/__/'dzam gling spyi dang khyad par sbas pa'i yul/__/'bras mo ljongs zhes dpal ri pad+ma 'od/__/sa 'dir 'phos pa'i sgrub gnas byin can la/__/mi gtsang nyams grib gos pa sangs gyur cig__/rtsa gsum lha rnams gnas 'dir rtag bzhugs nas/__/snod bcud bkra shis rdo rje'i byin chen dbab/__/yul la dge bcu sde bzhi'i dpal yon rgyas/__/srid zhi'i phywa g.yang dngas bcud 'gugs par mdzod/__/chos ldan rgyal po'i chab srid mnga' thang rgyas/__/rigs brgyud 'phel zhing sku tshe yun du brtan/__/pha rol sdang dgra gnod byed gdon bgegs rnams/__/thal pa'i rdul bzhin brlag par mdzad du gsol/__/nges gsang snying po'i bstan pa rab rgyas shing /__/skye 'gro thams cad byams pa'i sems dang ldan/__/phan tshun pha ma lta bu'i 'du shes kyis/__/yang dag dge la spyod par mdzad du gsol/__/he ru ka dpal nam mkha' 'jigs med sogs/__/rnal 'byor mched bzhis ji ltar smon pa bzhin/__/gegs med 'grub cing gu ru pad+ma yi/__/thugs bskyed bden tshig bslu ba med par shog__/lha ma yin dang yid srubs 'gong po yi/__/rgyu lam bcad nas sbas yul rin chen gyi/__/bkra shis mdzod khang 'jigs med rdo rje'i gur/__/rtag brtan dge legs snang ba'i bkra shis shog__/ces pa'ang 'jam dbyangs chos kyi blo gros pas smon tshig tu me bya zla 3tshes la bla ma dam pa ngag dbang grags pa nas bskul ngor bris pa'o//___//

Footnotes

Other Information