JKCL-KABUM-05-CA-051

From Khyentse Lineage - A Tsadra Foundation Project
Revision as of 13:31, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-05-CA-051.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ca"., Text 51, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "CA" is not a number.

1 Texts in this Section (sde tshan or chos tshan)

641-643
རྩ་གསུམ་ཚོགས་མཆོད་མདོར་བསྡུས།
rtsa gsum tshogs mchod mdor bsdus
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"CA" is not a number.

[edit]
རྩ་གསུམ་ཚོགས་མཆོད་མདོར་བསྡུས་བཞུགས་སོ། །རྩ་གསུམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ལ་ཚོགས་མཆོད་མདོར་བསྡུས་སྤྲོ་ན། ཐབས་ཤེས་ཀྱི་རྫས་ཤ་ཆང་སོགས་ཅི་རིགས་པར་བཤམས། ཆུ་ཆང་ནང་གསུམ་གྱིས་བྲན་ལ། ཨོཾ་ལས་ཆོས་དབྱིངས་སྟོང་པའི་ངང་ཉིད་ལས། །ཨཱཿལས་རབ་དཀར་ཐོད་པའི་སྣོད་ཡངས་པར། །ཚོགས་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལྔ། །རྣམ་པ་ཤ་ལྔ་བདུད་རྩིའི་སྤྲིན་ཆེན་པོ། །བཟའ་བཅའ་བཏུང་བ་ཕུན་སུམ་ཚོགས་པར་གྱུར། །རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་མང་དུ་བརྗོད། ཚོགས་ཕུད་ཆ་བཞིར་བསྒོས་ལ། ཨོཾ་ཨཱཿཧཱུྃ། སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །རྒྱ་བོད་རིག་འཛིན་གྲུབ་ཐོབ་ཚོགས་རྣམས་དང་། །ཁྱད་པར་པདྨ་འབྱུང་གནས་ས་ར་ཧ། །བིཪྺ་པ་དང་རྗེ་འབངས་ཉེར་ལྔ་དང་། །དུས་གསུམ་མཁྱེན་པ་གྲུབ་ཐོབ་ཉག་སེ་སོགས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་དམ་པ་བཞེས། །ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ་ཚོགས་དང་། །ཁྱད་པར་རྟ་མགྲིན་དབང་གི་དཀྱིལ་འཁོར་པ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་། །ནོར་ལྷ་གཏེར་བདག་རབ་འབྱམས་འཁོར་དང་བཅས། །གནས་བདག་འབང་ཆུང་དགེ་བསྙེན་ལྕམ་དྲལ་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་དམ་པ་བཞེས། །དམ་ཚིག་ཉམས་ཆགས་ཉེས་ལྟུང་ཐམས་ཅད་བཤགས། །གཉིས་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མཆོག་ཐུན་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །མ་ཧཱ་བྷ་ན་ཙཀྲ་པཱུ་ཛ་ཧོཿས་མ་ཡ་ཨཱཿཨོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་བརྗོད། བརྡ་དང་བརྡ་ལེན་གྱིས་ཚོགས་ལ་རོལ། ལྷག་མ་ནི། ལྷག་མ་བསྡུས་ལ་ཕུད་ཆ་བཞི་པ་བསྣན་ཏེ་ཁ་ཕྲུས་གདབ། བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕཻཾ། ལྷག་ལ་དབང་བའི་ཕོ་ཉའི་ཚོགས། །སྤྲིན་ལྟར་གཏིབ་ཅིང་ཧབ་ཤ་རྒྱུགས། །ལྷག་མའི་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད་ལ། རྩ་བ་གསུམ་གྱི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །ཅེས་པའང་དགེ་སློང་བློ་གྲོས་རྒྱ་མཚོས་དཀོར་བདག་ལ་ཚོགས་ཞིག་དགོས་གསུངས་ཀྱང་འཇིག་རྟེན་པ་ལ་ཚོགས་ཀྱི་མཆོད་པ་བགྱིད་པར་འོས་མེད་ཀྱང་གཞི་བདག་འདི་པདྨའི་གཏེར་སྲུང་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པ་ཡིན་པས་རྩ་བ་གསུམ་གྱི་ཁོངས་སུ་འདུས་བར་བགྱིས་ནས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ། །། །ཚོགས་བསྡུས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿདབྱིངས་ནས་སྐུར་བཞེངས་རྩ་གསུམ་དཀྱིལ་འཁོར་ལྷ། །འདོད་ཡོན་ཟག་མེད་བདུད་རྩིའི་ཚོགས་མཆོད་བཞེས། །ཉམས་ཆགས་འགལ་འཁྲུལ་ནོངས་པ་དབྱིངས་སུ་བཤགས༔བཟུང་འཛིན་དགྲ་བགེགས་ཆོས་དབྱིངས་ཀློང་དུ་བཏབཿལྷག་མ་དབང་རྣམས་བཀའ་ཡི་ཕམ་ཕབས་ལོངསཿརྣལ་འབྱོར་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝ་ར་ག་ཎ་ཙཀྲ་བྷུ་ཛ་ཁཱ་ཧི། ཨུཙྪིཥྚ་བ་ལིཾ་ཏ་པཱུ་ཛ་ཧོ། ཅེས་པའང་ཆོས་ཀྱི་བློ་གྲོས་པས་སྡེ་དགེའི་སྐུ་རིམ་ཚོགས་འབུམ་བསགས་སྐབས་ཁྱེར་བདེར་བྲིས་པའོ། །། །
[edit]

rtsa gsum tshogs mchod mdor bsdus bzhugs so/__/rtsa gsum chos skyong nor lha gter bdag la tshogs mchod mdor bsdus spro na/__thabs shes kyi rdzas sha chang sogs ci rigs par bshams/__chu chang nang gsum gyis bran la/__oM las chos dbyings stong pa'i ngang nyid las/__/AHlas rab dkar thod pa'i snod yangs par/__/tshogs rdzas ngo bo ye shes bdud rtsi lnga/__/rnam pa sha lnga bdud rtsi'i sprin chen po/__/bza' bca' btung ba phun sum tshogs par gyur/__/rgya dang bcas/__oM AHhU~M ha ho hrIHlan mang du brjod/__tshogs phud cha bzhir bsgos la/__oM AHhU~M/__sangs rgyas kun gyi ngo bo rdo rje 'chang /__/rgya bod rig 'dzin grub thob tshogs rnams dang /__/khyad par pad+ma 'byung gnas sa ra ha/__/biR+Wa pa dang rje 'bangs nyer lnga dang /__/dus gsum mkhyen pa grub thob nyag se sogs/__/'dir gshegs tshogs kyi mchod pa dam pa bzhes/__/yi dam rgyud sde bzhi drug lha tshogs dang /__/khyad par rta mgrin dbang gi dkyil 'khor pa/__/dpa' bo mkha' 'gro chos skyong srung ma dang /__/nor lha gter bdag rab 'byams 'khor dang bcas/__/gnas bdag 'bang chung dge bsnyen lcam dral rnams/__/'dir gshegs tshogs kyi mchod pa dam pa bzhes/__/dam tshig nyams chags nyes ltung thams cad bshags/__/gnyis 'dzin dgra bgegs chos kyi dbyings su sgrol/__/mchog thun dngos grub ma lus char ltar phob/__/ma hA b+ha na tsakra pU dza hoHsa ma ya AHoM badz+ra sa twa sogs yig brgya brjod/__brda dang brda len gyis tshogs la rol/__lhag ma ni/__lhag ma bsdus la phud cha bzhi pa bsnan te kha phrus gdab/__bdud rtsis bran/__oM AHhU~M ha ho hrIHphaiM/__lhag la dbang ba'i pho nya'i tshogs/__/sprin ltar gtib cing hab sha rgyugs/__/lhag ma'i mchod pa 'di bzhes la/__/bcol pa'i phrin las 'grub par mdzod/__/oM uts+tshiSh+Ta ba liM ta khA hi/__zhes pas mchod la/__rtsa ba gsum gyi dkyil 'khor du/__/tshogs kyi mchod pa phul ba yis/__/bdag gzhan 'gro ba ma lus kun/__/dkyil 'khor gcig tu 'grub par shog__/ces smon lam gdab bo/__/ces pa'ang dge slong blo gros rgya mtshos dkor bdag la tshogs zhig dgos gsungs kyang 'jig rten pa la tshogs kyi mchod pa bgyid par 'os med kyang gzhi bdag 'di pad+ma'i gter srung kyi dkyil 'khor du dbang thob pa yin pas rtsa ba gsum gyi khongs su 'dus bar bgyis nas chos kyi blo gros pas bris pa dge legs 'phel/__//__/tshogs bsdus/__ra~M ya~M kha~M/__oM AHhU~M ha ho hrIHdbyings nas skur bzhengs rtsa gsum dkyil 'khor lha/__/'dod yon zag med bdud rtsi'i tshogs mchod bzhes/__/nyams chags 'gal 'khrul nongs pa dbyings su bshags:bzung 'dzin dgra bgegs chos dbyings klong du btabaHlhag ma dbang rnams bka' yi pham phabs longasaHrnal 'byor bcol pa'i las kun 'grub par mdzod/__oM AHhU~M gu ru de wa DA ki ni d+harma pA la sa pa ri wa ra ga Na tsakra b+hu dza khA hi/__uts+tshiSh+Ta ba liM ta pU dza ho/__ces pa'ang chos kyi blo gros pas sde dge'i sku rim tshogs 'bum bsags skabs khyer bder bris pa'o/__//__/

Footnotes

Other Information