JKW-KABUM-21-ZHA-002-046

From Khyentse Lineage - A Tsadra Foundation Project
Revision as of 16:41, 28 July 2021 by Mort (talk | contribs)

Wylie title JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 46, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. '. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre

1 Texts in this Section (sde tshan or chos tshan)

46
250-251
ཀླུ་བུམ་ཕྱག་ལེན།
klu bum phyag len
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]]
[edit]
ཀླུ་བུམ་ཕྱག་ལེན། ཀླུ་བུམ་ལ། བུམ་པར་དཀར་རྩི་བྱུགས་རྒྱུར་སྤྱིན་མ་འདྲེས་པ་བྱུང་ན་ལེགས་པས། དབང་ལག་དང་བག་ཕྱེ་སོགས་ཀྱི་དམ་རྩི་སྦྱར་བར་གསུང་ནའང་། བག་ཕྱེ་རང་ལེགས་པར་མངོན་མདུན་རྟགས་ཕལ་ཆེར་གྱིས། ནཱྃ། བྲི་སྲོལ་ཡང་། དུང་དང་པདྨ་གང་རིགས་བྲིས་ན་ལེགས། མཐིལ་དུ་གནས་ཆེན་དང་བཀྲ་ཤིས་པའི་ས་ཆུ་ཤིང་སྣ་སོགས་གཙང་མ་དགྲམ། དེ་ནས་འབྲུ་དཀར་ཆུ་གཙང་གིས་བཀྲུས་པ་ལ། གཙོ་བོར་ཀླུ་སྨན་ཚད་ལྡན་དང་། འུ་སུའི་མེ་ཏོག །འོམ་བུའི་མེ་ཏོག །ཤང་དྲིལ་གྱི་མེ་ཏོག །འབྲུག་ཤིང་གི་འབྲས་བུ། གསོ་མའི་འབྲུ། སྤང་སྤོས་སོགས་ཀྱིས་བུངས་བསྐྱེད་པས་བཀང་། དབུས་སུ་སྲོག་ཤིང་ཡུ་བ་ལ་ཤིང་ལེབ་སྒོར་མོ་སྦྱར་བར་ཀླུ་ཆེན་དགུའི་གཟུགས་ཡུམ་དང་བཅས་པ། བྲི་བ་བྱུང་ན་ཤིན་ཏུ་ལེགས་ཀྱང་གྲུབ་དཀའ་བས། སྲོག་ཤིང་ཟུར་བརྒྱད་པའི་རྩ་བའི་སྟོད་ཙམ་དུ། ནཱྃ། བརྒྱད་ཤོག་བུ་ལ་བྲིས་ཏེ་ཞལ་ནང་དུ་ཕྱོགས་པར་སྦྱར། ཤར་གྱི་སྟེང་དུ། ནཱྃ། གཅིག་ཞལ་ཕྱིར་བསྟན་ལ་བྲི། དེའི་རྒྱབ་ཐད་ནས་ཀླུ་དགུའི་སྔགས་འདོད་གསོལ་དང་བཅས་པ་ཤོག་དྲིལ་གྱིས་དྲིལ་ཏེ། སེང་གེ་སྒྲ་སོགས་ཀྱི་སྒོ་ནས་བསྒྲུབ་རྒྱུའི་དུས་རྒྱུན་གྱི་ཀླུ་བུམ་དཀྱུས་མ་ལ་འདི་ཙམ་གྱིས་ཆོག ། ༈
[edit]

klu bum phyag len/ klu bum la/__bum par dkar rtsi byugs rgyur spyin ma 'dres pa byung na legs pas/__dbang lag dang bag phye sogs kyi dam rtsi sbyar bar gsung na'ang /__bag phye rang legs par mngon mdun rtags phal cher gyis/__nA~M/__bri srol yang /__dung dang pad+ma gang rigs bris na legs/__mthil du gnas chen dang bkra shis pa'i sa chu shing sna sogs gtsang ma dgram/__de nas 'bru dkar chu gtsang gis bkrus pa la/__gtso bor klu sman tshad ldan dang /__'u su'i me tog__/'om bu'i me tog__/shang dril gyi me tog__/'brug shing gi 'bras bu/__gso ma'i 'bru/__spang spos sogs kyis bungs bskyed pas bkang /__dbus su srog shing yu ba la shing leb sgor mo sbyar bar klu chen dgu'i gzugs yum dang bcas pa/__bri ba byung na shin tu legs kyang grub dka' bas/__srog shing zur brgyad pa'i rtsa ba'i stod tsam du/__nA~M/__brgyad shog bu la bris te zhal nang du phyogs par sbyar/__shar gyi steng du/__nA~M/__gcig zhal phyir bstan la bri/__de'i rgyab thad nas klu dgu'i sngags 'dod gsol dang bcas pa shog dril gyis dril te/__seng ge sgra sogs kyi sgo nas bsgrub rgyu'i dus rgyun gyi klu bum dkyus ma la 'di tsam gyis chog_/_!_

Footnotes

Other Information