DKR-KABUM-03-GA-002

From Khyentse Lineage - A Tsadra Foundation Project
Revision as of 17:59, 9 November 2022 by Mort (talk | contribs)

སྐྱེ་ཕྲེང་གསོལ་འདེབས་བསྡུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ།
Wylie title skye phreng gsol 'debs bsdus pa 'dod 'byung nor bu'i phreng ba DKR-KABUM-03-GA-002.pdf
Location dil mgo mkhyen brtse bka' 'bum
Volume 3, Text 2, Pages 7-9 (Folios 1a1 to 3a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Skye phreng gsol 'debs bsdus pa 'dod 'byung nor bu'i phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 7-9. Delhi: Shechen Publications, 1994.
Genre Supplications - gsol 'debs
Colophon

།ཞེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་དབྱངས་ས་སྐྱ་པ་ཆེན་པོ་འོད་གསལ་འཁོན་གྱི་གདུང་ལས་བྱོན་པའི་བདག་ཆེན་རྡོ་རྗེ་འཆང་ངག་གི་དབང་ཕྱུག་ཀུན་དགའ་བསོད་ནམས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་ངོས་ཀྱི་སྐྱེས་རབས་གསོལ་འདེབས་ཤིག་བྲིས་ཞེས་རྡོ་རྗེའི་བཀའ་ཡི་ཅོད་པན་ཚངས་གནས་སུ་ཆེད་དུ་བསྩལ་པ་རང་ཉིད་ལ་ལྐོག་གྱུར་ཤེས་པའི་ནུས་པ་ཕྲ་ཡང་ཀུན་གཟིགས་འཇམ་དབྱངས་བླ་མའི་སྐྱེ་ཕྲེང་གི་རྒྱུ་མཚན་དང་ཡོན་ཏན་སྒྲོགས་པའི་ཚུལ་དུ་བགྱིས་ན་རང་ཉིད་ལའང་ཉེས་པའི་རྒྱུར་མི་འགྱུར་ཞིང་དོན་དང་ལྡན་པར་རིགས་ནས་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་གངས་ཅན་བོད་ཀྱི་དབུས་གྱུར་འཆང་གི་ཤར་ཕྱོགས་མེ་ཏོག་ལྡུམ་ར་ནས་བྲིས་པ་འབྲེལ་ཚད་བླ་མ་འཇམ་དཔལ་དབྱངས་ཀྱི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱང་ཆུབ་པའི་རྒྱུར་ཅིག།

/zhes pa'ang yongs rdzogs bstan pa'i mnga' bdag 'jam dbyangs sa skya pa chen po 'od gsal 'khon gyi gdung las byon pa'i bdag chen rdo rje 'chang ngag gi dbang phyug kun dga' bsod nams 'jigs bral phyogs las rnam rgyal gyis ngos kyi skyes rabs gsol 'debs shig bris zhes rdo rje'i bka' yi cod pan tshangs gnas su ched du bstsal pa rang nyid la lkog gyur shes pa'i nus pa phra yang kun gzigs 'jam dbyangs bla ma'i skye phreng gi rgyu mtshan dang yon tan sgrogs pa'i tshul du bgyis na rang nyid la'ang nyes pa'i rgyur mi 'gyur zhing don dang ldan par rigs nas rgyal khams nyul ba'i dA ri dra bkra shis dpal 'byor du 'bod pas gangs can bod kyi dbus gyur 'chang gi shar phyogs me tog ldum ra nas bris pa 'brel tshad bla ma 'jam dpal dbyangs kyi gsang ba gsum dang gnyis su med par byang chub pa'i rgyur cig/

[edit]
སྐྱེ་ཕྲེང་གསོལ་འདེབས་བསྡུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། སྲིད་ཞི་ཀུན་ཁྱབ་ཀ་དག་འཇ༵མ་པའི་ཀློང༌། །འོད་གསལ་ཡེ་ཤེས་ལྷུན་གྲུབ་སྐུ་ལྔའི་དཔ༵ལ། །རབ་འབྱམས་ཞིང་གི་སྟོན་པ་རྡོ་རྗེ་སེམས། །གདོད་ནས་འཕོ་འགྱུར་མེད་པར་གསོལ་བ་འདེབས། །གཞི་ལས་མ་གཡོ་རང་སྣང་སྒྱུ་འཕྲུལ་གར། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གང་འདུལ་གྱིས། །མ་ལུས་ཕན་བདེའི་འབྱུང་གནས་དངོས་ཀུན་བདག །རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །འདས་པའི་དུས་ན་སངས་རྒྱས་འཇམ་པའི་ཏོག །མ་འོངས་རྣམ་འདྲེན་མགོན་པོ་ཀུན་ཏུ་གཟིགས། །ད་ལྟ་མོས་པ་རབ་དགའི་སྙིང་པོ་ཡི། །ཞིང་དང་སྟོན་པར་བསྟན་ལ་གསོལ་བ་འདེབས། །ཡུལ་དབུས་རྡོ་རྗེ་གདན་གྱི་ཀེའུ་ཚང་དུ། །འཇ༵མ་དཔ༵ལ་སྐུ་ཡི་རིག་འཛིན་བཤེ༵ས་གཉེ༵ན་གྱིས། །མདོ་རྒྱུད་ཆོས་ཀྱི་གསང་མཛོད་དབང་བསྐུར་བས། །མཁྱེན་རྟོགས་རྩལ་ཆེན་རྫོགས་ལ་གསོལ་བ་འདེབས། །སེམས་ཀློང་མན་ངག་བརྒྱུད་གསུམ་བླ་མ་ཡིས། །དགོངས་པས་བྱིན་བརླབས་ཐུགས་ཡིད་གཅིག་ཏུ་འདྲེས། །ཟག་པ་རང་ཟད་འཆི་མེད་རྡོ་རྗེའི་སྐུ། །པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །འཕགས་པའི་ཡུལ་དུ་པཎ་ཆེན་སྒོ་མཐའ་ཡས། །འཁོར་ལོ་སྡོམ་དངོས་རྡོ་རྗེ་དྲིལ་བུ་པ། །ནགས་ཀྱི་རིན་ཆེན་ལ་སོགས་པཎ་གྲུབ་ཀྱིས། །རྒྱལ་བསྟན་རྒྱས་པར་མཛད་ལ་གསོལ་བ་འདེབས། །ཟ་ཧོར་ཡུལ་དུ་རྒྱལ་པོ་གཙུག་ལག་འཛིན། །བོད་ཡུལ་བསྟན་པའི་ཤིང་རྟ་ཁྲི་སྲོང་རྗེ། །དེ་ཡི་རྣམ་འཕྲུལ་རྒྱལ་སྲས་ལྷ་རྗེའི་ཚུལ། །དངོས་གཅིག་དུ་མར་སྟོན་ལ་གསོལ་བ་འདེབས། །དེ་ཉིད་སངས་རྒྱས་མ་ཆགས་པདྨ་ཅན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་འཕྲུལ་ལྔ། །གཏེར་སྟོན་རིག་འཛིན་སྐྱེ་བ་བཅུ་གསུམ་སོགས། །སྒྱུ་འཕྲུལ་བསམ་ཡས་སྟོན་ལ་གསོལ་བ་འདེབས། །ཤངས་དང་ཟབ་ལུང་རང་སྣང་ཡེ་ཤེས་ཞིང༌། །རྡོ་རྗེ་དབྱིངས་ཤར་སོ་ཟུར་གནུབས་སོགས་དང༌། །དངོས་མཇལ་གཞི་ལམ་འབྲས་བུའི་རྒྱུད་དོན་གཟིགས། །གསང་བ་རྒྱ་མཚོའི་བདག་པོར་གསོལ་བ་འདེབས། །བོད་ཡུལ་ཕན་བདེའི་བཙས་གཅིག་རྭ་སྒྲེང་ནས། །བྱང་ཆུབ་སེམས་ཀྱི་མངའ་བདག་མར་མེ་མཛད། །ཡབ་སྲས་བརྒྱུད་པས་རྗེས་བཟུང་བྱིན་བརླབས་པས། །ཨུ་པཱ་སི་ཀའི་རྣམ་འཕྲུལ་གསོལ་བ་འདེབས། །ས་ཆེན་ཕུག་སོགས་འཇམ་དབྱངས་བརྩེ་བ་ཆེས། །ལན་གསུམ་རྗེས་བཟུང་འབྲོག་མི་བརྒྱུད་བཅས་ཀྱིས། །ཚད་མ་གསུམ་ལྡན་སྙན་བརྒྱུད་སྨིན་གྲོལ་བསྩལ། །རྗེ་བཙུན་གྲགས་པ་ཁུ་དབོན་ལ་གསོལ་བ་འདེབས། །སྤྲུལ་པའི་སྲས་མཁར་དགྱེས་མཛད་རྡོ་རྗེ་དངོས། །མར་རྔོག་ཡབ་སྲས་དངོས་མཇལ་བྱིན་རླབས་མཐུས། །རྒྱུད་སྡེ་རྒྱ་མཚོའི་རིམ་གཉིས་ཕ་མཐར་སོན། །སྙི་སྒོམ་རས་ཆུང་དབྱེར་མེད་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོས་རྗེས་བཟུང་ཐང་རྒྱལ་དངོས། །དམ་པ་རྒྱ་གར་སྙེ་མདོ་བསོད་ནམས་དཔལ། །གཉིས་མེད་རྒྱུད་སྡེའི་ཤིང་རྟ་མཁྱེན་རབ་མཚན། །ཐུགས་སྲས་ཟླ་བ་སེང་གེར་གསོལ་བ་འདེབས། །དགའ་རབ་པད་འབྱུང་བི་མ་ཡབ་སྲས་དང༌། །ཡང་ཡང་མཇལ་ཞིང་སྡེ་གསུམ་གསང་མཛོད་གཏད། །ཀུན་མཁྱེན་ཆོས་རྗེ་ལྷ་བཙུན་འཇིགས་མེད་གླིང༌། །དངོས་དང་རྣམ་དབྱེར་མེད་དེར་གསོལ་བ་འདེབས། །སྔ་འགྱུར་དབང་གི་ཆུ་བཞིས་གཡས་སུ་བསྐོར། །སྒྲུབ་བརྒྱུད་ཤིང་རྟའི་གདམས་ཟབ་རྒྱ་མཚོ་འཁྱིལ། །བཀའ་བབ་བདུན་གྱི་དབྱིག་མཛེས་འཛམ་གླིང་རྒྱན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་ཡེ་ཤེས་རྡོ་རྗེ་དང༌། །གཉིས་མེད་རྗེ་བཙུན་བླ་མའི་ཐུགས་བསྐྱེད་དང༌། །རྣམ་ཐར་གཅིག་གྱུར་མཁས་གྲུབ་དེད་དཔོན་ཆེ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསོལ་བ་འདེབས། །འགྱུར༵་མེད༵་རྡོ་རྗེ་དངོས་བྱོན་བི་ཛ་ཡས། །རྗེས་བཟུང་ཐེག༵་མཆོག༵་ཤིང་རྟ་འཇམ་མགོན་གསུམ། །ཡབ་སྲས་བརྒྱུད་པའི་བྱིན་རླབས་སྨིན་གྲོལ་ཐོབ། །བསྟན༵་པ༵འི་རྒྱལ༵་མཚ༵ན་གྲགས་དེར་གསོལ་བ་འདེབས། །ཀུན་རྫོབ་དག་དང་མ་དག་ཅི་ཤར་ཡང༌། །དོན་དམ་ཡེ་ཤེས་སྐུ་ཅན་བླ་མ་རྗེའི། །སྐུ་གསུང་ཐུགས་ཀྱི་གསང་བ་རོ་གཅིག་པས། །རྣམ་འཕྲུལ་དུ་མར་འཆར་ཀུན་གསོལ་བ་འདེབས། །སྲིད་ཞི་ཇི་སྙེད་འཇམ་དཔལ་ཡེ་ཤེས་སྐུ། །རྣམ་ཐར་རྒྱ་མཚོར་དངོས་བརྒྱུད་ནས་འཇུག་པས། །དེ་སྙེད་མཚན་དང་སྐུ་ཡི་རོལ་པ་རུ། །རོ་གཅིག་དག་པའི་སྣང་བས་གསོལ་བཏབ་བཞིན། །ངོ་མཚར་ཐུགས་བསྐྱེད་ཟབ་མོའི་རྗེས་སུ་སློབ། །རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་ཕ་མཐར་སོན། །དོན་གཉིས་ལྷུན་གྲུབ་རྒྱལ་ཀུན་མཛད་པ་དང༌། །གཉིས་མེད་ཡེ་ཤེས་ཆེན་པོར་གཅིག་དྲིལ་ཤོག །ཞེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་དབྱངས་ས་སྐྱ་པ་ཆེན་པོ་འོད་གསལ་འཁོན་གྱི་གདུང་ལས་བྱོན་པའི་བདག་ཆེན་རྡོ་རྗེ་འཆང་ངག་གི་དབང་ཕྱུག་ཀུན་དགའ་བསོད་ནམས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་ངོས་ཀྱི་སྐྱེས་རབས་གསོལ་འདེབས་ཤིག་བྲིས་ཞེས་རྡོ་རྗེའི་བཀའ་ཡི་ཅོད་པན་ཚངས་གནས་སུ་ཆེད་དུ་བསྩལ་པ་རང་ཉིད་ལ་ལྐོག་གྱུར་ཤེས་པའི་ནུས་པ་ཕྲ་ཡང་ཀུན་གཟིགས་འཇམ་དབྱངས་བླ་མའི་སྐྱེ་ཕྲེང་གི་རྒྱུ་མཚན་དང་ཡོན་ཏན་སྒྲོགས་པའི་ཚུལ་དུ་བགྱིས་ན་རང་ཉིད་ལའང་ཉེས་པའི་རྒྱུར་མི་འགྱུར་ཞིང་དོན་དང་ལྡན་པར་རིགས་ནས་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་གངས་ཅན་བོད་ཀྱི་དབུས་གྱུར་འཆང་གི་ཤར་ཕྱོགས་མེ་ཏོག་ལྡུམ་ར་ནས་བྲིས་པ་འབྲེལ་ཚད་བླ་མ་འཇམ་དཔལ་དབྱངས་ཀྱི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱང་ཆུབ་པའི་རྒྱུར་ཅིག། །།
[edit]

skye phreng gsol 'debs bsdus pa 'dod 'byung nor bu'i phreng ba zhes bya ba bzhugs so/__srid zhi kun khyab ka dag 'ja~Xm pa'i klong*/_/'od gsal ye shes lhun grub sku lnga'i dpa~Xl/_/rab 'byams zhing gi ston pa rdo rje sems/_/gdod nas 'pho 'gyur med par gsol ba 'debs/_/gzhi las ma g.yo rang snang sgyu 'phrul gar/_/rtag khyab lhun grub phrin las gang 'dul gyis/_/ma lus phan bde'i 'byung gnas dngos kun bdag_/rje btsun 'jam dpal dbyangs la gsol ba 'debs/_/'das pa'i dus na sangs rgyas 'jam pa'i tog_/ma 'ongs rnam 'dren mgon po kun tu gzigs/_/da lta mos pa rab dga'i snying po yi/_/zhing dang ston par bstan la gsol ba 'debs/_/yul dbus rdo rje gdan gyi ke'u tshang du/_/'ja~Xm dpa~Xl sku yi rig 'dzin bshe~Xs gnye~Xn gyis/_/mdo rgyud chos kyi gsang mdzod dbang bskur bas/_/mkhyen rtogs rtsal chen rdzogs la gsol ba 'debs/_/sems klong man ngag brgyud gsum bla ma yis/_/dgongs pas byin brlabs thugs yid gcig tu 'dres/_/zag pa rang zad 'chi med rdo rje'i sku/_/paN chen bi ma mi tra la gsol ba 'debs/_/'phags pa'i yul du paN chen sgo mtha' yas/_/'khor lo sdom dngos rdo rje dril bu pa/_/nags kyi rin chen la sogs paN grub kyis/_/rgyal bstan rgyas par mdzad la gsol ba 'debs/_/za hor yul du rgyal po gtsug lag 'dzin/_/bod yul bstan pa'i shing rta khri srong rje/_/de yi rnam 'phrul rgyal sras lha rje'i tshul/_/dngos gcig du mar ston la gsol ba 'debs/_/de nyid sangs rgyas ma chags pad+ma can/_/sku gsung thugs yon phrin las rnam 'phrul lnga/_/gter ston rig 'dzin skye ba bcu gsum sogs/_/sgyu 'phrul bsam yas ston la gsol ba 'debs/_/shangs dang zab lung rang snang ye shes zhing*/_/rdo rje dbyings shar so zur gnubs sogs dang*/_/dngos mjal gzhi lam 'bras bu'i rgyud don gzigs/_/gsang ba rgya mtsho'i bdag por gsol ba 'debs/_/bod yul phan bde'i btsas gcig rwa sgreng nas/_/byang chub sems kyi mnga' bdag mar me mdzad/_/yab sras brgyud pas rjes bzung byin brlabs pas/_/u pA si ka'i rnam 'phrul gsol ba 'debs/_/sa chen phug sogs 'jam dbyangs brtse ba ches/_/lan gsum rjes bzung 'brog mi brgyud bcas kyis/_/tshad ma gsum ldan snyan brgyud smin grol bstsal/_/rje btsun grags pa khu dbon la gsol ba 'debs/_/sprul pa'i sras mkhar dgyes mdzad rdo rje dngos/_/mar rngog yab sras dngos mjal byin rlabs mthus/_/rgyud sde rgya mtsho'i rim gnyis pha mthar son/_/snyi sgom ras chung dbyer med gsol ba 'debs/_/ye shes mkha' 'gros rjes bzung thang rgyal dngos/_/dam pa rgya gar snye mdo bsod nams dpal/_/gnyis med rgyud sde'i shing rta mkhyen rab mtshan/_/thugs sras zla ba seng ger gsol ba 'debs/_/dga' rab pad 'byung bi ma yab sras dang*/_/yang yang mjal zhing sde gsum gsang mdzod gtad/_/kun mkhyen chos rje lha btsun 'jigs med gling*/_/dngos dang rnam dbyer med der gsol ba 'debs/_/snga 'gyur dbang gi chu bzhis g.yas su bskor/_/sgrub brgyud shing rta'i gdams zab rgya mtsho 'khyil/_/bka' bab bdun gyi dbyig mdzes 'dzam gling rgyan/_/'jam dbyangs mkhyen brtse'i dbang por gsol ba 'debs/_/grub pa'i dbang phyug ye shes rdo rje dang*/_/gnyis med rje btsun bla ma'i thugs bskyed dang*/_/rnam thar gcig gyur mkhas grub ded dpon che/_/'jam dbyangs chos kyi blo gros gsol ba 'debs/_/'gyura~X meda~X rdo rje dngos byon bi dza yas/_/rjes bzung thega~X mchoga~X shing rta 'jam mgon gsum/_/yab sras brgyud pa'i byin rlabs smin grol thob/_/bstana~X pa~X'i rgyala~X mtsha~Xn grags der gsol ba 'debs/_/kun rdzob dag dang ma dag ci shar yang*/_/don dam ye shes sku can bla ma rje'i/_/sku gsung thugs kyi gsang ba ro gcig pas/_/rnam 'phrul du mar 'char kun gsol ba 'debs/_/srid zhi ji snyed 'jam dpal ye shes sku/_/rnam thar rgya mtshor dngos brgyud nas 'jug pas/_/de snyed mtshan dang sku yi rol pa ru/_/ro gcig dag pa'i snang bas gsol btab bzhin/_/ngo mtshar thugs bskyed zab mo'i rjes su slob/_/rdzogs smin sbyangs pa rgya mtsho'i pha mthar son/_/don gnyis lhun grub rgyal kun mdzad pa dang*/_/gnyis med ye shes chen por gcig dril shog_/zhes pa'ang yongs rdzogs bstan pa'i mnga' bdag 'jam dbyangs sa skya pa chen po 'od gsal 'khon gyi gdung las byon pa'i bdag chen rdo rje 'chang ngag gi dbang phyug kun dga' bsod nams 'jigs bral phyogs las rnam rgyal gyis ngos kyi skyes rabs gsol 'debs shig bris zhes rdo rje'i bka' yi cod pan tshangs gnas su ched du bstsal pa rang nyid la lkog gyur shes pa'i nus pa phra yang kun gzigs 'jam dbyangs bla ma'i skye phreng gi rgyu mtshan dang yon tan sgrogs pa'i tshul du bgyis na rang nyid la'ang nyes pa'i rgyur mi 'gyur zhing don dang ldan par rigs nas rgyal khams nyul ba'i dA ri dra bkra shis dpal 'byor du 'bod pas gangs can bod kyi dbus gyur 'chang gi shar phyogs me tog ldum ra nas bris pa 'brel tshad bla ma 'jam dpal dbyangs kyi gsang ba gsum dang gnyis su med par byang chub pa'i rgyur cig/__//

Footnotes

Other Information