DKR-KABUM-02-KHA-031

From Khyentse Lineage - A Tsadra Foundation Project
Revision as of 12:39, 4 November 2022 by WikiBot2015 (talk | contribs)

DKR-KABUM-02-KHA-031

Wylie title DKR-KABUM-02-KHA-031.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "kha"., Text 31, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "KHA" is not a number.

"KHA" is not a number.

[edit]
༄༅། རྡོ་རྗེ་གཞོན་ནུ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྦྱིན་ཅེས་བྱ་བ། ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ཆོས་ཀུན་སྟོང་ཉིད་རྡོ་རྗེ་ནམ་མཁའི་དབྱིངས། །ཡེ་ཤེས་རིག་པ་སྙིང་རྗེ་ཁྲོས་པའི་གདངས། །སྣོད་བཅུད་རྣམ་དག་འོག་མིན་གསང་ཆེན་ཞིང༌། །དུར་ཁྲོད་རོལ་པའི་བཀོད་པས་བརྗིད་པའི་དབུས། །རང་མདུན་ནམ་མཁར་རྩ་བའི་བླ་མ་ནི། །རྣམ་པ་བཅོམ་ལྡན་བཛྲ་ཀུ་མཱ་ར། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་གར་དགུའི་ཉམས། །ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ། །གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་རྩེ་གསུམ་བསྣམས། །ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ། །འཁོར་ལོ་རྒྱས་འདེབས་ཨུཏྤལ་ཐོད་ཁྲག་འཛིན། །ཡབ་ཡུམ་མཉམ་སྦྱོར་དཔལ་དང་དུར་ཁྲོད་ཆས། །ཞབས་བཞི་པད་ཉི་ལྷ་ཆེན་ཕོ་མོའི་སྟེང༌། །ཡེ་ཤེས་མེ་ཕུང་འབར་བའི་དབུས་ན་རོལ། །ཕུང་པོ་སྲས་མཆོག་ཚིགས་རྣམ་ཁྲོ་རྒྱལ་བཅུ། །སྐུ་ཡི་ཆ་ཤས་ཕྲ་ཐབས་སྒོ་མ་སོགས། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །སྐྱབས་གནས་ཐམས་ཅད་སྤྱན་དྲངས་དབྱེར་མེད་གྱུར། །ཆོས་སྐུ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །གཞོན་ནུའི་གཟུགས་སྐུ་སྒྱུ་འཕྲུལ་དྲྭ་བའི་གར། །འཁོར་ལོའི་མགོན་པོ་དཔལ་ཆེན་ཧེ་རུ་ཀར། །ཕྱག་འཚལ་སྐྱབས་མཆི་དངོས་ཡིད་མཆོད་པས་མཆོད། །ཉེས་བྱས་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །བྱང་ཆུབ་སེམས་བསྐྱེད་ལུས་དང་ལོངས་སྤྱོད་འབུལ། །བསོད་ནམས་དངོས་ཀུན་རྫོགས་བྱང་ཆེན་པོར་བསྔོ། ཞེས་ཡན་ལག་བརྒྱད་པའི་སྒོ་ནས་ཚོགས་བསགས། མཎྜལ་ཅི་ནུས་འབུལ། བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ན༔ ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ༔ བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གསོལ་འདེབས་གྲངས་གསོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་ལྷ་སྔགས་དང༌། ཨོཾ་ཨཱཿགུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་མཚན་སྔགས་ཀྱང་བཟླ། བླ་མ་ཡབ་ཡུམ་སྨིན་མཚམས་འོད་ཟེར་ལས། །དབང་ལྷ་སྤྲུལ་ནས་བུམ་པའི་དབང་མཆོག་བསྩལ། །རང་ཉིད་རྡོ་རྗེ་གཞོན་ནུའི་སྐུ་རུ་གྱུར། སྦྱོར་མཚམས་ནས་བྱུང་བདུད་རྩིའི་གསང་དབང་ཐོབ། །སྦྱོར་ཡུམ་སྤྲོས་པས་འཁྲིལ་ཏེ་སྙོམས་པར་ཞུགས། །ཤེས་རབ་ཡེ་ཤེས་བཞི་པའི་དབང་ཆོག་གིས། །དཔེ་དང་དོན་གྱི་ཡེ་ཤེས་རྒྱུད་ལ་སྨིན། །ཐུགས་ཡིད་གཅིག་འདྲེས་དབྱེར་མེད་བྱིན་གྱིས་རློབས། ཞེས་བརྗོད་ཅིང་དོན་བསམ། དཔལ་ལྡན་རྩ་བའི་བླ་མ་ཧེ་རུ་ཀ །སྤྱི་གཙུག་ཛ་ལནྡྷ་རའི་ཟུར་ཕུད་དང༌། །སྙིང་དབུས་མི་ཤིགས་ཐིག་ལེ་འབྲལ་མེད་དུ། །བཞུགས་ནས་དབང་དང་དངོས་གྲུབ་མ་ལུས་སྩོལ། །དགེ་བ་འདི་ཡིས་ཁམས་གསུམ་ཡིད་ཅན་ཀུན། །དམ་ཆོས་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང༌། །ལམ་ལྔ་ས་བཅུའི་གོ་འཕང་ལ་བརྟེན་ནས། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་གང་ཤེས་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །རྗེ་བཙུན་ས་སྐྱ་བ་དང་ལྷག་པའི་ལྷ་རྡོ་རྗེ་གཞོན་ནུ་དབྱེར་མེད་པར་གསོལ་འདེབས་ཚུལ་གྱི་བླ་མའི་རྣལ་འབྱོར་འདི་ལྟ་བུ་ཞིག་དགོས་ཞེས་དད་ལྡན་ཨཱ་ནནྡ་ཤཱ་ས་ནས་བསྐུལ་ངོར་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་ལ་སྐབས་སུ་བབ་པའི་གསོལ་འདེབས་དང་རྩ་སྔགས་ཅུང་ཟད་ཞལ་བསྒྱུར་བ་དགེ །མངྒ་ལཾ། དགེའོ།། །།
[edit]

@#/____rdo rje gzhon nu la brten pa'i bla ma'i rnal 'byor dngos grub mchog sbyin ces bya ba/___na mo gu ru badz+ra ku mA ra ya/__skyabs sems sngon du 'gro bas/__oM ma hA shU n+ya tA dz+nyA na badz+ra swa b+hA ba at+ma ko\u0f85haM/__chos kun stong nyid rdo rje nam mkha'i dbyings/__/ye shes rig pa snying rje khros pa'i gdangs/__/snod bcud rnam dag 'og min gsang chen zhing*/__/dur khrod rol pa'i bkod pas brjid pa'i dbus/__/rang mdun nam mkhar rtsa ba'i bla ma ni/__/rnam pa bcom ldan badz+ra ku mA ra/__/mthing nag zhal gsum phyag drug zhabs bzhi bgrad/__/g.yas dkar g.yon dmar dbus mthing gar dgu'i nyams/__/phyag drug g.yas gnyis rdo rje rtse dgu lnga/__/g.yon gnyis me phung kha T+wAM rtse gsum bsnams/__/tha ma gnyis kyis ri rab phur bu 'dril/__/'khor lo rgyas 'debs ut+pal thod khrag 'dzin/__/yab yum mnyam sbyor dpal dang dur khrod chas/__/zhabs bzhi pad nyi lha chen pho mo'i steng*/__/ye shes me phung 'bar ba'i dbus na rol/__/phung po sras mchog tshigs rnam khro rgyal bcu/__/sku yi cha shas phra thabs sgo ma sogs/__/rab 'byams rtsa gsum rgya mtsho'i sprin phung 'phro/__/gnas gsum 'bru gsum mtshan pa'i 'od zer gyis/__/skyabs gnas thams cad spyan drangs dbyer med gyur/__/chos sku rdo rje nam mkha'i dkyil lta bu/__/gzhon nu'i gzugs sku sgyu 'phrul drwa ba'i gar/__/'khor lo'i mgon po dpal chen he ru kar/__/phyag 'tshal skyabs mchi dngos yid mchod pas mchod/__/nyes byas kun bshags dge la rjes yi rang*/__/byang chub sems bskyed lus dang longs spyod 'bul/__/bsod nams dngos kun rdzogs byang chen por bsngo/___zhes yan lag brgyad pa'i sgo nas tshogs bsags/__maN+Dal ci nus 'bul/__bskal pa me ltar 'bar ba'i gzhal yas na:__pho bdud dregs pa brdzis pa'i gdan steng du:__dpal chen rdo rje gzhon nu dpa' bo'i sku:__bdud 'dul khro bcu khra thabs 'khor gyis bskor:__rdo rje phur pa'i lha tshogs la gsol ba 'debs:__o rgyan pad+ma 'byung gnas la gsol ba 'debs:__gsol 'debs grangs gsog__/oM badz+ra kI li kI la ya sarba big+h+nAn baM hU~M phaTa?/__ces lha sngags dang*/__oM AHgu ru badz+ra ku mA ra sarba sid+d+hi m+me pra yats+tsha hU~M/__zhes mtshan sngags kyang bzla/__bla ma yab yum smin mtshams 'od zer las/__/dbang lha sprul nas bum pa'i dbang mchog bstsal/__/rang nyid rdo rje gzhon nu'i sku ru gyur/__sbyor mtshams nas byung bdud rtsi'i gsang dbang thob/__/sbyor yum spros pas 'khril te snyoms par zhugs/__/shes rab ye shes bzhi pa'i dbang chog gis/__/dpe dang don gyi ye shes rgyud la smin/__/thugs yid gcig 'dres dbyer med byin gyis rlobs/__zhes brjod cing don bsam/__dpal ldan rtsa ba'i bla ma he ru ka__/spyi gtsug dza lan+d+ha ra'i zur phud dang*/__/snying dbus mi shigs thig le 'bral med du/__/bzhugs nas dbang dang dngos grub ma lus stsol/__/dge ba 'di yis khams gsum yid can kun/__/dam chos sgrub pa'i bar chad kun zhi zhing*/__/lam lnga sa bcu'i go 'phang la brten nas/__/mchog thun dngos grub 'grub pa'i bkra shis shog__/ces sogs bsngo smon shis brjod gang shes byas te spyod lam la 'jug go__/rje btsun sa skya ba dang lhag pa'i lha rdo rje gzhon nu dbyer med par gsol 'debs tshul gyi bla ma'i rnal 'byor 'di lta bu zhig dgos zhes dad ldan A nan+da shA sa nas bskul ngor bya bral chos rje 'jam dbyangs mkhyen brtse'i dbang pos mdzad pa la skabs su bab pa'i gsol 'debs dang rtsa sngags cung zad zhal bsgyur ba dge__/mang+ga laM/__dge'o//___//

Footnotes

Other Information