DKR-KABUM-05-CA-035

From Khyentse Lineage - A Tsadra Foundation Project
Revision as of 12:32, 7 November 2022 by WikiBot2015 (talk | contribs)

DKR-KABUM-05-CA-035

Wylie title DKR-KABUM-05-CA-035.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "ca"., Text 35, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "CA" is not a number.

"CA" is not a number.

[edit]
༄༅། ལྷ་ལྕམ་མནྡཱ་ར་བའི་ཕྲིན་ལས་བྱིན་རླབས་དང་བཅས་པ་མཁའ་འགྲོའི་སྙིང་བཅུད་བཀླག་ཆོག་ཏུ་བཀོད་པ་འཆི་མེད་བདུད་རྩིའི་མཆོག་སྟེར་བཞུགས།


༄༅། །མཆོག་སྟེར་བདུད་རྩིའི་ཟིལ་མངར་ནི། །ཡེ་ཤེས་མཁའ་འགྲོའི་སྐུར་ཤར་བ། །གཉིས་མེད་བླ་མ་ལ་བཏུད་ནས། །དེ་སྒྲུབ་བྱིན་རླབས་བཅས་པ་སྤེལ། །ཚུལ་འདི་ཉམས་སུ་ལེན་པར་འདོད་པས་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་པདྨ་འདབ་བརྒྱད་ཀྱི་སྟེང་བུམ་པ་སོ་ལྔའི་རྫས་ལྡན་བཀོད། དེའི་སྟེང་ཐོད་པ་བདུད་རྩིས་གང་བའི་ཁར་མེ་ལོང་སིནྡྷཱུ་རའི་རྡུལ་གྱིས་བྱུག་པར་རྩ་སྔགས་བྲིས་པས་བཀབ། དེའི་སྟེང་མཉྫི་ལ་མཁའ་འགྲོའི་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཤམས། མཐའ་བསྐོར་སྨན་རཀ་གཏོར་མ་ཉེར་སྤྱོད་ཚོགས་མཆོད་སོགས་འདུ་བྱ། བདེ་བའི་སྟན་ལ་འཁོད་པས་ཉམས་སུ་ལེན་པ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་ལའང་བཞི་ལས། ཐོག་མར་སྐྱབས་སེམས་ནི། ཧོ། ཀ་དག་རང་རིག་རྩ་གསུམ་ལྷར། །ལྷུན་གྲུབ་ངང་ནས་སྐྱབས་སུ་མཆི། །ཟུང་འཇུག་གཞོན་ནུ་བུམ་སྐུའི་ཀློང༌། །འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ། །ལན་གསུམ། གཉིས་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་རོལ་པའི་སྐུར་གྱུར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས། ཧཱུྃ། །གསང་བ་མཆོག་གི་དཀྱིལ་འཁོར་འདིར། །བལྟ་བར་མི་དབང་བགེགས་ཀྱི་ཚོགས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །རང་རང་སོ་སོའི་གནས་སུ་དེངས། །ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད། གསུམ་པ་མཚམས་གཅོད་ནི། ཧཱུྃཿ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ཡེ་ཤེས་ཁྲོ་མཚོན་མེ་རིའི་གུར། །སྒོ་གསུམ་ལྷ་སྔགས་ཆོས་སྐུའི་ངང༌། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བཛྲ་རཀྵ་རཀྵཿཧཱུྃ༔ བཞི་པ་མཆོད་པ་བྱིན་རླབས་ནི། རྟ་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ནས་ཤཔྟའི་བར་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ། ལན་གསུམ་བརྗོད། གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ལྷ་ལྕམ་མནྡཱ་ར་བ་མཛེས་ཤིང་ཡིད་དུ་འོང་བ། ལང་ཚོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། རིན་པོ་ཆེའི་པྲོག་ཞུ་དང་མགུལ་རྒྱན། སྙན་རྒྱན་དོ་ཤལ་ཕྱག་གདུབ་ཞབས་གདུབ་ཀྱིས་སྤྲས་ཤིང༌། དར་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། གཡས་ཐོད་པའི་ཅང་ཏེའུ་དང་གཡོན་དྲིལ་བུ་འཛིན་པ། ཕྱེད་སྐྱིལ་གྱིས་བཞུགས་པ་སྣང་སྟོང་ཟུང་འཇུག་ཆུ་ཟླའམ་འཇའ་ཚོན་གྱི་སྐུ་ཅན་དུ་ལམ་གྱིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང༌། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿ གཉིས་པ་ཡེ་ཤེས་པ་སྤྱན་དྲངས་བ་ནི། ཧཱུྃ། ཟངས་མདོག་དཔལ་གྱི་རི་བོའི་རྩེ། །པདྨ་འོད་ཀྱི་གཞལ་ཡས་ནས། །མཁའ་འགྲོ་ལྷ་ལྕམ་མནྡཱ་ར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཛྲ་ཛྙཱ་ན་ཌཱ་ཀི་ནི་ས་མ་ཡ་ཛཿཛཿ གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿ ཏིང་ངེ་འཛིན་གྱིས་སྤྲུལ་པ་ཡི། །དམ་ཚིག་སེམས་དཔའི་ཕྱག་རྒྱ་ཆེར། །དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ། །གཉིས་མེད་མཉམ་པའི་ངང་དུ་བཞུགས། །ས་མ་ཡ་ཏིཥྛ་ལྷན། བཞི་པ་ཕྱག་འཚལ་བ་ནི། ཧཱུྃ། རང་རིག་གདོད་ནས་རྣམ་དག་པ། །ཡེ་ཤེས་མཁའ་འགྲོའི་ངོ་བོར་རྫོགས། །འདུ་འབྲལ་མེད་པའི་ཆོས་ཉིད་ལ། །སྤང་བླང་བྲལ་བས་ཕྱག་བགྱིའོ། ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི། ཧྲཱིཿ མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་སྒྲ་སྙན་སྨན་རཀ་དང༌། །གཏོར་མ་སྦྱོར་སྒྲོལ་ཚོགས་མཆོད་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་པུཥྤེ་ནས་ཤཔྟའི་བར་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྲུག་པ་བསྟོད་པ་ནི། ཧཱུྃ། གདོད་ནས་སྤྲོས་བྲལ་ཆོས་ཀྱི་སྐུ། །བདེ་སྟོང་ཟུང་འཇུག་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་ཅན། །ཡེ་ཤེས་མཁའ་འགྲོ་ཁྱེད་ལ་བསྟོད། །བདུན་པ་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཅིར་སྣང་ལྷ་སྔགས་ཆོས་སྐུར་རོལ། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་མནྡཱ་ར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཅི་ནུས་བཟླ། བཟླས་པ་སྔགས་ཀྱི་འཁོར་ལོས་ཐུགས་དམ་བསྐུལ་བས་གསང་གནས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབ་པས་རང་བྱུང་བྷནྡྷའི་སྣོད་དང་བུམ་པ་ཡོངས་སུ་གང་བར་བསམ་ལ། རྩ་སྔགས་བཟླ། ཐུན་མཐར་མཆོད་བསྟོད་བྱའོ། །གསུམ་པ་རྗེས་རིམ་ལ་ལས་བྱང་གི་རྗེས་རིམ་དང༌། དབང་གི་རིམ་པ་གཉིས་ཀྱི་དང་པོ་ལ་དྲུག་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། མ་དཱ་ན་དང་ཀ་པཱ་ལ་གཙོ་བོར་གྱུར་པའི་ཡོ་བྱད་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཕྱི་སྣོད་བདེ་ཆེན་ཀ་པཱ་ལར། །ནང་བཅུད་འབྲུ་གསུམ་བདུད་རྩིའི་སྤྲིན། །འདོད་ཡོན་རྣམ་པ་ཐམས་ཅད་པ། །ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་རླབས། ཚོགས་སུ་སྤྲོས་ལ། ཧཱུྃ། ཕྱི་ལྟར་གནས་ཡུལ་དུར་ཁྲོད་དང༌། །ནང་དུ་རྡོ་རྗེ་ཕུང་པོའི་གྲོང༌། །དེ་ལས་གཞན་པ་ཅིར་སྣང་ཀུན། །འོག་མིན་མཁའ་སྤྱོད་དག་པའི་ཞིང༌། །འགྱུར་བ་མེད་པའི་ཕོ་བྲང་ནས། །ཡེ་ཤེས་མཁའ་འགྲོ་མནྡཱ་ར། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས། །ཕུང་ཁམས་འཇའ་ལུས་ཆེན་པོར་སྦྱོར། །རྟོག་ཚོགས་གདོད་མའི་ཀློང་དུ་སྒྲོལ། །གནས་སྐབས་རྣམ་བཞིའི་ཕྲིན་ལས་དང༌། །མཐར་ཐུག་མཆོག་གི་དངོས་གྲུབ་སྩོལ། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་པས་འབུལ་ལ། ཡི་གེ་བརྒྱ་པ་བརྗོད། ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་ལོངས་སྤྱོད། སྤྲོ་ན་རྡོ་རྗེའི་གླུ་གར་ཀྱང་བྱ། ལྷག་མ་རྣམས་བསྡུས་ཏེ། ཨ་ཀཱ་རོས་བརླབས། ཕེཾ་ཕེཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས། །འདིར་བྱོན་ཤ་ཁྲག་མཆོད་པ་བཞེས། །སྔོན་གྱི་དམ་བཅའ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། གཉིས་པ་དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ལ། ཧཱུྃ། སྐུ་གསུམ་དབྱེར་མེད་ཕོ་བྲང་ནས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཀྱིས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་མནྡཱ་ར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཝཱཀ྄་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ གསུམ་པ་ནོངས་པ་བཤགས་པ་ནི། མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། བཞི་པ་བསྡུ་ལྡང་ནི། ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཉིད་འོད་གསལ་གཉུག་མའི་ངང༌། །སླར་ཡང་སྣང་གྲགས་རིག་གསུམ་ཀུན། །ལྷ་སྔགས་ཆོས་སྐུའི་རོལ་པར་ཤར། །ཨོཾ་ཨཱཿཧཱུྃ། ལྔ་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྩ་གསུམ་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དྲུག་པ་ཤིས་བརྗོད་ནི། རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཡི། །མ་སྨད་ཐུགས་རྗེ་ཆེན་པོའི་མཐུས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །གཉིས་པ་བྱིན་རླབས་དབང་གི་རིམ་པ་ནི། མར་ངོའི་ཚེས་བཅུ་ལ་སོགས་པའི་དུས་དགེ་བར་སྟེགས་བུ་པདྨ་འདབ་བརྒྱད་སྟེང་བུམ་པ་བཅུད་ལྡན། ཐོད་པ་བདུད་རྩིས་གང་བའི་ཁར་མེ་ལོང་ལ་སིནྡྷཱུ་རའི་ཐིག་ལེ་དང་རྩ་སྔགས་ཀྱིས་མཚན་པས་དགབ། གཡས་སུ་མཁའ་འགྲོའི་སྐུ། གཡོན་དུ་མཁའ་འགྲོའི་གཏོར་མ། གཞན་ཡང་སྨན་རཀ །ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད། ལས་བུམ། སྔོན་གཏོར་སོགས་འོག་ཏུ་དགོས་པ་ཐམས་ཅད་འདུ་བྱས་ལ་བདག་མདུན་དབྱེར་མེད་ཀྱི་དགོངས་པས་ཕྲིན་ལས་ཀྱི་གཞུང་བསྲང༌། བཟླས་པ་ཇི་ལྟར་རིགས་པའི་བར་བཏང༌། བུམ་པ་བྷཉྫ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ལྷ་རྣམས་དྭངས་བའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་སྣོད་ཡོངས་སུ་གང་བར་མོས་ཏེ་རྩ་སྔགས་བཟླ། སིནྡྷཱུ་རའི་མེ་ལོང་དང༌། སྐུ་འབག །གཏོར་མ་རིན་ཆེན་འབར་བ་རྣམས་ཀྱང་འཆི་མེད་ཡེ་ཤེས་ཀྱི་ཌཱ་ཀི་ནིའི་ཕྱག་རྒྱའི་རང་གཟུགས་གནས་གསུམ་ཌཱ་ཀིའི་སྤྲིན་ཕུང་འཕྲོ་བར་བསམ་ལ་བཟླས་པས་བྱིན་གྱིས་བརླབ། ལས་བུམ་དུ་རྟ་མགྲིན་གྱི་བསྐྱེད་བཟླས་བྱ། དབྱངས་གསལ་རྟེན་སྙིང་མཆོད་བསྟོད་དང༌། རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང༌། སློབ་མ་གཞུག་པར་གསོལ་བ་གདབ་བོ། །སློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར་བཏང༌། སྲུང་འཁོར་བསྒོམ། མཚམས་སྦྱོར་ཅི་རིགས་དང༌། དེ་ཡང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་ཕྱོགས་དུས་ཀྱི་གདུལ་བྱའི་དོན་དུ་སྤྲུལ་པའི་ཟློས་གར་ཅིར་ཡང་བསྒྱུར་ཞིང༌། ཐབས་མཁས་ཀྱི་མཛད་པ་རྨད་དུ་བྱུང་བས་མཁའ་ཁྱབ་ཀྱི་ཡིད་ཅན་གཏན་བདེའི་གོ་འཕང་དུ་དབུགས་དབྱུང་བར་མཛད་པ་ལས། མྱུར་ལམ་རྨད་བྱུང་ཟབ་པའི་མཐར་ཐུག་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི་དེ་ཉིད་མངོན་དུ་བྱེད་པ་ལ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ལས་བྱུང་བའི་ཐབས་ཤེས་ཟུང་འཇུག་གི་ཏིང་འཛིན་གྱི་སྦྱོར་བ་ལ་རག་ལས་པ་མཁའ་སྤྱོད་ས་སྤྱོད་ཀྱི་འཇིག་རྟེན་དུ་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་འབྱམས་ཀླས་པས་སྔགས་ཀྱི་ལས་ཅན་ཐམས་ཅད་རྗེས་སུ་བཟུང་སྟེ་ཁ་སྦྱོར་ཡན་ལག་བདུན་གྱི་ས་ལ་དབུགས་དབྱུང་བར་མཛད་པ་དེ་བཞིན་གཤེགས་པ་རིགས་ལྔའི་རིགས་ཀྱི་འཁོར་ལོས་བསྒྱུར་བའི་བཙུན་མོ་རྣམ་པ་ལྔ། གུ་རུའི་ཐུགས་སུ་བྱོན་པའི་བུད་མེད་ལྔའི་སྒྱུ་མ་ཆེན་མོའི་ཆོ་འཕྲུལ་ལས། རྡོ་རྗེ་བཙུན་མོ་དམ་པ་དབྱིངས་ཕྱུག་མནྡཱ་ར་བ་ཉིད་ཚེ་དབང་རིག་འཛིན་གྱི་དགྱེས་སྡེར་བསྟན་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་རྒྱུད་ལུང་མན་ངག་གི་གསང་མཛོད་ཟ་ཧོར་དང་ཨོ་རྒྱན་གྱི་ཡུལ་དུ་བསྟན། བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་བཅོམ་ལྡན་འདས་ཚེ་དཔག་མེད་དང༌། འཕགས་མ་སྒྲོལ་མས་ཚེ་རྒྱུད་བྱེ་བ་ཕྲག་བརྒྱའི་དཀྱིལ་འཁོར་བདག་པོས་དངོས་སུ་བསྟན་ཏེ་ཡབ་ཡུམ་གཉིས་ཀ་འཆི་མེད་རྡོ་རྗེ་ལྟ་བུའི་སྐུར་བཞེངས་པས་ད་ལྟའང་རྔ་ཡབ་ཟངས་མདོག་དཔལ་རིར་མངོན་སུམ་དུ་བཞུགས་ནས་གངས་ཅན་གྱི་ལྗོངས་སུ་སྤྲུལ་པའི་སྒྱུ་འཕྲུལ་རྒྱུན་མི་ཆད་པས་དུས་གསུམ་གྱི་གདུལ་བྱ་བསྐྱངས་བ་ལས་གངས་ཅན་མགོན་པོ་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་ཐོགས་མེད་རྩལ་ལ་དག་པ་ཡེ་ཤེས་ཀྱི་མཁྱེན་ཆར་བླ་མ་དང་ལྷག་པའི་ལྷས་བསྩལ་བའི་རྒྱ་ཅན་ཉེར་ལྔ་ལས་ལྷ་ལྕམ་མནྡཱ་ར་བའི་བྱིན་རླབས་མཁའ་འགྲོའི་སྙིང་བཅུད་ཀྱི་དབང་བསྐུར་གསན་པའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ཅག་བླ་མ་རིག་འཛིན་གྱི། དཀྱིལ་འཁོར་ཆེན་པོར་འཇུག་ལགས་ན། །ཐུགས་རྗེ་ཆེན་པོས་བཟུང་དུ་གསོལ། ལན་གསུམ། མིག་དར་གཏད་ལ། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ན་ཡེ་སྭཱ་ཧཱ། མེ་ཏོག་གཏད་ལ། ཨཱ་ཁཾ་ཝི་ར་ཧཱུྃ། རྒྱུད་སྦྱང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱིངས་ཕྱུག་མནྡཱ་ར་བ་དང་ཐ་མི་དད་པ་ལ་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་བཟུང་བ་རྣམས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཀ་དག་རང་རིག་སོགས་ལས་བྱང་ལྟར་ལན་གསུམ་དང༌། ཧོ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་རྣམས། །རང་བྱུང་དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི། །ཡེ་ཤེས་མཁའ་འགྲོ་རྩ་གསུམ་ལྷ་ཚོགས་རྣམས། །བདག་ལ་བརྩེ་བས་གསན་ཅིང་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང༌། །བྱང་ཆུབ་སེམས་མཆོག་མི་ཉམས་གཟུང་བར་བགྱི། །རྡོ་རྗེ་སྙིང་པོའི་རྩ་བ་རིགས་ལྔ་པོའི། །དམ་ཚིག་མ་ལུས་བདག་གིས་གཟུང་བར་བགྱི། །ལྷུན་གྲུབ་དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །སྐྱབས་གསུམ་ཁྲིམས་གསུམ་མ་ལུས་གཟུང་བར་བགྱི། །འདོད་འབྱུང་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིའི་ལས་ལ་བརྩོན་པར་བྱ། །སྐྱོན་བྲལ་པདྨ་རིགས་ཀྱི་དམ་ཚིག་ཏུ། །དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་བྱ། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །སྡོམ་ལྡན་མཆོད་པའི་ལས་ལ་བརྩོན་པར་བྱ། །ཁྱད་པར་ལྷ་སྔགས་བདེ་ཆེན་རྡོ་རྗེ་གསུམ། །བདག་གི་སྒོ་གསུམ་མཉམ་སྦྱོར་སྒྲུབ་པ་དང༌། །ཤེས་དང་མི་སྤང་དང་དུ་བླང་བ་དང༌། །བསྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་བརྒྱད་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་གདམས་པ་ཀུན། །བདག་གིས་མ་ལུས་ཡོངས་སུ་གཟུང་བར་བྱ། །དེ་ཡིས་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །བླ་མེད་རྡོ་རྗེ་འཆང་གིས་ས་ཐོབ་ཤོག །ལན་གསུམ་བྱ། དེ་ནས་ནང་འཇུག་གི་སླད་དུ། སློབ་དཔོན་གྱིས་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ནང་དུ་ཁྲིད། ཤར་སྒོར་འཁོད་ནས་སྐུ་གསུང་ཐུགས་ཀྱི་ཕྱག་བགྱི་བར་མོས་ཏེ་འདིའི་རྗེས་ཟློས་མཛོད། ཧོ། ཞི་ཁྲོ་རབ་འབྱམས་ཀུན་འདུས་པའི། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །ཞེས་པས་ཕྱག་བྱས་ནས། དམ་ལ་བཞག་པ་ནི། དམ་ཚིག་བདུད་རྩིའི་ཆུ་ནན་སྦྱིན་པ་ཡིན་ཏེ། རྡོ་རྗེ་ཐེག་པའི་དམ་ཚིག་རྣམས། །ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཐོབ། །མ་བསྲུངས་དམྱལ་བ་ཆེན་པོར་སྐྱེ། །དེ་ཕྱིར་སྲོག་ལྟར་གཅེས་པར་སྲུངས། །ས་མ་ཡ་ཨི་དན་ན་ར་ཀན། ཞེས་དམ་ཆུ་བླུད། སླར་ཡང་བདུད་རྩི་སྦྱིན་ལ། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་ཞིང༌། བདུད་རྩི་ལྕེ་ཐོག་ཏུ་ཟུངས། །ངག་གནད་སྟེང་འོག་གི་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་མཛོད། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བགེགས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཁྱེད་རང་སྐད་ཅིག་གིས་པད་ཟླའི་སྟེང་དུ་ལྷ་ལྕམ་མནྡཱ་ར་བ་མཛེས་ཤིང་ཡིད་དུ་འོང་བ། ལང་ཚོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། རིན་པོ་ཆེའི་པྲོག་ཞུ་དང་མགུལ་རྒྱན། སྙན་རྒྱན་དོ་ཤལ། ཕྱག་གདུབ་ཞབས་གདུབ་ཀྱིས་སྤྲས་པ། དར་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། གཡས་ཐོད་པའི་ཅང་ཏེའུ་དང་གཡོན་དྲིལ་བུ་འཛིན་པ། ཕྱེད་སྐྱིལ་ཀྱིས་བཞུགས་པའི་ཐུགས་ཀར་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་ཅིང་བདེ་བའི་གར་སྟབས་ལིང་ལིང་སྒྱུར་བ། དེའི་ཐུགས་ཀར་གཡུང་དྲུང་རིས་དམར་པོ་གཡོན་སྐོར་དུ་འཁོར་བའི་དབུས་སུ་བཾ་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ། སློབ་དཔོན་གྱིས་ཡཾ་ཞེས་བརྗོད་པས་གཞིར་གནས་ཀྱི་རླུང་གཡོས་ཤིང་དྲག་ཏུ་བསྐུལ་ཏེ་སྨིན་མཚམས་ཀྱི་ཐད་ཀར་འཁོར་བ་ལ་ཡིད་གཏད་པས་བདེ་བ་ཆེན་པོའི་ཉམས་མཆོག་ཏུ་འབར་བའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་སིབ་སིབ་ཏུ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཧཱུྃ། ཟངས་མདོག་དཔལ་གྱི་རི་བོའི་རྩེ། །པདྨ་འོད་ཀྱི་གཞལ་ཡས་ནས། །མཁའ་འགྲོ་ལྷ་ལྕམ་མནྡཱ་ར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཛྙཱ་ན་ཌཱཀྐི་ནི་མནྡཱ་ར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ། བཟླ་ཞིང་སྤོས་རོལ་བཅས་པས་བྱིན་དབབ། རྡོ་རྗེ་སྤྱི་བོར་བཞག་ནས། ཏིཥྛ་བཛྲ་ཞེས་བརྗོད་པས་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་ནས། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་གང་འཆར་བའི་བདེ་བ་སྤྲུལ་སྐུ། གསལ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་སྟེ་བླ་མ་སྐུ་བཞིའི་ཡེ་ཤེས་གདོད་ནས་རང་ཆས་སུ་བཞུགས་པ་ངོ་ཤེས་པས། དེ་ཉིད་མཚོན་པའི་མཚན་མའི་དཀྱིལ་འཁོར་དུ་མེ་ཏོག་འདོར་བ་འདིའི་རྗེས་ཟློས་མཛོད། ཧོཿ མཚན་བརྒྱད་བླ་མའི་དཀྱིལ་འཁོར་དུ། །རིན་ཐང་མེད་པའི་མེ་ཏོག་འབུལ། །ཚེ་རབས་སྔོན་ནས་ལས་ཀྱི་འཕྲོ། །གང་སད་དེ་ལ་འབབ་པར་ཤོག །པུཥྤེ་པཱུ་ཛ་ཧོཿ སླར་ཡང་མེ་ཏོག་དེ་ཉིད་སློབ་དཔོན་གྱི་ཕྱག་གིས་བླངས་ཏེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཀྱེ་ཧོ་སྔོན་ནས་ཉེར་བསྒྲུབས་པའི། །ལྷག་པའི་ལྷ་ཡིས་ལེགས་བསྩལ་བའི། །མེ་ཏོག་ཕྲེང་བའི་ཅོད་པན་གྱི། །དབང་བསྐུར་ཁྱོད་ལ་སྦྱིན་པར་བྱ། །རྡོ་རྗེས་སྤྱན་དབྱེ་བའི་སྟངས་ཀ་དང་བཅས་ཏེ། ཧོཿ ཡེ་ཤེས་ལྷ་ཚོགས་མཇལ་བ་ལ། །གེགས་བྱེད་མ་རིག་མིག་དར་འདི། །བསལ་བས་དེ་རིང་ཡི་དམ་ལྷ། །མངོན་སུམ་མཐོང་ལ་སྤྲོ་དགས་ལྟོས། །ཞེས་པས་མ་རིག་པའི་ལིང་ཏོག་དང་མིག་དར་ལྷན་ཅིག་ཏུ་བསལ་བས། ཐར་པ་ཆེན་པོའི་གྲོང་ཁྱེར་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་མཁའ་འགྲོ་མནྡཱ་ར་བ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམས་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། དེས་འཇུག་པའི་ཆོས་རྣམས་སོང་ནས་ཞུགས་ནས་མངོན་པར་དབང་བསྐུར་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ། །དཀྱིལ་འཁོར་རྒྱ་མཚོའི་གཙོ་ཁྱོད་ཀྱིས། །བདག་ཅག་བླ་མའི་དཀྱིལ་འཁོར་དུ། །རྣམ་པ་ཉི་ཤུས་བྱང་ཆུབ་པའི། །བྱིན་རླབས་དབང་བཞི་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཡེ་ཤེས་མཁའ་འགྲོའི་ཕྱག་ན་རྣམ་པར་རྒྱལ་བའི་བུམ་པ་གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཀྱིས་ཆུས་གང་བ་ཐོགས་ཏེ་གནས་བཞིར་བཞག་པས་བུམ་པ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་འདི། །ཕྱི་ནང་སྣོད་བཅུད་ལྷུན་གྱིས་གྲུབ། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས། །སྣ་ཚོགས་མ་རིག་དྲི་མ་འཁྲུད། །ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས། །གཟུང་འཛིན་འཁོར་བའི་བག་ཆག་འཁྲུད། །རང་བྱུང་ཡེ་ཤེས་སེམས་ཉིད་ཆུས། །དུག་ལྔ་རྣམ་དག་དབྱིངས་སུ་འཁྲུད། །ཉོན་མོངས་དུག་ལྔའི་བག་ཆག་སྦྱངས། །བུམ་གསང་ཤེས་རབ་ཡེ་ཤེས་ཀྱི། །དབང་བཞི་མ་ལུས་ཡོངས་རྫོགས་ཤོག །ཨོཾ་ཛྙཱ་ན་ཌཱཀྐི་ནི་མནྡཱ་ར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ། ལན་གསུམ་བརྗོད་ཅིང༌། སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་བཞག་མཐར་བུམ་ཆུ་སྦྱིན། དེ་ལྟར་བུམ་པ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་བཞག་པ་གསང་དབང༌། སྙིང་གར་བཞག་པ་ཤེར་དབང༌། ལྟེ་བར་བཞག་ཅིང་ཚིག་གི་སྒོ་ནས་བརྡ་དོན་ངོ་སྤྲད་པ་དབང་བཞི་པ་སྟེ། མདོར་ན་བུམ་པ་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །སྣོད་པདྨ་བྷཉྫར་བཅུད་ཆོས་སྨན་སྦྱར་བའི་བདུད་རྩི་དང་བླ་མ་ཡེ་ཤེས་མཁའ་འགྲོ་སྙོམས་པར་ཞུགས་པའི་ཀུནྡཱ་བྱང་ཆུབ་ཀྱི་སེམས་རོ་གཅིག་ཏུ་སྦྱར་བ་གནས་བཞིར་བཞག་ཅིང་སྦྱིན་ཏེ་བྷནྡྷའི་བདུད་རྩི་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧཱུྃ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༌། །འཆི་མེད་བདུད་རྩིའི་ཆང་གིས་རབ་ཏུ་བཀང༌། །ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ། །ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད། །གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་བསྐྱེད། །མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས། །ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ། །དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཛྙཱ་ན་ཌཱཀྐི་ནི་མནྡཱ་ར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ། སྔགས་དང་བཅས་ཏེ་གནས་བཞིར་བཞག་ཅིང་བདུད་རྩི་སྦྱིན། དེ་ལྟར་བྷནྡྷའི་བདུད་རྩི་གནས་བཞིར་བཞག་ཅིང་བརྡ་དོན་ངོ་སྤྲོད་པས། བྷནྡྷ་ཟླུམ་པོ་ལ་བརྟེན་པའི་དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ། རྟེན་སིནྡྷཱུ་རའི་མེ་ལོང་དང་བསྟེན་པ་ལྷ་ཉིད་སྔགས་ཀྱི་གཟུགས་སུ་ཤར་བ་དང་བཅས་པ་གནས་བཞིར་བཞག་པས་སིནྡྷཱུ་རའི་མཎྜལ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད། །དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས། །གཟུགས་བརྙན་གསལ་ལ་ངོས་བཟུང་འཛིན་པ་བྲལ། །སེམས་ཉིད་རྣམ་དག་གསལ་ལ་མ་འགག་པ། །གཟུང་འཛིན་མཚན་མའི་དངོས་པོའི་ཡུལ་ལས་འདས། །བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་ཤར། །གསལ་སྟོང་མ་འགག་དབྱིངས་ནས་གསལ་འགྲིབ་མེད། །དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཛྙཱ་ན་ཌཱཀྐི་ནི་མནྡཱ་ར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ། བརྗོད་ཅིང་མེ་ལོང་གནས་བཞིར་བཞག་ལ་སིནྡྷཱུ་རས་ཐིག་ལེ་བྱ། དེ་ལྟར་སིནྡྷཱུ་རའི་མེ་ལོང་གནས་བཞིར་བཞག་ཅིང་ཐིག་ལེ་བཀོད་པ་དང་བརྡ་དོན་ངོ་སྤྲད་པས་མེ་ལོང་ཟླུམ་པོ་ལ་བརྟེན་པའི་དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་བླ་མ་ཡེ་ཤེས་མཁའ་འགྲོ་རྩ་བ་གསུམ་གྱི་ལྷ་ཚོགས་བྱིན་ཐིབས་སེ་མངོན་སུམ་དུ་བཞུགས་པ་གནས་བཞིར་བཞག་པས་གཏོར་མ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧྲཱིཿ གཏོར་སྣོད་བྷནྡྷའི་གཞལ་ཡས་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །མཁའ་འགྲོའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད། །རྣམ་དག་བདུད་རྩི་མཁའ་འགྲོ་མཆོད་པའི་རྫས། །མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༌། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ། །སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར། །དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཛྙཱ་ན་ཌཱཀྐི་ནི་མནྡཱ་ར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྔགས་བཟླ་བཞིན་གནས་བཞིར་བཞག་ཅིང་མཐར་གཏོར་ཟན་ཁམ་གཅིག་དངོས་གྲུབ་ཀྱི་བདུད་རྩི་སྦྱིན། དེ་ལྟར་གཏོར་མ་རིན་ཆེན་འབར་བ་གནས་བཞིར་བཞག་ཅིང་དམ་རྫས་དངོས་གྲུབ་ཀྱི་ཚུལ་དུ་སྦྱིན་པ་དང༌། བརྡ་དོན་ངོ་སྤྲད་པས་གཏོར་མ་ཟླུམ་པོ་ལ་བརྟེན་པའི་དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ། དེ་ནས་ལྷ་ལྕམ་མའི་ཕྱག་གི་ཅང་ཏེའུ་དཀྲོལ་བས། སློབ་དཔོན་ཆེན་པོ་མཚོ་རྒྱལ་དང་བཅས་པ་ནམ་མཁའ་ལ་བྱ་འཕུར་བ་བཞིན་བྱོན། གཙོ་འཁོར་གསུམ་གྱི་ཚུལ་དུ་བཞུགས་པ་ལ་དཔོན་སློབ་ཀུན་གྱིས་ཚིག་བདུན་གསོལ་འདེབས་ཀྱིས་གསོལ་བ་བཏབ་པས། བླ་མ་ཟ་ཧོར་མ་མཚོ་སྐྱེས་རྡོ་རྗེའི་སྐུར་གྱུར། མཚོ་རྒྱལ་ལྷ་ལྕམ་ལ་ཐིམ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་སྨིན་མཚམས་ཡན་གང་བའི་བུམ་དབང༌། མགྲིན་པ་ཡན་གྱི་གསང་དབང༌། སྙིང་ག་ཡན་གྱི་ཤེར་དབང༌། རྐང་མཐིལ་ཡན་གྱི་ཚིག་དབང་ཐོབ་པར་མོས་ལ་བླ་མ་ཡབ་ཡུམ་རོ་གཅིག་ཏུ་གྱུར། སླར་ཡང་ལྷ་ལྕམ་གྱི་རྣམ་པར་གྱུར་པ་ལ་ཤིས་པ་བརྗོད་པའི་ཚིག་དང་མེ་ཏོག་གི་ཆར་བབ་པས་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་གྱུར་པར་མོས་ཤིག །ཇི་ལྟར་འོས་པའི་ཤིས་བརྗོད་དང་མེ་ཏོག་གི་ཆར་བསྙིལ་རོལ་མོ་རྒྱུན་རིང་དུ་འཁྲོལ་བས་དགེ་ལེགས་སུ་བྱའོ། །དེ་ལྟར་དབང་གི་རྒྱུད་སྨིན་པས་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ཁས་བླང་བ། གཙོ་བོས་ཇི་ལྟར་དང༌། མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱས་པས་གྲུབ་པའོ། །འཕོ་འགྱུརྃ་མཚན་མེདྃ་ཡེ་ཤེས་དབྱིངས་ཀྱི་སྲོག །ཐེགྃ་མཆོྃགལྷ་སྔགས་ཏིང་འཛིན་གྱིས་བསྒྲུབས། །ཐུན་མོང་མཆོག་དངོས་འདོད་དགུའི་བསྟནྃ་པྃ་ཡིས། །ལུང་རྟོགས་རྒྱལྃ་མཚྃན་བསྒྲེང་བའི་ནུས་ཐོབ་ཤོག །རྒྱལ་ཡུམ་མནྡཱ་ར་བ་མཁའ་འགྲོའི་སྙིང་བཅུད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་ལེའུ་ཚན་ནོ།། །།
[edit]

@#/_lha lcam man+dA ra ba'i phrin las byin rlabs dang bcas pa mkha' 'gro'i snying bcud bklag chog tu bkod pa 'chi med bdud rtsi'i mchog ster bzhugs/


@#/_/mchog ster bdud rtsi'i zil mngar ni/_/ye shes mkha' 'gro'i skur shar ba/_/gnyis med bla ma la btud nas/_/de sgrub byin rlabs bcas pa spel/_/tshul 'di nyams su len par 'dod pas gzhung mthun gyi rten bkram pa'i spyan sngar pad+ma 'dab brgyad kyi steng bum pa so lnga'i rdzas ldan bkod/_de'i steng thod pa bdud rtsis gang ba'i khar me long sin+d+hU ra'i rdul gyis byug par rtsa sngags bris pas bkab/_de'i steng many+dzi la mkha' 'gro'i dpal gtor sku tsaka dar gdugs kyis brgyan pa bshams/_mtha' bskor sman raka gtor ma nyer spyod tshogs mchod sogs 'du bya/_bde ba'i stan la 'khod pas nyams su len pa la/_sngon dngos rjes gsum las/_dang po la'ang bzhi las/_thog mar skyabs sems ni/_ho/_ka dag rang rig rtsa gsum lhar/_/lhun grub ngang nas skyabs su mchi/_/zung 'jug gzhon nu bum sku'i klong*/_/'gro kun sgrol bar sems bskyed do/_/lan gsum/_gnyis pa bgegs la gtor ma sbyin pa ni/_rang nyid skad cig gis rta mchog rol pa'i skur gyur/_ra~M ya~M kha~M/_oM AHhU~M hoHsa brlabs/_hU~M/_/gsang ba mchog gi dkyil 'khor 'dir/_/blta bar mi dbang bgegs kyi tshogs/_/mchod sbyin gtor ma 'di longs la/_/rang rang so so'i gnas su dengs/_/hU~M bzhi'i sngags kyis bskrad/_gsum pa mtshams gcod ni/_hU~MH_snang srid snod bcud thams cad kun/_/ye shes khro mtshon me ri'i gur/_/sgo gsum lha sngags chos sku'i ngang*/_/mtshams kyi dkyil 'khor lhun gyis grub/_/oM hrIHpad+mAn+ta kr-ita badz+ra kro d+ha h+ya grI wa hu lu hu lu hU~M phaT/_badz+ra rak+Sha rak+ShaHhU~M:_bzhi pa mchod pa byin rlabs ni/_rta sngags kyis bsang*/_swa b+hA was sbyang*/_stong pa'i ngang las gnas khang mkha' spyod rdo rje btsun mo'i zhing khams chen por gsal ba'i dbus su phyi nang gsang ba'i mchod pa'i sprin rab 'byams bsam gyis mi khyab pa nam mkha' gang bar gyur/_oM badz+ra puSh+pe nas shap+ta'i bar dang*/_ma hA pany+tsa a mr-i ta rak+ta ba liM ta sarba pU dza AHhU~M/_lan gsum brjod/_gnyis pa dngos gzhi la bdun las/_dang po dam tshig pa bskyed pa ni/_swa b+hA was sbyang*/_stong pa'i ngang las pad zla'i steng du lha lcam man+dA ra ba mdzes shing yid du 'ong ba/_lang tsho bcu drug lon pa'i rnam pa can/_rin po che'i prog zhu dang mgul rgyan/_snyan rgyan do shal phyag gdub zhabs gdub kyis spras shing*/_dar gyi stod g.yogs dang smad g.yogs gsol ba/_g.yas thod pa'i cang te'u dang g.yon dril bu 'dzin pa/_phyed skyil gyis bzhugs pa snang stong zung 'jug chu zla'am 'ja' tshon gyi sku can du lam gyis gsal ba'i spyi bor oM dkar po/_mgrin par AHdmar po/_thugs kar hU~M sngon po/_thugs ka'i hU~M las 'od zer 'phros pas rang bzhin gyi gnas dang*/_rnga yab dpal ri sprul pa'i zhing nas ye shes sems dpa'i tshogs bsam gyis mi khyab pa oM badz+ra sa mA dzaH_gnyis pa ye shes pa spyan drangs ba ni/_hU~M/_zangs mdog dpal gyi ri bo'i rtse/_/pad+ma 'od kyi gzhal yas nas/_/mkha' 'gro lha lcam man+dA ra/_/gnas 'dir spyan 'dren gshegs su gsol/_/gnas mchog 'di ru byin phob la/_/sgrub mchog bdag la dbang bzhi bskur/_/bgegs dang log 'dren bar chad sol/_/mchog dang thun mong dngos grub stsol/_/badz+ra dz+nyA na DA ki ni sa ma ya dzaHdzaH_gsum pa bzhugs su gsol ba ni/_hrIH_ting nge 'dzin gyis sprul pa yi/_/dam tshig sems dpa'i phyag rgya cher/_/dbyings nas spyan drangs ye shes pa/_/gnyis med mnyam pa'i ngang du bzhugs/_/sa ma ya tiSh+Tha lhan/_bzhi pa phyag 'tshal ba ni/_hU~M/_rang rig gdod nas rnam dag pa/_/ye shes mkha' 'gro'i ngo bor rdzogs/_/'du 'bral med pa'i chos nyid la/_/spang blang bral bas phyag bgyi'o/_a ti pU ho/_pra tIts+tsha ho:_lnga pa mchod pa 'bul ba ni/_hrIH_me tog bdug spos snang gsal dri/_/zhal zas sgra snyan sman raka dang*/_/gtor ma sbyor sgrol tshogs mchod 'bul/_/mchog dang thun mong dngos grub stsol/_/oM dz+nyA na DA ki ni puSh+pe nas shap+ta'i bar dang*/_ma hA pany+tsa a mr-i ta ma hA ba liM ta ma hA rak+ta bo d+hi tsit+ta ga Na gu h+ya ga Na tsakra sarba pU dza kha kha khA hi khA hi/_drug pa bstod pa ni/_hU~M/_gdod nas spros bral chos kyi sku/_/bde stong zung 'jug longs spyod rdzogs/_/gang 'dul sprul pa'i rnam rol can/_/ye shes mkha' 'gro khyed la bstod/_/bdun pa bzlas pa'i rnal 'byor ni/_thugs kar nyi steng hrIHyig mthar/_/sngags phreng 'khor ba'i 'od zer gyis/_/'phags mchod 'gro kun sgrib gnyis sbyangs/_/cir snang lha sngags chos skur rol/_/oM dz+nyA na DA ki ni man+dA ra hrIHma ha ri ni sa ra tsa hri ya sarba sid+d+hi pha la hU~M/_ci nus bzla/_bzlas pa sngags kyi 'khor los thugs dam bskul bas gsang gnas nas ye shes kyi bdud rtsi'i rgyun dpag tu med pa bab pas rang byung b+han+d+ha'i snod dang bum pa yongs su gang bar bsam la/_rtsa sngags bzla/_thun mthar mchod bstod bya'o/__/gsum pa rjes rim la las byang gi rjes rim dang*/_dbang gi rim pa gnyis kyi dang po la drug las/_dang po tshogs kyi mchod pa ni/_ma dA na dang ka pA la gtso bor gyur pa'i yo byad rnams/_ra~M ya~M kha~M gis bsang sbyang*/_phyi snod bde chen ka pA lar/_/nang bcud 'bru gsum bdud rtsi'i sprin/_/'dod yon rnam pa thams cad pa/_/nam mkha' mdzod kyi 'khor lor gyur/_/oM AHhU~M lan gsum gyis rlabs/_tshogs su spros la/_hU~M/_phyi ltar gnas yul dur khrod dang*/_/nang du rdo rje phung po'i grong*/_/de las gzhan pa cir snang kun/_/'og min mkha' spyod dag pa'i zhing*/_/'gyur ba med pa'i pho brang nas/_/ye shes mkha' 'gro man+dA ra/_/rtsa gsum rgya mtsho'i 'khor dang bcas/_/'dir gshegs tshogs kyi mchod pa bzhes/_/dam tshig nyams chag nyes ltung bshags/_/phung khams 'ja' lus chen por sbyor/_/rtog tshogs gdod ma'i klong du sgrol/_/gnas skabs rnam bzhi'i phrin las dang*/_/mthar thug mchog gi dngos grub stsol/_oM gu ru d+he wa DA ki ni sarba d+harma pA la ga Na tsakra pU dza khA hi/_zhes pas 'bul la/_yi ge brgya pa brjod/_tshogs kyi 'khor lo'i dga' ston la longs spyod/_spro na rdo rje'i glu gar kyang bya/_lhag ma rnams bsdus te/_a kA ros brlabs/_pheM pheM/_dpal gyi bka' nyan lhag sdud rnams/_/'dir byon sha khrag mchod pa bzhes/_/sngon gyi dam bca' ma g.yel bar/_/bcol ba'i phrin las 'grub par mdzod/_oM AHhU~M uts+tshiSh+Ta ba liM ta b+hak+Sha si swA hA/_gnyis pa dngos grub blang ba ni/_mchod cing bstod la/_hU~M/_sku gsum dbyer med pho brang nas/_/ye shes mkha' 'gro'i lha tshogs kyis/_/'dir 'dus rnal 'byor bdag cag la/_/mchog dang thun mong dngos grub stsol/_/oM dz+nyA na DA ki ni man+dA ra hrIHma ha ri ni sa ra tsa hri ya sarba sid+d+hi pha la hU~M:_kA ya wAka? tsit+ta sarba sid+d+hi pha la hoH_gsum pa nongs pa bshags pa ni/_ma 'byor pa dang sogs kyi mthar yi ge brgya pa lan gsum brjod/_bzhi pa bsdu ldang ni/_ye shes pa rten la brtan bzhugs bya/_dam tshig pa/_snod bcud 'od zhu rang la thim/_/rang nyid 'od gsal gnyug ma'i ngang*/_/slar yang snang grags rig gsum kun/_/lha sngags chos sku'i rol par shar/_/oM AHhU~M/_lnga pa bsngo smon ni/_dge ba 'di yis myur du bdag_/rtsa gsum lha tshogs 'grub gyur nas/_/'gro ba gcig kyang ma lus pa/_/de yi sa la 'god par shog_/drug pa shis brjod ni/_rtsa gsum dkyil 'khor 'khor lo yi/_/ma smad thugs rje chen po'i mthus/_/mchog dang thun mong dngos grub kun/_/lhun gyis grub pa'i bkra shis shog_/ces sogs rgya cher brjod pas dge legs su bya'o/__/gnyis pa byin rlabs dbang gi rim pa ni/_mar ngo'i tshes bcu la sogs pa'i dus dge bar stegs bu pad+ma 'dab brgyad steng bum pa bcud ldan/_thod pa bdud rtsis gang ba'i khar me long la sin+d+hU ra'i thig le dang rtsa sngags kyis mtshan pas dgab/_g.yas su mkha' 'gro'i sku/_g.yon du mkha' 'gro'i gtor ma/_gzhan yang sman raka_/nyer spyod/_tshogs kyi yo byad/_las bum/_sngon gtor sogs 'og tu dgos pa thams cad 'du byas la bdag mdun dbyer med kyi dgongs pas phrin las kyi gzhung bsrang*/_bzlas pa ji ltar rigs pa'i bar btang*/_bum pa b+hany+dza rang byung gi gzhal med khang chen por lha rnams dwangs ba'i mtsho la gza' skar shar ba bzhin lhag par gsal ba'i sku las byang sems bdud rtsi'i rgyun bab pas snod yongs su gang bar mos te rtsa sngags bzla/_sin+d+hU ra'i me long dang*/_sku 'bag_/gtor ma rin chen 'bar ba rnams kyang 'chi med ye shes kyi DA ki ni'i phyag rgya'i rang gzugs gnas gsum DA ki'i sprin phung 'phro bar bsam la bzlas pas byin gyis brlab/_las bum du rta mgrin gyi bskyed bzlas bya/_dbyangs gsal rten snying mchod bstod dang*/_rig pa'i me tog dor bas bdag nyid 'jug cing*/_slob ma gzhug par gsol ba gdab bo/__/slob ma rnams ji ltar bltams pa sogs kyis khrus bya/_bgegs gtor btang*/_srung 'khor bsgom/_mtshams sbyor ci rigs dang*/_de yang mchog tu mi 'gyur ba'i bde ba chen po'i ye shes rnam pa thams cad pa nyid phyogs dus kyi gdul bya'i don du sprul pa'i zlos gar cir yang bsgyur zhing*/_thabs mkhas kyi mdzad pa rmad du byung bas mkha' khyab kyi yid can gtan bde'i go 'phang du dbugs dbyung bar mdzad pa las/_myur lam rmad byung zab pa'i mthar thug rdo rje nam mkha'i dkyil lta bu'i de nyid mngon du byed pa la rdo rje btsun mo'i mkha' dbyings las byung ba'i thabs shes zung 'jug gi ting 'dzin gyi sbyor ba la rag las pa mkha' spyod sa spyod kyi 'jig rten du rdo rje mkha' 'gro ma'i dkyil 'khor 'byams klas pas sngags kyi las can thams cad rjes su bzung ste kha sbyor yan lag bdun gyi sa la dbugs dbyung bar mdzad pa de bzhin gshegs pa rigs lnga'i rigs kyi 'khor los bsgyur ba'i btsun mo rnam pa lnga/_gu ru'i thugs su byon pa'i bud med lnga'i sgyu ma chen mo'i cho 'phrul las/_rdo rje btsun mo dam pa dbyings phyug man+dA ra ba nyid tshe dbang rig 'dzin gyi dgyes sder bstan te bka' 'dus chos kyi rgya mtsho'i rgyud lung man ngag gi gsang mdzod za hor dang o rgyan gyi yul du bstan/_bkra shis brag phug mA ra ti kar bcom ldan 'das tshe dpag med dang*/_'phags ma sgrol mas tshe rgyud bye ba phrag brgya'i dkyil 'khor bdag pos dngos su bstan te yab yum gnyis ka 'chi med rdo rje lta bu'i skur bzhengs pas da lta'ang rnga yab zangs mdog dpal rir mngon sum du bzhugs nas gangs can gyi ljongs su sprul pa'i sgyu 'phrul rgyun mi chad pas dus gsum gyi gdul bya bskyangs ba las gangs can mgon po thams cad mkhyen gzigs rdo rje thogs med rtsal la dag pa ye shes kyi mkhyen char bla ma dang lhag pa'i lhas bstsal ba'i rgya can nyer lnga las lha lcam man+dA ra ba'i byin rlabs mkha' 'gro'i snying bcud kyi dbang bskur gsan pa'i ched du maN+Dal phul/_gsol ba 'debs pa 'di'i rjes zlos mdzod/_ho/_rdo rje slob dpon dgongs su gsol/_/bdag cag bla ma rig 'dzin gyi/_dkyil 'khor chen por 'jug lags na/_/thugs rje chen pos bzung du gsol/_lan gsum/_mig dar gtad la/_oM tsak+Shu b+han+d+ha wA ra ma na ye swA hA/_me tog gtad la/_A khaM wi ra hU~M/_rgyud sbyang ba'i slad du bla ma dang dkyil 'khor gyi gtso bo dbyings phyug man+dA ra ba dang tha mi dad pa la rtsa gsum rgya mtsho'i tshogs kyis bskor ba mngon sum du bzhugs pa'i spyan sngar skyabs 'gro sems bskyed sdom pa bzung ba rnams tshul bzhin du bgyi'o snyam pas 'di rnams kyi rjes zlos lan gsum mdzod/_ka dag rang rig sogs las byang ltar lan gsum dang*/_ho/_phyogs bcu dus bzhi'i rgyal ba sras bcas rnams/_/rang byung dkyil 'khor chen por lhun rdzogs pa'i/_/ye shes mkha' 'gro rtsa gsum lha tshogs rnams/_/bdag la brtse bas gsan cing dgongs su gsol/_/bdag cag dus 'di nas bzung byang chub bar/_/bla med dkon mchog gsum la skyabs mchi zhing*/_/byang chub sems mchog mi nyams gzung bar bgyi/_/rdo rje snying po'i rtsa ba rigs lnga po'i/_/dam tshig ma lus bdag gis gzung bar bgyi/_/lhun grub de bzhin rigs kyi dam tshig tu/_/skyabs gsum khrims gsum ma lus gzung bar bgyi/_/'dod 'byung rin chen rigs kyi dam tshig tu/_/sbyin pa rnam bzhi'i las la brtson par bya/_/skyon bral pad+ma rigs kyi dam tshig tu/_/dam tshig ma lus yongs su gzung bar bya/_/sna tshogs las kyi rigs kyi dam tshig tu/_/sdom ldan mchod pa'i las la brtson par bya/_/khyad par lha sngags bde chen rdo rje gsum/_/bdag gi sgo gsum mnyam sbyor sgrub pa dang*/_/shes dang mi spang dang du blang ba dang*/_/bsgrub dang spyad par bya ba lnga lnga ste/_/nyi shu rtsa brgyad rtsa ba yan lag bcas/_/gsang sngags rdo rje snying po'i gdams pa kun/_/bdag gis ma lus yongs su gzung bar bya/_/de yis 'gro kun srid mtsho las bsgral te/_/bla med rdo rje 'chang gis sa thob shog_/lan gsum bya/_de nas nang 'jug gi slad du/_slob dpon gyis dzaHhU~M baM hoH_zhes brjod pas/_khyed rang rnams dkyil 'khor gyi nang du khrid/_shar sgor 'khod nas sku gsung thugs kyi phyag bgyi bar mos te 'di'i rjes zlos mdzod/_ho/_zhi khro rab 'byams kun 'dus pa'i/_/ye shes mkha' 'gro'i dkyil 'khor la/_/lus ngag yid gsum gus phyag 'tshal/_/sku gsung thugs kyis byin gyis rlobs/_/zhes pas phyag byas nas/_dam la bzhag pa ni/_dam tshig bdud rtsi'i chu nan sbyin pa yin te/_rdo rje theg pa'i dam tshig rnams/_/tshul bzhin bsrungs na dngos grub thob/_/ma bsrungs dmyal ba chen por skye/_/de phyir srog ltar gces par srungs/_/sa ma ya i dan na ra kan/_zhes dam chu blud/_slar yang bdud rtsi sbyin la/_nang 'jug gi dngos gzhi ye shes dbab pa'i slad du/_khyed rang rnams lus gnad skyil krung drang por bsrang zhing*/_bdud rtsi lce thog tu zungs/_/ngag gnad steng 'og gi rlung kha sbyor du chings/_sems kyi gnad gzhan du ma yengs par dmigs pa 'di bzhin mdzod/_oM hrIHbadz+ra kro d+ha h+ya gr-I wa hu lu hu lu hU~M phaT/_ces pas bgegs bsang*/_swa b+hA was stong par sbyang*/_stong pa'i ngang las khyed rang skad cig gis pad zla'i steng du lha lcam man+dA ra ba mdzes shing yid du 'ong ba/_lang tsho bcu drug lon pa'i rnam pa can/_rin po che'i prog zhu dang mgul rgyan/_snyan rgyan do shal/_phyag gdub zhabs gdub kyis spras pa/_dar gyi stod g.yogs dang smad g.yogs gsol ba/_g.yas thod pa'i cang te'u dang g.yon dril bu 'dzin pa/_phyed skyil kyis bzhugs pa'i thugs kar rlung sems dbyer med kyi ngo bo rdo rje rnal 'byor ma dmar mo gri thod 'dzin cing bde ba'i gar stabs ling ling sgyur ba/_de'i thugs kar g.yung drung ris dmar po g.yon skor du 'khor ba'i dbus su baM yan lag bzhi la ha ri ni sas mtshan pa/_slob dpon gyis yaM zhes brjod pas gzhir gnas kyi rlung g.yos shing drag tu bskul te smin mtshams kyi thad kar 'khor ba la yid gtad pas bde ba chen po'i nyams mchog tu 'bar ba'i 'od zer gyis ye shes sems dpa'i tshogs nam mkha' gang bar spyan drangs sib sib tu thim pas rgyud byin gyis brlab pa'i mos pa mdzod/_hU~M/_zangs mdog dpal gyi ri bo'i rtse/_/pad+ma 'od kyi gzhal yas nas/_/mkha' 'gro lha lcam man+dA ra/_/gnas 'dir spyan 'dren gshegs su gsol/_/gnas mchog 'di ru byin phob la/_/sgrub mchog bdag la dbang bzhi bskur/_/bgegs dang log 'dren bar chad sol/_/mchog dang thun mong dngos grub stsol/_/oM dz+nyA na DAk+ki ni man+dA ra hrIHma ha ri ni sa ra tsa hri ya sarba sid+d+hi pha la hU~M/_bzla zhing spos rol bcas pas byin dbab/_rdo rje spyi bor bzhag nas/_tiSh+Tha badz+ra zhes brjod pas byin phab pa'i ye shes pa de nyid brtan par byas nas/_sems la bde gsal mi rtog pa'i nyams gang 'char ba'i bde ba sprul sku/_gsal ba longs sku/_mi rtog pa chos sku/_dbyer med ngo bo nyid kyi sku ste bla ma sku bzhi'i ye shes gdod nas rang chas su bzhugs pa ngo shes pas/_de nyid mtshon pa'i mtshan ma'i dkyil 'khor du me tog 'dor ba 'di'i rjes zlos mdzod/_hoH_mtshan brgyad bla ma'i dkyil 'khor du/_/rin thang med pa'i me tog 'bul/_/tshe rabs sngon nas las kyi 'phro/_/gang sad de la 'bab par shog_/puSh+pe pU dza hoH_slar yang me tog de nyid slob dpon gyi phyag gis blangs te dbang rtags cod pan gyi tshul du spyi bor bcings pa'i mos pa mdzod/_kye ho sngon nas nyer bsgrubs pa'i/_/lhag pa'i lha yis legs bstsal ba'i/_/me tog phreng ba'i cod pan gyi/_/dbang bskur khyod la sbyin par bya/_/rdo rjes spyan dbye ba'i stangs ka dang bcas te/_hoH_ye shes lha tshogs mjal ba la/_/gegs byed ma rig mig dar 'di/_/bsal bas de ring yi dam lha/_/mngon sum mthong la spro dgas ltos/_/zhes pas ma rig pa'i ling tog dang mig dar lhan cig tu bsal bas/_thar pa chen po'i grong khyer gzhal med khang mtshan nyid thams cad yongs su rdzogs pa'i dbus su sna tshogs pad+ma 'dab ma brgyad pa'i lte bar mkha' 'gro man+dA ra ba rtsa gsum rgya mtsho'i sprin phung 'phro ba'i rten dang brten par bcas pa'i dkyil 'khor rnams mngon sum du mjal ba'i mos pa mdzod/_des 'jug pa'i chos rnams song nas zhugs nas mngon par dbang bskur ba'i slad du maN+Dal phul/_gsol ba 'debs pa 'di'i rjes zlos mdzod/_kye/_/dkyil 'khor rgya mtsho'i gtso khyod kyis/_/bdag cag bla ma'i dkyil 'khor du/_/rnam pa nyi shus byang chub pa'i/_/byin rlabs dbang bzhi bskur du gsol/_zhes gsol ba btab pas/_bla ma ye shes mkha' 'gro'i phyag na rnam par rgyal ba'i bum pa gu ru yab yum gyi byang sems kyis chus gang ba thogs te gnas bzhir bzhag pas bum pa la brten nas dbang bzhi yongs rdzogs su bskur ba'i mos pa mdzod/_hU~M:_bum pa spros bral zlum po 'di/_/phyi nang snod bcud lhun gyis grub/_/skye med byang chub sems kyi chus/_/sna tshogs ma rig dri ma 'khrud/_/chos sku spros bral bde chen chus/_/gzung 'dzin 'khor ba'i bag chag 'khrud/_/rang byung ye shes sems nyid chus/_/dug lnga rnam dag dbyings su 'khrud/_/nyon mongs dug lnga'i bag chag sbyangs/_/bum gsang shes rab ye shes kyi/_/dbang bzhi ma lus yongs rdzogs shog_/oM dz+nyA na DAk+ki ni man+dA ra hrIHma ha ri ni sa ra tsa hri ya sarba sid+d+hi pha la hU~M/_lan gsum brjod cing*/_spyi mgrin snying ga lte ba rnams su bzhag mthar bum chu sbyin/_de ltar bum pa spyi bor bzhag pa bum dbang*/_mgrin par bzhag pa gsang dbang*/_snying gar bzhag pa sher dbang*/_lte bar bzhag cing tshig gi sgo nas brda don ngo sprad pa dbang bzhi pa ste/_mdor na bum pa la brten pa'i dbang bzhi yongs su rdzogs pa thob pa yin no/__/snod pad+ma b+hany+dzar bcud chos sman sbyar ba'i bdud rtsi dang bla ma ye shes mkha' 'gro snyoms par zhugs pa'i kun+dA byang chub kyi sems ro gcig tu sbyar ba gnas bzhir bzhag cing sbyin te b+han+d+ha'i bdud rtsi la brten nas dbang bzhi yongs rdzogs su bskur ba'i mos pa mdzod/_hU~M:_thod pa zlum po chos nyid dbyings kyi ngang*/_/'chi med bdud rtsi'i chang gis rab tu bkang*/_/sha lnga bdud rtsi rigs lnga ye shes lnga/_/nyon mongs bdud 'joms rigs lnga sku lngar bskyed/_/gnyis med ngang du chos nyid rol par bskyed/_/ma bcos rang byung bde chen byang chub sems/_/chos nyid bdud rtsi rnam rtog bdud las rgyal/_/dbang bzhi ye shes rdzogs pa'i dbang thob shog_/oM dz+nyA na DAk+ki ni man+dA ra hrIHma ha ri ni sa ra tsa hri ya sarba sid+d+hi pha la hU~M/_sngags dang bcas te gnas bzhir bzhag cing bdud rtsi sbyin/_de ltar b+han+d+ha'i bdud rtsi gnas bzhir bzhag cing brda don ngo sprod pas/_b+han+d+ha zlum po la brten pa'i dbang bzhi rdzogs par thob pa yin no/__rten sin+d+hU ra'i me long dang bsten pa lha nyid sngags kyi gzugs su shar ba dang bcas pa gnas bzhir bzhag pas sin+d+hU ra'i maN+Dal la brten nas dbang bzhi yongs rdzogs su bskur ba'i mos pa mdzod/_hU~M:_me long zlum po chos sku dri ma med/_/dag cing gsal la rnyog pa med par dwangs/_/gzugs brnyan gsal la ngos bzung 'dzin pa bral/_/sems nyid rnam dag gsal la ma 'gag pa/_/gzung 'dzin mtshan ma'i dngos po'i yul las 'das/_/byang chub sems kyi cho 'phrul cir yang shar/_/gsal stong ma 'gag dbyings nas gsal 'grib med/_/dbang bzhi ye shes rdzogs pa'i dbang thob shog_/oM dz+nyA na DAk+ki ni man+dA ra hrIHma ha ri ni sa ra tsa hri ya sarba sid+d+hi pha la hU~M/_brjod cing me long gnas bzhir bzhag la sin+d+hU ras thig le bya/_de ltar sin+d+hU ra'i me long gnas bzhir bzhag cing thig le bkod pa dang brda don ngo sprad pas me long zlum po la brten pa'i dbang bzhi rdzogs par thob pa yin no/__gtor ma rin chen 'bar ba 'di nyid phyi ltar rin po che'i gzhal med khang mtshan nyid thams cad yongs su rdzogs pa'i dbus su/_nang ltar bla ma ye shes mkha' 'gro rtsa ba gsum gyi lha tshogs byin thibs se mngon sum du bzhugs pa gnas bzhir bzhag pas gtor ma la brten nas dbang bzhi yongs rdzogs su bskur ba'i mos pa mdzod/_hrIH_gtor snod b+han+d+ha'i gzhal yas chos kyi dbyings/_/gtor ma 'dod yon rnam lnga ye shes lnga/_/mkha' 'gro'i sku mchog bde chen 'du 'bral med/_/rnam dag bdud rtsi mkha' 'gro mchod pa'i rdzas/_/ma mo mkha' 'gro dbang du sdud pa dang*/_/phrin las rnam bzhis 'gro ba 'dul slad du/_/sprul pa mang po las la 'gyed pa'i phyir/_/dbang bzhi ye shes rdzogs pa'i dbang thob shog_/oM dz+nyA na DAk+ki ni man+dA ra hrIHma ha ri ni sa ra tsa hri ya sarba sid+d+hi pha la hU~M:_sngags bzla bzhin gnas bzhir bzhag cing mthar gtor zan kham gcig dngos grub kyi bdud rtsi sbyin/_de ltar gtor ma rin chen 'bar ba gnas bzhir bzhag cing dam rdzas dngos grub kyi tshul du sbyin pa dang*/_brda don ngo sprad pas gtor ma zlum po la brten pa'i dbang bzhi rdzogs par thob pa yin no/__de nas lha lcam ma'i phyag gi cang te'u dkrol bas/_slob dpon chen po mtsho rgyal dang bcas pa nam mkha' la bya 'phur ba bzhin byon/_gtso 'khor gsum gyi tshul du bzhugs pa la dpon slob kun gyis tshig bdun gsol 'debs kyis gsol ba btab pas/_bla ma za hor ma mtsho skyes rdo rje'i skur gyur/_mtsho rgyal lha lcam la thim/_yab yum snyoms par zhugs pa'i byang chub kyi sems dkar dmar smin mtshams yan gang ba'i bum dbang*/_mgrin pa yan gyi gsang dbang*/_snying ga yan gyi sher dbang*/_rkang mthil yan gyi tshig dbang thob par mos la bla ma yab yum ro gcig tu gyur/_slar yang lha lcam gyi rnam par gyur pa la shis pa brjod pa'i tshig dang me tog gi char bab pas dbang gi ye shes skyes brtan gong 'phel du gyur par mos shig_/ji ltar 'os pa'i shis brjod dang me tog gi char bsnyil rol mo rgyun ring du 'khrol bas dge legs su bya'o/__/de ltar dbang gi rgyud smin pas dbang srog rgyud la 'dzin pa dam tshig khas blang ba/_gtso bos ji ltar dang*/_maN+Dal/_lus 'bul/_dge bsngo bcas byas pas grub pa'o/__/'pho 'gyura~M mtshan meda~M ye shes dbyings kyi srog_/thega~M mcho~Mgalha sngags ting 'dzin gyis bsgrubs/_/thun mong mchog dngos 'dod dgu'i bstana~M pa~M yis/_/lung rtogs rgyala~M mtsha~Mn bsgreng ba'i nus thob shog_/rgyal yum man+dA ra ba mkha' 'gro'i snying bcud kyi sgrub thabs byin rlabs dang bcas pa'i le'u tshan no//__//

Footnotes

Other Information