JKCL-KABUM-11-DA-047

From Khyentse Lineage - A Tsadra Foundation Project
Revision as of 13:12, 13 January 2022 by Mort (talk | contribs)

JKCL-KABUM-11-DA-047

རྩ་གསུམ་གསོལ་མཆོད་རྡོ་རྗེའི་ཐོག་མདའ་མེ་རླུང་སྤུ་གྲི།
Wylie title rtsa gsum gsol mchod rdo rje'i thog mda' me rlung spu gri JKCL-KABUM-11-DA-047.pdf
Location chos kyi blo gros bka' 'bum
Volume 11, Text 47, Pages 261-268 (Folios 1a to 4b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rtsa gsum gsol mchod rdo rje'i thog mda' me rlung spu gri. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 261-268. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Colophon

།ཅེས་པའང་ཡུལ་གྱི་དགེ་མཚན་གཡང་དུ་འཁྱིལ་བས་ཡིད་ལྷུང་ཤིང་། གཡག་གི་ཟེ་བ་ནས་འོང་བའི་འགྱུར་བ་མེད་པའི་རང་སྒྲ་གྲགས་པའི་རྔ་ཡིས། ལྷ་རྫས་དང་། བཀྲ་ཤིས་དགེ་བའི་དོང་རྩེ་སྡེ་བཞིའི་གྲངས་ལྡན་བཅས་བསྐུལ་བ་ན་རྒྱལ་ཁམས་པ་པདྨའི་མིང་གིས་གཡོ་རུའི་ཆར་རིག་སྔགས་ཀྱིས་ཁྲ་ཡི་རྣམ་པ་དང་འབྲུག་གི་སྒྲ་ལྟར་གྲགས་པས་ས་འོག་ན་གནས་པ་ཕམ་པར་བྱེད་པའི་ཆོས་འཁོར་ཆེན་པོར་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པ་དོན་དང་ལྡན་པར་བླ་མ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བྱིན་གྱི་བརླབ་ཏུ་གསོལ། མངྒ་ལཾ། བི་ཛ་ཡནྟུ། ཤུ་བྷཾ།།

/ces pa'ang yul gyi dge mtshan g.yang du 'khyil bas yid lhung shing /__g.yag gi ze ba nas 'ong ba'i 'gyur ba med pa'i rang sgra grags pa'i rnga yis/__lha rdzas dang /__bkra shis dge ba'i dong rtse sde bzhi'i grangs ldan bcas bskul ba na rgyal khams pa pad+ma'i ming gis g.yo ru'i char rig sngags kyis khra yi rnam pa dang 'brug gi sgra ltar grags pas sa 'og na gnas pa pham par byed pa'i chos 'khor chen por bris pa shin tu dge zhing bkra shis pa don dang ldan par bla ma rtsa gsum rgyal ba rab 'byams kyis byin gyi brlab tu gsol/__mang+ga laM/__bi dza yan+tu/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྩ་གསུམ་གསོལ་མཆོད་རྡོ་རྗེའི་ཐོག་མདའ་མེ་རླུང་སྤུ་གྲི་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། སྒྲོལ་མཛད་རྡོ་རྗེ་དྲག་པོ་རྩལ། བྱིན་རླབས་ཐུགས་རྗེ་གློག་ལྟར་མྱུར། །སྤྲུལ་པ་བསམ་མི་ཁྱབ་པ་ལ། །གུས་པས་བཏུད་དོ་ཤིས་པ་སྩོལ། །དེ་ལ་འདིར་རྩ་གསུམ་ཐུགས་རྗེ་བསྐུལ་བའི་མཐུ་བྱིན་གྱིས་བསྟན་འགྲོའི་བདེ་སྐྱིད་ཀྱི་ཨུཏྤལ་རྙིང་པ། བྱིན་རླབས་བདུད་རྩིའི་གྲུ་ཆར་གྱིས་གསོ་བར་འདོད་པའི་གང་ཟག་ལས་ཅན་རྣམས་ཉ་སྟོང་དུས་དྲུག་རྣམས་སུ་ཚོགས་མཆོད་དང་འབྲེལ་བར་འདི་ལྟར་ཐུགས་དམ་བསྐུལ་ཞིང་གསོལ་བ་འདེབས་པ་དང་། མཆོད་ཅིང་བསྐུལ་བར་བྱ་སྟེ། ཀྱེ་ཀྱེ། རྗེ་བཙུན་བླ་མ་པདྨ་འབྱུང་། །མནྡ་ར་བ་མཚོ་རྒྱལ་དང་། །མཁན་ཆེན་ཁྲི་སྲོང་བཻ་རོ་སོགས། །རྗེ་འབངས་ལོ་པཎ་རིག་འཛིན་ཚོགས། །ཆོས་རྒྱལ་མེས་དབོན་ལ་སོགས་པ། །གདུང་བ་དྲག་པོས་གསོལ་བ་འདེབས། །པདྨ་འོད་ནས་ཐུགས་རྗེས་གཟིགས། །བོད་ཁམས་བསྟན་འགྲོ་བསྐྱབ་ཏུ་གསོལ། །སྔོན་གྱི་དམ་བཅས་རྗེས་དགོངས་ལ། །སྤྲུལ་པ་ཡང་སྤྲུལ་ཉི་རྡུལ་ལྟར། །སྤྲོས་པས་ལས་བཞིའི་ཕྲིན་ལས་མཛོད། །ཐུབ་བསྟན་མདོ་སྔགས་ཡོངས་རྫོགས་པའི། །ཉིན་བྱེད་འོད་ཟེར་སྟོང་འབར་བ། །བོད་དུ་དར་བ་གུ་རུའི་དྲིན། །ད་ལྟ་ཆུ་ལྷར་ཕྱོགས་ཉེ་འདིར། །ངེས་པར་ཐུགས་ཀྱི་དགོངས་མཛོད་ལ། །ཞི་དང་དབང་རྒྱས་ལས་རྣམས་ཀྱི། །གདུལ་བྱའི་ཡུལ་དུ་གྱུར་པ་རྣམས། །དེ་དང་དེ་ཡིས་འདུལ་དུ་གསོལ། །འཇམ་པོའི་ཡུལ་དུ་མ་གྱུར་པ། །འབྱུང་པོ་ལྟ་ལོག་གདུག་པ་ཅན། །ལྷ་མིན་སེམས་ལྡན་མ་རུངས་པ། །སྡེ་དང་བཅས་པའི་དཔུང་ཚོགས་རྣམས། །སྒྲོལ་མཛད་དྲག་ཤུལ་སྟོབས་ལྡན་པ། །རིག་འཛིན་རྡོ་རྗེ་དྲག་པོ་རྩལ། །འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད། །དམར་ནག་མེ་ཡི་ཕྲེང་བ་དང་། །དཔལ་ཆེན་མངོན་རྫོགས་ཧེ་རུ་ཀ །སྣང་སྲིད་མ་མོ་བྱེ་བའི་ཚོགས། །དུས་ཀྱི་དགྲ་ཆེན་གཤིན་རྗེ་གཤེད། །འཁོར་འདས་ཟིལ་གནོན་འཇིགས་པར་བྱེད། །ཁྲོ་ཆུ་དུག་གི་སྡོང་པོ་དང་། །འཇོམས་བྱེད་འཆར་ཀ་ནག་པོ་སོགས། །བདུད་དང་དམ་སྲིའི་སྟོབས་འཇོམས་པ། །ཕྲིན་ལས་རྩལ་རྫོགས་ཀཱི་ལ་ཡ། །རིགས་ལྔ་ཁྲོ་བཅུ་ཕྲ་ཕྱག་དང་། །སྒོ་མ་ཕུར་སྲུངས་དམ་ཅན་མ། །དབང་ཕྱུག་དགེ་བསྙེན་གིང་ལངྐ། །སྒྲུབ་པ་ཆེན་པོ་བཀའ་བརྒྱད་དང་། །བཀའ་འདུས་དཔལ་ཆེན་དཀྱིལ་འཁོར་གཙོ། །གནས་ཡུལ་དཔའ་བོ་མཁའ་འགྲོ་དང་། །རྒྱུད་གསུམ་ཆོས་སྐྱོང་དྲེགས་པའི་ཚོགས། །ནོར་ལྷ་གཏེར་དང་གཞི་ཡི་བདག །མགུལ་ལྷ་བརྟན་མ་ལ་སོགས་པ། །དཀར་ཕྱོགས་སྐྱོང་བའི་ཟོ་དོར་རྣམས། །མ་གཡེལ་མ་གཡེལ་ཐུགས་རྗེས་དགོངས། །རྫུ་འཕྲུལ་སྟོབས་ཀྱིས་ཤུགས་བསྐྱེད་ལ། །བདུད་ཀྱི་སྡེ་ཚོགས་བསྒྲལ་དུ་གསོལ། །ཀྱཻ། ལྷ་ཆེན་མགོན་པོ་ཚོགས་ཀྱི་བདག །དགྲ་བླ་དྲེགས་ཆེན་བཅུ་གསུམ་དང་། །དགྲ་བླའི་དྭ་མ་ཆེ་དགུའི་ཚོགས། །ལྷ་སྲིན་སྡེ་བརྒྱད་དམག་ཚོགས་ནི། །བྱེ་བ་དུང་ཕྱུང་བསམ་མི་ཁྱབ། །ཀི་བསྭོ་ཆ་སྒྲ་དི་རི་རི། །མཚོན་ཆའི་འཁྲུལ་འཁོར་ཟངས་སེ་ཟང་། །རུ་མཚོན་མང་པོ་སྤྲིན་ལྟར་གཏིབས། །རྔམས་པའི་སྒྲ་ཆེན་འབྲུག་སྟོང་ལྡིར། །ཉམས་པའི་སྙིང་ལ་མདུང་གིས་གཟིར། །རལ་གྲི་འབར་བས་མགོ་བོ་འབྲེགས། །ལྷ་མིན་འབྱུང་པོའི་སྙིང་ཁྲག་ནི། །ཞམ་ཆུ་ལྟར་འབབ་ཤ་རུས་ཀྱི། །དུར་ཁྲོད་ཆེན་པོ་འཇིགས་རུང་བ། །དྲག་པོའི་ལྷ་ཚོགས་དགྱེས་བྱེད་བསྐྲུན། །མ་མོ་སྲིན་པོ་གཤེན་རྗེའི་ཚོགས། །འདུས་ཤིག་འདུས་ཤིག་དགྱེས་པར་རོལ། །ཀྱཻ། །རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི། །སྙིགས་དུས་ཕྲིན་ལས་བྱེད་པའི་མགོན། །སྐུ་རྗེ་གེ་སར་རྒྱལ་པོ་ནི། །དགྲ་བླ་ཝེར་མའི་དམག་ཚོགས་དང་། །ཕུ་ནུ་དཔའ་ཐུལ་ཡང་ཐུལ་ཚོགས། །ཀུན་ཀྱང་གོ་ཁྲབ་བརྗིད་པར་བགོས། །རལ་གྲི་མདུང་དང་མདའ་བོ་ཆེས། །ལྷ་མིན་དམག་ཚོགས་ཐལ་བར་བརླགས། །ལྷ་ཡི་རྒྱལ་མཚན་སྲིད་རྩེར་སྒྲེངས། །བཀྲ་ཤིས་དུང་སྒྲས་ས་གསུམ་ཁྱབ། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཀྱཻ། །དེ་ལྟར་ཐུགས་དམ་བསྐུལ་བ་ན། །ཡེ་ཤེས་སྙན་གྱིས་གསན་པར་མཛོད། །སེམས་ཅན་ལས་ངན་དབང་མ་གཏོང་། །སངས་རྒྱས་བསྟན་པ་རིན་ཆེན་འདི། །རང་གི་ངོ་བོ་ཉིད་ཀྱིས་ནི། །ལས་ཀྱི་འཕེན་པ་རག་མི་ལས། །ཟག་པ་ཟད་པའི་དཀོན་མཆོག་གསུམ། །སྟོབས་བཅུའི་དབང་ཕྱུག་སྟོབས་ཀྱི་མཆོག །བདུད་ཀྱི་དགྲ་ཆེན་ཡིན་པའི་ཕྱིར། །ཇི་མི་སྙམ་དུ་བཞུགས་མི་རིགས། །བཏང་སྙོམས་ངང་དུ་བཞུགས་སྲིད་ན། །རྒྱལ་བ་དགྲ་རྒྱལ་རྫུན་དུ་ཐལ། །སྲིད་ཞིའི་ཁམས་ན་འཇིགས་མེད་ཅེས། །བདེན་པའི་ཚིག་གི་སྒྲ་བསྒྲགས་པ། །དོན་མེད་ཉིད་དུ་ཐལ་འགྱུར་རམ། །དེས་ན་ལྔ་བདོའི་རྒུད་མནར་གྱི། །སེམས་ཅན་སྤྱི་དང་ཁྱད་པར་དུ། །འཛམ་གླིང་འགྲོ་བ་མཐའ་དག་དང་། །ཡང་དགོས་གངས་རིའི་ལྗོངས་འདི་ཡི། །བསྟན་དང་འགྲོ་ལ་བརྩེ་བས་དགོངས། །བྱམས་པའི་ཕྱག་གིས་ཉུག་མཛོད་ལ། །རྡོ་རྗེའི་མཁར་དུ་ཚུད་པར་མཛོད། །ཕ་རོལ་ལོག་པའི་སེམས་འཆང་སྡེ། །འབར་བའི་འཁོར་ལོའི་རྩེར་བསྐྱོན་ནས། །ལུས་ནི་ཕྱེ་མར་འཐག་པ་དང་། །རྩ་སྦུར་མེས་བཞིན་བསྲེགས་པར་མཛོད། །སེམས་ནི་ཆོས་ཀྱི་དབྱིངས་སུ་དྲོངས། །བདུད་ཀྱི་གྲོང་ཁྱེར་རྨངས་ནས་བཤིག །ལས་ངན་སྦྱོར་བ་རྒྱུན་ཆོད་ཅིག །སངས་རྒྱས་བསྟན་ལ་སྡང་བ་དང་། །སེམས་ཅན་བདེ་སྐྱིད་རྩད་ནས་འཕྲོག །གཡོ་སྒྱུའི་དྲྭ་བར་ཞུགས་པ་རྣམས། །འཇོམས་བྱེད་ཁྲོ་ཆེན་ཚོགས་རྣམས་ཀྱི། །མ་ཐོགས་མྱུར་བ་ཉིད་དུ་སྒྲོལ། །ལོ་དང་ཟླ་བར་མ་འགྱངས་བར། །སྐད་ཅིག་ཉིད་ལ་རྡུལ་དུ་རློགས། །འབྱུང་པོས་བརྩམས་པ་ཐམས་ཅད་རྣམས། །འབྲས་མེད་ནང་དབྱིན་སྦྱོོར་བས་བཤིག །རང་བྱས་མཚོན་ཆ་རང་འཁོར་གྱི། །དྲག་པོའི་ཕྲིན་ལས་མཛད་དུ་གསོལ། །བདག་གཞན་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་ཚོགས་དང་བཅས་པ། །ཁྱོད་རྣམས་ལ་འབུལ་བཞེས་སུ་གསོལ། །ཁྱོད་ཀྱི་བྲན་དང་འབངས་སུ་མཆི། །སྐྱབས་གནས་གཞན་ན་མ་མཆིས་པས། །དེ་རིང་ཉིད་ནས་བསྐྱབ་ཏུ་གསོལ། །སྡུག་བསྔལ་མེ་མདག་བྱིངས་བ་རྣམས། །ཐུགས་རྗེའི་ཤུགས་ཀྱིས་བསྒྲལ་བར་མཛོད། །ཀྱེ་མ་མགོན་པོ་ཐུགས་རྗེ་ཅན། །ཡལ་ཡོལ་དབྲི་བཀོལ་མ་མཛད་པར། །བོད་འབངས་འགྲོ་ལ་ལྷག་པར་གཟིགས། །བདེན་དོན་མངོན་སུམ་སྟོན་པར་མཛོད། །ཕྱི་མར་དུས་སུ་མི་འདེབས་པ། །མཐོང་བའི་ཆོས་ལ་མངོན་གྱུར་ནས། །འཛམ་གླིང་སྐྱིད་པའི་ཉི་མ་འཆར། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །རྒྱལ་བསྟན་རིས་མེད་འབར་གྱུར་ཅིག །ཅེས་སྙིང་ཐག་པ་ནས་གདུང་བའི་གླུས་བསྐུལ་ཞིང་གསོལ་འདེབས་མཆོད་འབུལ་ལ་བརྩོན་པར་བྱའོ། །ཅེས་པའང་ཡུལ་གྱི་དགེ་མཚན་གཡང་དུ་འཁྱིལ་བས་ཡིད་ལྷུང་ཤིང་། གཡག་གི་ཟེ་བ་ནས་འོང་བའི་འགྱུར་བ་མེད་པའི་རང་སྒྲ་གྲགས་པའི་རྔ་ཡིས། ལྷ་རྫས་དང་། བཀྲ་ཤིས་དགེ་བའི་དོང་རྩེ་སྡེ་བཞིའི་གྲངས་ལྡན་བཅས་བསྐུལ་བ་ན་རྒྱལ་ཁམས་པ་པདྨའི་མིང་གིས་གཡོ་རུའི་ཆར་རིག་སྔགས་ཀྱིས་ཁྲ་ཡི་རྣམ་པ་དང་འབྲུག་གི་སྒྲ་ལྟར་གྲགས་པས་ས་འོག་ན་གནས་པ་ཕམ་པར་བྱེད་པའི་ཆོས་འཁོར་ཆེན་པོར་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པ་དོན་དང་ལྡན་པར་བླ་མ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བྱིན་གྱི་བརླབ་ཏུ་གསོལ། མངྒ་ལཾ། བི་ཛ་ཡནྟུ། ཤུ་བྷཾ།། །།
[edit]

@#/__/rtsa gsum gsol mchod rdo rje'i thog mda' me rlung spu gri zhes bya ba bzhugs so/__/ oM swasti/__sgrol mdzad rdo rje drag po rtsal/__byin rlabs thugs rje glog ltar myur/__/sprul pa bsam mi khyab pa la/__/gus pas btud do shis pa stsol/__/de la 'dir rtsa gsum thugs rje bskul ba'i mthu byin gyis bstan 'gro'i bde skyid kyi ut+pal rnying pa/__byin rlabs bdud rtsi'i gru char gyis gso bar 'dod pa'i gang zag las can rnams nya stong dus drug rnams su tshogs mchod dang 'brel bar 'di ltar thugs dam bskul zhing gsol ba 'debs pa dang /__mchod cing bskul bar bya ste/__kye kye/__rje btsun bla ma pad+ma 'byung /__/man+da ra ba mtsho rgyal dang /__/mkhan chen khri srong bai ro sogs/__/rje 'bangs lo paN rig 'dzin tshogs/__/chos rgyal mes dbon la sogs pa/__/gdung ba drag pos gsol ba 'debs/__/pad+ma 'od nas thugs rjes gzigs/__/bod khams bstan 'gro bskyab tu gsol/__/sngon gyi dam bcas rjes dgongs la/__/sprul pa yang sprul nyi rdul ltar/__/spros pas las bzhi'i phrin las mdzod/__/thub bstan mdo sngags yongs rdzogs pa'i/__/nyin byed 'od zer stong 'bar ba/__/bod du dar ba gu ru'i drin/__/da lta chu lhar phyogs nye 'dir/__/nges par thugs kyi dgongs mdzod la/__/zhi dang dbang rgyas las rnams kyi/__/gdul bya'i yul du gyur pa rnams/__/de dang de yis 'dul du gsol/__/'jam po'i yul du ma gyur pa/__/'byung po lta log gdug pa can/__/lha min sems ldan ma rungs pa/__/sde dang bcas pa'i dpung tshogs rnams/__/sgrol mdzad drag shul stobs ldan pa/__/rig 'dzin rdo rje drag po rtsal/__/'chol ba'i khro rgyal gro bo lod/__/dmar nag me yi phreng ba dang /__/dpal chen mngon rdzogs he ru ka__/snang srid ma mo bye ba'i tshogs/__/dus kyi dgra chen gshin rje gshed/__/'khor 'das zil gnon 'jigs par byed/__/khro chu dug gi sdong po dang /__/'joms byed 'char ka nag po sogs/__/bdud dang dam sri'i stobs 'joms pa/__/phrin las rtsal rdzogs kI la ya/__/rigs lnga khro bcu phra phyag dang /__/sgo ma phur srungs dam can ma/__/dbang phyug dge bsnyen ging lang+ka/__/sgrub pa chen po bka' brgyad dang /__/bka' 'dus dpal chen dkyil 'khor gtso/__/gnas yul dpa' bo mkha' 'gro dang /__/rgyud gsum chos skyong dregs pa'i tshogs/__/nor lha gter dang gzhi yi bdag__/mgul lha brtan ma la sogs pa/__/dkar phyogs skyong ba'i zo dor rnams/__/ma g.yel ma g.yel thugs rjes dgongs/__/rdzu 'phrul stobs kyis shugs bskyed la/__/bdud kyi sde tshogs bsgral du gsol/__/kyai/__lha chen mgon po tshogs kyi bdag__/dgra bla dregs chen bcu gsum dang /__/dgra bla'i dwa ma che dgu'i tshogs/__/lha srin sde brgyad dmag tshogs ni/__/bye ba dung phyung bsam mi khyab/__/ki bswo cha sgra di ri ri/__/mtshon cha'i 'khrul 'khor zangs se zang /__/ru mtshon mang po sprin ltar gtibs/__/rngams pa'i sgra chen 'brug stong ldir/__/nyams pa'i snying la mdung gis gzir/__/ral gri 'bar bas mgo bo 'bregs/__/lha min 'byung po'i snying khrag ni/__/zham chu ltar 'bab sha rus kyi/__/dur khrod chen po 'jigs rung ba/__/drag po'i lha tshogs dgyes byed bskrun/__/ma mo srin po gshen rje'i tshogs/__/'dus shig 'dus shig dgyes par rol/__/kyai/__/rtsa gsum rgyal ba rab 'byams kyi/__/snyigs dus phrin las byed pa'i mgon/__/sku rje ge sar rgyal po ni/__/dgra bla wer ma'i dmag tshogs dang /__/phu nu dpa' thul yang thul tshogs/__/kun kyang go khrab brjid par bgos/__/ral gri mdung dang mda' bo ches/__/lha min dmag tshogs thal bar brlags/__/lha yi rgyal mtshan srid rtser sgrengs/__/bkra shis dung sgras sa gsum khyab/__/phyogs las rnam par rgyal gyur cig__/kyai/__/de ltar thugs dam bskul ba na/__/ye shes snyan gyis gsan par mdzod/__/sems can las ngan dbang ma gtong /__/sangs rgyas bstan pa rin chen 'di/__/rang gi ngo bo nyid kyis ni/__/las kyi 'phen pa rag mi las/__/zag pa zad pa'i dkon mchog gsum/__/stobs bcu'i dbang phyug stobs kyi mchog__/bdud kyi dgra chen yin pa'i phyir/__/ji mi snyam du bzhugs mi rigs/__/btang snyoms ngang du bzhugs srid na/__/rgyal ba dgra rgyal rdzun du thal/__/srid zhi'i khams na 'jigs med ces/__/bden pa'i tshig gi sgra bsgrags pa/__/don med nyid du thal 'gyur ram/__/des na lnga bdo'i rgud mnar gyi/__/sems can spyi dang khyad par du/__/'dzam gling 'gro ba mtha' dag dang /__/yang dgos gangs ri'i ljongs 'di yi/__/bstan dang 'gro la brtse bas dgongs/__/byams pa'i phyag gis nyug mdzod la/__/rdo rje'i mkhar du tshud par mdzod/__/pha rol log pa'i sems 'chang sde/__/'bar ba'i 'khor lo'i rtser bskyon nas/__/lus ni phye mar 'thag pa dang /__/rtsa sbur mes bzhin bsregs par mdzod/__/sems ni chos kyi dbyings su drongs/__/bdud kyi grong khyer rmangs nas bshig__/las ngan sbyor ba rgyun chod cig__/sangs rgyas bstan la sdang ba dang /__/sems can bde skyid rtsad nas 'phrog__/g.yo sgyu'i drwa bar zhugs pa rnams/__/'joms byed khro chen tshogs rnams kyi/__/ma thogs myur ba nyid du sgrol/__/lo dang zla bar ma 'gyangs bar/__/skad cig nyid la rdul du rlogs/__/'byung pos brtsams pa thams cad rnams/__/'bras med nang dbyin sbyo+or bas bshig__/rang byas mtshon cha rang 'khor gyi/__/drag po'i phrin las mdzad du gsol/__/bdag gzhan lus dang longs spyod dang /__/dus gsum dge tshogs dang bcas pa/__/khyod rnams la 'bul bzhes su gsol/__/khyod kyi bran dang 'bangs su mchi/__/skyabs gnas gzhan na ma mchis pas/__/de ring nyid nas bskyab tu gsol/__/sdug bsngal me mdag byings ba rnams/__/thugs rje'i shugs kyis bsgral bar mdzod/__/kye ma mgon po thugs rje can/__/yal yol dbri bkol ma mdzad par/__/bod 'bangs 'gro la lhag par gzigs/__/bden don mngon sum ston par mdzod/__/phyi mar dus su mi 'debs pa/__/mthong ba'i chos la mngon gyur nas/__/'dzam gling skyid pa'i nyi ma 'char/__/byang phyogs kha ba can gyi ljongs/__/rgyal bstan ris med 'bar gyur cig__/ces snying thag pa nas gdung ba'i glus bskul zhing gsol 'debs mchod 'bul la brtson par bya'o/__/ces pa'ang yul gyi dge mtshan g.yang du 'khyil bas yid lhung shing /__g.yag gi ze ba nas 'ong ba'i 'gyur ba med pa'i rang sgra grags pa'i rnga yis/__lha rdzas dang /__bkra shis dge ba'i dong rtse sde bzhi'i grangs ldan bcas bskul ba na rgyal khams pa pad+ma'i ming gis g.yo ru'i char rig sngags kyis khra yi rnam pa dang 'brug gi sgra ltar grags pas sa 'og na gnas pa pham par byed pa'i chos 'khor chen por bris pa shin tu dge zhing bkra shis pa don dang ldan par bla ma rtsa gsum rgyal ba rab 'byams kyis byin gyi brlab tu gsol/__mang+ga laM/__bi dza yan+tu/__shu b+haM//__//

Footnotes

Other Information