JKCL-KABUM-05-CA-012

From Khyentse Lineage - A Tsadra Foundation Project
Revision as of 13:13, 8 December 2021 by Mort (talk | contribs)

ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་རིལ་སྒྲུབ་དང་འབྲེལ་བའི་ཟིན་བྲིས་གཞན་ཕན་བདེ་འཇུག།
Wylie title thugs rje chen po ngan song rang grol gyi ril sgrub dang 'brel ba'i zin bris gzhan phan bde 'jug JKCL-KABUM-05-CA-012.pdf
Location chos kyi blo gros bka' 'bum
Volume 5, Text 12, Pages 197-208 (Folios 1a1 to 6b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇའ་ཚོན་སྙིང་པོ་ ('ja' tshon snying po)
Citation 'jam dbyangs mkhyen brtse chos kyi blo gros. thugs rje chen po ngan song rang grol gyi ril sgrub dang 'brel ba'i zin bris gzhan phan bde 'jug. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 197-208. Bir, H.P.: Khyentse Labrang, 2012.
Genre Medicinal Pills - Making and Activating Practices - sman sgrub  ·  Notes - zin bris
Cycle ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ (thugs rje chen po ngan song rang grol)
Deity thugs rje chen po
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེའོ།

/ces pa'ang chos kyi blo gros pas bris pa'o/__/dge'o/

1 Texts in this Section (sde tshan or chos tshan)

[edit]
༄༅། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་རིལ་སྒྲུབ་དང་འབྲེལ་བའི་ཟིན་བྲིས་གཞན་ཕན་བདེ་འཇུག་ཅེས་བྱ་བ་བཞུགས་སོ། ། ན་མོ་ལོ་ཀི་ཤྭ་རཱ་ཡ། གང་མཚན་ལན་གཅིག་དྲན་པ་ཡིས། །ངན་སོང་འཇིག་ལས་སྐྱོབ་མཛད་པ། །བླ་མ་ཐུགས་རྗེ་ཆེན་པོ་ཡིས། །ཞབས་ལ་བརྟེན་ནས་ཟིན་བྲིས་དབྱེ། །དེ་ལ་འཇའ་ཚོན་ཐུགས་ཆེན་ངན་སོང་རང་གྲོལ་རིལ་བུ་སྒྲུབ་པ་སྒྲུབ་ཆེན་དང་འབྲེལ་ན། གཞི་ཞི་ཁྲོའི་སྒྲུབ་ཁོག་ལྟར་ལ། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས། ཨོཾ་མ་ཎི་པདྨེ་ཧཱུྃ༔རང་བྱུང་འགྱུར་མེད་སོགས་ནས་སྐྱབས་སེམས་རང་གཞུང་ལྟར། རང་གི་སྙིང་གར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོའི་འོད་ཟེར་གྱིས་སྣང་བས་སོགས་ནས་སྐྱབས་ཡུལ་རྣམས་ཀྱང་མི་དམིགས་པར་བསམ་པ་གྲུབ་རྗེས། མཆོད་རྫས་བྱིན་བརླབས། ཨོཾ་པདྨཱནྟ་ཀྲིད་ཧཱུྃ། གིས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི་སྣོད་སོ་སོར་སོགས་ནས། ཤབྡ་ཨཱཿཧཱུྃ་བར་དང་། མངོན་རྟོགས། ཨོཾ་སྭཱ་བྷཱ་ཝས་སྦྱངས། ཕྱི་ནང་གི་ཆོས་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་བཞིན་ལྷུན་གྱིས་གྲུབ་པའི་སོགས་ནས། པདྨ་སྟོང་ལྡན་གྱི་དབུས་སུ་ཨོཾ་བཛྲ་རཏྣ་རཀྵི་སོགས་ནས་གཙོ་རྐྱང་གི་དར་ཤམ་ཐབས་དཀྲིས་པ་ནི་ཆོས་ཀྱི་ངོ་ཚ་དང་ལྡན་པའོ། །ལྷ་དེ་རྣམས་ཀྱི་སྤྱི་བོར་ཨོཾ་སོགས་ནས། སྤྱན་འདྲེན། ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ཨོཾ་མ་ཎི་པདྨེ་ཨྱེ་ཧི་ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན༔ཨཏྨ་ནཾ་ནིཪྻ་མི༔ཨོཾ་སརྦ་པུ་ཛ་མེ་ག་ཧཱུྃ༔ས་མ་ཡ་ཏིཥྛ་ལྷན༔ཨོཾ་ཧཱུྃ་སྭཱ་ཨཾ་ཧ་ཨ་བྷི་ཥིཉྩ་ཨཱཿཀ་ཡ་ཝཀྐ་ཙིཏྟ་སིདྡྷི༔ཧྲཱིཿམཆོད་ཡོན་ཞབས་བསིལ་སོགས་ཤྭ་ལོ་ཀ་དང་སྔགས་བཅས་ཤབྡ་སརྦ་པུ་ཛ་མེ་གྷ་ཧཱུྃ༔སངས་རྒྱས་ཀུན་གྱི་རབ་ཏུ་བསྔགས༔སོགས་ཤློ་ཀ་གཉིས་ཀྱིས་བསྟོད། བཟླས་པ་གྲུབ་རྗེས། བདག་བསྐྱེད་དམ་ཚིག་གི་འཁོར་ལོ་སོགས་ནས། འབྲུ་གསུམ་གྱིས་མཚན་པར་གྱུར༔ཀྱི་བསྡུ་ལྡང་བྱ། དཀར་གཏོར་ཕྱི་སྒྲུབ་རང་གཞུང་། རྃ་ཡྃ་ཁྃཿགིས་སྦྱངས། ཐམས་ཅད་སྟོང་ཉིད་སོགས་དང་། བཀྲ་ཤིས་མི་ཟད་ཆུ་ཡི་རྒྱུན་རྩོལ་ཅིག༔བར་དང་། བགེགས་གཏོར་རང་གཞུང་གི། རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་སོགས་ནས། མ་ར་ཡ་རྦད་ནན་ཟློག་ཅིག །བར་ལ་ཐོ་འགོད་པ་ནི་སྒྲུབ་ཁོག་ལྟར། བསངས་སྦྱངས། ཐམས་ཅད་སྟོང་ཉིད་སོགས་ནས། བཱཻ་ཤྲ་མ་ཎ་ཡ་སྭཱ་ཧཱ༔ཏིཥྛ་བཛྲཿབར་དང་། དམ་སྲི་མནན་པ་ནི་ཞི་ཁྲོའི་བསྐུལ་དོར་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧཱུྃ་རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་༔བདེ་གཤེགས་ཞི་ཁྲོ་རབ་འབྱམས་རྩ་གསུམ་ལྷ༔ཁྱད་པར་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔གསེར་སྐྱེམས་སོགས་ནས། བདེན་ཚིག་སྐབས། ཁྱད་པར་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཞེས་ཚིག་ཕྲད་བསྒྱུར། སྒོ་བྱང་ཕྱི་ནང་གི་མཇུག །སྒྲུབ་པའི་ཕྲིན་ལས་མྱུར་དུ་རྩོལ་ཅིག༔བར་དང་། མ་ཊཾ་བསྒྲལ་ཆོག་དོར། ཁྲོ་བཅུའི་ཕུར་གདབ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་འཕྲོས། སོགས་ནས། སྲུང་བའི་འཁོར་ལོ་འཁྲིགས་པའི་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར། ཅེས་དང་། བསྲུང་འཁོར་ཕྱིར་སྒྲུབ་རང་གཞུང་ལྟར། ཧྲཱིཿརང་ཉིད་དབང་ཆེན་སྐུར་གསལ་སོགས་ནས། རཀྵ་རཀྵ་ཧཱུྃ༔བར་དང་ཆགས་ཆགས་གདབ་པའི་སྒྲུབ་ཁོག་དཀྱུས་ལྟར། ཧཱུྃ༔བླ་མེད་གསང་བ་སོགས་ནས། ཨོཾ་མ་ཧཱ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔བར་ལ་ལྷ་སྟ་གོན་ལ་ཡིག་དྲུག་བརྗོད་བཞིན་མངོན་རྟོགས་དང་མཐུན་པར་དྲིའི་ཐིག་ལེ་དང་ཚོམ་བུ་བཀོད། མཆོད་པ་བྱིན་རླབས། ཨོཾ་པདྨནྟ་ཀྲིད་སོགས་ནས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་སོ་སོར་སོགས་ནས། ཤབྡའི་བར་དང་མངོན་རྟོགས། སྭཱ་བྷཱ་ཝས་སྦྱངས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་སོགས་ནས་ལྷ་བསྐྱེད་སྐབས། ཨོཾ་མ་ཎི་པདྨེ་ཧཱུྃ༔འཕགས་པ་ནམ་མཁའི་རྒྱལ་པོ་ཀྲོང་ངེ་གྱུར་པ་ནི་སོགས་ནས་སྤྱན་འདྲེན་མཆོད་བསྟོད་སོགས་ལས་བྱང་དཀྱུས་ལྟར་ལ། མཆོད་ཅིང་གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔བར་བཏང་། སྙན་གསན་དབབ་པ་སྒྲུབ་ཁོག་ལྟར། ཧོཿདུས་གསུམ་བླ་མ་སོགས་ནས། སྟ་གོན་ལ་ནི་གནས་པར་མཛོད། ལན་གསུམ་དང་། བུམ་པ་སྟ་གོན་ལ་རྣམ་བུམ་ལ་མགུལ་ཆིང་དཀར་པོ་དང་། ལས་བུམ་ལ་དམར་པོའི་བཅིང་། དུང་ཆོས་གཟུང་རྡོར་སོགས་ཀྱིས་བརྒྱན། མཆོད་པ་བྱིན་རླབས་ལས་བྱང་དཀྱུས་ལྟར། ཨོཾ་པདྨན་ཏ་ཀྲིད༴སྭཱ་བྷཱ་ཝཱས་སྦྱངས། སྟོང་པའི་ངང་ལས་སོགས་ནས། ཤབྡའི་བར་དང་བུམ་པ་རྟ་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་མེད་ཁང་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པདྨ་སྟོང་ལྡན་གྱི་ལྟེ་བར་པདྨ་འདབ་བཞི་དང་། དེ་ཡི་ཕྱི་རིམ་ལས་པད་འདབ་བཅུ་གཉིས་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་རེ༔བར་ཁྱམས་དང་སྒོ་བཞི་ལ་པད་འདབ་ཀྱི་གདན་རྣམས་གྱུར༔དེའི་དབུས་སུ་རིན་པོ་ཆེའི་གསེར་གྱི་ས་གཞི་དང་པད་ཟླ་ཉི་མའི་གདན་ལ། འཕགས་པ་ནམ་མཁའི་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་སོགས་ནས་ཕྱག་སྟོང་དང་རྩ་གཉིས་ནི་མཆོད་སྦྱིན་གྱི་ཕྱག་རྒྱ་མཛད་པའོ༔དེའི་མདུན་དུ་ཧྲཱིཿལས་ལྷ་མོ་ཡི་གེ་དྲུག་མ་སོགས་ནས། སྤྱན་འདྲེན་རྫོགས་ཀྱི་བར་ལས་བྱང་ལྟར་ལ། དེ་ཕྱིན་ཐམས་ཅད་གོང་གི་བདག་བསྐྱེད་ལྟར་རོ། །བཟླས་པའི་སྐབས། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སོགས་ལས་གཞུང་ལྟར་གཟུངས་རིང་ཡིག་དྲུག་བཟླས་པ་དང་འོད་ཞུ། བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་བར་བཏང་། ལས་བུམ་སྒྲུབ་པ་གནས་འདྲེན་ལྟར། ལས་བུམ་ནང་དུ་པད་ཉིའི་སྟེང་༔རྟ་མགྲིན་དམར་པོ་བེ་ཅོན་དང་༔སོགས་ནས། ཕཊཿབར། ཅེས་ཅི་ནུས་བཟླ། མཐར་སྔགས་བཟླས་པའི་ཡུངས་ཀར་བླུགས་ལ། ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཐབ་མ་རྫོགས་ཀྱི་བར་དུ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྲུང་ཤིག་ཅེས་ཕྲིན་ལས་བཅོལ། རྒྱན་བཀོད་ལ་ལྡིང་ཁྲི་གོང་མར་དཀྱིལ་ཐང་། དེའི་སྟེང་དུ་མཉྫུའི་ཁར་མྱོང་གྲོལ་རིལ་བུ་དབུ་རྒྱན་ཅན། མདུན་དུ་གཙོ་བུམ་ཁ་རྒྱན་ཅན་གྱི་གསེབ་ཏུ་སེང་ལྡེང་གི་ཕུར་བུ་སོར་བཞི་པ་རྟ་སྔགས་བྲིས་པ། ཤར་དུ་སྐུ་ཙཀ་མེ་ལོང་། ལྷོར་དབུ་རྒྱན། ནུབ་ཏུ་ཐོད་པ་བདུད་རྩིས་བཀང་བ་ཁ་ཆོད་མེ་ལོང་སིནྡྷཱུ་རས་བྱུག་པར་ཆོས་འབྱུང་བྲིས་པའི་ཁར་གསང་དབང་གི་རྫས་བྱང་སེམས་དཀར་དམར་ཅུ་གང་བུ་རམ་རྣམས་སྦྱར་བའི་རིལ་བུ། བྱང་དུ་རྡོ་རྗེ་དྲིལ་བུ། མཚམས་སུ་ཡི་གེ་དྲུག་མའི་འབྲུ་ཐ་དད་བྲིས་པའི་ཙཀླི། ཤེལ་ཕྲེང་། ཆོས་དབྱུག་སྦ་དཀར་ཚིག་གསུམ་རྣམས་བཤམས། གང་དུ་ལྡིང་ཁྲི་གོང་མར་སྐུ་གསུང་ཐུགས་ཀྱི་རྟེན་དང་། ཟླུམ་གཏོར་རྒྱན་སྤྲོས་ཅན་རྣམས་བཤམ། ལས་བུམ་ཁ་རྒྱན་ལ་རྟ་མགྲིན་གྱི་སྐུའམ་ཧྲཱིཿདམར་བྲིས་ལ་ཤར་སྒོ་བཞག །དཀྱིལ་འཁོར་གྱི་མདུན་དུ་ཟླུམ་གཏོར་དཀར་པོ་ཁ་ཟས་བཟང་དགུའི་བརྒྱན་པ་དང་གཏེར་སྲུང་གཏོར་མ་སྨན་བཤོས་དཀར་པོ་གཙོ་འཁོར་ལྔ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམས་དང་ཕྲེང་ཚར་གྲངས་མངས། གདུགས། འཕན། རྒྱལ་མཚན། རལ་གྲི། མདའ། མེ་ལོང་སྒྲུབ་ཁོག་ལྟར་དང་། ཉིན་བཞིན་འབུལ་རྒྱུའི་ཆ་གསུམ་གྱི་གཏོར་མ་རིན་པོ་ཆེའི་སྣོད་ལ་སོགས་པ། གསུམ་གྱི་དང་པོ་གཉིས་སུ་ཕྱོགས་སྐྱོང་དང་འབྱུང་པོ་སྤྱིའི་གཏོར་མ་ཟླུམ་པོ་ཐེབ་སྐྱུ་ཅན་འབྲས་ཆན་ལ་ཕུག་སོགས་ཀྱིས་སྦགས་པ་རྣམས་གྲལ་རིམ་གྱིས་བཤམས། དཀར་མངར་གྱི་ཚོགས་རྫས་རྣམས་ཚོགས་པར་བྱ། ཉུ་ལེའི་ལིང་ག་ཐུན་རྫས་དང་བཅས་པ་འདུ་བྱ་བ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་འཇོག །རྒྱན་བཀོད་ལ་ཚིག་བདུན་གསོལ་འདེབས་ལན་གསུམ་དང་། མ་ཎིའི་ཛབ྄་དབྱངས་ལན་གསུམ་སྔོན་དུ་འགྲོ་བས། ཧཱུྃ༔ཆོས་སྐུ་སྐྱེ་མེད་ཕོ་བྲང་དེ༔མ་བྲིས་སོགས་ནས། བྱིན་ཕོབ་ཅིག༔ཧཱུྃ༔ངན་སོང་རང་གྲོལ་དཀྱིལ་འཁོར་ནི༔ཐུགས་རྗེའི་སོགས་ནས། གཟི་བརྗིད་ཆེ༔བར། ཁྱུང་ལྡིང་བཞིན་མཆན་བུ། ཧཱུྃ། བཀྲ་ཤིས་བུམ་པ༴ཞི་ཁྲོའི་ཞེས་པར་ཐུགས་རྗེའི་ལྷ་ཞེས་བསྒྱུར། མཆོད་རྫས་བྱིན་རླབས་རང་གཞུང་ལྟར། པདྨ་ཏ་ཀྲིད་ཀྱིིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་སོགས་ནས་ཤབྡའི་བར་དང་མངའ་གསོལ་སྒྲུབ་ཁོག་ལྟར་ལ། རྒྱལ་ཐེབས་པས་སྟོང་ཐུན་སྔོན་དུ་འགྲོ་བས་དབྱངས་རྟ་བོར་ལེན་གྱིས། ཀྱེ་ཧོཿཀུན་ཏུ་བཟང་པོ་སྟོན་པ་ཆེ་བའི་མཆོག༔སོགས་ནས། བརྟན་པར་བཞུགས༔བར་དང་། རྟག་གདབ་མི་དགོས། བརྡའ་སྒོ་དབྱེ་ཕྱག་རྣམས་སྒྲུབ་ཁོག་ལྟར། ཧཱུྃ། སྣང་སྲིད་འཁོར་འདས་སོགས་ནས། ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོ༔མཆོད་བསྲེ་བསྣན་དགོས་ན། ཧཱུྃ། དུར་ཁྲོད་གསང་བ༴ཞེས་པའི་ལམ། ངན་སོང་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་དུ༔སྒོ་བ་ཆེན་པོ་བཞི་ཡི་སྒོ་ཕྱེས་ལ༔བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ཞེས་དང་། ཡི་དམ་ཐུགས་རྗེའི་དཀྱིལ་འཁོར་འདིར༔ཞེས་སོགས་ཚིག་ཕྲད་བསྒྱུར། མཆོད་བསྲེ་བསྣན་མི་དགོས་ན། ཧཱུྃ། རྡོ་རྗེ་འདུ་འབྲལ་མེད་པའི་སོགས་ནས། སྒྲུབ་ལུང་ཞུ༔ཧཱུྃ། ཐུགས་རྗེའི་ལྷ་ཚོགས་དགོངས་སུ་གསོལ༔དང་། ཧཱུྃ། ཐུགས་རྗེའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ཞེས་བསྒྱུར་ཞིར་བྱིན་འབེབ་རྫོགས་ཀྱི་བར་ཁོག་དབུབ་ལྟར་བྱའོ། །ཉིན་དང་པོའི་བྱ་བ་གྲུབ། །། །༈དངོས་གཞི་སྐབས་ཕྱི་སྒྲུབ་ལས་བྱང་གཞུང་ལྟར་ལ། བདག་བསྐྱེད་དང་། རིལ་བུམ་སྒྲུབ་པ་ཟུར་གསལ་ལྟར་དང་། ཐུན་དང་པོའི་རིལ་བུ་འོད་ཞུ་བྱས་རྗེས། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར༔ཞེས་མོས་ལ་བཟླས་པ་དང་། འོད་ཞུ་ལ་འབྲུ་གསུམ་གྱི་མཆོད་ཡོན་ཕུལ་བས། ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར༔ཐུན་ཕྱི་མ་རྣམས་ལ་མི་དགོས། ཐུན་གཉིས་སམ་བཞི་དྲུག་གང་ལྕོགས་བྱ། ལས་བྱང་བསྡུ་ན། མཆོད་པ་བྱིན་བརླབས་དང་། ཚོགས་མཆོད་བསགས་ནས་བརྩམ་བཟླས་པའི་མཐར་མཆོད་བསྟོད་གྲུབ་ཀྱི་བར་བྱ། གཏོར་འབུལ་ཚོགས་རྣམས་ཉིན་ཐུན་ལ་ཚར་གཅིག་གིས་ཆོག །མཚན་ཐུན་ལ་བཟླས་པའི་མཆོད་བསྟོད་རྗེས། བསྐུལ་ལྡང་བསྔོ་སྨོན་ཤིས་བརྗོད་དང་། ཉིན་མཚན་གྱི་ཐུན་སོ་སོའི་མཚམས་སུ་བྱིན་འབེབས་སྤྱི་དང་། ཐུགས་རྗེ་ཆེན་པོ་ཞི་དྲག་གི་བྱིན་འབེབས་བྱ། དེའང་དྲག་པོའི་བྱིན་འབེབས་བྱ། དེའང་དྲག་པོའི་བྱིན་འབེབས་འདི་ཉུ་ལེ་སྐྲད་པའི་མགོ་མཇུག་ཏུ་བྱས་ན་འབྲེལ་ཆགས་པས་སློབ་དཔོན་རྒྱལ་ཐེབ་པའི་མདུན་དུ་ཧོཾ་ཁུང་ཉུ་ལེའི་ལིངྒ་བཅས་པ་དང་། ལས་ཕུར་ཐུན་རྫས་རྣམས་བཀོད་ལ། རང་ཉིད་སྐད་ཅིག་གིས་ཁྲོ་རྒྱལ་དྲེགས་པ་དབང་སྡུད་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་བེ་ཅོན་བསྣམས་པ་སོགས་ནས། ཁམས་གསུམ་དབང་དུ་འུབ་ལ་བསྡུད་ཅིང་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས། རྟེན་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རྃ༔བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཧྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་བལྟ་བའི་འབྱུང་པོ་ཉུ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ་རྡོར་དྲིལ་གཡབ་དར་དང་བཅས། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་སོགས་ནས། ཁྱད་པར་དུ་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སོགས་ནས་ཀུན་གྲོལ་བཞིན། ཛཿཧཱུྃ་བྃ་ཧོཿཞེས་ལན་གསུམ་གྱིས་འགུགས་གཞུག་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུར་བ་ནི། ཧཱུྃ༔ཆོས་ཀྱི་དབྱིངས་ནས་རང་བྱུང་སོགས་ནས། ཧཱུྃ། ང་ནི་དབང་ཆེན་ཧེ་རུ་ཀ༔སྲས་དང་ནས། རློགས༔དྲག་སྔགས་སོ་ལྔའི་མལ་དུ། ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ༔ཨོཾ་ཧྱ་གྲི་ཝ་ཧཱུྃ༔ཨོཾ་པདྨ་ཏ་ཏྲིད་ཧཱུྃ༔ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ༔ཕཊ་ཕཊ་ཕཊཿསརྦ་བྷུ་ཏ་ཏྲིག་ནན་གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མ་ར་ཡ་ཕཊ༔ཅེས་དྲག་སྔགས་ཕུར་སྐོར་བྱས་ནས་གདབ། ཐུན་གྱིས་བྲབ། དྲག་པོའི་བྱིན་འབེབས་བྲོ་བརྡུང་ནི། རྗེ་དྲག་པོ་ཁྲོ་བོར་བྱོན་ཙ་ན༔ཐམས་ཅད་དབང་གི་འདིར་སོགས་གཏེར་གཞུང་བཞིན། ཕྱིར་བཟློག་ཅིག༔ཨོཾ་མ་ཎི་པདྨེ་ཧཱུྃ༔ཨོཾ་པདྨན་ཏ་ཀྲིཏ་ཧཱུྃ༔ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ཤར་ཕྱོགས་དཀར་མོ་དུང་གི༴ཁྱུང་ལྡིང་བཞིན། ཨོཾ་གྲུམ་བུ་ནས། རྦད་ནན༔ཨོཾ་སུམ་བྷ་ནི་སོགས་དང་། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ༔པྲ་མ་ཛ་སོགས་ནས། རྦད་རྦད༔ལས་གཞུང་གི་སྲུང་འཁོར་སྒོམ། བྱིན་དབབ་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ཐུགས་རྗེ་ཆེན་པོ་འདིར་གཤེགས་ཤིག༔མི་ཕམ་མགོན་པོ་གནས་འདིར་གཤེགས༔སྡུག་བསྔལ་ཐམས་ཅད་ཞི་བར་མཛོད༔གཏེར་གཞུང་བཞིན། ཨོཾ་མ་ཎི་པདྨེ་ཧཱུྃ༔ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཨ་ཧཱ་ཛྷི༔ལན་མང་དུ་བརྗོད་པས་བྱིན་དབབ། རྒྱས་པར་སྤྲོ་ན། སྒྲུབ་ཁོག་ལས་བྱུང་བའི། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས༔སོགས་དང་། ཧཱུྃ༔ཆོས་སྐུ་སྐྱེ་མེད་སོགས་ཚིག་ཕྲད་གོང་བཞིན་བསྒྱུར། གཟི་བརྗིད་ཆེ༔དང་སྙིང་པོའི་མཐར། ཨ་ཧཱ་ཛྷཻ༔མ་ཎིའི་ཛབ྄་དབྱངས་བྱ། འཁོར་ཡུག་ཏུ་རྒྱུན་མི་འཆད་པ་རྣམས་སྒྲུབ་ཆེན་སྤྱི་ལྟར་དང་། སྒྲུབ་པ་གྲོལ་རྒྱུའི་དགོངས་དངོས་གྲུབ་ཀྱི་རྫས་རྣམས་ཚོགས་པར་བྱས་ནས། དངོས་གྲུབ་བསྡུ་དམིགས་སྒྲུབ་ཁོག་ལྟར། བདག་མདུན་བུམ་པའི་ལྷ་ཚོགས་ཐམས་ཅད་ཀྱི་སོགས་ནས། མཆོག་ཏུ་རྒྱས་པར་བསམ་ལ། ཡིག་དྲུག་མཐར། ཀ་ཡ་ཝ་ཀ་ཙིཏྟ་སརྦ་སིདྡྷ་ཕ་ལ་ཧཱུྃ༔ཅི་འགྲུབ་བཟླ། ཕྱི་ཉིན་ལས་བྱང་གི་དངོས་གྲུབ་བླངས་པའི་བར་འདེད་བཏང་། དེ་ནས་བགེགས་བསྐྲད་སོགས་སྒྲུབ་ཁོག་ལྟར་དང་། དངོས་གྲུབ་བསྡུ་བའི་སྔགས་གོང་དུ་བཤད་མ་ཐག་པ་ལྟར་སྟོང་རྩ་ཙམ་བཟླས་མཐར། ཧྲཱིཿཐུགས་རྗེ་ཆེན་པོ་ཡབ་ཡུམ་སོགས་རང་གཞུང་ལྟར་དང་། རིལ་བུའི་དངོས་གྲུབ་བླང་། སྟན་ཐོག་འདི་ཉིད་ནས་ཐོབ་པར་གྱུར་བརྗོད། གཞན་ལ་དབང་བསྐུར་ན་ལས་བྱང་བཟླས་པའི་མཐར་བུམ་བཟླས་གྲུབ་རྗེས་དབང་རྫས་བྱིན་རླབས་རྣམས་རྩ་ཚིག་ནག་འགྲོས་ལྟར་ཚོགས་དྲངས་པའི་མགོར། བདག་འཇུག་རྒྱས་བསྡུས་གང་རིག་བླང་པའམ། ཡང་ན་དངོས་གྲུབ་བླངས་བས་ཀྱང་འཐུས། དེ་ནས་གཞན་ལ་དབང་བསྐུར་བ་ཡིན་ན། རིལ་བུ་དངོས་གྲུབ་རང་གི་བླང་བ་དང་གཞན་ལ་བསྐུར་བ་ཐུགས་ཆེན་ཡང་སྙིང་འདུས་པ་དང་གཏེར་གསར་སྒྱུ་འཕྲུལ་པདྨ་དྲ་བ་གཉིས་གང་རིག་ནས་བླང་ན་འཐད་ཆེ། གཞན་མ་བསྐུར་ན་ཙ་དབང་གི་ཐུན་མོང་རིག་པའི་དབང་ལྔ་མཚམས་ལ་བསྐུར་ན་འབྲེལ་ཆེ། རྗེས་ཀྱི་བྱ་བ་ལྷག་མ་བསྔོ་བ་སོགས་ནས་བསྡུ་ལྡང་གྲུབ་རྗེས། ཕྱི་ཡི་ཐོ་གྲོལ་བ་སྒྲུབ་ཁོག་ལྟར། རྃ་ཡྃ་ཁྃ། གིས་བསངས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧཱུྃཿརྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ཞེས་པ་ནས་སྒོ་བྱང་ཁྱེར། ཕུར་པ་བསྡུ། སྐུ་དྲིན་གསོལ་བ། ལུས་ལོངས་སྤྱོད་འབུལ་བའི་ཚང་བར་མཛོད། བར་དང་། སྨོན་ལམ་གདབ་པ་ནི་རང་གཞུང་གི། ཨོཾ་མ་ཎི་པདྨེ་ཧཱུྃ། ཇོ་བོ་ཐུགས་རྗེ་ཆེན་པོ་སོགས་དང་མར་མེའི་སྨོན་ལམ་སྟོང་ཐུན་སྔོན་དུ་འགྲོ་བའི་རྒྱལ་ཐེབས་པའི་དབྱངས་བོར་ལེན་བྱས་ཏེ་སྒྲུབ་ཁོག་གི། ཧཱུྃ། བླ་མེད་གསང་བ་སོགས་མཐར་དབྱུང་། ཤིས་བརྗོད་རང་གཞུང་ལྟར། ཨོཾ་མ་ཎི་པདྨེ་ཧཱུྃ༔དུས་གསུམ་སངས་རྒྱས་ཀུན་གྱི་སོགས་མཐའ་རྒྱན་ཏེ་དགེ་ལེགས་སུ་བྱའོ། །དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །འཕགས་མཆོག་ནམ་མཁའ་རྒྱལ་པོ་ཡིས། །རྗེས་གཟུང་དོན་གཉིས་ལྷུན་གྱིས་གྲུབ། །འགྲོ་ཕན་ནམ་མཁའི་མཐའ་མཉམ་ཤོག །ཅེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེའོ། །
[edit]

@#/__/thugs rje chen po ngan song rang grol gyi ril sgrub dang 'brel ba'i zin bris gzhan phan bde 'jug ces bya ba bzhugs so/__/ na mo lo ki shwa rA ya/__gang mtshan lan gcig dran pa yis/__/ngan song 'jig las skyob mdzad pa/__/bla ma thugs rje chen po yis/__/zhabs la brten nas zin bris dbye/__/de la 'ja' tshon thugs chen ngan song rang grol ril bu sgrub pa sgrub chen dang 'brel na/__gzhi zhi khro'i sgrub khog ltar la/__tshig bdun gsol 'debs/__brgyud 'debs/__oM ma Ni pad+me hU~M:rang byung 'gyur med sogs nas skyabs sems rang gzhung ltar/__rang gi snying gar pad zla'i steng du hrIHdkar po'i 'od zer gyis snang bas sogs nas skyabs yul rnams kyang mi dmigs par bsam pa grub rjes/__mchod rdzas byin brlabs/__oM pad+mAn+ta krid hU~M/__gis bsangs/__swA b+ha was sbyangs/__stong pa'i ngang las b+hU~M las rin po che'i snod so sor sogs nas/__shab+da AHhU~M bar dang /__mngon rtogs/__oM swA b+hA was sbyangs/__phyi nang gi chos rnams stong pa nyid du gyur/__stong pa'i ngang las rang bzhin lhun gyis grub pa'i sogs nas/__pad+ma stong ldan gyi dbus su oM badz+ra rat+na rak+Shi sogs nas gtso rkyang gi dar sham thabs dkris pa ni chos kyi ngo tsha dang ldan pa'o/__/lha de rnams kyi spyi bor oM sogs nas/__spyan 'dren/__thugs rje'i dbang gis gnas 'dir gshegs su gsol:oM ma Ni pad+me a+ye hi dzaHhU~M ba~M hoHsa ma ya tiSh+Tha lhan:at+ma naM niR+Ya mi:oM sarba pu dza me ga hU~M:sa ma ya tiSh+Tha lhan:oM hU~M swA aM ha a b+hi Shiny+tsa AHka ya wak+ka tsit+ta sid+d+hi:hrIHmchod yon zhabs bsil sogs shwa lo ka dang sngags bcas shab+da sarba pu dza me g+ha hU~M:sangs rgyas kun gyi rab tu bsngags:sogs sh+lo ka gnyis kyis bstod/__bzlas pa grub rjes/__bdag bskyed dam tshig gi 'khor lo sogs nas/__'bru gsum gyis mtshan par gyur:kyi bsdu ldang bya/__dkar gtor phyi sgrub rang gzhung /__ra~M ya~M kha~MHgis sbyangs/__thams cad stong nyid sogs dang /__bkra shis mi zad chu yi rgyun rtsol cig:bar dang /__bgegs gtor rang gzhung gi/__rang nyid skad cig gis dpal rta mgrin sogs nas/__ma ra ya rbad nan zlog cig__/bar la tho 'god pa ni sgrub khog ltar/__bsangs sbyangs/__thams cad stong nyid sogs nas/__bA+ai shra ma Na ya swA hA:tiSh+Tha badz+raHbar dang /__dam sri mnan pa ni zhi khro'i bskul dor la/__ra~M ya~M kha~M/__oM AHhU~M ha ho hrIHhU~M rig 'dzin rtsa brgyud bla ma dam pa dang :bde gshegs zhi khro rab 'byams rtsa gsum lha:khyad par thugs rje chen po'i lha tshogs rnams:gser skyems sogs nas/__bden tshig skabs/__khyad par thugs rje chen po ngan song rang grol dkyil 'khor gyi lha tshogs rnams kyi bden pa dang /__zhes tshig phrad bsgyur/__sgo byang phyi nang gi mjug__/sgrub pa'i phrin las myur du rtsol cig:bar dang /__ma TaM bsgral chog dor/__khro bcu'i phur gdab/__rang gi thugs ka nas hU~M yig bcu 'phros/__sogs nas/__srung ba'i 'khor lo 'khrigs pa'i phyogs mtshams thams cad khyab par gyur/__ces dang /__bsrung 'khor phyir sgrub rang gzhung ltar/__hrIHrang nyid dbang chen skur gsal sogs nas/__rak+Sha rak+Sha hU~M:bar dang chags chags gdab pa'i sgrub khog dkyus ltar/__hU~M:bla med gsang ba sogs nas/__oM ma hA a mr-i ta kuN+Da li hU~M:bar la lha sta gon la yig drug brjod bzhin mngon rtogs dang mthun par dri'i thig le dang tshom bu bkod/__mchod pa byin rlabs/__oM pad+man+ta krid sogs nas/__swA b+hA was sbyangs/__stong pa'i ngang las b+h+rU~M las rin po che'i snod so sor sogs nas/__shab+da'i bar dang mngon rtogs/__swA b+hA was sbyangs/__phyi nang gi chos thams cad stong pa nyid sogs nas lha bskyed skabs/__oM ma Ni pad+me hU~M:'phags pa nam mkha'i rgyal po krong nge gyur pa ni sogs nas spyan 'dren mchod bstod sogs las byang dkyus ltar la/__mchod cing gus pa'i tshul gyis phyag 'tshal bstod:bar btang /__snyan gsan dbab pa sgrub khog ltar/__hoHdus gsum bla ma sogs nas/__sta gon la ni gnas par mdzod/__lan gsum dang /__bum pa sta gon la rnam bum la mgul ching dkar po dang /__las bum la dmar po'i bcing /__dung chos gzung rdor sogs kyis brgyan/__mchod pa byin rlabs las byang dkyus ltar/__oM pad+man ta krid=swA b+hA wAs sbyangs/__stong pa'i ngang las sogs nas/__shab+da'i bar dang bum pa rta sngags kyis bsangs/__swA b+hA was sbyangs/__stong pa'i ngang las b+h+rA~M las phyi rin po che'i bum pa'i rnam pa la nang gzhal med khang bdud rtsi'i rgya mtshor 'khyil ba'i dbus su pad+ma stong ldan gyi lte bar pad+ma 'dab bzhi dang /__de yi phyi rim las pad 'dab bcu gnyis steng du sna tshogs pad+ma 'dab brgyad re:bar khyams dang sgo bzhi la pad 'dab kyi gdan rnams gyur:de'i dbus su rin po che'i gser gyi sa gzhi dang pad zla nyi ma'i gdan la/__'phags pa nam mkha'i rgyal po sku mdog dkar la dmar ba'i mdangs chags pa sogs nas phyag stong dang rtsa gnyis ni mchod sbyin gyi phyag rgya mdzad pa'o:de'i mdun du hrIHlas lha mo yi ge drug ma sogs nas/__spyan 'dren rdzogs kyi bar las byang ltar la/__de phyin thams cad gong gi bdag bskyed ltar ro/__/bzlas pa'i skabs/__gzungs thag blangs la/__rang gi thugs ka nas sogs las gzhung ltar gzungs ring yig drug bzlas pa dang 'od zhu/__bum pa'i chu dang ro gcig tu gyur bar btang /__las bum sgrub pa gnas 'dren ltar/__las bum nang du pad nyi'i steng :rta mgrin dmar po be con dang :sogs nas/__phaTaHbar/__ces ci nus bzla/__mthar sngags bzlas pa'i yungs kar blugs la/__khro bo chen po'i dkyil 'khor gyi thab ma rdzogs kyi bar du rkyen phyi nang gi bar chad thams cad srung shig ces phrin las bcol/__rgyan bkod la lding khri gong mar dkyil thang /__de'i steng du many+dzu'i khar myong grol ril bu dbu rgyan can/__mdun du gtso bum kha rgyan can gyi gseb tu seng ldeng gi phur bu sor bzhi pa rta sngags bris pa/__shar du sku tsaka me long /__lhor dbu rgyan/__nub tu thod pa bdud rtsis bkang ba kha chod me long sin+d+hU ras byug par chos 'byung bris pa'i khar gsang dbang gi rdzas byang sems dkar dmar cu gang bu ram rnams sbyar ba'i ril bu/__byang du rdo rje dril bu/__mtshams su yi ge drug ma'i 'bru tha dad bris pa'i tsakli/__shel phreng /__chos dbyug sba dkar tshig gsum rnams bshams/__gang du lding khri gong mar sku gsung thugs kyi rten dang /__zlum gtor rgyan spros can rnams bsham/__las bum kha rgyan la rta mgrin gyi sku'am hrIHdmar bris la shar sgo bzhag__/dkyil 'khor gyi mdun du zlum gtor dkar po kha zas bzang dgu'i brgyan pa dang gter srung gtor ma sman bshos dkar po gtso 'khor lnga/__chu gnyis nyer spyod bskor bshams dang phreng tshar grangs mangs/__gdugs/__'phan/__rgyal mtshan/__ral gri/__mda'/__me long sgrub khog ltar dang /__nyin bzhin 'bul rgyu'i cha gsum gyi gtor ma rin po che'i snod la sogs pa/__gsum gyi dang po gnyis su phyogs skyong dang 'byung po spyi'i gtor ma zlum po theb skyu can 'bras chan la phug sogs kyis sbags pa rnams gral rim gyis bshams/__dkar mngar gyi tshogs rdzas rnams tshogs par bya/__nyu le'i ling ga thun rdzas dang bcas pa 'du bya ba dkyil 'khor gyi byang phyogs su 'jog__/rgyan bkod la tshig bdun gsol 'debs lan gsum dang /__ma Ni'i dzaba? dbyangs lan gsum sngon du 'gro bas/__hU~M:chos sku skye med pho brang de:ma bris sogs nas/__byin phob cig:hU~M:ngan song rang grol dkyil 'khor ni:thugs rje'i sogs nas/__gzi brjid che:bar/__khyung lding bzhin mchan bu/__hU~M/__bkra shis bum pa=zhi khro'i zhes par thugs rje'i lha zhes bsgyur/__mchod rdzas byin rlabs rang gzhung ltar/__pad+ma ta krid kyi+is bsangs/__swA b+hA was sbyangs/__stong pa'i ngang las b+h+rU~M las rin po che'i snod sogs nas shab+da'i bar dang mnga' gsol sgrub khog ltar la/__rgyal thebs pas stong thun sngon du 'gro bas dbyangs rta bor len gyis/__kye hoHkun tu bzang po ston pa che ba'i mchog:sogs nas/__brtan par bzhugs:bar dang /__rtag gdab mi dgos/__brda' sgo dbye phyag rnams sgrub khog ltar/__hU~M/__snang srid 'khor 'das sogs nas/__a ti pU hoHpra tIts+tsha ho:mchod bsre bsnan dgos na/__hU~M/__dur khrod gsang ba=zhes pa'i lam/__ngan song rang grol thugs rje'i dkyil 'khor du:sgo ba chen po bzhi yi sgo phyes la:bcom ldan thugs rje chen po'i lha tshogs rnams:zhes dang /__yi dam thugs rje'i dkyil 'khor 'dir:zhes sogs tshig phrad bsgyur/__mchod bsre bsnan mi dgos na/__hU~M/__rdo rje 'du 'bral med pa'i sogs nas/__sgrub lung zhu:hU~M/__thugs rje'i lha tshogs dgongs su gsol:dang /__hU~M/__thugs rje'i dkyil 'khor lha tshogs rnams:zhes bsgyur zhir byin 'beb rdzogs kyi bar khog dbub ltar bya'o/__/nyin dang po'i bya ba grub/__//__/!dngos gzhi skabs phyi sgrub las byang gzhung ltar la/__bdag bskyed dang /__ril bum sgrub pa zur gsal ltar dang /__thun dang po'i ril bu 'od zhu byas rjes/__bum pa rang byung gi gzhal med khang du thugs rje chen po'i lha tshogs rnams babs pas bum chur dbyer med ro gcig gyur:zhes mos la bzlas pa dang /__'od zhu la 'bru gsum gyi mchod yon phul bas/__lha 'od du zhu ba bum chu dang dbyer med du gyur:thun phyi ma rnams la mi dgos/__thun gnyis sam bzhi drug gang lcogs bya/__las byang bsdu na/__mchod pa byin brlabs dang /__tshogs mchod bsags nas brtsam bzlas pa'i mthar mchod bstod grub kyi bar bya/__gtor 'bul tshogs rnams nyin thun la tshar gcig gis chog__/mtshan thun la bzlas pa'i mchod bstod rjes/__bskul ldang bsngo smon shis brjod dang /__nyin mtshan gyi thun so so'i mtshams su byin 'bebs spyi dang /__thugs rje chen po zhi drag gi byin 'bebs bya/__de'ang drag po'i byin 'bebs bya/__de'ang drag po'i byin 'bebs 'di nyu le skrad pa'i mgo mjug tu byas na 'brel chags pas slob dpon rgyal theb pa'i mdun du hoM khung nyu le'i ling+ga bcas pa dang /__las phur thun rdzas rnams bkod la/__rang nyid skad cig gis khro rgyal dregs pa dbang sdud zhal gcig phyag gnyis pa/__phyag g.yas rdo rje be con bsnams pa sogs nas/__khams gsum dbang du 'ub la bsdud cing bskal pa'i me dpung 'bar ba'i klong na bzhugs/__rten bskyed pa ni/__e yaM dz+wa la ra~M:brub khung yangs shing gting zab pa'i nang du hri las dngos grub la bar du gcod cing log par blta ba'i 'byung po nyu le bdud kyi rigs su gyur pa thams cad rid cing nyams thag pa'i lus can du gyur par bsam la rdor dril g.yab dar dang bcas/__na mo rig 'dzin rtsa brgyud kyi dpal ldan bla ma dam pa sogs nas/__khyad par du thugs rje chen po ngan song rang grol gyi lha tshogs rnams kyi bden pa dang /__bden pa chen po'i mthu la brten nas sogs nas kun grol bzhin/__dzaHhU~M ba~M hoHzhes lan gsum gyis 'gugs gzhug byas la/__phur thun tshom bur bskur ba ni/__hU~M:chos kyi dbyings nas rang byung sogs nas/__hU~M/__nga ni dbang chen he ru ka:sras dang nas/__rlogs:drag sngags so lnga'i mal du/__oM ma hA kro d+ha hU~M:oM h+ya gri wa hU~M:oM pad+ma ta trid hU~M:hrIHhrIHhrIHhU~M hU~M hU~M:phaT phaT phaTaHsarba b+hu ta trig nan gnod byed dgra bgegs 'byung po thams cad ma ra ya phaT:ces drag sngags phur skor byas nas gdab/__thun gyis brab/__drag po'i byin 'bebs bro brdung ni/__rje drag po khro bor byon tsa na:thams cad dbang gi 'dir sogs gter gzhung bzhin/__phyir bzlog cig:oM ma Ni pad+me hU~M:oM pad+man ta krita hU~M:khyad par dpal gyi pho nya kun thub rgyal mo bskul ba ni/__hU~M:shar phyogs dkar mo dung gi=khyung lding bzhin/__oM grum bu nas/__rbad nan:oM sum b+ha ni sogs dang /__oM badz+ra ki li ki la ya:pra ma dza sogs nas/__rbad rbad:las gzhung gi srung 'khor sgom/__byin dbab pa ni/__oM ma Ni pad+me hU~M hrIHoM ma Ni pad+me hU~M:thugs rje chen po 'dir gshegs shig:mi pham mgon po gnas 'dir gshegs:sdug bsngal thams cad zhi bar mdzod:gter gzhung bzhin/__oM ma Ni pad+me hU~M:dz+nyA na a we sha ya a AHra ra ra ra tsa la ya tsa la ya a hA dz+hi:lan mang du brjod pas byin dbab/__rgyas par spro na/__sgrub khog las byung ba'i/__hU~M/__dus gsum bde gshegs rgyal ba rnams:sogs dang /__hU~M:chos sku skye med sogs tshig phrad gong bzhin bsgyur/__gzi brjid che:dang snying po'i mthar/__a hA dz+hai:ma Ni'i dzaba? dbyangs bya/__'khor yug tu rgyun mi 'chad pa rnams sgrub chen spyi ltar dang /__sgrub pa grol rgyu'i dgongs dngos grub kyi rdzas rnams tshogs par byas nas/__dngos grub bsdu dmigs sgrub khog ltar/__bdag mdun bum pa'i lha tshogs thams cad kyi sogs nas/__mchog tu rgyas par bsam la/__yig drug mthar/__ka ya wa ka tsit+ta sarba sid+d+ha pha la hU~M:ci 'grub bzla/__phyi nyin las byang gi dngos grub blangs pa'i bar 'ded btang /__de nas bgegs bskrad sogs sgrub khog ltar dang /__dngos grub bsdu ba'i sngags gong du bshad ma thag pa ltar stong rtsa tsam bzlas mthar/__hrIHthugs rje chen po yab yum sogs rang gzhung ltar dang /__ril bu'i dngos grub blang /__stan thog 'di nyid nas thob par gyur brjod/__gzhan la dbang bskur na las byang bzlas pa'i mthar bum bzlas grub rjes dbang rdzas byin rlabs rnams rtsa tshig nag 'gros ltar tshogs drangs pa'i mgor/__bdag 'jug rgyas bsdus gang rig blang pa'am/__yang na dngos grub blangs bas kyang 'thus/__de nas gzhan la dbang bskur ba yin na/__ril bu dngos grub rang gi blang ba dang gzhan la bskur ba thugs chen yang snying 'dus pa dang gter gsar sgyu 'phrul pad+ma dra ba gnyis gang rig nas blang na 'thad che/__gzhan ma bskur na tsa dbang gi thun mong rig pa'i dbang lnga mtshams la bskur na 'brel che/__rjes kyi bya ba lhag ma bsngo ba sogs nas bsdu ldang grub rjes/__phyi yi tho grol ba sgrub khog ltar/__ra~M ya~M kha~M/__gis bsangs/__oM AHhU~M gis byin brlabs la/__hU~MHrgyal po chen po yul 'khor srung :zhes pa nas sgo byang khyer/__phur pa bsdu/__sku drin gsol ba/__lus longs spyod 'bul ba'i tshang bar mdzod/__bar dang /__smon lam gdab pa ni rang gzhung gi/__oM ma Ni pad+me hU~M/__jo bo thugs rje chen po sogs dang mar me'i smon lam stong thun sngon du 'gro ba'i rgyal thebs pa'i dbyangs bor len byas te sgrub khog gi/__hU~M/__bla med gsang ba sogs mthar dbyung /__shis brjod rang gzhung ltar/__oM ma Ni pad+me hU~M:dus gsum sangs rgyas kun gyi sogs mtha' rgyan te dge legs su bya'o/__/dge 'dis mtha' yas sems can kun/__/'phags mchog nam mkha' rgyal po yis/__/rjes gzung don gnyis lhun gyis grub/__/'gro phan nam mkha'i mtha' mnyam shog__/ces pa'ang chos kyi blo gros pas bris pa'o/__/dge'o/__/

Footnotes

Other Information