ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ཚོགས་བསྡུས།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-011
Wylie title thugs rje chen po ngan song rang grol gyi tshogs bsdus JKCL-KABUM-05-CA-011.pdf
Location chos kyi blo gros bka' 'bum
Volume 5, Text 11, Pages 195 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇའ་ཚོན་སྙིང་པོ་ ('ja' tshon snying po)
Citation 'jam dbyangs mkhyen brtse chos kyi blo gros. thugs rje chen po ngan song rang grol gyi tshogs bsdus. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 195. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ (thugs rje chen po ngan song rang grol)
Deity thugs rje chen po
Colophon

།ཅེས་པའང་ལ་ཝ་རི་ཁྲོད་བླ་མའི་གསུང་ངོར་ཆོས་ཀྱི་བློ་གྲོས་པས་སོ།

/ces pa'ang la wa ri khrod bla ma'i gsung ngor chos kyi blo gros pas so/

1 Texts in this Section (sde tshan or chos tshan)

[edit]
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ཚོགས་བསྡུས་བཞུགས། འདིའི་སྒོ་ནས་ཚོགས་གྲངས་གསོག་དགོས་པར་འདོད་ན་རྒྱས་པ་ཚར་གཅིག་གྲུབ་མཚམས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །པདྨ་བྷནྫ་རྒྱ་རེ་ཡངས། །ཚོགས་གཏོར་འདོད་ཡོན་བརྗིད་རེ་ཆེ། །བླ་ན་མེད་པའི་དམ་ཚིག་འདིས། །ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ། །སྲས་ཡུམ་སྤྲུལ་པར་བཅས་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །དབང་པོ་དྲུག་ལ་མཆོད་པ་འབུལ། །ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས། །ཕྱི་ནང་བདུད་ཚོགས་དབྱིངས་སུ་སྒྲོལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ལྷག་ལ་དབང་བའི་ཚོགས་རྣམས་ཀྱང་། །གཏོར་མའི་མཆོད་པ་འདི་བཞེས་ལ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །གཱ་ན་ཙཀྲ་པཱུ་ཛ་ཧོཿཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི། བརྗོད། དེ་ལྟ་བུའི་གྲངས་བསོགས་བསྡུས་པ་ཚར་དགུ་རེའི་མཚམས་སུ་རྒྱས་པ་ཚར་རེ་ཚོགས་བརྒྱ་ཞིག་ལ་རྒྱས་པ་ཚར་བཅུ་འགྲོ་བར་བྱའོ། །ཅེས་པའང་ལ་ཝ་རི་ཁྲོད་བླ་མའི་གསུང་ངོར་ཆོས་ཀྱི་བློ་གྲོས་པས་སོ། །། །

Footnotes

Other Information