JKCL-KABUM-03-GA-170

From Khyentse Lineage - A Tsadra Foundation Project
Revision as of 10:49, 6 December 2021 by Mort (talk | contribs)

ན་མོ་གུ་རུ། འཆི་མེད་གྲུབ་པའི་སློབ་སོགས་རྗེ་རང་གི་ཞབས་བརྟན་དང༌། གུར་གུམ་གསར་པའི་ལྷུན་པོ་ལྟར་མཛེས་ཤིང་སོགས་དང༌། ཞབས་བརྟན་སྤྲིན་སྒྲའི་དབྱངས་སྙན་ཞེས་བྱ་བ་དང༌། ཞབས་བརྟན་བདེན་ཚིག་བཀྲ་ཤིས་འཁྱིལ་པ་ཞེས་བྱ་བ་དང༌། འཇམ༵་དབྱངས༵་བླ་མའི་སོགས་རྗེ་རང་གི་ཞབས་བརྟན་ཚན་ལྔ་ལ་ལྡེབ།
Wylie title JKCL-KABUM-03-GA-170.pdf
Location chos kyi blo gros bka' 'bum
Volume 3, Text 170, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: . Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་རུ། འཆི་མེད་གྲུབ་པའི་སློབ་དཔོན་བི་མ་ལ། །དངོས་སྣང་འོད་གསལ་སྤྲུལ་པའི་རྡོ་རྗེ་ཡི། །གསང་གསུམ་ཕྲིན་ལས་རྒྱ་མཚོའི་རང་གཟུགས་མཆོག །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་བརྟན་གསོལ། །ཚེ་ལམ་གསང་བའི་གྲོགས་མཆོག་རྡོ་རྗེ་མཚོའི། །རྣམ་རོལ་ཚེ་རིང་ཆོས་ཀྱི་སྒྲོལ་མ་ཡི། །གསང་གསུམ་བྱད་ཕུར་མི་མཐུན་གཡུལ་ལས་རྒྱལ། །འཆི་མེད་གྲུབ་པའི་ལང་ཚོ་རྒྱས་གྱུར་ཅིག །དེ་ལྟར་གསོལ་བཏབ་བདེན་པའི་ནུས་མཐུ་ཡིས། །རིག་འཛིན་བླ་མས་སྐྱེ་ཀུན་རྗེས་སུ་བཟུང་། །སྟོན་འཁོར་ཚོམ་བུ་གཅིག་ཏུ་ཚོགས་པ་དང་། །བསྟན་འགྲོར་ཕན་བདེའི་དགེ་མཚན་རྒྱས་པར་ཤོག །ཅེས་པའང་ལང་གྲོའི་སྐྱེ་མཐའ་རྨུགས་སངས་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བཞིན་གཡའ་མ་ལུང་དུ་རང་ཉིད་ཀྱིས་སྨྲས་པའོ།། །། ༈ ཨོཾ་སྭསྟི། གུར་གུམ་གསར་པའི་ལྷུན་པོ་ལྟར་མཛེས་ཤིང་། །མི་ཤེས་གཅོད་མཛད་སྔོ་སངས་རལ་གྲིས་མཚན། །ཟབ་དོན་གླེགས་བམ་ཨུཏྤལ་ཟེ་འབྲུར་མཛེས། །བླ་མ་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །ཀུན་མཁྱེན་ཐུབ་པའི་བསྟན་པ་རིན་པོ་ཆེ། །མདོ་སྔགས་ཆོས་ཀྱི་མཛོད་ཆེན་འཛིན་པ་ཡི། །སྙན་པའི་གྲགས་པས་འཛིན་མའི་ཁྱོན་ཀུན་ཁྱབ། །བློ་གྲོས་ཆེན་པོ་ཞབས་པད་བརྟན་བཞུགས་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བདེན་མཐུ་ཡིས། །རྗེ་བཙུན་བླ་མའི་ཞབས་པད་ཡུན་དུ་བརྟན། །འཇིག་རྟེན་དུས་ཀྱི་རྒུད་པ་ཀུན་ཞི་ནས། །བསྟན་དང་དེ་འཛིན་དར་རྒྱས་བཀྲ་ཤིས་ཤོག །ཞལ་གསུངས་སོ། །ཞབས་བརྟན་སྤྲིན་སྒྲའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཡི། །མཁྱེན་བརྩེ་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྐུ། །དཔལ་ལྡན་བླ་མ་ཆོས་ཀྱི་བཤེས་གཉེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གང་གི་ཡེ་ཤེས་མཆོག་གི་སྤྲུལ་པའི་སྐུ། །མཐའ་ཀླས་བསྟན་འགྲོའི་པད་ཚལ་རྒྱས་པའི་གཉེན། །ཆོས༵་ཀྱི༵་བློ༵་གྲོས༵་སྨྲ་བའི་ཉི་མ་ཡི། །ཞབས་པད་བསྐལ་བ་རྒྱ་མཚོར་བཞུགས་གསོལ་འདེབས། །བདག་ཅག་འདི་ནས་བྱང་ཆུབ་སྙིང་པོའི་བར། །ཞབས་སེན་བདེ་ཆེན་འཁོར་ལོར་མཆོད་པ་དང་། །གསུང་གི་བདུད་རྩིས་དབུགས་དབྱུང་དགའ་སྟོན་གྱིས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་ཝ་ཤུར་ཚེ་མགོན་གྱི་དགེ་ཀརྨ་དང་དཀོན་མཆོག་ཟུང་ནས་བསྐུར་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པ་དགེ་ལེགས་དང་ལྡན་པར་གྱུར་ཅིག། ། ༈ ཞབས་བརྟན་བདེན་ཚིག་བཀྲ་ཤིས་འཁྱིལ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང་། །རྩ་གསུམ་ཆོས་སྐྱོང་སྲུངས་མའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་གནས་འདི་གེགས་མེད་དུ། །འགྲུབ་པར་བྱིན་རླབས་བདེན་པའི་ནུས་མཐུ་སྩོལ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཆོག །ཕྲིན་ལས་མཐུ་སྟོབས་ནུས་པའི་རྩལ་ཤུགས་འཆངས། །ཆོས་ཀྱི་བློ་གྲོས་ཞབས་པད་བརྟན་གྱུར་ཅིག །དཔལ་ཆེན་རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེའི་འཕྲང་སྒྲོལ་ཞིང་། །བཤད་བསྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས་བཞིན་དུ། །བསྐལ་བརྒྱར་མཚོ་གཞེས་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་པའང་དད་དམ་མཚུངས་བྲལ་རབས་གང་བསོད་ནམ་བཀྲ་ཤིས་ནས་ལྷ་རྫས་དང་རིན་ཆེན་གཉིས་པའི་མེ་ཏོག་སྐུ་གསུམ་གྲངས་ལྡན་བཅས་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་རང་ཉིད་ཀྱིས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག ། །། སརྦ་མངྒ་ལཾ།། །། ༈ འཇམ༵་དབྱངས༵་བླ་མའི་བྱིན་རླབས་བཅུད་ཐོབ་པས། །རབ་འབྱམས་ཆོས༵་ཀྱི༵་གདམས་པའི་གཏེར་ཆེན་པོ། །ཇི་ལྟར་ཇི་སྙེད་མཁྱེན་པའི་བློ༵་གྲོས༵་རྒྱས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །ཞལ་གསུང་དགེའོ།། །།
[edit]

na mo gu ru/__'chi med grub pa'i slob dpon bi ma la/____/dngos snang 'od gsal sprul pa'i rdo rje yi/____/gsang gsum phrin las rgya mtsho'i rang gzugs mchog__/'jam dbyangs chos kyi blo gros zhabs brtan gsol/____/tshe lam gsang ba'i grogs mchog rdo rje mtsho'i/____/rnam rol tshe ring chos kyi sgrol ma yi/____/gsang gsum byad phur mi mthun g.yul las rgyal/____/'chi med grub pa'i lang tsho rgyas gyur cig__/de ltar gsol btab bden pa'i nus mthu yis/____/rig 'dzin bla mas skye kun rjes su bzung /____/ston 'khor tshom bu gcig tu tshogs pa dang /____/bstan 'gror phan bde'i dge mtshan rgyas par shog__/ces pa'ang lang gro'i skye mtha' rmugs sangs mchog sprul rin po che'i thugs bzhed bzhin g.ya' ma lung du rang nyid kyis smras pa'o//____//____!__oM swasti/__gur gum gsar pa'i lhun po ltar mdzes shing /____/mi shes gcod mdzad sngo sangs ral gris mtshan/____/zab don glegs bam ut+pal ze 'brur mdzes/____/bla ma 'jam pa'i dbyangs la gsol ba 'debs/____/kun mkhyen thub pa'i bstan pa rin po che/____/mdo sngags chos kyi mdzod chen 'dzin pa yi/____/snyan pa'i grags pas 'dzin ma'i khyon kun khyab/____/blo gros chen po zhabs pad brtan bzhugs gsol/____/de ltar gsol ba btab pa'i bden mthu yis/____/rje btsun bla ma'i zhabs pad yun du brtan/____/'jig rten dus kyi rgud pa kun zhi nas/____/bstan dang de 'dzin dar rgyas bkra shis shog__/zhal gsungs so/____/zhabs brtan sprin sgra'i dbyangs snyan zhes bya ba bzhugs so/____/oM swasti/__phyogs dus rgyal ba sras dang bcas pa yi/____/mkhyen brtse ye shes gcig tu bsdus pa'i sku/____/dpal ldan bla ma chos kyi bshes gnyen la/____/gsol ba 'debs so bdag rgyud byin gyis rlobs/____/gang gi ye shes mchog gi sprul pa'i sku/____/mtha' klas bstan 'gro'i pad tshal rgyas pa'i gnyen/____/chosa~X kyi~X blo~X grosa~X smra ba'i nyi ma yi/____/zhabs pad bskal ba rgya mtshor bzhugs gsol 'debs/____/bdag cag 'di nas byang chub snying po'i bar/____/zhabs sen bde chen 'khor lor mchod pa dang /____/gsung gi bdud rtsis dbugs dbyung dga' ston gyis/____/rang gzhan don gnyis 'grub par byin gyis rlobs/____/zhes pa'ang wa shur tshe mgon gyi dge karma dang dkon mchog zung nas bskur ngor 'jam dbyangs chos kyi blo gros pas smras pa dge legs dang ldan par gyur cig/__/__!_zhabs brtan bden tshig bkra shis 'khyil pa zhes bya ba bzhugs so/____/na mo gu ru/____/phyogs bcu dus bzhi'i rgyal ba sras bcas dang /____/rtsa gsum chos skyong srungs ma'i bden stobs kyis/____/ji ltar smon pa'i gnas 'di gegs med du/____/'grub par byin rlabs bden pa'i nus mthu stsol/____/'jam dbyangs bla ma mkhyen brtse'i dbang po yi/____/ye shes sgyu 'phrul drwa ba'i rol gar mchog__/phrin las mthu stobs nus pa'i rtsal shugs 'changs/____/chos kyi blo gros zhabs pad brtan gyur cig__/dpal chen rdo rje gzhon nu'i byin rlabs kyis/____/dpal ldan bla ma'i sku tshe'i 'phrang sgrol zhing /____/bshad bsgrub bstan pa'i rgyal mtshan bsgrengs bzhin du/____/bskal brgyar mtsho gzhes phrin las rgyas gyur cig__/ces pa'ang dad dam mtshungs bral rabs gang bsod nam bkra shis nas lha rdzas dang rin chen gnyis pa'i me tog sku gsum grangs ldan bcas bskul ngor 7chos kyi blo gros rang nyid kyis smras pa don dang ldan par gyur cig__/__//__sarba mang+ga laM//____//____!__'jama~X dbyangasa~X bla ma'i byin rlabs bcud thob pas/____/rab 'byams chosa~X kyi~X gdams pa'i gter chen po/____/ji ltar ji snyed mkhyen pa'i blo~X grosa~X rgyas/____/dpal ldan bla ma'i zhabs pad brtan gyur cig__/zhal gsung dge'o//____//__

Footnotes

Other Information