འཕགས་མ་སྒྲོལ་མ་གཙོ་འཁོར་ལ་བསྟོད་པ་བར་ཆད་ཀུན་སེལ།

From Khyentse Lineage - A Tsadra Foundation Project
Revision as of 08:15, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title 'phags ma sgrol ma gtso 'khor la bstod pa bar chad kun sel JKCL-KABUM-02-KHA-034.pdf
Location chos kyi blo gros bka' 'bum
Volume 2, Text 34, Pages 449-455 (Folios 1a1 to 4a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'phags ma sgrol ma gtso 'khor la bstod pa bar chad kun sel. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 449-455. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity sgrol ma
Colophon

།ཞེས་པའང་ཤིང་སྤྲེལ་ཟླ་༡༠ཚེས་ལ་གཏེར་གསར་ཐུགས་སྒྲུབ་ཀྱི་སྒྲོལ་མའི་བསྙེན་སྒྲུབ་ལེགས་པར་གྲུབ་པ་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྩེ་གཅིག་ཏུ་གུས་པས་གསོལ་བ་བཏབ་པ་སརྦ་ཨརྠ་སིདྡྷི་རསྟུ། །མངྒ་ལཾ། ཤུབྷཾ། །

zhes pa'ang shing sprel zla 10tshes la gter gsar thugs sgrub kyi sgrol ma'i bsnyen sgrub legs par grub pa na 'jam dbyangs chos kyi blo gros pas rtse gcig tu gus pas gsol ba btab pa sarba ar+tha sid+d+hi rastu/____/mang+ga laM/__shub+haM/

1 Texts in this Section (sde tshan or chos tshan)

[edit]
འཕགས་མ་སྒྲོལ་མ་གཙོ་འཁོར་ལ་བསྟོད་པ་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡེ། དཔལ་མོ་གང་གི་མཚན་ཙམ་དྲན་པས་ཀྱང་། །འཇིགས་དང་སྡུག་བསྔལ་མ་ལུས་སེལ་མཛད་པ། །དོན་གཉིས་མཐར་ཕྱིན་བཅོམ་ལྡན་འདས་མ་ནི། །མྱུར་མཛད་ལྷ་མོའི་ཞབས་ལ་བསྟོད་པར་བགྱི། །སོར་རྟོགས་ཡེ་ཤེས་པདྨའི་རིགས་ཀུན་གྱི། །དེ་བཞིན་གཤེགས་མ་ཤེས་རབ་ཕ་རོལ་ཕྱིན། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་བསྒྱུར་མ། །སྒྲོལ་མ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། །སྔོན་གྱི་བསྐལ་པར་འཇིག་རྟེན་སྣ་ཚོགས་འོད། །བདེ་བར་གཤེགས་པ་རྔ་སྒྲ་ཞེས་བྱ་ནི། །རྐང་གཉིས་གཙོ་བོ་དམ་པ་བྱོན་པའི་ཚེ། །རྒྱལ་པོའི་སྲས་མོ་ཡེ་ཤེས་ཟླ་བར་གྱུར། །དེ་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཀྱི། །རྩ་བ་བརྟན་ཅིང་སྲིད་པ་ཇི་སྲིད་པ། །བུད་མེད་གཟུགས་ཀྱིས་འགྲོ་རྣམས་སྒྲོལ་ཅེས་པའི། །གཡར་དམ་བཞེས་པའི་སྙིང་སྟོབས་རབ་ཏུ་བརྟན། །གང་ཞིག་ཉིན་རེའི་དུས་ཀྱི་ཆ་ཤས་ལ། །སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི། །ཟད་དང་མི་སྐྱེ་ཤེས་པའི་ཆོས་ལ་བཀོད། །དེ་དུས་རྒྱལ་བས་སྒྲོལ་མ་མྱུར་མར་བསྔགས། །ཕྲིན་ལས་རིགས་གཙོ་དོན་ཡོད་གྲུབ་པ་ཡི། །སྤྱན་སྔར་འཁོད་དེ་སེམས་ཅན་མཐའ་ཀླས་པའི། །མི་མཐུན་ཉེར་འཚེ་སྲུང་བར་དམ་བཅས་པའི། །དཔའ་མོ་ཁྱོད་འདྲ་སྲིད་པ་གསུམ་ན་མེད། །འཕགས་པ་གངས་རིའི་མདངས་ལྡན་སྤྱན་ཆབ་ལས། །འཁྲུངས་པའི་ཚུལ་བསྟན་རྗེ་བཙུན་བཅོམ་ལྡན་མ། །སྐུ་གསུམ་ཞིང་ཁམས་རབ་འབྱམས་རྒྱ་མཚོ་རུ། །རྣམ་འཕྲུལ་ཕ་མཐའ་ཡས་པས་བཞུགས་མཛད་མ། །ལྷོ་ཕྱོགས་པོ་ཏ་ལ་ཡི་རི་བོའི་སྤོ། །སེང་ལྡིང་ནགས་ཚལ་དཀྲིགས་པའི་ཀློང་ཆེན་པོར། །མརྒད་མདོག་ཅན་རིན་ཆེན་སིལ་ཁྲོལ་བརྒྱན། །ལྷ་མོ་དྲན་པས་སྙིང་གི་གདུང་སེལ་མ། །གང་སྐུའི་སྣང་བ་བསྒོམ་པ་ལྟ་ཅི་སྨོས། །མཚན་ཙམ་དྲན་པས་འཇིགས་པ་ཀུན་སྐྱོབ་ཅིང་། །རེ་བ་ཐམས་ཅད་ཡོངས་སུ་སྐོང་མཛད་མ། །བཅོམ་ལྡན་འདས་མའི་ཞབས་རྡུལ་སྤྱི་བོས་མཆོད། །རྡོ་རྗེ་སྒྲོལ་མ་བཻཌཱུརྱ་ཡི་མདོག །གཞོམ་བྲལ་སྲ་བརྟན་བརྗིད་ཆགས་རྡོ་རྗེ་ཡིས། །ས་ཆེན་གཡོ་བའི་འཇིགས་པ་ཀུན་ལས་སྐྱོབས། །རབ་ཏུ་བརྟན་བྱེད་སྒྲོལ་མར་ཕྱག་འཚལ་བསྟོད། །རབ་དམར་མེའི་མདངས་འོད་རབ་འཚེར་ཞིང་། །ནོར་བུ་མེ་ཤེལ་རབ་ཏུ་ཚ་བ་ཡིས། །བརླན་གཤེར་ཆུ་ཀླུང་འཁྲུགས་པའི་འཇིགས་པ་སེལ། །ཐར་པའི་སྐམ་སར་ཁྲིད་ལ༴། འུར་འུར་འབར་བའི་ཞུགས་ཀྱི་སྒྲས་བསྡངས་ཤིང་། །མི་བཟོད་རབ་ཏུ་ཚ་བའི་དཔལ་ལྡན་ཀློང་། །གསེར་གྱི་མདངས་ལྡན་ནོར་བུ་ཆུ་ཤེལ་ལས། །བདུད་རྩིས་བསིལ་མཛད་མ་ལ༴། གཟུགས་བྲལ་སྣོད་བཅུད་གཡོ་ཞིང་ཁྱེར་བ་ཡི། །དུས་མཐའི་རླུང་འདྲས་སེམས་ཅན་མནར་བ་ཡང་། །དཀར་མོ་འཁོར་ལོའི་ཕྱག་མཚན་བསྣམས་བྱས་ཏེ། །རི་རབ་ལྟར་བརྗིད་སྒྲོལ་མར༴། གནམ་ལྕགས་ལྕེ་ཡི་འཇིགས་པ་དྲག་པོ་ཡིས། །སྲོག་ལྡན་སྐད་ཅིག་ཉིད་ལ་འཇོམས་བྱེད་པ། །ལྗང་མོ་སྣ་ཚོགས་རྡོ་རྗེའི་ཕྱག་མཚན་གྱིས། །ཉེ་བར་མི་ནུས་བཟློག་ལ་ཕྱག་འཚལ་བསྟོད། །མཚོན་ཆ་རྣོན་པོས་དྲག་ཏུ་འདེབས་པ་ན། །ནམ་མཁའི་ལུས་ཅན་རལ་གྲིའི་མེ་འོད་འཕྲོ། །དྲན་པས་མཚོན་རྣོན་སྟོང་ཕྲག་འཕང་བས་ཀྱང་། །གཅོད་པར་མི་ནུས་སྒྲོལ་མར༴། དྲེགས་ལྡན་གཏུམ་རྔམས་རཱ་ཛ་ཁྲོས་པ་ཡི། །ཆད་པས་ཉེན་ཚེ་བྱེ་རུའི་མདོག་འཆང་མ། །ལྕགས་ཀྱུ་འཛིན་པས་གཞན་སེམས་འགུགས་པར་བྱེད། །ཁྲོས་པ་ཞི་མཛད་མ་ལ༴། ཙོ་ར་མི་རྒོད་འཇིགས་པས་མནར་བའི་ཚེ། །མིག་སྨན་ལྟར་གནག་དགྲ་སྟྭ་ཁ་བོ་ཆེ། །བསྣམས་མ་དྲན་པས་ལུས་སེམས་རེངས་བྱེད་མ། །ཆོམ་རྐུན་འཇིགས་སྐྱོབས་སྒྲོལ་མར༴སྐྲ་བརྫེས་མཆེ་གཙིགས་སྡང་མིག་གཡོ་བ་ཡི། །ཤ་ཟ་ཁྲག་འཐུང་འདྲེ་སྲིན་ཕོ་མོ་རྣམས། །མུན་པའི་སྐུ་ཅན་ཕུར་བུ་འདྲིལ་བ་ཡིས། །མྱུར་དུ་སྐྲོད་མཛད་མ་ལ༴། གཉིས་འཐུང་རབ་མྱོས་མ་རུངས་སེམས་ལྡན་པའི། །སྣ་ཞགས་བརྐྱངས་ཏེ་མཆེ་བའི་རྩེར་བཅིངས་པས། །འཇིགས་ཚེ་དུ་མདོག་མདུང་ཐུང་རྣོན་པོ་ཡིས། །རབ་ཏུ་འབིག་པས་བཟློག་མཛད༴། གདོང་ལྔ་ལ་སོགས་གཅན་གཟན་སྡེར་ཅན་རྣམས། །ཁྲོས་པའི་ངར་སྒྲོགས་མཆེ་བ་རབ་གཙིག་པས། །སྲོག་ལ་རྔམས་ཚེ་སྒྲོལ་མ་ནག་མོ་ནི། །མེ་ཕུང་འབར་བ་བསྣམས་ལ༴། ཞེ་སྡང་ལྟོ་འགྲོའི་གཟུགས་ལྡན་དུག་རླང་གིས། །འགྲོ་བའི་དབུགས་འཕྲོག་ཉེ་བར་གྱུར་པ་ན། །དཀར་མོ་ཆུ་ཤེལ་བདུད་རྩིའི་བུམ་བཟང་གིས། །དུག་ཀུན་སེལ་མཛད་སྒྲོལ་མར༴། འདུ་བ་རྣམས་འཁྲུགས་རིམས་ཀྱིས་གཙེས་པ་ན། །ལྗང་སེར་རྣམ་རྒྱལ་ཨ་རུ་བསྣམས་པ་ལས། །འཆི་མེད་འོད་ཟེར་སྤྲོས་པས་ནད་ཞི་ཞིང་། །རིང་དུ་འཚོ་བའི་བདེ་སྦྱིན༴། གཤིན་རྗེ་ཁྲོས་པའི་བཞིན་རས་མུན་མདོག་ལྟར། །རབ་གནག་ཟངས་ཡག་སོ་བར་བཙིར་བའི་ཚེ། །དཀར་མོ་འཆི་མེད་བདུད་རྩིའི་ཚེ་བུམ་བསྣམས། །ཚེ་སྦྱིན་ཡིད་བཞིན་འཁོར་ལོར༴། སེར་སྣའི་རྒྱུ་འབྲས་ཕོངས་པས་རྒུད་པ་ན། །གསེར་མདོག་གཏེར་གྱི་བུམ་པ་བཟང་པོ་ལས། །འདོད་དགུའི་གྲུ་ཆར་ལྷུག་པར་འཇོ་བ་ཡིས། །དབུལ་བའི་སྡུག་བསྔལ་སེལ་བར་མཛད༴། རང་རང་འདོད་པའི་དོན་ལས་གཡེལ་བ་དང་། །བྱ་བ་ཉམས་པར་གྱུར་པ་དེ་ཡི་ཚེ། །ལྗང་སེར་དཔལ་གྱི་བེའུ་ཉི་འོད་འཕྲོ། །འདོད་དོན་ཀུན་སྩོལ་སྒྲོལ་མར༴། ཞི་བའི་ལས་ལ་འཕགས་མ་ཆུ་ཤེལ་མདོག །མི་འཇིགས་སྐྱབས་སྦྱིན་ཨུཏྤལ་ལ་བསྣམས་ཤིང་། །ཟླ་བའི་འོད་ཟེར་འབུམ་ཕྲག་རབ་བཀྱེ་བས། །འཇིགས་པ་ཞི་མཛད་མ༴། འཛམ་བུ་ཆུ་བོའི་གསེར་གྱི་ཁ་དོག་གི། ཏཱ་རེ་ཉི་རྡུལ་ལྟ་བུར་འཕྲོས་པ་ཡིས། །ཚེ་བསོད་ཡེ་ཤེས་མངོན་པར་ཤེས་པ་སོགས། །རབ་རྒྱས་ཕྲིན་ལས་སྒྲོལ་མར༴། གང་ཞིག་གདུག་ཅིང་སྡང་སེམས་ལྡན་པ་ཡི། །དུད་སྤྲིན་མུན་པའི་ཀློང་དུ་ཐིབ་པ་ན། །སྒྲོལ་མ་ནག་མོ་བཞད་པ་བརྒྱད་སྒྲོགས་ཤིང་། །རི་རབ་ཕུར་བུས་དག་མཛོད༴དབང་མཛད་དམར་མོ་པདྨ་རཱ་གའི་མདོག །པདྨའི་ལྕགས་ཀྱུ་ཞགས་པ་འཛིན་བྱེད་ཅིང་། །ཆགས་པའི་ཉམས་ལྡན་གང་གི་སྙིང་ཞུགས་ཚེ། །མྱུར་དུ་འགུགས་ཤིང་དབང་བྱེད༴། གཞན་ཡང་རིག་སྔགས་བཟླ་དང་ཙ་ཀྲ་སོགས། །སྣ་ཚོགས་སྦྱོར་བའི་ཕྲིན་ལས་མཐའ་ཡས་པ། །གང་གིས་བརྩམས་པས་དེ་མ་ཐག་ཉིད་དུ། །ལས་རྣམས་མྱུར་འགྲུབ་སྒྲོལ་མར༴། བསྐྱེད་དང་རྫོགས་པའི་རྣལ་འབྱོར་ཟབ་མོ་ཡིས། །ནང་གི་ས་ལམ་མྱུར་དུ་བགྲོད་བྱེད་དེ། །ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་མོ་སྟེར། །བླ་མ་རྗེ་བཙུན་འཕགས༴། རྒྱལ་ཀུན་བསྐྱེད་པའི་ཡུམ་གཅིག་འཕགས་མ་ནི། །རྒྱལ་བ་ཀུན་གྱི་ཕྲིན་ལས་ཡོངས་རྫོགས་ཤིང་། །རྒྱལ་བའི་ཐུགས་རྗེ་མ་ལུས་འདུས་པའི་སྐུ། །རྒྱལ་ཡུམ་རྗེ་བཙུན་སྒྲོལ་མར་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་ནི། །འདུལ་མདོ་སྔགས་ཀྱི་ཆོས་ཚུལ་མ་ལུས་པ། །བཤད་དང་སྒྲུབ་པས་རྒྱས་པར་བྱིན་གྱིས་རློབས། །བསྟན་འཛིན་ལྷ་དབང་ཚོགས་རྣམས་ཞབས་བརྟན་ཅིང་། །འདུས་པའི་སྡེ་གཉིས་རྣམ་དག་ཁྲིམས་ལ་གནས། །དབྱར་གྱི་རྩི་ཤིང་བཞིན་དུ་ས་ཆེན་ཁྱབ། །ཀུན་ཀྱང་ཐུགས་མཐུན་མི་ཕྱེད་བྱིན་གྱིས་རློབས། །སྣོད་བཅུད་མི་མཐུན་རྒུད་པ་མིང་མི་གྲགས། །ཡང་དག་ལྟ་བར་གནས་ཤིང་བྱམས་སེམས་ལྡན། །ཚེ་དཔལ་འབྱོར་རྒྱས་འཇིགས་པ་ཐམས་ཅད་ཞི། །རྫོགས་ལྡན་དཔལ་ཡོན་རྒྱས་པར༴། བདག་ཅག་རྣམས་ཀྱང་བསླབ་གསུམ་ལུས་སྟོབས་རྒྱས། །ཆོས་མཐུན་བསམ་སྦྱོར་ཡིད་བཞིན་འགྲུབ་པ་དང་། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །བླ་མ་རྗེ་བཙུན་སྒྲོལ་མས༴། བདག་ལ་འབྲེལ་ཐོགས་བཟང་ངན་ཅི་མཆིས་པ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རབ་རྫོགས་ཏེ། །ཚེ་འཕོས་ཞིང་མཆོག་རི་བོ་པོ་ཏ་ལར། །སྐྱེས་ནས་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །མདོར་ན་འདི་ཕྱི་བར་དོ་ཐམས་ཅད་དང་། །ཐ་ན་རྨི་ལམ་གཉིད་ཀྱི་གནས་སྐབས་སུ། །བླ་མ་སྒྲོལ་མའི་ཞལ་བཟང་མཐོང་བ་དང་། །འཕགས་མ་ཁྱོད་དང་མི་འབྲལ་བྱིན་གྱིས་རློབས། །ཞེས་པའང་ཤིང་སྤྲེལ་ཟླ་༡༠ཚེས་ལ་གཏེར་གསར་ཐུགས་སྒྲུབ་ཀྱི་སྒྲོལ་མའི་བསྙེན་སྒྲུབ་ལེགས་པར་གྲུབ་པ་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྩེ་གཅིག་ཏུ་གུས་པས་གསོལ་བ་བཏབ་པ་སརྦ་ཨརྠ་སིདྡྷི་རསྟུ། །མངྒ་ལཾ། ཤུབྷཾ། ། །།
[edit]

'phags ma sgrol ma gtso 'khor la bstod pa bar chad kun sel zhes bya ba bzhugs so/____/na mo gu ru Ar+ya tA re ye/__dpal mo gang gi mtshan tsam dran pas kyang /____/'jigs dang sdug bsngal ma lus sel mdzad pa/____/don gnyis mthar phyin bcom ldan 'das ma ni/____/myur mdzad lha mo'i zhabs la bstod par bgyi/____/sor rtogs ye shes pad+ma'i rigs kun gyi/____/de bzhin gshegs ma shes rab pha rol phyin/____/gcig pu'i nyams kyis du ma'i gar bsgyur ma/____/sgrol ma zhes pa'i mtshan gyi cod pan dpyangs/____/sngon gyi bskal par 'jig rten sna tshogs 'od/____/bde bar gshegs pa rnga sgra zhes bya ni/____/rkang gnyis gtso bo dam pa byon pa'i tshe/____/rgyal po'i sras mo ye shes zla bar gyur/____/de tshe byang chub mchog tu thugs bskyed kyi/____/rtsa ba brtan cing srid pa ji srid pa/____/bud med gzugs kyis 'gro rnams sgrol ces pa'i/____/g.yar dam bzhes pa'i snying stobs rab tu brtan/____/gang zhig nyin re'i dus kyi cha shas la/____/sems can bye ba khrag khrig brgya stong ni/____/zad dang mi skye shes pa'i chos la bkod/____/de dus rgyal bas sgrol ma myur mar bsngags/____/phrin las rigs gtso don yod grub pa yi/____/spyan sngar 'khod de sems can mtha' klas pa'i/____/mi mthun nyer 'tshe srung bar dam bcas pa'i/____/dpa' mo khyod 'dra srid pa gsum na med/____/'phags pa gangs ri'i mdangs ldan spyan chab las/____/'khrungs pa'i tshul bstan rje btsun bcom ldan ma/____/sku gsum zhing khams rab 'byams rgya mtsho ru/____/rnam 'phrul pha mtha' yas pas bzhugs mdzad ma/____/lho phyogs po ta la yi ri bo'i spo/____/seng lding nags tshal dkrigs pa'i klong chen por/____/margad mdog can rin chen sil khrol brgyan/____/lha mo dran pas snying gi gdung sel ma/____/gang sku'i snang ba bsgom pa lta ci smos/____/mtshan tsam dran pas 'jigs pa kun skyob cing /____/re ba thams cad yongs su skong mdzad ma/____/bcom ldan 'das ma'i zhabs rdul spyi bos mchod/____/rdo rje sgrol ma baiDUr+ya yi mdog__/gzhom bral sra brtan brjid chags rdo rje yis/____/sa chen g.yo ba'i 'jigs pa kun las skyobs/____/rab tu brtan byed sgrol mar phyag 'tshal bstod/____/rab dmar me'i mdangs 'od rab 'tsher zhing /____/nor bu me shel rab tu tsha ba yis/____/brlan gsher chu klung 'khrugs pa'i 'jigs pa sel/____/thar pa'i skam sar khrid la=/__'ur 'ur 'bar ba'i zhugs kyi sgras bsdangs shing /____/mi bzod rab tu tsha ba'i dpal ldan klong /____/gser gyi mdangs ldan nor bu chu shel las/____/bdud rtsis bsil mdzad ma la=/__gzugs bral snod bcud g.yo zhing khyer ba yi/____/dus mtha'i rlung 'dras sems can mnar ba yang /____/dkar mo 'khor lo'i phyag mtshan bsnams byas te/____/ri rab ltar brjid sgrol mar=/__gnam lcags lce yi 'jigs pa drag po yis/____/srog ldan skad cig nyid la 'joms byed pa/____/ljang mo sna tshogs rdo rje'i phyag mtshan gyis/____/nye bar mi nus bzlog la phyag 'tshal bstod/____/mtshon cha rnon pos drag tu 'debs pa na/____/nam mkha'i lus can ral gri'i me 'od 'phro/____/dran pas mtshon rnon stong phrag 'phang bas kyang /____/gcod par mi nus sgrol mar=/__dregs ldan gtum rngams rA dza khros pa yi/____/chad pas nyen tshe bye ru'i mdog 'chang ma/____/lcags kyu 'dzin pas gzhan sems 'gugs par byed/____/khros pa zhi mdzad ma la=/__tso ra mi rgod 'jigs pas mnar ba'i tshe/____/mig sman ltar gnag dgra s+t+wa kha bo che/____/bsnams ma dran pas lus sems rengs byed ma/____/chom rkun 'jigs skyobs sgrol mar=skra brdzes mche gtsigs sdang mig g.yo ba yi/____/sha za khrag 'thung 'dre srin pho mo rnams/____/mun pa'i sku can phur bu 'dril ba yis/____/myur du skrod mdzad ma la=/__gnyis 'thung rab myos ma rungs sems ldan pa'i/____/sna zhags brkyangs te mche ba'i rtser bcings pas/____/'jigs tshe du mdog mdung thung rnon po yis/____/rab tu 'big pas bzlog mdzad=/__gdong lnga la sogs gcan gzan sder can rnams/____/khros pa'i ngar sgrogs mche ba rab gtsig pas/____/srog la rngams tshe sgrol ma nag mo ni/____/me phung 'bar ba bsnams la=/__zhe sdang lto 'gro'i gzugs ldan dug rlang gis/____/'gro ba'i dbugs 'phrog nye bar gyur pa na/____/dkar mo chu shel bdud rtsi'i bum bzang gis/____/dug kun sel mdzad sgrol mar=/__'du ba rnams 'khrugs rims kyis gtses pa na/____/ljang ser rnam rgyal a ru bsnams pa las/____/'chi med 'od zer spros pas nad zhi zhing /____/ring du 'tsho ba'i bde sbyin=/__gshin rje khros pa'i bzhin ras mun mdog ltar/____/rab gnag zangs yag so bar btsir ba'i tshe/____/dkar mo 'chi med bdud rtsi'i tshe bum bsnams/____/tshe sbyin yid bzhin 'khor lor=/__ser sna'i rgyu 'bras phongs pas rgud pa na/____/gser mdog gter gyi bum pa bzang po las/____/'dod dgu'i gru char lhug par 'jo ba yis/____/dbul ba'i sdug bsngal sel bar mdzad=/__rang rang 'dod pa'i don las g.yel ba dang /____/bya ba nyams par gyur pa de yi tshe/____/ljang ser dpal gyi be'u nyi 'od 'phro/____/'dod don kun stsol sgrol mar=/__zhi ba'i las la 'phags ma chu shel mdog__/mi 'jigs skyabs sbyin ut+pal la bsnams shing /____/zla ba'i 'od zer 'bum phrag rab bkye bas/____/'jigs pa zhi mdzad ma=/__'dzam bu chu bo'i gser gyi kha dog gi/__tA re nyi rdul lta bur 'phros pa yis/____/tshe bsod ye shes mngon par shes pa sogs/____/rab rgyas phrin las sgrol mar=/__gang zhig gdug cing sdang sems ldan pa yi/____/dud sprin mun pa'i klong du thib pa na/____/sgrol ma nag mo bzhad pa brgyad sgrogs shing /____/ri rab phur bus dag mdzod=dbang mdzad dmar mo pad+ma rA ga'i mdog__/pad+ma'i lcags kyu zhags pa 'dzin byed cing /____/chags pa'i nyams ldan gang gi snying zhugs tshe/____/myur du 'gugs shing dbang byed=/__gzhan yang rig sngags bzla dang tsa kra sogs/____/sna tshogs sbyor ba'i phrin las mtha' yas pa/____/gang gis brtsams pas de ma thag nyid du/____/las rnams myur 'grub sgrol mar=/__bskyed dang rdzogs pa'i rnal 'byor zab mo yis/____/nang gi sa lam myur du bgrod byed de/____/tshe 'di nyid la phyag rgya chen mo ster/____/bla ma rje btsun 'phags=/__rgyal kun bskyed pa'i yum gcig 'phags ma ni/____/rgyal ba kun gyi phrin las yongs rdzogs shing /____/rgyal ba'i thugs rje ma lus 'dus pa'i sku/____/rgyal yum rje btsun sgrol mar phyag 'tshal bstod/____/de ltar bstod cing gsol ba btab pa'i mthus/____/kun mkhyen nyi ma'i gnyen gyi bstan pa ni/____/'dul mdo sngags kyi chos tshul ma lus pa/____/bshad dang sgrub pas rgyas par byin gyis rlobs/____/bstan 'dzin lha dbang tshogs rnams zhabs brtan cing /____/'dus pa'i sde gnyis rnam dag khrims la gnas/____/dbyar gyi rtsi shing bzhin du sa chen khyab/____/kun kyang thugs mthun mi phyed byin gyis rlobs/____/snod bcud mi mthun rgud pa ming mi grags/____/yang dag lta bar gnas shing byams sems ldan/____/tshe dpal 'byor rgyas 'jigs pa thams cad zhi/____/rdzogs ldan dpal yon rgyas par=/__bdag cag rnams kyang bslab gsum lus stobs rgyas/____/chos mthun bsam sbyor yid bzhin 'grub pa dang /____/dus 'di nas bzung tshe rabs thams cad du/____/bla ma rje btsun sgrol mas=/__bdag la 'brel thogs bzang ngan ci mchis pa/____/sgrib gnyis byang zhing tshogs gnyis rab rdzogs te/____/tshe 'phos zhing mchog ri bo po ta lar/____/skyes nas byang chub lung bstan thob par shog__/mdor na 'di phyi bar do thams cad dang /____/tha na rmi lam gnyid kyi gnas skabs su/____/bla ma sgrol ma'i zhal bzang mthong ba dang /____/'phags ma khyod dang mi 'bral byin gyis rlobs/____/zhes pa'ang shing sprel zla 10tshes la gter gsar thugs sgrub kyi sgrol ma'i bsnyen sgrub legs par grub pa na 'jam dbyangs chos kyi blo gros pas rtse gcig tu gus pas gsol ba btab pa sarba ar+tha sid+d+hi rastu/____/mang+ga laM/__shub+haM/__/____//__

Footnotes

Other Information