JKCL-KABUM-04-NGA-027

From Khyentse Lineage - A Tsadra Foundation Project
Revision as of 09:06, 7 December 2021 by Mort (talk | contribs)

Wylie title JKCL-KABUM-04-NGA-027.pdf
Location chos kyi blo gros bka' 'bum
Volume 4, Text 27, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: . Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor

1 Texts in this Section (sde tshan or chos tshan)

[edit]
སྣོད་བཅུད་ཐམས་ཅད་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་ཟབ་གསལ་གཉིས་མེད་ཀྱི། །ཡེ་ཤེས་ཆེན་པོའི་བཀོད་པ་ཅིར་ཡང་འཕྲུལ། །ཡིད་འཕྲོག་བཀོད་པ་ཕུན་སུམ་ཚོགས་པའི་དབུས། །བྱང་ཆུབ་ཕྱོགས་ཀྱི་ནོར་བུའི་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྒྱན་དང་རྟ་བབས་རྫོགས། །ཐ་གྲུ་རབ་ཡངས་ཕྱི་ནང་སྒྲིབ་མེད་གསལ། །དེ་དབུས་ཆོས་འབྱུང་པད་ཉི་འཇིགས་དུས་སྟེང་། །རང་ཉིད་གཞི་ལུས་རྗེ་བཙུན་རྣལ་འབྱོར་མ། །དམར་གསལ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག །མཐུར་སྡིག་གཡོན་པས་ཐོད་ཁྲག་སྟེང་ཕྱོགས་བསྣམས། །ཞལ་གདང་གྱེན་ལ་ཕྱོགས་པས་གསོལ་བ་དང་། །གྲུ་མོ་གཡོན་དུ་རྡོ་རྗེའི་ཁ་ཊྭཱྃ་ཀ། ཕྲག་པར་བརྟེན་ཅིང་ཌཱ་རུ་དྲིལ་གཡེར་འཕྱངས། །རུས་པའི་རྒྱན་ལྡན་ཞབས་གཡས་བརྐྱང་བ་ཡིས། །དུས་མཚན་དམར་མོ་ནུ་མའི་སྟེང་ནས་དང་། །གཡོན་བསྐུམ་འཇིགས་བྱེད་ནག་པོའི་མགོ་བོ་མནན། །ཡེ་ཤེས་མེ་འོད་འཁྲུགས་པའི་དབུས་ན་རོལ། །སྤྱི་བོའི་ཐད་ཀྱི་མདུན་གྱི་ནམ་མཁའ་ལ། །མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་གཏམ་པའི་དབུས། །སེང་ཁྲི་པདྨ་ཉི་མའི་གདན་གྱི་སྟེང་། །རྩ་བའི་བླ་མ་རྗེ་བཙུན་ས་སྐྱ་པ། །མཚན་ཙམ་ཐོས་པས་སྲིད་ཞིའི་འཇིགས་པ་འཕྲོག །བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ནི། །སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། །ཞལ་རས་རྒྱས་ཤིང་འཛུམ་མདངས་གཞོན་ཉམས་ཅན། །དབུ་སྐྲ་སྤྱི་ཐེར་དགེ་བསྙེན་ཆ་བྱད་མཛེས། །ཞབས་གཡས་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་བཞུགས། །ཕྱག་གཡས་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་། །གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་ཐུགས་ཀར་གཏོད། །མཐེབ་མཛུབ་བར་ནས་རབ་གཉེན་པད་དཀར་གྱི། །སྡོང་བུ་སྙན་གྱི་ཐད་དུ་རྒྱས་པ་ལས། །མེ་ཏོག་འབྲས་བུ་གོང་བུའི་རྣམ་པར་མཛེས། །མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་བའི་སྐུ། །འགགས་མེད་ཆོས་དབྱིངས་རྒྱུན་ཆད་མེད་པའི་གསུང་། །མཁྱེན་བརྩེའི་ཡེ་ཤེས་ཟབ་ཅིང་རྒྱ་ཆེའི་ཐུགས། །ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་པའི་དཔལ། །གཟུགས་ཕུང་རྣམ་སྣང་ཚོར་བ་རིན་ཆེན་འབྱུང་། །འདུ་ཤེས་སྣང་མཐའ་འདུ་བྱེད་དོན་ཡོད་གྲུབ། །རྣམ་ཤེས་མི་བསྐྱོད་དྲུག་པ་རྡོ་རྗེ་འཆང་། །ཁམས་ལྔ་ཡུམ་ལྔ་དབང་པོ་སེམས་དཔའ་དང་། །ཡན་ལག་ཚིག་མཚམས་ཁྲོ་བཅུ་ཡུལ་དྲུག་རྣམས། །ལྷ་མོ་དྲུག་སོགས་གདན་གསུམ་དཀྱིལ་འཁོར་ཆེ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་བཞུགས་པ་ཡི། །ཐུགས་རྗེའི་རང་རྩལ་སྒྱུ་མའི་ཆོ་རོལ་ལས། །དབུ་གཙུག་རྣལ་འབྱོར་དབང་ཕྱུག་བིཪྺ་པ། །དམར་སྨུག་ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ་མཛད། །རྣལ་འབྱོར་སྤྱོད་པའི་ཆས་ཅན་ཕྱེད་སྐྱིལ་གྱིས། །རི་དྭགས་ལྤགས་པའི་གདན་གྱི་སྟེང་ན་བཞུགས། །གཙོ་བོའི་གཡས་སུ་རྗེ་བཙུན་བསོད་ནམས་རྩེ། །དཀར་གསལ་མཛེས་འཛུམ་ཕྱག་གཉིས་ཐུགས་ཀར་བསྣོལ། །རྡོར་དྲིལ་འཛིན་ཅིང་དབུ་སྐྲ་ལྕང་ལོ་མཛེས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །གཡོན་ཕྱོགས་རྣལ་འབྱོར་དབང་ཕྱུག་གྲགས་པའི་མཚན། །དཀར་དམར་མདངས་ལྡན་ཅུང་ཟད་བསྒྲེས་པའི་ཉམས། །སྤྱན་ཟུང་ཟླུམ་ལ་ཧུར་བག་གཟི་བརྗིད་ཅན། །དབུ་ཟླུམ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྒྱིངས། །གཡོན་པ་མཉམ་བཞག་བདུད་རྩིའི་ཐོད་ཞལ་བསྣམས། །མཆན་གཡོན་ཤེས་རབ་རྡོ་རྗེའི་ཁ་ཊྭཱྃ་ག །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །གཉིས་ཀ་པད་ཟླར་ཚངས་སྤྱོད་དཀར་ཆས་ཅན། །མཐོང་བས་ཡིད་འཕྲོག་བལྟ་བས་མི་ངོམ་བཞུགས། །གཡས་འོག་འཇམ་དཔལ་དབྱངས་དངོས་ཆོས་ཀྱི་རྗེ། །དབུ་ཡི་གཙུག་ཏོར་སྨིན་མཚམས་མཛོད་སྤུ་སོགས། །མཚན་དཔེས་རབ་བརྒྱན་ཀུན་དགའི་རྒྱལ་མཚན་བརྗིད། །ཕྱག་གཉིས་ཆོས་འཆད་ཨུཏྤལ་གླེགས་རལ་བསྣམས། །རིན་ཆེན་ཁྲིའུར་པད་ཟླར་བྱམས་སྟབས་བཞུགས། །གཡོན་འོག་ཆོས་ཀྱི་རྒྱལ་པོ་འཕགས་པའི་མཚན། །བྱམས་པའི་སྐུ་བརྗིད་ཕྱག་གཡས་ས་གནོན་དང་། །གཡོན་པས་མཉམ་བཞག་གསེར་སྦྱངས་འཁོར་ལོ་ནི། །ནོར་བུས་བརྒྱན་པ་འཛིན་ཅིང་ཡིད་འཕྲོག་སྐུ། །པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གཙོ་བོའི་མདུན་དུ་རྗེ་བཙུན་རྡོ་རྗེ་འཆང་། །ཀུན་དགའ་བཟང་པོ་དཀར་གསལ་ཞི་འཛུམ་ཉམས། །ཕྱག་གཉིས་ཆོས་འཆད་ཨུཏྤལ་རྡོར་དྲིལ་འཛིན། །ས་ཞུ་གསོལ་ཞིང་སྐྱིལ་ཀྲུང་དྲང་པོ་ཡིས། །པད་ཟླའི་གདན་ལ་དགྱེས་པའི་ཚུལ་གྱིས་རོལ། །ཀུན་ཀྱང་བདག་ལ་ཐུགས་རྗེའི་བརྩེ་བས་དགོངས། །ཡེ་ཤེས་སྤྱན་གྱིས་འགྲོ་ལ་རྟག་ཏུ་གཟིགས། །སྣང་སྟོང་ཟུང་འཇུག་ཆེན་པོར་ལྷམ་མེར་གསལ། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཀ། དེ་བཞིན་གཤེགས་པའི་གསང་གསུམ་ཡིག་འབྲུའི་གཟུགས། །དྭངས་བའི་མཚོ་ལ་གཟུགས་བརྙན་འཆར་བ་བཞིན། །དེ་ལས་འོད་ཟེར་བྱེ་བ་བསམ་ཡས་འཕྲོས། །ཕྱོགས་བཅུ་དུས་གསུམ་སྐྱབས་ཡུལ་རྒྱ་མཚོ་རྣམས། །སྤྱན་དྲངས་རྗེ་བཙུན་བླ་མ་རྣམས་ལ་ཐིམ། །རེ་རེའང་སྐྱབས་ཀུན་འདུས་པའི་ངོ་བོ་རུ། །བྱིན་བརླབས་ཐུགས་རྗེའི་བདག་ཉིད་ཆེན་པོར་བཞུགས། །འདི་ལ་མཚམས་སྦྱར་རྣམས་ལམ་ཟབ་བླ་མའི་མཆོད་པས་གཞིར་བཟུང་སྐུ་བསྟོད་དང་། བླ་མ་སྤྱི་བསྟོད་དང་། སོ་སོའི་སྐུ་བསྟོད་རྣམས་ཀྱིས་བསྟོད་ཅིང་གསོལ་བ་འདེབས་དགོས་ལ། མདོར་བསྡུས་པའི་ཚུལ་གྱིས་གསོལ་བ་བཏབ་ན། ཐོབ་བྱའི་ཡོན་ཏན་ཀུན་བརྙེས་པས། །རང་དང་གཞན་གྱི་དོན་མཛད་ཅིང་། །རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། །ཀུན་དགའ་སྙིང་པོར་གསོལ་བ་འདེབས། །རྒྱལ་རིགས་ལས་འཁྲུངས་ཐམས་ཅད་མཁྱེན། །མཁའ་འགྲོས་རྗེས་བཟུང་མངོན་གྱུར་བརྙེས། །གངྒཱ་གྱེན་བཟློག་མུ་སྟེགས་བཏུལ། །བི་རཱུ་པ་ལ་གསོལ་བ་འདེབས། །མི་ཐུབ་ཟླ་བའི་རྣམ་འཕྲུལ་མཆོག །གནས་ལྔ་རིག་པའི་ཕ་མཐར་སོན། །དེ་ཉིད་མངོན་གྱུར་འཇའ་ལུས་བརྙེས། །བསོད་ནམ་རྩེ་མོར་གསོལ་བ་འདེབས། །ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན། །རིམ་གཉིས་བརྟུལ་ཞུགས་གྲུབ་པའི་གཙོ། །ནང་གི་ཉི་མ་དྷུ་ཏིར་འཆིང་། །གྲགས་པ་རྒྱལ་མཚན་གསོལ་བ་འདེབས། །སྐྱེ་བ་དུ་མར་འཇམ་དབྱངས་ཀྱིས། །རྗེས་བཟུང་མཁས་པ་ཀུན་གྱི་རྗེ། །མི་འཕྲོག་མཁྱེན་རབ་ཐུགས་རྗེ་ལྡན། །འཇམ་དབྱངས་བླ་མར་གསོལ་བ་འདེབས། །བྱང་ཆུབ་སེམས་ཀྱི་སྤྱོད་པ་ལ། །རིང་ནས་གོམས་པས་ཁམས་གསུམ་གྱི། །འགྲོ་བའི་སྐྱབས་གཅིག་འཕགས་པ་ཆེ། །བློ་གྲོས་རྒྱལ་མཚན་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་མཁས་གྲུབ་རྗེ། །དེ་ཉིད་བཅུ་ཡི་ཕ་མཐར་སོན། །འཆད་རྩོད་བརྩམ་པས་བསྟན་པ་གསལ། །ཀུན་དགའ་བཟང་པོར་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མའི་ཚོགས། །བྱིན་གྱིས་རློབས་ཤིག་ས་སྐྱ་པ། །བདག་ལ་རེ་ལྟོས་ཁྱེད་ལས་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ཡེ་ཤེས་ཆེན་པོའི་དབང་མཆོག་བསྐུར། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཉིད་དང་དབྱེར་མེད་མཛད་དུ་གསོལ། །ཅེས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་སོགས་དང་། མཚན་སྔགས་བཟླ། དབང་བླང་སྐབས། འཁོར་རྣམས་དགྱེས་པ་ཆེན་པོའི་འོད་ཞུ་ནས། །བརྩེ་བ་ཆེན་པོའི་སྐུ་ལ་ཐིམ་པ་དང་། །སླར་ཡང་གསང་གསུམ་གཟི་བརྗིད་ལྷག་པར་གསལ། །དབང་བཞི་བསྐུར་ལ་དགྱེས་པའི་ཚུལ་གྱིས་བཞུགས། །ཅེས་དབང་བླང་བ་སོགས་ལམ་ཟབ་ལྟར་བྱའོ། །ཅེས་པའང་མོས་གུས་ཀྱི་སྟོབས་ལས་ཤིང་གླང་རྒྱལ་ཟླའི་ཚེས་བཞི་ལའོ།། །།
[edit]

snod bcud thams cad mi dmigs stong par gyur/__/stong pa'i ngang las zab gsal gnyis med kyi/__/ye shes chen po'i bkod pa cir yang 'phrul/__/yid 'phrog bkod pa phun sum tshogs pa'i dbus/__/byang chub phyogs kyi nor bu'i gzhal med khang /__/gru bzhi sgo bzhi rgyan dang rta babs rdzogs/__/tha gru rab yangs phyi nang sgrib med gsal/__/de dbus chos 'byung pad nyi 'jigs dus steng /__/rang nyid gzhi lus rje btsun rnal 'byor ma/__/dmar gsal zhal gcig phyag gnyis g.yas gri gug__/mthur sdig g.yon pas thod khrag steng phyogs bsnams/__/zhal gdang gyen la phyogs pas gsol ba dang /__/gru mo g.yon du rdo rje'i kha T+wA~M ka/__phrag par brten cing DA ru dril g.yer 'phyangs/__/rus pa'i rgyan ldan zhabs g.yas brkyang ba yis/__/dus mtshan dmar mo nu ma'i steng nas dang /__/g.yon bskum 'jigs byed nag po'i mgo bo mnan/__/ye shes me 'od 'khrugs pa'i dbus na rol/__/spyi bo'i thad kyi mdun gyi nam mkha' la/__/mchod sprin rgya mtshos yongs su gtam pa'i dbus/__/seng khri pad+ma nyi ma'i gdan gyi steng /__/rtsa ba'i bla ma rje btsun sa skya pa/__/mtshan tsam thos pas srid zhi'i 'jigs pa 'phrog__/brtse ba chen po kun dga' snying po ni/__/sku mdog ston ka'i zla ba ltar dkar ba/__/zhal ras rgyas shing 'dzum mdangs gzhon nyams can/__/dbu skra spyi ther dge bsnyen cha byad mdzes/__/zhabs g.yas cung zad brkyang pa'i phyed skyil bzhugs/__/phyag g.yas mchog sbyin pus mo'i steng du brkyang /__/g.yon pas skyabs sbyin phyag rgya thugs kar gtod/__/mtheb mdzub bar nas rab gnyen pad dkar gyi/__/sdong bu snyan gyi thad du rgyas pa las/__/me tog 'bras bu gong bu'i rnam par mdzes/__/mtshan dpe'i gzi brjid dpal du 'bar ba'i sku/__/'gags med chos dbyings rgyun chad med pa'i gsung /__/mkhyen brtse'i ye shes zab cing rgya che'i thugs/__/yon tan phrin las bsam mi khyab pa'i dpal/__/gzugs phung rnam snang tshor ba rin chen 'byung /__/'du shes snang mtha' 'du byed don yod grub/__/rnam shes mi bskyod drug pa rdo rje 'chang /__/khams lnga yum lnga dbang po sems dpa' dang /__/yan lag tshig mtshams khro bcu yul drug rnams/__/lha mo drug sogs gdan gsum dkyil 'khor che/__/rigs brgya'i khyab bdag chen por bzhugs pa yi/__/thugs rje'i rang rtsal sgyu ma'i cho rol las/__/dbu gtsug rnal 'byor dbang phyug biR+Wa pa/__/dmar smug phyag gnyis chos 'khor phyag rgya mdzad/__/rnal 'byor spyod pa'i chas can phyed skyil gyis/__/ri dwags lpags pa'i gdan gyi steng na bzhugs/__/gtso bo'i g.yas su rje btsun bsod nams rtse/__/dkar gsal mdzes 'dzum phyag gnyis thugs kar bsnol/__/rdor dril 'dzin cing dbu skra lcang lo mdzes/__/zhabs zung rdo rje'i skyil krung drang por bzhugs/__/g.yon phyogs rnal 'byor dbang phyug grags pa'i mtshan/__/dkar dmar mdangs ldan cung zad bsgres pa'i nyams/__/spyan zung zlum la hur bag gzi brjid can/__/dbu zlum phyag g.yas rdo rje thugs kar bsgyings/__/g.yon pa mnyam bzhag bdud rtsi'i thod zhal bsnams/__/mchan g.yon shes rab rdo rje'i kha T+wA~M ga__/zhabs gnyis rgyal po rol pa'i stabs kyis bzhugs/__/gnyis ka pad zlar tshangs spyod dkar chas can/__/mthong bas yid 'phrog blta bas mi ngom bzhugs/__/g.yas 'og 'jam dpal dbyangs dngos chos kyi rje/__/dbu yi gtsug tor smin mtshams mdzod spu sogs/__/mtshan dpes rab brgyan kun dga'i rgyal mtshan brjid/__/phyag gnyis chos 'chad ut+pal glegs ral bsnams/__/rin chen khri'ur pad zlar byams stabs bzhugs/__/g.yon 'og chos kyi rgyal po 'phags pa'i mtshan/__/byams pa'i sku brjid phyag g.yas sa gnon dang /__/g.yon pas mnyam bzhag gser sbyangs 'khor lo ni/__/nor bus brgyan pa 'dzin cing yid 'phrog sku/__/pad zla'i gdan la rdo rje'i skyil krung bzhugs/__/gtso bo'i mdun du rje btsun rdo rje 'chang /__/kun dga' bzang po dkar gsal zhi 'dzum nyams/__/phyag gnyis chos 'chad ut+pal rdor dril 'dzin/__/sa zhu gsol zhing skyil krung drang po yis/__/pad zla'i gdan la dgyes pa'i tshul gyis rol/__/kun kyang bdag la thugs rje'i brtse bas dgongs/__/ye shes spyan gyis 'gro la rtag tu gzigs/__/snang stong zung 'jug chen por lham mer gsal/__/gnas gsum oM dkar AHdmar hU~M mthing ka/__de bzhin gshegs pa'i gsang gsum yig 'bru'i gzugs/__/dwangs ba'i mtsho la gzugs brnyan 'char ba bzhin/__/de las 'od zer bye ba bsam yas 'phros/__/phyogs bcu dus gsum skyabs yul rgya mtsho rnams/__/spyan drangs rje btsun bla ma rnams la thim/__/re re'ang skyabs kun 'dus pa'i ngo bo ru/__/byin brlabs thugs rje'i bdag nyid chen por bzhugs/__/'di la mtshams sbyar rnams lam zab bla ma'i mchod pas gzhir bzung sku bstod dang /__bla ma spyi bstod dang /__so so'i sku bstod rnams kyis bstod cing gsol ba 'debs dgos la/__mdor bsdus pa'i tshul gyis gsol ba btab na/__thob bya'i yon tan kun brnyes pas/__/rang dang gzhan gyi don mdzad cing /__/rnal 'byor dbang phyug sa skya pa/__/kun dga' snying por gsol ba 'debs/__/rgyal rigs las 'khrungs thams cad mkhyen/__/mkha' 'gros rjes bzung mngon gyur brnyes/__/gang+gA gyen bzlog mu stegs btul/__/bi rU pa la gsol ba 'debs/__/mi thub zla ba'i rnam 'phrul mchog__/gnas lnga rig pa'i pha mthar son/__/de nyid mngon gyur 'ja' lus brnyes/__/bsod nam rtse mor gsol ba 'debs/__/yon tan rgya mtsho'i pha mthar son/__/rim gnyis brtul zhugs grub pa'i gtso/__/nang gi nyi ma d+hu tir 'ching /__/grags pa rgyal mtshan gsol ba 'debs/__/skye ba du mar 'jam dbyangs kyis/__/rjes bzung mkhas pa kun gyi rje/__/mi 'phrog mkhyen rab thugs rje ldan/__/'jam dbyangs bla mar gsol ba 'debs/__/byang chub sems kyi spyod pa la/__/ring nas goms pas khams gsum gyi/__/'gro ba'i skyabs gcig 'phags pa che/__/blo gros rgyal mtshan gsol ba 'debs/__/rgyal bas lung bstan mkhas grub rje/__/de nyid bcu yi pha mthar son/__/'chad rtsod brtsam pas bstan pa gsal/__/kun dga' bzang por gsol ba 'debs/__/gsol ba 'debs so bla ma'i tshogs/__/byin gyis rlobs shig sa skya pa/__/bdag la re ltos khyed las med/__/gsol ba snying gi dkyil nas 'debs/__/ye shes chen po'i dbang mchog bskur/__/byin gyis rlabs par mdzad du gsol/__/nyid dang dbyer med mdzad du gsol/__/ces dang /__dus gsum sangs rgyas thams cad sogs dang /__mtshan sngags bzla/__dbang blang skabs/__'khor rnams dgyes pa chen po'i 'od zhu nas/__/brtse ba chen po'i sku la thim pa dang /__/slar yang gsang gsum gzi brjid lhag par gsal/__/dbang bzhi bskur la dgyes pa'i tshul gyis bzhugs/__/ces dbang blang ba sogs lam zab ltar bya'o/__/ces pa'ang mos gus kyi stobs las shing glang rgyal zla'i tshes bzhi la'o//____//

Footnotes

Other Information