DKYD-KABUM-07-JA-086: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=086
|textnuminvol=086

Revision as of 09:33, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 86, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༄༅། །ཨཱྂ། རིག་འཛིན་ཐུགས་ཀྱི་ཐིག་ལེ་ལསཿ དམ་ཅན་རྒྱ་མཚོའི་གཏོར་འབུལ་བཞུགསཿ ཨཱྂཿ «དཔའ་བོ་སྟོབས་ལྡན་སྐུ་ལ་འདུདཿ ཐུན་མཚམས་དམ་ཅན་རྒྱ་མཚོ་ལས གཏོར་མ་འབུལ་བའི་རིམ་པ་ནིཿ »རཾ་ཡཾ་ཁཾཿ «ལན་གསུམཿ» རང་གི་ཐུགས་ལས་མེ་རླུང་ཆུསཿ བསྲེགས་གཏོར་བཀྲུས་ཤིང་སྟོང་པར་སྦྱངཿ སླར་ཡང་ཨཱཿལས་བྷན་སྣོད་དུཿ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨཱཿ་ཧཱུྃཿ པཉྩ་ཧ་ཧོ་ཧྲཱིཿ «ལན་གསུམ༔» ཧཱུྃཿ འོག་མིན་གནས་སྤྲུལ་དུར་ཁྲོད་ནསཿ བསྟན་སྲུང་མ་ཅིག་སྡགས་སྲུང་མཿ ཕོ་རྒྱུད་ཀུན་འདུས་མ་ནིང་ནགཿ མོ་རྒྱུད་ཀུན་འདུས་རེ་མ་ཏིཿ སྡེ་བརྒྱད་དམག་དཔོན་རཱ་ཧུ་ལཿ བསྟན་དགྲའི་གཤེད་མ་ཐིག་ལེ་རྩལཿ དངོས་གྲུབ་མཆོག་རྩོལ་སྨན་བཙུན་མཆེདཿ གཏེར་གྱི་སྲུང་མ་དམ་ཚིག་ཅནཿ ནོར་ལྷ་གཏེར་བདག་འཁོར་དང་བཅསཿ དམ་ཚིག་དབང་གིས་གནས་འདིར་གཤེགསཿ ས་མ་ཡཱ་ཛཿ གཟའ་སྐར་རྒྱ་མཚོར་ཤར་བཞིན་བཞུགསཿ གདུང་བའི་ཡིད་ཀྱིས་ཕྱག་འཚལ་ལོ༔ བཅུད་ལྡན་བཱ་ལིང་རོ་ལྡན་ཟསཿ གསར་སྐྱེམས་བདུད་རྩི་སྨན་རཀ་བཏུང༔ ལྷ་མིའི་འདོད་ཡོན་ལོངས་སྤྱོད་རྫས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིསཿ བསྒྱུར་ཅིང་དམ་ཅན་སྲུང་མར་འབུལཿ མཆོད་དོ་འབུལ་ལོ་དགྱེས་པར་རོལཿ ཐུགས་དམ་བསྐངས་ལ་ཉམས་ཆགས་བཤགསཿ མངའ་གསོལ་བཀྲག་མདངས་གཟི་བྱིན་བསྐྱེདཿ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ སྟོབས་ལྡན་ཚོགས་ལ་བདག་བསྟོད་དོཿ རྡོ་རྗེ་འཆང་གི་བཀའ་མ་བཅགཿ རིག་འཛིན་བརྒྱུད་པའི་དམ་མ་དབྲལཿ རྣལ་འབྱོར་པ་ཡི་ཕྲིན་ལས་སྒྲུབསཿ དམ་ལྡན་སྐྱོངས་ལ་དམ་མེད་སྒྲོལཿ མཆོད་ཅིང་བསྒྲུབ་པ་ངོ་མ་ཆུངཿ མོས་གུས་ཅན་གྱི་གངཟག་ལཿ བུ་བཞིན་སྐྱོངས་ལ་འདོད་དོན་སྒྲུབསཿ ལས་བཞི་ལྷུན་འགྲུབ་དངོས་གྲུབ་སྩོལཿ« རིག་འཛིན་ཐུགས་ཐིག་ཆ་ལག་གཏོར་འབུལ་འདིཿལས་སྐལ་ལྡན་པས་བསྐུལ་ཚེ་བརྡ་རིས་ལསཿ ཁྲག་འཐུང་ལས་ཀྱི་དབང་བོས་ཕབ་པའོཿ ས་མ་ཡཱཿ རྒྱ་རྒྱཿ དམ་མེད་ལོག་སྲེད་ཅན་ལ་མ་ཤོར་ཅིགཿ གུ་ཧྱཿ ཁ་ཐཾཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་བགྱིསཿ ཡུམ་སྲས་སྐུ་ཚེ་བསོད་ནམས་དཔལ་འབྱོར་འཕེལཿ ཕུན་ཚོགས་བསྟན་པ་ཕྱོགས་བཅུར་དར་བར་ཤོགཿ དགེའོ།།»ཨཱྂ། །ཡང་གསང་ཐུགས་ཐིག་ཆ་ལག་ལསཿ བསྟན་སྲུང་ཡོས་རྫོགས་གཏོར་འབུལ་བཞུགསཿ «༔རྩ་གསུམ་ཆོས་སྐྱོངས་སྲུང་མར་འདུདཿ རྒྱུན་གཏོར་འབུལ་བའི་རིམ་པ་ནིཿ »རཾ་ཡཾ་ཁཾཿ ཨོཾ་ཨཱཿ་ཧཱུྃ། ཧྲཱིཿ རང་བྱུང་བྷནྷ་ཡངས་པའི་གཏོར་སྣོད་དུཿ དམ་རྫས་བཱ་ལིང་ཤ་ལྔ་བདུད་རྩི་ལྔཿ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་པ་ཡིཿ ས་དང་བར་སྣང་ནམ་མཁའ་ཁྱོན་གང་བའིཿ འདོད་ཡོན་ལྔ་ཡི་མཆོད་སྤྲིན་འཕྲོ་བ་འདིཿ བཀའ་དྲིན་མཉམ་མེད་དྲིན་ཆེན་བླ་མ་དངཿ བརྒྱུད་པ་དགུ་ལྡན་དཔལ་ལྡན་བླ་མའི་ཚོགས༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡིཿ ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་དང་དམ་ཚིག་ཤ་ཟ་མོཿ འཇིག་རྟེན་སྤྲུལ་བསྒྱུར་མ་རྒྱུད་མཁའ་འགྲོར་བཅསཿ ཿཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་ཤིག་རོལ་ཅིག་ཁ་རམ་ཁཱ་ཧཱིཿ ཁྱད་པར་རྒྱལ་བའི་བསྟན་སྲུང་དམ་ཚིག་ཅནཿ མོ་རྒྱུད་ཡོངས་ཀྱི་སྤྲུལ་གཞི་སྔགས་སྲུང་མཿ ཕོ་རྒྱུད་ཀུན་འདུས་དཔལ་མགོན་མ་ནིང་ནགཿ སྐྱེ་རྒྱུད་བདག་པོ་ལྷ་ཆེན་དབང་ཕྱུག་ཆེ༔ ཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་ཤིག་རོལ་ཅིག་ཁ་རཾ་ཁ་ཧཱིཿ ཡེ་ཤེས་མགོན་པོ་ལས་མཛད་བྱ་རོག་གདོངཿ མཐུ་རྩལ་ཐོགས་མེད་དྲང་སྲོང་རཱ་ཧུ་ལཿ དམ་ཅན་རྡོར་ལེགས་དགེ་བསྙེན་བསྙོ་ཁ་ནགཿ རྡོ་རྗེ་གཤོག་རྒོད་གཉེར་འཛིན་དྲག་མོ་རྒྱལཿ ཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་ཤིག་རོལ་ཅིག་ཁ་རམ་ཁཱ་ཧིཿ གསང་བའི་གཉེར་འཛིན་སྨན་བཙུན་མཆེད་སྡེ་ལྔ༔ མ་ཅིག་ཤ་ཟའི་གཙོ་མོ་ཁ་མོ་ཆེཿ རྡོ་རྗེ་གཡུ་སྒྲོན་ལྷ་མོ་ངན་ནེ་མཿ ལས་མཛད་དམག་ཟོར་རྒྱལ་མོ་ཁྲག་རལ་བཅསཿ ཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧིཿ ཡང་དག་དོན་གྱི་བཀའ་སྲུང་འབར་མ་གསུམཿ གིང་ཆེན་སྡེ་བཞི་སྤུ་གྲི་མཆེད་གསུམ་དང༔ དུར་བདག་ཡབ་ཡུམ་བཙན་རྒོད་དགྲ་འཇོམས་རྩལཿ བདུད་མགོན་ཡབ་ཡུམ་ཀླུ་བདུད་མགོ་དགུ་བཅསཿ ཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་སིག་རོལ་ཅིག་ཁ་རཾ་ཁཱ་ཧིཿ ནོར་བདག་ཆེན་པོ་ཨརྱ་འཛམ་བྷ་ལཿ མཐུ་ལྡན་དྲེགས་པའི་གཙོ་བོ་གནོད་སྦྱིན་ཆེཿ གཉན་གྱི་རྒྱལ་པོ་བཛྲ་ཐོད་པ་རྩལཿ གཉན་པོ་གཡུ་རྩེ་ཤན་པ་དམར་ནག་སོགསཿ ཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་ཤིག་རོལ་ཅིག་ཁ་རཾ་ཁ་ཧཱིཿ ཟུར་ཕུད་ལྔ་སྲས་གཉན་ཆེན་ཐང་ལྷ་དངཿ གཏེར་སྲུང་གཉན་ཆེན་སྡེ་བཞི་རྣམ་ཐོས་སྲསཿ དམ་ཚིག་ཅན་གྱི་དགེ་བསྙེན་ཟོ་དོར་གཉནཿ ཿསྲོག་བདག་རྒྱལ་ཆེན་སྐུ་ལྔ་ཙིའུ་དམར་བཿ ཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་ཤིག་རོལ་ཅིག་ཁ་རམ་ཁཱ་ཧིཿ རོལ་པ་སྐྱ་བདུན་འབར་བ་སྤུན་བདུན་དངཿ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་བཅསཿ འཛམ་གླིང་དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་སྡེཿ དེད་དཔོན་སུམ་ཅུ་སྡེ་བརྒྱད་དྲེགས་པའི་ཚོགསཿ ཡེ་ཤེས་བདུད་རྩིའི་རང་བཞིན་དམ་རྫས་འབུལཿ དགྱེས་པར་བཞེས་ཤིག་རོལ་ཅིག་ཁ་རམ་ཁཱ་ཧིཿ ཐུགས་དམ་བསྐངས་ལ་མཆོག་ཐུན་དངོས་གྲུབ་རྩོལཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིཿ དམ་ཚིག་འགལ་ཉམས་འདས་དང་རལ་བ་སོགསཿ གཞན་ཡང་མ་རིག་འཁྲུལ་པའི་དབང་གྱུར་པསཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིཿ ཐུགས་དང་འགལ་གྱུར་ནོང་པ་ཅི་མཆིས་པ༔ སྙིང་ནས་འགྱོད་པ་དྲག་པོའི་མཐོལ་ལོ་བཤགསཿ སྲུང་མ་མཆོད་ཅིང་སྒྲུབ་པར་དམ་བཅས་པཿ ཏིང་འཛིན་མ་གསལ་མཆོད་སྒྲུབ་རྫས་མ་ཚངསཿ ཕུད་ཉམས་དམ་ཚིག་ཉམས་པའི་ཟས་སྤྱོད་འདྲེསཿ སྤྲོས་བཅས་ཚོགས་གཏོར་མཆོད་པ་སེར་སྣའི་བསླདཿ སྤྲོས་མེད་དམིགས་པའི་འཕྲུལ་འཁོར་མ་གསལ་ཞིང༔ ལྟ་སྒོམ་སྤྱོད་པ་གསང་སྔགས་ཟབ་མོ་ལཿ ལོག་ལྟ་སྒྲོ་བསྐུར་ཐེ་ཚོམ་ཤོར་བ་སོགསཿ ཿགནོང་ངོ་འགྱོད་དོ་མཐོལ་བཤགས་བཟོད་པར་བཞེསཿ ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང༔ དེ་འཁོར་བཀའ་ཡི་གཉེར་འཛིན་མཐུ་བོ་ཆེཿ དམ་ཚིག་སྐྱོན་མཐོང་ཙམ་གྱིས་ཆད་པ་གཅོདཿ དེ་ཕྱིར་རིག་པ་ཡེ་ཤེས་ཆེན་པོའི་ཀློངཿ མེད་དང་ཕྱལ་བ་གཅིག་པུ་ལྷུན་གྲུབ་ངང༔ བཤགས་སོ་ཚངས་པ་དོན་གྱི་དངོས་གྲུབ་སྩོལཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཱཿ མ་ནུ་པ་ལ་ཡཿ བཛྲ་ས་ཏྭ་ཏེ་ནོ་པཿ ཏིཥྛ་དྲི་དྷོ་མེ་བྷ་བཿ སུ་ཏོ་ཥྱོ་མེ་བྷ་ཝཿ ཨ་ནུ་རགྟོ་མེ་བྷ་ཝཿ སུ་པོཥྱོ་མེ་བྷ་ཝཿ བརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེཿ ཙིརྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩཿ བཛྲི་བྷ་ཝཿ མ་ཧཱ་ས་མ་ཡཱ་ས་ཏྭ་ཨཿ« རྗེས་ལ་འཕྲིན་ལས་བཅོལ་བ་ནིཿ »ཿཀྱེཿ གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ནིཿ འདོད་དོན་དངོས་གྲུབ་སྩོལ་བར་དམ་བཅས་པའིཿ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལཿ བདག་གིས་ཇི་ལྟར་ཕྲིན་ལས་བཅོལ་བ་ནིཿ མཉམ་མེད་རྒྱལ་བ་ཤཱཀྱ་སེང་གེ་ཡིཿ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བཿ རྒྱལ་བ་གཉིས་པ་པདྨ་ཐོད་ཕྲེང་གིཿ རང་ལུགས་ཡོ་ག་གསུམ་གྱི་བསྟན་པ་སྲུངསཿ སྐྱབས་མཆོག་རིན་ཆེན་གསུམ་གྱི་དབུ་འཕང་བསྟོད༔ སྙིང་དུས་དུག་ལྔའི་འཐོར་རླུང་དྲག་པོ་ཡིསཿ བྱང་ཆུབ་སེམས་ཀྱིས་འགྲོ་བ་འདུལ་དཀའ་བའིཿ ཿཡང་གསང་བླ་མེད་ཐིག་ལེ་སྐོར་གསུམ་གྱིཿ བརྗོད་བྲལ་རྨད་བྱུང་ཐོས་གྲོལ་ཆེན་པོ་ཡི༔ བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཤིངཿ བརྒྱུད་འཛིན་རིག་པ་འཛིན་པའི་ཚོགས་རྣམས་ཀྱིཿ ཁྲེག་ཆོད་ཐོད་རྒལ་ལམ་གྱི་བར་ཆོད་སོལཿ སྣང་བ་བཞི་ཡི་འབྲས་བུ་རྩལ་རྫོགས་མཛོདཿ ཁྱད་པར་བཀའ་དྲིན་མཉམ་མེད་ཆོས་ཀྱི་རྗེཿ པདྨ་འབྱུང་གནས་རྡོ་རྗེ་སློབ་དཔོན་གྱིཿ སྐུ་ཚེ་བརྟན་ཅིང་ཕྲིན་ལས་ཕྱོགས་བཅུར་རྒྱསཿ ཐུགས་ཀྱི་བཞེད་དོན་འབད་མེད་ཡོངས་འགྲུབ་ཅིང༔ བརྒྱུད་འཛིན་བུ་སློབ་ཚེ་ཆོས་བར་ཆད་ཞིཿ བསམ་དགུའི་རེ་བ་མ་ལུས་ཡོངས་རྫོགས་ནས༔ འཕོ་ཆེན་འཇའ་ལུས་རྡོ་རྗེས་ལམ་སྲོལ་ཚུགསཿ རང་སྣང་དབང་འདུས་གཞན་སྣང་ཟིལ་གནོན་ཅིང༔ འཛིན་པ་རང་སར་གྲོལ་བའི་རྟེན་འབྲེལ་གྱིས༔ སྲིད་གསུམ་ཕོ་རྒྱུད་སྣང་བ་དབང་དུ་སྡུསཿ ང་རྒྱལ་དྲེགས་པའི་དཔའ་ཞུམ་ཟིལ་གྱིས་ནོནཿ དགའ་བཞི་བདེ་བ་ཆེན་པོའི་རྟེན་འབྲེལ་གྱིསཿ མོ་རྒྱུད་ཆགས་པ་ཆེན་པོའི་རྒྱུད་དཀྲུགས་ཤིང༔ གཏན་པ་བྲལ་བར་འདུས་ཤིང་དམ་ལ་གནསཿ ཉི་འོག་ཡང་གསང་ཆོས་ཀྱི་བདུད་རྩིའི་ཆབཿ ལོངས་སུ་སྤྱོད་ཅིང་སྨོན་གྲོལ་ལམ་ལ་འཁོདཿ དམ་མེད་སྐལ་ངན་ལོག་ལྟ་སྒྲོ་སྐུར་ཅནཿ སྨོན་ལམ་ལོག་པར་གྱུར་པའི་དགྲ་འདྲེའི་དཔུང༔ ལོ་ཟླ་ཞག་དང་ཟ་མར་མ་འགྱངས་པརཿ མངོན་སྤྱོད་དྲག་པོའི་ཆད་པས་ཚར་ཆོད་ཅིགཿ ཉོན་མོངས་ང་རྒྱལ་དྲེགས་པས་བརྒྱག་པ་ཡིསཿ བཀའ་ལ་གཟུ་ལུམ་རས་གཅོད་སྒྲོ་སྐུར་འདེབསཿ ཕྲིན་ལས་བར་དུ་གཅོད་པའི་དགྲ་བོ་ཡིཿ བསོད་ནམས་རླུང་རྟའི་འདུན་མ་རླུང་ལ་སྐུརཿ སྨྱོ་འབོགས་ལས་ཆེན་བཅུ་གཉིས་རྟགས་མཚན་སྟོནཿ ཞི་བའི་ཕྲིན་ལས་ཡར་ངོའི་ཟླ་ལྟར་འཕེལཿ རྒྱས་པའི་ཕྲིན་ལས་དབྱར་གྱི་ཆུ་གཏེར་བཞིནཿ དབང་གི་འཕྲིན་ལས་ཁམས་གསུམ་གཏན་པ་བྲལཿ དྲག་པོའི་ཕྲིན་ལས་བ་མོར་ཉི་ཟེར་བཞིནཿ ལྷུན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བ་ཡིཿ རྒྱལ་མཚན་སྲིད་པའི་རྩེ་མོར་རབ་བསྒྲེངས་ཤིང༔ བཀྲ་ཤིས་དཔལ་འབར་བདེ་སྐྱིད་ཉི་མ་ཤརཿ རྫོགས་ལྡན་གསར་པའི་དཔལ་ལ་ལོངས་སྤྱོད་ཅིངཿ བྱིན་རླབས་དངོས་གྲུབ་མཆོག་སྩོལ་འབྲས་སྨིན་ཤོགཿ« ཨེ་མཿ དམ་ཅན་མཆོད་ཕྲིན་དངོས་གྲུབ་མཚོཿ བདག་འདྲ་ཨ་ཙར་དམར་པོ་ཡིཿ བརྡ་རིས་ཡོངས་སུ་བཀོད་པ་བཞིནཿ ང་སྤྲུལ་སྐྱེས་བུ་འཕྲད་ནས་ཀྱང༔ ལྷ་ལྕམ་ཡེ་ཤེས་ཌཱཀྐི་མའིཿ དམ་ཅན་བྲན་དུ་ཁོལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱཿ གུ་ཧྱ༔ དམ་ཚིག་གི་རྒྱ༔ བདག་འདྲ་ཁྲག་འཐུང་བདེ་བའི་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་ཉེར་གནས་འོད་ཟེར་མིང་ཅན་གྱིས་བགྱིས་པ་བཀྲ་ཤིས་བདེ་ལེགས་བྱིན་ཆག་འཕེལ་བར་གྱུར་ཅིགཿ