བསྟན་བསྲུང་བཞག་བྲ་ལྷ་རྩེའི་གསོལ་མཆོདཿ

From Khyentse Lineage - A Tsadra Foundation Project
Wylie title bstan bsrung bzhag bra lha rtse'i gsol mchod
Location mdo mkhyen brtse bka' 'bum
Volume 7, Text 87, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

སྙིགས་མའི་མགོ་སྐོར་སྤྲང་དྲེད་པོཿ སྨྱོན་པའི་ཡང་མཐའ་ལས་ངན་པོཿ བྲག་འཐུང་བདུད་འདུལ་རྡོ་རྗེ་ཡིས༔ ཕྱི་ནང་གསང་བའི་གཉིས་འཛིན་གཅོདཿ ལོ་གསུམ་ཟླ་དྲུག་ས་མཐའ་ཉུལཿ མི་མིན་འབྱུང་པོས་སྲོག་སྙིང་ཕུལཿ རང་རང་གཟུགས་སྟོན་དམ་བོར་དུཿ བཀའ་འབུམ་ནང་བཞིན་མ་ནོར་བྲིསཿ དགེ་བའི་བསྟན་པ་རྒྱས་བྱེད་ཤོགཿ དགེའོཿ

snyigs ma'i mgo skor sprang dred po: smyon pa'i yang mtha' las ngan po: khrag 'thung bdud 'dul rdo rje yis: phyi nang gsang ba'i gnyis 'dzin gcod: lo gsum zla drug sa mtha' nyul: mi min 'byung pos srog snying phul: rang rang gzugs ston dam bor du: bka' 'bum nang bzhin ma nor bris: dge ba'i bstan pa rgyas byed shog: dge'o:

[edit]
༄༅། །བསྟན་བསྲུང་བཞག་བྲ་ལྷ་རྩེའི་གསོལ་མཆོད་གཞུགས་སོཿ ཧཱུྃཿ པདྨ་ཐོད་ཕྲེང་བཀའ་ཉན་པཿ བཞག་བྲ་ལྷ་རྩེ་གཉན་གྱི་རྒྱལཿ མི་དཀར་གཞོན་ནུའི་ཆ་བྱད་ཅནཿ དུང་ཁྲབ་དུང་རྨོག་འཁོར་གསུམ་བསྐོར༔ གཞན་ཡིད་སྣང་བ་འགུགས་པ་པོཿ གཡས་པའི་སྦ་ལྕགས་གཡོན་ནོར་བུ༔ དུང་རྟ་གཡུ་རྔོག་རླུང་གཤོག་ཆིབསཿ བཞག་འཁོར་སུམ་བརྒྱ་དྲུག་ཅུའི་བསྐོར༔ སྐུ་མདོག་མ་ངེས་ཅིར་ཡང་བསྒྱུར༔ རང་བཞིན་གནས་ནས་འདིར་གཤེགས་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་བཞེས༔ བདག་སོགས་མི་ནོར་ཁ་འཛིན་མཛོད༔ སྡང་བའི་དགྲ་བོའི་སྲོག་རྩ་ཆོདཿ རྐྱེན་སོལ་བསམ་པ་ཐམས་ཅད་སྒྲུབས༔ གང་བསམ་ལྷུན་གྲུབ་དངོས་གྲུབ་རྩོལཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བྷུ་མི་པཱ་ཏི་དྷེ་ཝ་རཱ་ཛ་པུ་ཥྟཾ་ཀུ་རུ་ཡེ་སྭཱ་ཧཱཿ སྱ་མྱ་ཡྻཿ སྙིགས་མའི་མགོ་སྐོར་སྤྲང་དྲེད་པོཿ སྨྱོན་པའི་ཡང་མཐའ་ལས་ངན་པོཿ བྲག་འཐུང་བདུད་འདུལ་རྡོ་རྗེ་ཡིས༔ ཕྱི་ནང་གསང་བའི་གཉིས་འཛིན་གཅོདཿ ལོ་གསུམ་ཟླ་དྲུག་ས་མཐའ་ཉུལཿ མི་མིན་འབྱུང་པོས་སྲོག་སྙིང་ཕུལཿ རང་རང་གཟུགས་སྟོན་དམ་བོར་དུཿ བཀའ་འབུམ་ནང་བཞིན་མ་ནོར་བྲིསཿ དགེ་བའི་བསྟན་པ་རྒྱས་བྱེད་ཤོགཿ དགེའོཿ