DKYD-KABUM-04-NGA-038: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བླ་མ་ཡང་གསང་འཁྲོས་པ་ལསཿ སྒྲུབ་ཐབས་ཞོ་འཐུང་མཚོན་འཁོར་བཞུགསཿ | |||
|fulltitle=bla ma yang gsang 'khros pa las sgrub thabs zho 'thung mtshon 'khor | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
|sourcerevealer=Mdo mkhyen brtse | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |sourcerevealertib=མདོ་མཁྱེན་བརྩེ་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |terma=Yes | ||
|cycle=bla ma yang gsang khros pa | |cycle=bla ma yang gsang khros pa | ||
|cycletib=བླ་མ་ཡང་གསང་ཁྲོས་པ་ | |cycletib=བླ་མ་ཡང་གསང་ཁྲོས་པ་ | ||
|language=Tibetan | |language=Tibetan | ||
|volumenumber=04 | |||
|volnumtib=༣ | |volnumtib=༣ | ||
|volyigtib=ང | |volyigtib=ང | ||
| | |totalvolumes=8 | ||
|textnuminvol=038 | |textnuminvol=038 | ||
|multivolumework=No | |||
|colophontib=བདག་འདྲ་གཏེར་སྨྱོནཿ ཁྲག་འཐུང་རྔམས་བརྗིད་རྒྱལ་པོས་མེ་ཕོ་རྟ་ཡི་ལོ་གྲོ་བཞིན་ཟླ་བའི་དམར་ཕྱོགས་ལ་དག་པར་ཕབ་པའི་ཡི་གེ་པ་ནི་ཐུགས་སྲས་རིག་པའི་ཡེ་ཤེས་ཀྱིས་བགྱིས་ཤིང་སྐབས་སུ་མི་མ་ཡིན་སྙིང་འགས་པའི་འཚུབས་སློང་སྣ་ཚོགས་ཀྱང་ཕྱུང་ཞིང་འདི་ཉིད་ཤིན་ཏུ་བཀའ་གཉན་ཞིང་བྱིན་རླབས་རྣོ་མྱུར་ཆེ་བའི་རྟགས་མཚན་མངོན་གྱུར་དུ་རིག་པ་དང་མ་ཚད་ཀླུ་བདུད་འདི་བཞིན་ལས་གདུག་རྩུབ་ཆེ་བས་དམ་ཚིག་ལ་གཅེས་སྤྲས་བྱེད་པ་གལ་ཆེའོཿ | |||
|colophonwylie=bdag 'dra gter smyon:_khrag 'thung rngams brjid rgyal pos me pho rta yi lo gro bzhin zla ba'i dmar phyogs la dag par phab pa'i yi ge pa ni thugs sras rig pa'i ye shes kyis bgyis shing skabs su mi ma yin snying 'gas pa'i 'tshubs slong sna tshogs kyang phyung zhing 'di nyid shin tu bka' gnyan zhing byin rlabs rno myur che ba'i rtags mtshan mngon gyur du rig pa dang ma tshad klu bdud 'di bzhin las gdug rtsub che bas dam tshig la gces spras byed pa gal che'o: | |||
|pdflink=File:DKYD-KABUM-04-NGA-038.pdf | |pdflink=File:DKYD-KABUM-04-NGA-038.pdf | ||
|volumeLetter=NGA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-04-NGA | |InitCategories=Khyentse Lineage Project; DKYD-KABUM-Volume-04-NGA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|བླ་མ་ཡང་གསང་འཁྲོས་པ་ལསཿ | {{TibP|བླ་མ་ཡང་གསང་འཁྲོས་པ་ལསཿ སྒྲུབ་ཐབས་ཞོ་འཐུང་མཚོན་འཁོར་བཞུགསཿ | ||
྅྅྅ «བདེ་གཤེགས་རྩ་གསུམ་འདུས་པའི་དཔལཿ རྡོ་རྗེ་འཆང་ལ་གུས་པས་འདུདཿ བདག་འདྲ་པདྨ་འབྱུང་གནས་ཀྱིཿ མ་འོངས་གདུལ་དཀའ་འདུལ་བའི་ཕྱིརཿ རབ་འཁྲོས་འཆོལ་བ་མཆེན་པོ་ཡིསཿ རང་གི་སྒྲུབ་པ་རང་གིས་བསྟནཿ མཐུ་སྟོབས་ལག་ཏུ་ལོངས་དང་ཤེསཿ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུནཿ དཀྱིལ་འཁོར་གཅིག་ཏུ་གསལ་བ་སྟེཿ སྒོ་གསུམ་ལྷ་སྔགས་ཆོས་ཉིད་ལསཿ སྒྲུབ་རྟེན་གཞན་གྱིས་སྤྲོས་པ་བྲལཿ སྤྲོས་བཅས་བསྒྲུབ་པའི་དཀྱིལ་འཁོར་ནིཿ མཚན་མའི་སྒྲུབ་རྫས་ལྕགས་ཕུར་དབུསཿ ནུབ་ཏུ་གཏོར་མ་པད་སྤུང་མཚནཿ བདུད་རྩི་ལྷོ་ལ་རཀྟ་བྱང་ཿ ཤར་བདུད་ཕྱི་ནང་མཆོད་ཚོགས་དགོདཿ ལྷོ་ནུབ་བྱང་ཤར་བཀའ་གཏེར་སྲུང་ཿ དྲག་པོའི་ཆས་ཀྱིས་ལེགས་བརྒྱན་ཞིངཿ བསྒྲུབ་པའི་སྟ་གོན་རིམ་པར་བྱཿ སྤྲོས་མེད་རྣལ་འབྱོར་ཆེན་པོ་ཡིསཿ འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགསཿ བྱིན་གྱིས་རླབས་ལས་སྤྲོས་པ་ཞིགཿ སྣང་བ་རྣམ་དག་གཞལ་ལས་ཁངསཿ གཟུགས་སྣང་ཁྲོ་བོ་འཆོལ་བའི་ཚོགསཿ སྒྲར་གྲགས་དྲག་པོའི་སྔགས་ཀྱི་སྒྲཿ འདོད་ཡོན་མ་སྤང་རྒྱན་ཤར་བཿ སྦྱོར་སྒྲོལ་སྤྱོད་པ་རྨད་དུ་བྱུངཿ འདི་ནི་དོན་གྱི་ས་མ་ཏིཿ དེ་ནས་དངོས་གཞིའི་རིམ་པ་ལཿ ཐོག་མར་ཚོགས་ཞིང་གསལ་གདབ་པཿ »ན་མ་ཧོཿ ཕྱི་སྣོད་བརྟན་པ་སྣོད་ཀྱི་གཞལ་ཡས་ཁངཿ པདྨ་འོད་ཀྱི་གཞལ་ཡས་བཀོད་མཛེས་དབུསཿ བདག་ཉིད་རྣལ་འབྱོར་དམར་མོ་ལམ་གྱི་གྱུརཿ མདུན་མཁར་པད་སྡོང་འདབ་མ་འབུམ་བརྡལ་སྟེངཿ བླ་མ་གུ་རུ་ཐོད་ཕྲེང་ཡབ་ཡུམ་ལཿ སངས་རྒྱས་བྱང་སེམས་རྩ་གསུམ་ཞི་ཁྲོའི་ལྷཿ སྐྱབས་གནས་མ་ལུས་འཁོར་གྱིས་བསྐོར་བར་བསྒོམཿ «སྐྱབས་སུ་འགྲོ་བ་ནིཿ» ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་རྩ་བ་གསུམཿ སྐྱབས་གནས་ཀུན་འདུས་པདྨ་ཐོད་ཕྲེང་རྩལཿ རབ་འཁྲོས་དྲག་པོ་རྡོ་རྗེ་གྲོ་བོ་ལོདཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིཿ «སེམས་བསྐྱེད་པ་ནིཿ »ཁམས་གསུམ་རིགས་དྲུག་འཁོར་བར་འཁྱམས་པ་ཡིསཿ སྡུག་བསྔལ་མ་རྒན་སེམས་ཅན་སྙིང་རེ་རྗེཿ བདག་གིས་སྨོན་དང་འཇུག་པའི་སེམས་བསྐྱེད་ནསཿ མ་ལུས་འགྲོ་ཀུན་སངས་རྒྱས་ས་ཐོབ་བྱཿ« དོན་དམ་སེམས་བསྐྱེད་ནིཿ» བདག་དང་སེམས་ཅན་ཡེ་སངས་རྒྱས་པ་ལཿ མ་རིག་འཁྲུལ་བ་གླཽ་བུར་རྐྱེན་གྱིས་བསྒྲིབསཿ ད་ནི་རང་ངོ་རང་གིས་ཤེས་པ་ཡིསཿ རང་བྱུང་མཐའ་བྲལ་གནས་ལུགས་རྟོགས་པར་བྱཿ «རྩེ་གཅིག་གདུང་བས་གསོལ་འདེབས་ནིཿ »ཨེ་མ་ཧོཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ ཆོས་སྐུ་ཀུན་ཏུ་བཟང་པོ་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ གཞི་ཐོག་གྲོལ་བར་བྱིན་གྱིས་རློབསཿ སྟུག་པོ་བཀོད་པའི་ཞིང་ཁམས་ནསཿ དྲུག་པ་རྡོ་རྗེ་འཆང་ཆེན་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ འོད་སྐུར་གྲོལ་བར་བྱིན་གྱིས་རློབསཿ ཕུན་ཚོགས་ལྔ་ལྡན་ཞིང་ཁམས་ནས༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབསཿ ལྷུན་གྲུབ་དག་པའི་ཞིང་ཁམས་ནསཿ སྟོན་པ་དྲི་མ་མེད་པ་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ ལྷག་མེད་འགྲུབ་པར་བྱིན་གྱིས་རློབསཿ འདུས་མ་བྱས་པའི་ཞིང་ཁམས་ནསཿ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ ཟད་སར་འཁྱོལ་བར་བྱིན་གྱིས་རློབསཿ རང་གསལ་གཉུག་མའི་ཞིང་ཁམས་ནསཿ སློབ་དཔོན་ཤྲཱྀ་སེང་ཧ་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ འཁུལ་སྣང་ཞིག་པར་བྱིན་གྱིས་རློབསཿ པདྨ་འོད་ཀྱི་ཞིང་ཁམས་ནསཿ རྗེ་བཙུན་པདྨ་ཐོད་ཕྲེང་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ གཞི་རྩ་བྲལ་བར་བྱིན་གྱིས་རློབསཿ བདེ་ཆེན་དགའ་བཞིའི་ཞིང་ཁམས་ནསཿ མཁའ་འགྲོ་བདེ་བ་དབྱིངས་སྒྲོན་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ ཡེ་ཤེས་འཆར་བར་བྱིན་གྱིས་རློབསཿ རྣམ་དག་དབྱིངས་ཀྱི་ཞིང་ཁམས་ནསཿ འཚོ་རྒྱལ་ཁྲོས་མའི་རྒྱལ་མོ་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ འཛིན་པ་རང་གྲོལ་བྱིན་གྱིས་རློབསཿ རང་སྣང་དག་པའི་ཞིང་ཁམས་ནསཿ དྲིན་ཆེན་བླ་མ་ཡབ་ཡུམ་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ རང་ངོ་ཤེས་པར་བྱིན་གྱིས་རློབསཿ བསྐལ་པ་མེ་ལྟར་འབར་ཀློང་ནསཿ རབ་འཁྲོས་རྡོ་རྗེ་གྲོ་བོ་ལོདཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ མེ་ལྟར་འབར་བར་བྱིན་གྱིས་རློབསཿ གཏུམ་དྲག་རོལ་པའི་གཞལ་ཡས་ནསཿ གཏུམ་ཆེན་བདུད་འདུལ་ཁྲོ་མོའི་རྒྱལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ ཆུ་ལྟར་འཁྲུགས་པར་བྱིན་གྱིས་རློབསཿ གདུག་པ་འདུལ་བའི་གཞལ་ཡས་ནསཿ གུ་རུ་དྲག་པོའི་ལྷ་ཚོགས་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ རུ་ཏྲ་འདུལ་བར་བྱིན་གྱིས་རློབསཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནསཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ དབང་དུ་འདུ་བར་བྱིན་གྱིས་རློབསཿ དམ་ཚིག་གཉན་གྱི་གཞལ་ཡས་ནསཿ བཀའ་སྲུང་དམ་ཅན་རྒྱ་མཚོ་ལཿ བདག་ཡིད་གདུང་བས་གསོལ་བ་འ་བདེབསཿ བྲན་དུ་འཁོལ་བར་བྱིན་གྱིས་རློབསཿ དག་སྣང་ཕྱོགས་མེད་ཞིང་ཁམས་ནསཿ སྣང་སྲིད་བླ་མའི་རོལ་གར་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ དག་པ་རབ་འབྱམས་བྱིན་གྱིས་རློབསཿ བརྩེ་གདུང་འདུ་འབྲལ་མེད་པ་ནསཿ མཆེད་ལྕམ་རྡོ་རྗེའི་སྦུན་གྲོགས་ལཿ བདག་ཡིད་གདུང་བས་གསོལ་བ་འདེབསཿ གཅིག་ཏུ་འདྲེས་པར་བྱིན་གྱིས་རློབསཿ མ་དག་འཁོར་བའི་སེམས་ཅན་ཀུནཿ རང་ངོ་རང་གིས་ཤེས་གྱུར་ནསཿ ཆགས་སྡང་འཛིན་པ་དབྱིངས་སུ་གྲོལཿ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནསཿ ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོགཿ« ཡན་ལག་བདུན་པ་འབུལ་བ་ནིཿ »ན་མོཿ བླ་མ་དྲག་པོའི་ལྷ་ཚོགས་འཁོར་དང་བཅསཿ གནས་འདིར་སྤྱན་འདྲེན་དགྱེས་པ་ཆེན་པོར་བཞུགསཿ བདག་ལུས་ཞིང་གི་རྡུལ་སྙེད་གྲངས་མཉམ་པའིཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཀུན་བཟང་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་ཚོགསཿ ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ འཁྲུལ་བ་ནས་བཟུང་ད་ལྟ་ཡན་ཆད་ཀྱིཿ ཚེ་རབས་སྡིག་ལྟུང་དམ་སྒྲིབ་ཉམས་ཆགས་བཤགསཿ གསང་སྔགས་བླ་མེད་སྦྱོར་སྒྲོལ་རྨད་བྱུང་བའིཿ སྤྱོད་པ་བླ་མེད་མཛད་ལ་རྗེས་ཡི་རངསཿ གང་ལ་གང་འདུལ་འགྲོ་ཁམས་སྒྲོལ་བའི་ཕྱིརཿ ཁྲོ་གཏུམ་གདུག་པ་འདུལ་བར་ཐུགས་དམ་བསྐུལཿ འཁོར་བའི་རྒྱ་མཚོ་དོང་ནས་མ་སྤྲུགས་པརཿ རླབས་ཆེན་ཕྲིན་ལས་མཛད་ཕྱིར་བཞུགས་གསོལ་འདེབསཿ བླ་མེད་དགེ་བའི་རྩ་བ་གང་ལགས་པཿ མ་གྱུར་སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོཿ བླ་མ་ཡབ་ཡུམ་གནས་ལྔར་འོད་ཟེར་འཕྲོསཿ སྒྲིབ་བཞི་དག་ཅིང་དབང་བཞི་ཡོངས་རྫོགས་ནསཿ རྡོ་རྗེ་བཞིར་སྨིན་འབྲས་བུ་མངོན་དུ་གྱུརཿ བླ་མ་མཆོག་དང་ཐུགས་ཡིད་གཅིག་འདྲེས་ཤོགཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃཿ ཚོགས་ཞིང་འོད་ཞུ་བདག་དང་དབྱེར་མེད་འདྲེསཿ མ་བཅོས་མཐའ་བྲལ་གཉུག་མ་གཤིས་ཀྱི་ངངཿ ཧཱུྃ་ཧཱུྃཿ རང་རིག་ལས་ཀྱི་ཧེ་རུ་ཀཿ དམར་ནག་ཁྲོ་བོ་འཆོལ་བའི་སྐུཿ ཞལ་གཅིག་ཕྱག་གཉིས་ཁྲོ་ཆས་རྫོགསཿ རྩེ་དགུ་གཡས་ལ་སྡིག་པ་གཡོནཿ ཡེ་ཤེས་མེ་དང་ཁྲོ་ཚོགས་འཕྲོསཿ སྲིད་གསུམ་ཟིལ་གནོན་སྐུ་རུ་གྱུརཿ «དཀར་ཕྱོགས་གཏོར་མས་བརྔན་པ་ནིཿ »རྃ་ཡྃ་ཁྃཿ «ལན་གསུམ་གྱིས་སྦྱངསཿ »བྷཱུཾ་ལས་རིན་པོ་ཆེའི་སྣོད་དུ་དཀར་གསུམ་མངར་གསུམ་ལས་གྲུབ་པའི་གཏོར་མ་རི་རབ་དང་མཉམ་པ་རོ་བརྒྱ་ནུས་པ་སྟོང་ལྡན་འདོད་ཡོན་བདུད་རྩིའི་རང་བཞིན་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་གསུམཿ» ཧཱུྃཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིཿ བཀའ་དང་དམ་ཚིག་གཉན་ལ་གནས་པ་ཡིཿ འཛམ་གླིང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཉནཿ དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་སུམ་ཅུ་དངཿ ཕྱི་ནང་གསང་བ་ཡང་གསང་མཆོག་དང་ནིཿ སྤྲུལ་པ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགསཿ ཁྱད་པར་གཉུག་མར་གནས་དང་འཕྲལ་དུ་རྒྱུཿ རྣལ་འབྱོར་བདག་ལ་འགོ་ཞིང་སྡོང་གྲོགས་བྱེདཿ དམ་ལ་གནས་པའི་ཡུལ་ལྷ་གཞི་བདག་སོགསཿ མཆོད་སྦྱིན་གཏོར་མ་བདུད་རྩིའི་རྒྱ་མཚོའི་འདིཿ བཞེས་ལ་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིཿ ནད་གདོན་ཞི་ཞིང་ཚེ་བསོད་རྒྱས་པ་དངཿ ཁམས་གསུམ་དབང་འདུ་གནོད་བྱེད་དགྲ་བགེགས་སྒྲོལཿ དྲག་པོ་སྒྲུབ་པའི་ལས་ཀྱི་གཉེར་ཁ་ཟུངསཿ ཀོ་ལོང་རུུ་ང་ཕྲག་དོག་མ་བྱེད་པརཿ སྦྱིན་བདག་མེལ་ཚེ་སྡོང་གྲོགས་གཉན་པོ་མཛོདཿ ནད་གདོན་བར་ཆད་སྡང་བྱེད་དགྲ་ལ་སྒྱུརཿ དམ་ལས་མ་འདའ་ཕྲིན་ལས་མྱུར་འགྲུབ་མཛོདཿ མ་ཧཱ་པཱུའུ་ཙ་ཧོཿ ས་མ་ཡཿ རཀྵནྟུཿ «འབྱུང་པོར་གཏོར་མ་སྦྱིན་པ་ནིཿ »རྃ་ཡྃ་ཁྃཿ གཙང་མའི་སྣོད་དུ་འདོད་ཡོན་གླུད་ཀྱི་གཏོར་མ་གཟུགས་མཛེས་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ་རི་རབ་དང་རྒྱ་མཚོར་མཉམ་པར་གྱུརཿ ཨོཾ་ཨཱཿཧཱུྃཿ «ལན་གསུམཿ» རང་གི་ཐུགས་ཀ་ནས་ཁྲོ་བོ་ཊ་ཀི་རཱ་ཛ་ལྕགས་ཀྱུ་དང་ཞགས་པ་འཛིན་པའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བདུད་དང་བགེགས་རིགས་ལོག་པར་འདྲེན་པའི་ཚོགས་ཅད་ཐམས་ཅད་ཤོག་སྐྱ་རླུང་གིས་དེད་པ་ལྟར་གླུད་གཏོར་ལེན་པའི་སླད་དུ་འདིར་བཀུག་པར་གྱུརཿ བཛྲ་ཊ་ཀི་ར་ཛ་ཧཱུྃ་ཛཿ སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ «ལན་གསུམཿ »བདག་ཉིད་གུ་རུ་དྲག་པོའི་མདུན་དུ་དཔའ་འཁུམས་ཤིང་འདར་ཕྲི་ལི་ལི་གནས་པར་བསམཿ «དེ་བཞིན་གཤེགས་པ་བཞི་ཡི་མཚན་གྱི་མཐརཿ» ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོ་སམྦྷ་ར་སམྦྷ་ར་ཧཱུྃཿ «ལན་བདུན་གྱིས་བསྔོསཿ »མཆོད་སྦྱིན་གླུད་ཀྱི་གཏོར་མ་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་ནི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ག གཙོ་བོ་གདོན་ཆེན་བཅོ་བརྒྱདཿ བགེགས་རིགས་སྟོང་ཕྲག་བརྒྱད་ཅུཿ བྱིས་པའི་གདོན་ཆེན་བཅོ་ལྔཿ འཕྲོག་མ་མ་བུ་ལྔ་བརྒྱཿ ཕོ་གདོན་རྒྱལ་པོཿ མོ་གདོན་སྲིན་མོཿ བདུད་དང་དམ་སྲིཿ ཟ་འདྲེ་ཤི་གཤེདཿ གནའ་འདྲེ་རྙིང་པཿ ད་འདྲེ་གསར་པཿ ཡུལ་འདྲེ་འཁྱམས་པོཿ དྲི་ཟ་ཐེའུ་རང། མི་ལ་བསེ་རག སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་ཅིང་གསང་སྔགས་ཀྱི་དཀྱིལ་འཁོར་བལྟར་མི་དབང་ཞིང་སྣོད་དུ་མི་རུང་བཿ སེམས་ཅན་ཡོངས་ལ་འཚེ་ཞིང་ཚེ་ལ་བརྐུ་བཿ སྲོག་ལ་འཇབ་པཿ བླ་ལ་འཁྱེར་ཞིངཿ བསོད་ནམས་དབང་ཐང་རིགས་རྒྱུདཿ ཟས་ནོར་ལ་གཅོད་པར་བྱེད་པའི་རིགས་སུ་གྱུར་པ་ཁྱེད་ཅག་དམ་ལས་ཉམས་ཕྱིར་གནས་འདིའི་འཁོར་ཡུག་ཙམ་དུའང་སྡོད་པའི་དབང་མེད་པསཿ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་གླུད་ཀྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམས་པར་གྱིས་ལཿ ས་ཡི་ཕྱོགས་འདིར་མ་གནས་པར་སྡང་བྱེད་དགྲ་བོའི་ཡུལ་ལམ་ལྕགས་རི་ནག་པོའི་མཐར་སོང་ཤིགཿ གང་དག་མི་འགྲོ་བར་བཀའ་ལས་འདའ་བར་བྱེད་པ་གང་ཞིག་བདག་ཉིད་དྲག་གཏུམ་ཁྲོ་བོ་འཆོལ་པའི་ཚོགས་ཀྱིས་ཁྱེད་རྣམས་ཀྱིས་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་བརླག་ནས་རྣམ་པར་ཤེས་པ་ཁྲོ་བོ་ཞེ་སྡང་རྡོ་རྗེས་རྡོ་རྗེ་དམྱལ་བའི་གནས་སུ་ཕེན་པར་འགྱུར་ཏ་རེཿ སརྦ་བྷུ་ཏ་གཙྪཿ ས་མ་ཡཿ ན་རཀ་ཀནཿ «ཞེས་གོམ་པ་བརྒྱད་ཅུའི་ཕ་མཐར་དོར་ཞིང་བཀའ་བསྒོ་བ་ནིཿ» ཧཱུྃ་ཧཱུྃ་ཧཱུྃཿ ང་ནི་ལས་ཀྱི་ཆེ་མཆོག་དྲག་པོ་རྩལཿ སྐུ་ལས་ཡེ་ཤེས་མེ་དཔུང་ལམས་སེ་ལམཿ ཁྲོ་ཚོགས་རབ་འཇིགས་གཡས་ནས་ཧཱུྃ་སྒྲ་སྒྲོགཿ མཁའ་འགྲོ་རབ་གཏུམ་གཡོན་ནས་ཕཊ་སྒྲ་ལྡིརཿ ཕྱོགས་དང་ཕྱོགས་མཚམས་ཟངས་ལྕགས་བསྡིགས་པ་འགྱེདཿ བྱ་ཁྱུང་འབར་ལས་ནམ་མཁའི་ཁམས་ཀུན་གངཿ ཁྲོ་བོ་ཁྲོ་མོས་བར་སྣང་དབྱིངས་ཀུན་ཁྱབཿ གནམ་ལྕགས་བསྡིགས་པ་སྦྲུལ་གྱི་ས་གཞི་གཡོཿ བཀའ་ལས་འདའ་བྱེད་སྡིག་ཅན་བདུད་སྡེའི་དཔུངཿ བ་སྤུར་མེས་བསྲེགས་མེ་དགྲ་ཆུས་བསད་དངཿ ཐལ་བ་རླུང་གིས་གཏོར་བཞིན་རྡུལ་དུ་རློགཿ དྲག་གཏུམ་བཀའ་ཡིས་ཆད་བ་འབར་བ་ཡིསཿ བཟོད་མེད་སྡུག་བསྔལ་ཉམས་སུ་མྱོང་བར་གྱིསཿ «ཧཱུྃ་བཞིའི་སྔགས་དངཿ» ཨོཾ་རཀྴ་ཀྲོ་ཏ་ཨརྩིག་ནིརྩིག་སརྦ་དུཥྟཾ་སྲོག་ལ་རྦད་རྦད་ཧཱུྃ་ཧཱུྃ་ཧན་ཧན་ཧཱུྃ་ལ་རཾ་རཾ་ཧཱུྃ་ཕཊཿ« དྲག་སྔགས་མེ་དཔུང་ཐུན་གྱིས་གཞོམས་ཤིང་ཏིང་འཛིན་དམིགས་པ་དྲག་པོས་གཟིར་བར་བྱའོཿ མཚམས་གཅོད་པ་ནིཿ» ཧཱུྃཿ རབ་འཁྲོས་དྲག་པོའི་ཐུགས་ཀ་ནས༔ ཧཱུྃ་འཕྲོས་དཀྱིལ་འཁོར་ཕྱི་རིམ་དུཿ གནམ་ལྕགས་རྡོ་རྗེའི་གུར་ཁང་ནིཿ ཟླུམ་པོ་སྲ་ཞིང་མཁྲེགས་པར་སྒོམཿ ཕཊཿའཕྲོས་གུར་ཁང་ཕྱི་རོལ་དུཿ གནམ་ལྕགས་འཁོར་ལོའི་གུར་ཁང་ནིཿ རྣོ་དཔའ་གཡས་སུ་འཁོར་བར་སྒོམཿ རཾ་འཕྲོས་དེ་ཡི་ཕྱི་རོལ་དུཿ ཡེ་ཤེས་མེ་རླུང་འཁྲུགས་པའི་གུརཿ ཚ་དབལ་རྣོ་མྱུར་གཡོན་དུ་འཁོརཿ ཛཿའཕྲོས་ཕྱི་ཡི་འཁོར་ཡུག་ཏུཿ སྤུ་གྲི་རེག་གཅོད་གུར་ཁང་ནིཿ རྣོ་མྱུར་གློག་ལྟར་འཁོར་བར་སྒོམཿ ཧཱུྃཿ ལྷ་ཡང་སེམས་ལ་འདྲེ་ཡང་སེམསཿ མཁའ་འགྲོ་རིག་པའི་རྩལ་ལས་བྱུངཿ སེམས་ཉིད་ཡེ་ནས་ཆོས་སྐུ་ལཿ བགེགས་དང་བར་ཆད་མིང་ཡང་མེདཿ ཡེ་གྲོལ་ཆེན་པོར་མཚམས་བཅད་དོཿ ཨོཾ་བཛྲ་ཙཀྲ་ཛྭ་ལ་མ་ར་ཡ་རཀྴ་རཀྴ་ཀུ་རུ་བྷཱུྃཿ ཨ་ཨཿ «བཤགས་པ་ནིཿ» ཧོཿ གཞི་ཐོག་འཁྲུལ་པ་ནས་བཟུང་སྟེཿ མ་རིག་འཛིན་པ་དམ་པོ་ཡིསཿ དབང་གྱུར་ཉམས་ཚོགས་ཉེས་ལྟུང་བསགསཿ རང་ངོ་རང་གིས་མ་ཤེས་པཿ བླ་མ་དྲག་པོའི་ལྷ་ཚོགས་ལཿ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལཿ ཨོཾ་བཛྲ་ས་ཏྭ་ཨཱཿ «དེ་ནས་བྱིན་འབེབ་པ་ནིཿ དད་གུས་གདུང་བ་དྲག་པོསཿ» ཧཱུྃཿ བསྐལ་པ་སྲིད་པའི་དང་པོ་ལཿ ཁྲག་འཐུང་དཔལ་ཆེན་ཧེ་རུ་ཀསཿ དྲག་གཏུམ་ཁྲོས་པའི་སྐུར་བཞེངས་ཤིགཿ མ་རིག་རུ་ཏྲའི་སྡེ་དཔུང་བཅོམཿ བཀོད་པ་ལྷུན་རྫོགས་གཞལ་ཡས་ཁངཿ དྲག་པོའི་དཀྱིལ་འཁོར་ཡོངས་ཤར་བཞིནཿ སྒྲུབ་པའི་གནས་འདིར་བྱིན་གྱིས་རློབསཿ ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགསཿ སྤྲུལ་པ་སྐུ་ཡི་ལྷ་ཚོགས་ཀྱིསཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལཿ ཁྲག་འཐུང་ཁྲོ་བོ་རོལ་པའི་ཚོགསཿ མ་གཡེལ་ཐུགས་དམ་གནད་ནས་བསྐུལཿ བཞེངས་ཤིག་མཐུ་རྩལ་དྲག་པོའི་ལྷཿ ཕྱི་སྣོད་དྲག་པོ་རོལ་པའི་ཞིངཿ ནང་བཅུད་ཁྲོ་བོ་ཁྲ་མོའི་གརཿ བདག་ཉིད་པདྨ་དྲག་པོ་ཡིསཿ གསང་བ་གསུམ་དུ་བྱིན་རློབས་ལཿ བྱིན་ཆེན་བྱིན་ཕོབ་གུ་རུ་རྗེཿ དབང་ཆེན་དབང་བསྐུར་ཡི་དམ་ལྷཿ དངོས་གྲུབ་མཆོག་སྩོལ་མཁའ་འགྲོའི་ཚོགསཿ ཕྲིན་ལས་མྱུར་སྒྲུབ་དམ་ཅན་སྡེཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའིཿ སྒོ་གསུམ་བྱིན་གྱིས་བརླབ་ཏུ་གསོལཿ ཨོཾ་ཨཱཿཧཱུྃ་བཛྲ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻ་ཕཻཾ་ཕཻཾཿ ཧཱུྃ་ཧཱུྃ་ཧཱུྃཿ «ཅེས་བརྗོད་བྱིན་བརླབས་རྟགས་མཚན་མཐོངཿ དཀྱིལ་འཁོར་མཆོད་གཏོར་བྱིན་གྱིས་བརླབ་པ་ནིཿ »དབྱིངས་ལས་ཡི་གེ་རྃ་ཡྃ་ཁྃཿ བྱུང་བའི་མ་དག་དངོས་འཛིན་སྦྱངསཿ ཨོཾ་ཨཱཿཧཱུྃ་གསུམ་བབ་པ་ལསཿ སོ་སོའི་ནུས་པ་ཕུན་སུམ་ཚོགསཿ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨནཿ དུག་ལྔ་རྣམ་དག་བཱ་ལིང་ཏཿ རྒྱུ་དྲུག་སྦྱར་བའི་རཀྟའི་མཚོཿ ཕྱི་ནང་གསང་བའི་མཆོད་སྦྲིན་རྫསཿ རོ་བརྒྱ་ནུས་པ་སྟོང་ལྡན་པཿ ཏིང་འཛིན་ཡེ་ཤེས་འོད་ཕུང་འཁྲིགསཿ བདེ་བ་ཆེན་པོའི་རྫས་སུ་སྒྱུརཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི༔ཋཿ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བཱ་ལིང་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃཿ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃཧྲཱིཿཋཿ ཨརྒྷཾཿ པཱདྱཾཿ པུཥྤཿ དྷཱུ་བེཿ ཨ་ལོ་ཀེཿ གྷནྡྷེཿ ནཻ་ཝི་ཏྱཿ ཤབྟ་སརྦ་པཱུ་ཙ་ཧོཿ «དངོས་གཞི་སྔོན་འགྲོའི་རིམ་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དངོས་གཞི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་བསྒོམ་པ་ནིཿ» ཧཱུྃཿ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུནཿ བརྗོད་བྲལ་རྣམ་ཐར་གསུམ་ལྡན་དངཿ འཁྲུལ་པ་གཞི་ལ་གྲོལ་བའི་ཕྱིརཿ སྙིང་རྗེ་ཆེན་པོ་ཀུན་ཏུ་སྣངཿ རང་རིག་རྒྱུ་ཡི་ས་བོན་ནིཿ ཧཱུྃ་དམར་བཀྲག་དང་ལྡན་པར་སྒོམཿ དེ་ལས་འོད་ཟེར་འཕྲོས་འདུས་ཀྱིསཿ ཕྱི་སྣོད་སྤྲུལ་པའི་གཞལ་ཡས་ཁངཿ རྩིག་པ་འདོད་སྣམ་ཕ་གུ་དངཿ དྲྭ་ཕྱེད་མདའ་ཡབ་པུ་ཤུ་མཛེསཿ སྒོ་གྲུ་རྟ་བབ་ཆོས་འཁོར་བརྒྱནཿ ཕོ་བྲང་བཀོད་པ་ལྷུན་རྫོགས་པའིཿ ནང་དབྱིངས་དུར་ཁྲོད་གཞལ་ཡས་ཁངཿ རབ་འཇིགས་དྲག་པོ་ཁྲོས་པའི་ཞིངཿ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང་དངཿ རྒྱུ་སྐར་དྲེགས་པའི་ཆོགས་ཀྱིས་བརྒྱནཿ མི་མགོ་ཆུ་སྲིན་རྩིག་པས་མཛེསཿ ཤ་ཆེན་ཁྲག་དང་གླད་པ་འཁྱིལཿ སྲིན་པོ་ཉེར་གཅིག་བསྣོལ་བའི་ཁྲིརཿ པདྨའི་སྟེང་དུ་ཉི་ཟླའི་དབུསཿ རྒྱུ་ཡིས་ས་བོན་བབ་པ་ལསཿ འོད་ཟེར་འཕྲོས་འདུ་དོན་གཉིས་བྱསཿ ཚུར་འདུས་འོད་ཀྱི་གོང་བུར་གྱུརཿ དེ་ཉིད་ཡོངས་སུ་གྱུར་པ་ལསཿ བདག་ཉིད་བླ་མ་དྲག་པོའི་སྐུཿ ཁྲོ་བོ་འཆོལ་བ་གྲོ་བོ་ལོདཿ རབ་འཇིགས་དྲག་གཏུམ་ཁྲོས་པའི་སྐུཿ དམར་ནག་ཁྲག་རུལ་དུག་གི་མདོགཿ དབུ་དགུ་ཕྱག་ནི་བཅོ་བརྒྱད་ལཿ གཡས་ཞལ་གསུམ་ནི་དཀར་དམར་རྒོདཿ ཞི་ཞིང་ཆགས་པའི་རྣམ་འགྱུར་སྟོནཿ གཡོན་ཞལ་གསུམ་ནི་མཐིང་ནག་གཤེཿ ཁྲོ་གཏུམ་འཇིགས་པའི་ཨཾ་གཙིགས་བསྡམས༔ དབུས་ཞལ་གསུམ་ནི་དམར་ནག་བརྗིདཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ རེ་རེ་ལ་ཡང་སྤྱན་གསུམ་གསུམཿ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགསཿ སྨིན་མ་སྨ་ར་ཨག་ཚོམ་འབརཿ རལ་པ་ཁམས་ནག་གྱེན་དུ་འཕྱངཿ ཐོད་སྐམ་ལྔ་དང་སྦྲུལ་གྱིས་བརྒྱནཿ རྩ་ཕྱག་གནམ་ལྕགས་རྡོ་རྗེ་ནིཿ རྩེ་དགུ་ནམ་མཁའི་མཐིངས་སུ་ཕྱརཿ འོག་མ་བདུན་པོ་རིམ་བཞིན་དུཿ ཉི་ཟླ་རི་རབ་མེ་དཔུང་དང་ཿ ཐོད་དབྱུག་འཁོར་ལོ་རལ་གྲི་བསྣམསཿ འོག་མ་གནམ་ལྕགས་ཕུར་བུ་བསྡིགསཿ གཡོན་གྱི་རྩ་ཕྱག་ཐོད་ཁྲག་འཁྱུདཿ འོག་མ་རིམ་བཞིན་ཐོ་བ་དངཿ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལཿ ཁ་ཊཱཾ་ཀ་དང་མདུད་ཐུང་འཛིནཿ གཡོན་འོག་སྡིག་པ་ཕོ་མོ་འགྱེདཿ དུར་ཁྲོད་རོལ་བའི་ཆས་བརྒྱད་དངཿ དཔལ་གྱི་ཆས་བཅུ་ཁྲོ་བོའི་རྒྱནཿ ལྷ་ཀླུ་གཟའ་དང་རུས་རྒྱན་སོགསཿ མ་ཚང་མེད་པར་སྐུ་ལ་རྫོགསཿ ཞབས་བཞི་དམ་སྲི་ཕོ་མོ་དངཿ རྒྱལ་བསེན་དྲེགས་པ་སྡེ་བརྒྱད་བརྫིསཿ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོརཿ སྐུ་ཡི་བཀོད་པ་ལྷུན་གྱིས་གྲུབཿ སྒེགས་པ་དཔའ་བ་འཇིགས་སུ་རུངཿ རྒོད་དང་གཤེ་དང་རྔམ་པར་སྟོནཿ སྙིང་རྗེ་ཞེ་སྡང་གཏུམ་རྔམས་ལྡནཿ ཉི་ཟླ་པདྨའི་གདན་ལ་འགྱིངཿ སྲིད་གསུམ་གདན་ཁྲིའི་འོག་ཏུ་གནནཿ བསྐལ་པའི་མེ་དཔུང་རབ་འབར་ཀློངཿ སྐུ་ལས་ཁྲོ་བོ་ཁྲོ་མོ་དངཿ ཁྱུང་དང་སྡིག་པའི་དམག་ཚོགས་སྤྲོསཿ སྤྱི་བོར་རྟ་མགོ་ལྗང་ཞུར་ནིཿ རྔོག་མ་དམར་སེར་མེ་སྟག་འཕྲོསཿ དབུ་ཡི་གཙུག་གི་ནམ་མཁའ་ལཿ སྤྲུལ་པའི་བྱ་ཁྱུང་ག་རུ་ཊཿ དམར་ནག་ཁྲོ་ཆུ་ཞུན་མའི་ལུསཿ སྒྲོ་གཤོག་རལ་པ་མཚོན་ཆར་གྲུབཿ གནམ་ལྕགས་མཆུ་སྡེར་ཉི་ཟླའི་མིགཿ གདོལ་པ་ཀླུ་བདུད་ཕོ་མོ་ཟཿ རྭ་བར་ནོར་བུ་འབར་བས་བརྒྱནཿ དེ་ཡི་སྤྱི་གཙུག་ཚེ་དཔག་མེདཿ དམར་གསལ་པདྨ་རཱ་གའི་མདངསཿ ཞལ་གཅིག་འཛུམ་པའི་ཉམས་དང་ལྡནཿ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིནཿ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགསཿ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱནཿ པདྨ་ཟིལ་ལྡན་ཡུམ་དང་སྦྱོརཿ གྲི་གུག་བདུད་རྩིའི་ཐོད་པ་བསྣམསཿ སྤྱི་བོར་ཀུན་བཟང་ཡབ་ཡུམ་བཞུགསཿ བདག་ཉིད་པདྨ་དྲག་པོ་ཡིཿ དུང་ཁང་ཁྲག་འཐུང་ལྔ་བཅུ་བརྒྱདཿ སྙིང་ལར་ཞི་བ་བཞི་བཅུ་གཉིསཿ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེདཿ སེར་ནག་དབྱུག་ཐོ་ཞགས་པ་འཛིན༔ མགྲིན་པར་པདྨ་དབང་ཆེན་དམརཿ ཐོད་དབྱུག་སྦྲུལ་གྱི་ཞགས་པ་བསྣམསཿ ཐུགས་ཀར་བཛྲ་པཱ་ཎི་མཐིངཿ རྡོ་རྗེ་གཡས་ལ་བསྡིགས་མཛུབ་གཡོནཿ ལྟེ་བར་ཁྲོས་མ་ལྷ་ལྔ་མཿ མཐིང་དཀར་སེར་དམར་ལྗང་གསལ་མདོགཿ གྲོ་གུག་ཐོད་ཁྲག་ཁ་ཊཱཾ་འཆངཿ འདོམས་ལ་ཡཀྴ་མེ་དབལ་ནགཿ རབ་འཕྲོས་དྲག་པོའི་ཆས་ཀུན་རྫོགསཿ སྦྲུལ་དང་ཐོད་པ་སྙིང་གིས་བརྒྱནཿ གནམ་ལྕགས་རལ་གྲི་ཐོ་བ་ཕྱརཿ ཕོ་ཉ་ལྕགས་སྡིག་དམར་ནག་སོགསཿ གོ་ཆ་སྤྲུལ་པའི་ཚོགས་ཀུན་གསལཿ ཡབ་ཡུམ་རོལ་བའི་མཁའ་གསང་ལསཿ ཐུགས་ཀྱི་ས་བོན་བཞི་འཕྲོས་པསཿ ཤར་དུ་རྡོ་རྗེ་དྲག་པོ་རྩལཿ ལྷོ་རུ་རཏྣ་དྲག་པོ་རྩལཿ ནུབ་ཏུ་པདྨ་དྲག་པོ་རྩལཿ བྱང་ཕྱོགས་ཀརྨ་དྲག་པོ་རྩལཿ དཀར་སེར་དམར་ལྗང་ཁྲོ་ཆས་རྫོགསཿ གྲི་གུག་གཡས་ལ་དུང་ཁྲག་གཡོནཿ རང་རང་རིགས་ཀྱི་ཡུམ་དང་སྦྱོརཿ སླར་ཡང་ཧ་བཞི་འཕྲོས་པ་ལསཿ ཤར་ལྷོར་ཧྱ་གྲྀ་ཝ་མཐིངཿ ཞལ་གཅིག་ཕྱག་གཉིསརབ་ཁྲོས་སྐུཿ རལ་གྲི་དང་ནི་ལྕག་ཀྱུ་འཛིནཿ ལྷོ་ནུབ་མཁའ་འགྲོ་སེང་གདོང་མཿ ཁ་ཊྭཱཾ་གྲི་གུག་ཐོད་ཁྲག་འཛིནཿ ནུབ་བྱང་བཛྲ་ཀཱི་ལ་ཡཿ གནམ་ལྕགས་ཕུར་བུ་འདྲིལ་ཞིང་བརྡེགཿ བྱང་ཤར་ཁྲོ་མོ་རོ་ཟ་མཐིངཿ སྤུ་གྲི་སྙིང་དང་ཞགས་པ་འཛིནཿ ཀུན་ཀྱང་པད་ཉིའི་གདན་ལ་རོལཿ ཕྱི་རོལ་གདན་འཁོར་རྩིབ་བརྒྱད་ལཿ ཤར་དུ་ལྷ་ཆེན་དབང་ཕྱུག་ཆེཿ ལྷོ་རུ་ཡ་མ་ར་ཛ་དངཿ ནུབ་ཏུ་ཀླུ་བདུད་མགོ་དགུ་པཿ བྱང་དུ་བདུད་རྒྱལ་སྐོས་དྲངས་དངཿ ཤར་ལྷོར་མ་མོ་སྲིད་རྒྱལ་མཿ ལྷོ་ནུབ་སྲིན་པོ་ཐོད་ཕྲེང་ཅནཿ ནུབ་བྱང་དྲག་པ་མཐུ་ཆེན་དངཿ བྱང་ཤར་དམུ་བདུད་གུ་ལང་སོགསཿ ལས་ལ་འདུད་ཅིང་སྲོག་སྙིང་འབུལཿ ཕྱི་རོལ་འཁོར་ལོ་རྩིབ་བཅུ་ལཿ ཁྲོ་བཅུ་ཡབ་ཡུམ་འཁོར་དང་བཅསཿ གཞན་ཡང་རིག་འཛིན་མཁའ་འགྲོ་དངཿ གིང་ལང་འབར་མ་དབང་ཕྱུག་ཚོགསཿ ཉི་ཟེར་རྡུལ་འཁྲིགས་ཇི་བཞིན་གསལཿ བདག་ཉིད་པདྨ་དྲག་པོ་ཡིཿ སྤྱི་བོར་ཟླ་བར་ཨོཾ་དཀར་པོཿ མགྲིན་པར་པདྨར་ཨཿདམར་པོཿ ཐུགས་ཀར་ཉི་མར་ཧཱུྃ་མཐིང་ཀཿ དེ་ལས་འོད་ཟེར་རབ་འཕྲོས་པསཿ སྐུ་གསུམ་ཞིང་བཞུགས་ཐུགས་རྒྱུད་བསྐུལཿ གཟུགས་སྐུའི་རྣམ་པར་རོལ་གར་བསྒྱུརཿ བརྩེ་བའི་ཐུགས་རྗེའི་རྗེས་སུ་དགོངསཿ དབང་བསྐུར་བྱིན་གྱིས་རློབས་པར་གྱུརཿ ཨོཾ་སརྦ་ཏ་ཐཱ་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃཿ «སྤྱན་འདྲེན་པ་ནིཿ དད་གུས་གདུང་བའི་ཤུགས་ཕྱུང་ལཿ »ཧཱུྃཿ དབུས་མཐའ་བྲལ་བ་ཆོས་དབྱིངས་ཕོ་བྲང་ནསཿ ཆོས་སྐུ་ཞི་བའི་ལྷ་ཚོགས་འཁོར་དང་བཅསཿ མེ་འབར་དགུ་ཀློང་གསང་ཆེན་གཏུམ་དྲག་རོལཿ ལོངས་སྤྱོད་རྫོགས་སྐུ་ཁྲག་ཐུང་ཁྲོ་བོའི་ཚོགསཿ བདུད་འདུལ་འོག་མིན་དབང་དྲག་རོལ་ཞིང་ནསཿ རྗེ་བཙུན་གུ་རུ་པདྨ་ཐོད་ཕྲེང་རྩལཿ དྲག་པོ་ཁྲོས་པ་རྡོ་རྗེ་གྲོ་བོ་ལོདཿ མ་གཡེལ་མ་གཡེལ་ཐུགས་དམ་གནད་ནས་བསྐུལཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷཿ གདུག་པ་འདུལ་ཕྱིར་དུས་ལས་མ་ཡོལ་བར༔ པདྨ་དྲག་པོའི་ལྷ་ཚོགས་འཁོར་དང་བཅསཿ བརྩེ་ཆེན་ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལཿ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོནཿ ཆོས་ཉིད་ཉམས་ཀྱི་སྣང་བ་རབ་འུར་ཞིང༔ དྲག་གཏུམ་ཁྲོ་བོ་འཆོལ་བའི་རྣམ་འགྱུར་གྱིསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ་ཕཻཾཿ ཙིཏྟ་ཧྲིང་ཧྲིང་ཛཿཛཿ ཛྙཱ་ན་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ་ཕཻཾ་ཧཱུྃ་ཧཱུྃ་ཧཱུྃཿ «བཞུགས་གསོལ་ནིཿ »ཧཱུྃཿ དབང་དྲག་འབར་བའི་ལྷ་ཚོགས་འཁོར་དང་བཅསཿ ཡེ་ནས་རིག་པ་རང་བྱུང་ཀློང་དུ་རྫོགསཿ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱངཿ གློ་བུར་འཛིན་ཞེན་གྲོལ་བའི་རྟེན་འབྲེལ་ཕྱིརཿ དམ་ཚིག་ཡེ་ཤེས་ཆུ་ལ་ཆུ་ཐིམ་ལྟརཿ འཁྲུལ་བ་གཞི་གྲོལ་ཆེན་པོར་བཞུགས་སུ་གསོལཿ ས་མ་ཡཿ ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷནཿ དུག་ལྔའི་དབང་གྱུར་ཁམས་གསུམ་སེམས་ཅན་ཀུནཿ མ་རྟོགས་འཁྲུལ་པས་དཀྱིལ་འཁོར་ལྷ་མ་མཐོངཿ སྡུག་བསྔལ་འཁོར་བའི་གནས་སུ་གཏན་འཁྱམས་ནཿ དེང་འདིར་རིག་པ་ཡི་དམ་ལྷ་མཇལ་ཕྱིརཿ དྲེགས་པ་སྡེ་བརྒྱད་འཁྲུལ་པའི་དབང་གྱུར་ཀུནཿ དཀྱིལ་འཁོར་ལྷ་ལ་རང་བྱུང་བརྡ་ཕྱག་འཚལཿ ན་མོ་ན་མ་ཧཱུྃཿ པྲཏཱིཙྪ་ཧོཿ «དེ་ནས་མཆོད་པའི་བྱེ་བྲག་ནིཿ དང་པོ་ཕྱི་མཆོད་འབུལ་བ་ནིཿ »པདྨ་དྲག་པོའི་ལྷ་ཚོགས་འཁོར་བཅས་ལཿ སེམས་ཅན་ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཕྱིརཿ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དངཿ མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགསཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེཿ དམར་ཆེན་ཨརྒྷཾ་དུག་ཆུའི་པཱ་དྱཾ་དངཿ དབང་ལྔའི་པུཥྤེ་ཤ་གསུར་དྷུ་པེ་མཿ ཞུན་ཆེན་ཨ་ལོའི་མཁྲིས་སྣའི་གྟནྡྷེ་སྦྱརཿ ཤ་རུས་ནཻཝིཏྱ་ཐོད་རྔའི་ཤབྟ་སོགསཿ གཏུམ་དྲག་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃཿ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃཿ ཨོཾ་བཛྲ་ཨ་ལོ་ཀེ་ཨཱ༔ཧཱུྃཿ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ནཻ་ཝི་ཏྱ་ཨཱཿཧཱུྃཿ ཨོཾ་བཛྲ་ཤབྟ་ཨཱཿཧཱུྃཿ རཱུ་པ ཤབྟ གྷནྡྷེ རཱ་ས སྤརྴེ་མ་ཧཱ་སརྦ་པཱུ་ཙ་ཧོཿ «ནང་མཆོད་འབུལ་བ་ནིཿ» ཧཱུྃཿ དབང་དྲག་དཔལ་ཆེན་ལྷ་ཚོགས་འཁོར་བཅས་ལཿ ཡབ་ཡུམ་བདེ་བའི་བྱང་སེམས་བདུད་རྩིའི་རྒྱུནཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་ཞིངཿ མྱོང་གྲོལ་ཟག་མེད་བདེ་བ་བསྐྱེད་པའི་རྫསཿ ཤ་ཆེན་ལྔ་དང་འབྲུ་སྣ་སྦྱར་བ་ཡིསཿ བདེ་བ་ཆེན་པོའི་བྷ་ལིང་རྒྱན་དང་ལྡནཿ རོ་བརྒྱ་ནུས་པ་ཕུན་སུམ་ཚོགས་པའི་དཔལཿ བདེ་བསྐྱེད་ལྷ་མོའི་མཁའ་གསང་ལས་བྱུང་ཞིངཿ རྒྱུ་གཉིས་རྐྱེན་བཞི་ཁྲག་སྣར་སྦྱར་བ་ཡིཿ དམར་ཆེན་ཤེས་རབ་རྫས་མཆོག་བླ་ན་མེདཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་འབུལཿ ཨོཾ་ཨཱཿཧཱུྃཿ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧིཿ ཨོཾ་མ་ཧཱ་བྷ་ལིང་ཏ་ཏེ་ཛྭ་བྷ་ལིང་ཏ་ཁ་རཾ་ཁཱ་ཧིཿ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཁ་རཾ་ཁཱ་ཧཱིཿ «གསང་མཆོད་འབུལ་བ་ནིཿ» ཧཱུྃཿ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅསཿ དགྱེས་པ་ཆེན་པོ་རབ་བསྐྱེད་ཕྱིརཿ ཆགས་ཆེན་བཅུ་དྲུག་དགའ་སྟེར་མའིཿ བྷ་ག་དབྱིངས་ཀྱི་གཞལ་ཡས་སུཿ འདོད་པའི་རྒྱལ་པོ་རྡོ་རྗེ་ཆེཿ མཉམ་སྦྱོར་རྩ་བཅུད་བདེ་ཆེན་གྱིསཿ ཐིག་ལེ་དགའ་བཞིའི་མཆོད་པ་འབུལཿ གཟུང་འཛིན་ཆགས་སྡང་དགྲ་གདོན་གཟུགསཿ བྷ་ག་དྲག་པོའི་ཧོམ་ཁུང་དུཿ རྡོ་རྗེ་ཁྲོ་བོའི་མཚོན་ཆ་ཡིསཿ གཟིར་ཞིང་དུག་གསུམ་དབྱིངས་སུ་བསྒྲལཿ རྣམ་པར་རྟོག་པ་ཡོངས་གཞིག་པའིཿ འཁོར་བ་སྐྱེ་མེད་ཀློང་དུ་གྲོལཿ ཏ་ན་གན་དྷརྨཱའ་དྷརྟུུ་མ་ཧཱ་སརྦ་པཱུ་ཙ་ཁཱ་ཧིཿ «དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད་པ་ནིཿ »ཧཱུྃཿ བདེ་ཆེན་ཆོས་ཀྱི་སྐུ་ལས་ལོངས་སྐུའི་མདངསཿ སྤྲུལ་པའི་རྣམ་རོལ་ཁྲོ་བོ་རོལ་པའི་གརཿ འཆོལ་བ་ཆེན་པོ་སྲིད་གསུམ་འདུལ་བའི་གཤེདཿ གུ་རུ་དྲག་པོའི་ལྷ་ལ་ཕྱག་འཚལ་བསྟོདཿ བསྐལ་པ་མེ་ལྟར་འབར་བའི་གཟི་བརྗིད་ཅནཿ མཚོན་ཆ་སྣ་ཚོགས་གདུག་པའི་ཚོགས་འཇོམས་ཤིངཿ ཁྲོ་བོའི་ཆས་རྫོགས་རྩ་གསུམ་ཀུན་འདུས་དཔལཿ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོདཿ གསུང་མཆོག་ཡན་ལག་དྲུག་ཅུའི་སྒྲ་སྐད་ཀྱིསཿ ཧ་ཧེའི་གད་རྒྱངས་ཞིང་ཁམས་རབ་འབྱམས་བསྡུསཿ ཧཱུྃ་ཕཊ་ངར་སྒྲས་ཁམས་གསུམ་ཟིལ་གྱིས་གནོནཿ ཛཿབྷྱོ་ཕཊ་ཀྱིས་གདུག་པའི་ཀླད་ཁྲག་དཀྲུགསཿ བཅོམ་ལྡན་ཁྲོ་བོ་རྒྱལ་པོའི་གསུང་ལ་བསྟོདཿ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱངཿ འགྲོ་བའི་དོན་དུ་གཏུམ་དྲག་རོལ་པའི་སྐུརཿ ཡོངས་བཞེངས་དུག་ལྔའི་ཚུལ་གྱིས་དུག་ལྔ་འཛོམསཿ ཁྲོ་བོ་འཆོལ་པའི་སྐུ་ལ་ཕྱག་འཚལ་བསྟོདཿ རིགས་བདག་དམར་པོ་དབང་གི་རང་བཞིན་ལཿ བྱ་ཁྱུང་གཤིན་རྗེ་དབང་ཆེན་གསང་བའི་བདགཿ ཁྲོ་མོ་མེ་དབལ་ལྕགས་ཟངས་གནམ་ལྕགས་བསྡིགསཿ མཐུ་ལྡན་གོ་ཆའི་ལྷ་ལ་ཕྱག་འཚལ་བསྟོདཿ ལས་ལ་དབང་བསྒྱུར་དྲག་རྩལ་རིགས་བཞི་དངཿ རྟ་ནག་སེང་གདོང་ཕུར་བ་གཏུམ་ཆེན་མོཿ ཁྲོ་བོ་ཁྲོ་མོ་དབང་ཕྱུག་འབར་མ་སོགསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བཀའ་ཉན་བྲོ་བོར་དྲེགས་བ་སྡེ་བརྒྱད་སྡེཿ རྒྱལ་བའི་སྦྱན་སྔར་རང་རྟགས་སྲོག་སྙིང་ཕུལཿ ཁས་བླངས་དམ་ལ་གནས་པའི་མཐུ་ཆེན་ཚོགསཿ དམ་ཚིག་རྗེས་སུ་བསྐུལ་བས་བསྟོད་པར་བགྱིཿ «ཐུགས་དམ་བསྐུལ་བ་ནིཿ »ཧོཿ དཔལ་ཆེན་དབང་དྲག་རྡོ་རྗེ་སྲིན་པོའི་ལྷཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གནད་ནས་བསྐུལཿ འགྲོ་བའི་གཟུང་འཛིན་མ་རིག་ལོག་རྟོག་གིསཿ འཁྲུལ་བའི་གཞན་དབང་གྱུར་བའི་ཉམས་ཐག་ནཿ སྔོན་གྱི་ཞལ་བཞེས་དུས་ལ་མ་གཡེལ་བརཿ བརྩེ་ཆེན་ཐུགས་རྗེས་ཉེ་བར་དགོངས་མཛོད་ལཿ མ་རིག་གཟུང་འཛིན་དབྱིངས་སུ་གྲོལ་བ་དང༔ རང་བྱུང་ཡེ་ཤེས་འབྲས་བུ་མངོན་གྱུར་མཛོདཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་གར་སྟབས་བསྒྱུརཿ སྐུ་ནི་མི་འགྱུར་ཁྲག་འཐུང་རོལ་བའི་སྟབསཿ གསུང་ནི་མི་འགགས་དྲག་པོའི་སྔགས་སྒྲ་སྒྲོགསཿ ཐུགས་ནི་མི་གཡོ་རིག་རྩལ་ཁྲོས་པའི་ངངཿ ཛབ་ཀྱིས་བརྒྱུད་བསྐུལ་ཕྱི་སྣོད་གཞལ་ཡས་ཁངཿ ནང་བཅུད་ཁྲོ་བོ་ཁྲོ་མོའི་རོལ་གར་ལཿ སྒྲ་གྲགས་ཐམས་ཅད་རྡོ་རྗེའི་སྔགས་སྒྲ་སྒྲོགསཿ དྲན་རྟོག་ཡེ་ཤེས་ལྷ་ཡི་རོལ་གར་ཏེཿ མི་གསལ་བར་དུ་བསྐྱེད་རིམ་ཆུ་ཟླའི་གརཿ མ་འགྲུབ་བར་དུ་ཡི་དམ་མི་གཏོང་ངོཿ «བསྙེན་སྒྲུབ་ཆིག་དྲིལ་བཟླས་པ་ནིཿ» བདག་ཉིད་གུ་རུ་དྲག་པོའི་ཐུགས་ཀ་རུཿ རང་འདྲའི་ཡེ་ཤེས་སེམས་དཔའ་མཐིང་གསལ་མདོགཿ རྒྱན་མེད་གཅེར་བུ་བསྡིགས་མཛུབ་དམ་རྒྱ་ཅནཿ སྙིང་དབུས་རིན་ཆེན་ཟུར་བརྒྱད་ལྟེ་བ་རུཿ ཉི་དཀྱིལ་ཧཱུྃ་ཡིག་མཐིང་ཀའི་མཐའ་བསྐོར་དུཿ སྔགས་ཕྲེང་དམར་པོ་གཡས་སུ་འཁོར་བ་ལསཿ འོད་འཕྲོས་དཀྱིལ་འཁོར་ལྷ་ཚོགས་གསལ་བརྟན་འབརཿ སླར་ཡང་སྐུ་གསུམ་ཞིང་ཁམས་རབ་འབྱམས་སྐུལཿ དབང་དང་བྱིན་རླབས་དངོས་གྲུབ་བཅུད་དུ་བསྡུསཿ འགྲོ་བ་དྲུག་གི་ལས་ཉོན་བག་ཆགས་སྦྱངཿ སྡུག་བསྔལ་དང་བྲལ་ལྷ་ཡི་ཞིང་དུ་སྒྱུརཿ སླར་ཡང་འོད་ཟེར་ཚ་ལ་རྩུབ་པ་འཕྲོསཿ དྲེགས་པ་སྡེ་བརྒྱད་ཀུན་གྱི་སྲོག་སྙིང་འཕྲོགཿ དབང་བསྡུས་བྲན་བཀོལ་བྱང་ཆུབ་ལམ་ལ་བཀོདཿ མ་རུང་གདུག་པ་ཅན་རྣམས་ཚར་བཅད་ཅིངཿ སྒོ་གསུམ་ལྷ་སྔགས་ཆོས་ཉིད་དྲག་པོའི་ངངཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཀྴ་ཨརྩིག་ནིརྩིག་བཛྲ་ཙཎྜ་ཨཱཿཧཱུྃ་ཧཱུྃ་ཕཊཿ «བཟླས་བ་ཆུ་བོའི་རྒྱུན་བཞིན་བྱཿ སྙིང་དབུས་ཏིང་འཛིན་སེམས་དཔའ་དངཿ སྔགས་འཁོར་འགལ་མེའི་འཁོར་ལོ་བཞིནཿ རང་སྒྲ་དང་བཅས་འཁོར་བ་ལཿ སེམས་བཟུང་ཤེས་པ་གཏད་མེད་བཏངཿ སྐབས་སུ་དྲག་པོའི་ཧཱུྃ་སྒྲ་སྒྲོགསཿ ཆོས་ཉིད་ཉམས་ཀྱི་རྩལ་རྫོགས་ཤིངཿ རྩེ་གཅིག་མོས་གུས་གདེངས་ཆེན་རྙེདཿ ཡི་དམ་ཞལ་གཟིགས་དངོས་གྲུབ་ཐོབཿ མཁའ་འགྲོ་མ་མོ་དབང་དུ་འདུསཿ ཆོས་སྐྱོང་སྡེ་བརྒྱད་བྲན་དུ་ཁོལཿ སྲིད་གསུམ་བརླག་པ་ང་ཡི་བཀའ༔ སྲོག་ཆགས་གསོད་དང་གཡུལ་ཆེན་འགྱེདཿ རི་ཆེན་བསྙིལ་དང་མཚོ་ཆེན་སྐམསཿ མེ་ཆེན་གསོད་དང་ནམ་མཁའ་ལྡིངཿ ཉི་ཟླ་ཐང་དུ་འཕེན་པ་སོགསཿ དྲེགས་པ་དམ་འོག་ཚུད་པའི་རྟགསཿ སྣང་བ་ལྷ་དང་མི་འབྲལ་ཞིངཿ སྒྲ་གྲགས་སྔགས་ཀྱི་རོལ་མོ་འཁྲོལཿ འཇིགས་མེད་བཙན་ས་ཟིན་པ་ནཿ མཆོག་གི་རྟགས་ཚད་མཐོང་བའོཿ གྲངས་ཀྱི་བསྙེན་ཚད་འབུམ་ཕྲག་བདུནཿ མཚན་མའི་བསྙེན་པ་རྟགས་མཐོང་ངོཿ དྲག་སྒྲུབ་མར་གྱི་ཡང་བཞུན་འདིཿ དམ་ཚིག་ལྡན་པའི་གོ་མཚོན་སྟེཿ དམ་ཉམས་སྲོག་གི་གཤེད་མོའོཿ སྒྲུབ་པ་ཆེན་པོའི་རིམ་པ་ནིཿ »བདག་ཉིད་ལྷ་ཡི་ཐུགས་ཀ་ནསཿ སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུངཿ ཡབ་ནས་ཡུམ་གྱི་ཞལ་དུ་ཞུགསཿ མཁའ་གསང་རྡོ་རྗེ་ལམ་བརྒྱུད་དེཿ ཐུགས་སྲོག་ཧཱུྃ་ལ་ཐིམ་འགྱུར་ཞིངཿ བདེ་ཆེན་དགའ་བཞིའི་མཆོད་པས་མཉེསཿ སླར་ཡང་འོད་ཟེར་འཁོར་ལ་ཕོགཿ གསལ་བརྟན་བཀྲག་མདངས་གཟི་བརྗིད་རྒྱསཿ དབང་དང་བྱིན་རླབས་དངོས་གྲུབ་ཐོབཿ སྐུ་གསུམ་ཐུགས་ཀྱི་རྩལ་ཤུགས་ཕྱུངཿ དྲག་གཏུམ་རྔམས་པའི་བརྟུལ་ཞུགས་ཀྱིསཿ སྲིད་གསུམ་བརླག་པའི་མཐུ་ལྡན་ཞིང༔ སྒྲོལ་བའི་ལས་ལ་དགོངས་པར་བསམཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཀྴ་བཛྲ་ཙཎྜ་ཡ་མ་རཱ་ཛ་ཧྱ་གྷྲྀཝ་བཛྲ་པཱ་ཎི་བཾ་ཧ་རི་ནི་ས་བཛྲ་རཀྴ་གྷ་རུ་ཊ་ཙནྟྲ་རོ་ཥ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཕཊཿ «གཙོ་འཁོར་སྤྱི་དྲིལ་དྲག་སྔགས་གནདཿ ཕྱིན་འཇུག་རྣོ་ངར་ལས་མྱུར་ཐོགཿ འབྱུང་པོའི་སྲོག་གི་སྤུ་གྲི་སྟེཿ གྲངས་ཀྱི་བསྙེན་པ་འབུམ་ཕྲག་གཅིགཿ མཚན་མའི་ཚད་ནི་རྟགས་དང་སྦྱརཿ ཀུན་ལ་རིག་པས་ལྡེ་ཁ་སྒྱུརཿ ལས་སྦྱོར་དྲག་པོའི་ཐོག་རྒོད་ནིཿ» ཧཱུྃཿ བདག་ཉིད་པདྨ་དྲག་ཁྲོས་ཀྱིཿ ཐུགས་སྲོག་ཧཱུྃ་ལས་དྲག་པོའི་འོདཿ ཚ་ལ་རྩུབ་པ་འཕྲོས་པ་ཡིསཿ གོ་ཆ་གསང་བའི་ལྷ་ལྔ་བསྐུལཿ དེ་ལས་འོད་འཕྲོས་འཁོར་ལ་ཕོགཿ ཀུན་ཀྱང་དྲག་གཏུམ་ལས་ལ་རྔམསཿ རང་ལས་སྤྲུལ་པའི་ཁྲོ་བོ་དངཿ ཡཀྴ་མེ་དབལ་ཚོགས་འཕྲོས་པསཿ སྲིད་པ་གསུམ་པོ་གཡོ་འགུལ་བརྡེགསཿ ཐམས་ཅད་བསྡུས་ནས་མདུན་དུ་བཀུགཿ ལྕགས་སྡིག་དམར་ནག་གྲངས་མེད་ཀྱིསཿ སྲིད་གསུམ་མ་ལུས་ཟས་སུ་ཟོསཿ སྟོན་པ་ཉན་ཐོས་རང་རྒྱལ་ནསཿ མནར་མེད་དམྱལ་བ་ཡན་ཆོས་ཀུནཿ མེ་དབལ་ཁྱུང་དང་བསྡིག་པ་ཡིསཿ བསད་བཅད་གཏུབ་ཅིང་རྡུལ་དུ་བརླགཿ ཤ་ཁྲག་རུས་གསུམ་ལྷག་མེད་རོལཿ ཡེ་ནས་ཆོས་སྐུའི་རང་བཞིན་ལཿ སྤྲོས་བྲལ་འདུས་མ་བྱས་པའི་ངངཿ ཨོཾ་ཨཱཿཧཱུྃཿ མ་ཧཱ་གུ་རུ་ཀྲོ་ཏ་རཀྴ་ཨརྩིག་ནིརྩིག་བཛྲ་ཙཎྜ་ཡ་མ་རཱ་ཛྭ་ཧྱ་གྷྱཾ་ཝ་བཛྲ་པཱ་ཎི་བཾ་ཧ་རི་ནི་ས་ཀྲོ་ཏ་ར་ཛ་ཀྲོ་དྷི་ཤྭ་རི་བཛྲ་ཡཀྴ་ཧཱུྃཿ རཀྴ་ཧཱུྃཿ ཁྲོྃ་ག་རུ་ཊ་ཙ་ལེ་ཙ་ལེ་ཙཎྜ་རོ་ཥ་རྦད་རྦད་ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་སྡེ་བརྒྱད་དམ་སྲི་རྒྱལ་བསེན་འབྱུང་པོའི་སྲོག་ལ་མ་ར་ཡ་སྙིང་ལ་འདུས་འདུསཿ ཤ་ལ་ཡཾ་ཡཾཿ ཁྲག་ལ་ཧུབ་ཧུབཿ རུས་ལ་ཆེམ་ཆེམཿ སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་མ་ར་ཡ་རྦད་རྦདཿ བྲེང་བྲེངཿ ཤད་ཤདཿ ཀཱ་ཡ་ཝཀྐ་ཙིཏྟ་རླག་རླགཿ ཛཿབྷྱོ་ཕཊཿ «སྲིད་གསུམ་ཕུང་ཞིང་རླག་བྱེད་པའིཿ དྲག་སྔགས་མེ་ཡི་སྤུ་གྲི་འདིཿ སྒྲ་ཐོས་ཙམ་གྱིས་འཇོམས་བྱེད་ནཿ ལས་ལ་སྦྱར་བ་ལྟ་ཅི་སྨོསཿ ལས་ཕྲན་རིམ་པ་གང་ལའངཿ ཏིང་འཛིན་དམིགས་པའི་ཆོ་འཕྲུལ་ནིཿ རྒྱལ་ཁ་བློན་གྱིས་བསྒྱུར་བ་བཞིནཿ ཐོགས་མེད་འགྲུབ་པར་གདོན་མི་ཟཿ གྲངས་ཀྱི་བསྙེན་པ་ཁྲི་ཁོ་ནཿ མཚན་མ་རྟགས་མཐོང་སྐབས་སུའོཿ དམིགས་གསལ་བརྒྱའམ་སྟོང་གིས་འགྲུབཿ དུས་མིན་བཟླ་བར་མི་བྱའོཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ རྒྱ་གར་བོད་དང་མོན་གྱི་ཡུལཿ དྲག་སྔགས་བྱེ་བ་འབུམ་སྡེ་ལསཿ གནད་བསྡུས་དྲག་པོའི་ཐོག་རྒོད་འདིཿ མ་འོངས་ལྷ་ལྕམ་ཆོས་བདག་གིསཿ ཐུགས་ཐིག་སྲུང་བའི་ལག་ཆ་དངཿ ཚེ་ཆོས་སྐྱོབས་པའི་གོ་ཆ་བཙནཿ དངོས་གྲུབ་ཐོབ་པའི་ནོར་རྩའོཿ ས་མ་ཡཱཿ འཆི་མེད་ཚེ་ཡི་སྒྲུབ་པ་ནིཿ »རིགས་བདག་ཚེ་ལྷ་ཡབ་ཡུམ་ཐུགས་ཀ་རུཿ ཉི་ཟླའི་ཀྭའུའི་དབུས་སུ་ཧྲཱིཿདམར་ལཿ སྔགས་ཀྱི་ཕྲེང་བས་བསྐོར་ལ་འོད་ཟེར་འཕྲོསཿ རྒྱལ་བ་རིག་འཛིན་དྲང་སྲོང་ཚེའི་བྱིན་རླབསཿ སྲིད་གསུམ་སྣོད་བཅུད་ཚེ་དཔལ་བསོད་ནམས་དངཿ བཀྲག་མདངས་གཟི་བྱིན་ནུས་བཅུད་ཐམས་ཅད་ཀུནཿ སྦུབས་ཆུས་དྲག་བཞིན་བསྡུས་ནས་བཅུད་དུ་དྲིལཿ སྤྱོར་མཚམས་ཡེ་ཤེས་བདུད་རྩིའི་རྒྱུན་བབ་པསཿ བདག་གི་སྤྱི་བོ་ནས་ཞུགས་ལུས་ནང་གངཿ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་ཧྲཱིཿམ་ཨཱ་ཡུ་པུཎྡྲྱེ་ཛྙཱ་ན་སིདྡྷི་བྷྲུཾཿ «བརྒྱ་སྟོང་བཟླ་ཞིང་ཏིང་འཛིན་རྩེ་གཅིག་གནདཿ »ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེདཿ ཡེ་ཤེས་ལྔ་ལ་དབང་སྒྱུར་བདེ་ཆེན་ཡུམཿ རིག་འཛིན་བདག་གི་ཚེ་དང་བསོད་ནམས་སྤེལ༔ ཚེ་སྲོག་ཆད་པ་འཐུད་ལ་འཁྱམས་པ་བསྡུསཿ ཡར་བ་ཁུག་ལ་ཟད་པ་ཐམས་ཅད་གསོསཿ རྡོ་རྗེ་དྲག་རྩལ་ཚེ་ཡི་དངོས་གྲུབ་སྩོལཿ ཚེ་དབང་རིག་འཛིན་འབྲས་བུ་དུས་སྨིན་མཛོདཿ མ་མ་ཨཱ་ཡུར་ཚེ་བྷྲུཾ་ནྲྀ་ཛཿ སརྦ་སིདྡྷི་ཕ་ལ་ཧོ༔ «འཆི་མེད་ཚེ་ལ་མངའ་བརྙེས་ཤིངཿ སྲིད་གསུམ་སྲོག་གི་དབང་པོར་འགྱུརཿ འདི་ཡང་གནད་ཀྱི་གདམས་པའོཿ རྗེས་ཀྱི་རིམ་པ་འདི་ལྟ་སྟེཿ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོདཿ མཆོད་ཅིང་བསྟོད་ལ་ནོངས་པ་བཤགསཿ དངོས་གྲུབ་བསྐུལ་བའི་རིམ་པ་ནིཿ »ཧོཿ སྐུ་གསུམ་ཀུན་འདུས་པདྨ་དྲག་པོ་རྩལཿ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དགོངས་སུ་གསོལཿ བདག་ནི་རྩེ་གཅིག་ཡི་དམ་ཁྱོད་སྒྲུབ་ཅིངཿ བསྙེན་བསྒྲུབ་མཐར་ཕྱིན་རྟགས་དང་མཚན་མ་མཐོངཿ དངོས་གྲུབ་སྩོལ་བའི་དུས་ལ་བབ་ལགས་ནཿ བརྩེ་ཆེན་ཐུགས་རྗེས་ཉེ་བར་དགོངས་མཛོད་ལཿ འགྱུར་བ་མེད་པ་སྐུ་ཡི་དངོས་གྲུབ་སྩོལཿ མ་འགགས་དྲག་པོ་གསུང་གི་དངོས་གྲུབ་སྩོལཿ སྙིང་རྗེ་ཁྲོས་པ་ཐུགས་ཀྱི་དངོས་གྲུབ་སྩོལཿ ཡེ་ཤེས་ལྔ་ལྡན་ཡོན་ཏན་དངོས་གྲུབ་སྩོལཿ ཞི་རྒྱས་དབང་དྲག་ཕྲིན་ལས་དངོས་གྲུབ་སྩོལཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིངཿ འཇའ་ལུས་འོད་སྐུར་གྲོལ་བར་བྱིན་གྱིས་རློབསཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀཱ་ཡ་ཝཀྐ་ཙིཏྟ་གུརྞ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ «སྒྲུབ་རྫས་ཡོད་ན་གནས་ལྔ་གཏུག་ཅིང་མྱོངཿ སྤྲོས་མེད་དམིགས་པའི་ཆོ་འཕྲུལ་ཁོ་ནའོཿ བཟོད་གསོལ་བྱ་བ་ནིཿ »ཧོཿ དབང་དྲག་པདྨའི་དཀྱིལ་འཁོར་ཆེན་པོ་རུཿ བསྐྱེད་རིམ་མ་གསལ་བཟླས་བརྗོད་གྲངས་མ་འཁྱོལཿ རྫོགས་རིམ་ཡེ་ཤེས་ཏིང་འཛིན་མ་ལྕོག་ཅིངཿ བྱིང་རྨུགས་འཐིབ་དང་ལེ་ལོའི་དབང་གྱུར་བཿ ཚོགས་གཏོར་མཆོད་པ་དུས་སུ་ཆགས་བ་སོགསཿ བདག་ནི་བག་མེད་སྙོམ་ལས་དབང་དུ་གྱུརཿ མ་རིག་རྒྱུ་ལས་ནོངས་པ་ཅི་མཆིས་པཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བཟོད་པར་གསོལཿ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལཿ ཆོས་ཉིད་ལྟ་བའི་ཀློང་དུ་དག་གྱུར་ཅིགཿ «ཡིག་བརྒྱ་ལན་བདུན་བརྗོདཿ མཐར་བསྡུ་རིམ་བྱ་བ་ནིཿ» ཕྱི་སྣོད་བརྟན་པ་སྣོད་ཀྱི་གཞལ་ཡས་ཁངཿ འོད་ཞུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཐིམཿ འཁོར་རྣམས་གཅིག་ལ་གཅིག་ཐིམ་གཙོ་བོ་ལཿ དེ་ཡང་རིམ་བཞིན་འོད་དུ་ཞུུ་བ་ལསཿ ཐུགས་སྲོག་ས་བོན་ལ་ཐིམ་འཇའ་ལྟར་ཡལཿ གཉུག་མ་གཤིས་ཀྱི་གནས་ལུགས་ཆེན་པོའི་ངངཿ སྟོང་ཆེན་འདུས་མ་བྱས་པའི་ཀློང་དུ་ཨཱཿ «ལྷར་ལྡང་ནིཿ» སླར་ཡང་རྗེས་ཐོབ་སྒྱུ་མ་ལྟ་བུ་ལཿ ཆུ་ལས་ཆུ་བུར་བརྡོལ་བ་ཇི་བཞིན་དུཿ གུ་རུ་དྲག་པོ་རྡོ་རྗེ་སྲིན་པོའི་སྐུཿ མཁའ་ལ་འཇའ་ཚོན་ཇི་བཞིན་ལམ་གྱི་གསལཿ ལྷ་སྔགས་ཆོས་ཉིད་བརྟུལ་ཞུགས་མ་ཉམས་ངང༔ «རྩ་བསྙེན་ཉེར་གཅིག་བཟླཿ བསྔོ་བ་ནིཿ »གསང་སྔགས་སྦྱོར་སྒྲོལ་རྨད་དུ་བྱུང་བ་ཡིཿ རྒྱ་ཆེན་དགེ་བའི་རྩ་བ་གང་ལགས་པཿ སྲིད་བའི་སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡིཿ འགྲོ་རྣམས་བྱང་ཆུབ་ལམ་མཆོག་ཐོབ་ཕྱིར་བསྔོཿ «སྨོན་ལམ་ནིཿ» འཇིགས་རུང་རབ་འབར་ཁྲོ་རྒྱལ་དཀྱིལ་འཁོར་དུཿ བསྐྱེད་རྫོགས་བསྙེན་སྒྲུབ་ལས་གསུམ་བསྒྲུབ་པའི་མཐུསཿ ལྷ་སྔགས་ཏིང་འཛིན་ནུས་པ་ཞོ་འཐུང་མཚོནཿ མ་རུང་བདུད་སྡེའི་གཡུལ་ངོར་རབ་འཇོམས་ཤིངཿ གང་ལ་དམིགས་པའི་དཔུང་ཚོགས་ཐལ་བར་རློགསཿ སེམས་ཅན་ཐམས་ཅད་རང་ངོ་རིག་གྱུར་ནསཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་སྐེམ་པར་ཤོགཿ «བཀྲ་ཤིས་ནིཿ »བྱིན་རླབས་ཡ་མཚན་རྨད་བྱུང་བླ་མ་དངཿ དངོས་གྲུབ་མཆོག་སྩོལ་ཡི་དམ་ཞི་ཁྲོའི་ལྷཿ ཕྲིན་ལས་ཐོགས་མེད་མ་རྒྱུད་མཁའ་འགྲོའི་ཚོགསཿ དམ་ཚིག་ལྡན་པའི་ཆོས་སྐྱོང་དྲེགས་པའི་སྡེཿ དེང་འདིར་དགེ་ལེགས་མཆོག་གི་བཀྲ་ཤིས་ཤོགཿ སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་རིག་འཛིན་བརྙེསཿ ཕྲིན་ལས་ཐོགས་མེད་ལྷ་སྲིན་འདུལ་བའི་གཤེདཿ སྲིད་གསུམ་སྐད་ཅིག་སྒྲོལ་པའི་མཐུ་མངའ་བཿ དབང་དྲག་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོགཿ བསྐལ་བཟང་འདིར་བྱོན་སངས་རྒྱས་སྟོང་རྩ་གཉིསཿ སྤང་རྟོགས་མཛད་པ་བསམ་གྱིས་མི་ཁྱབ་པའིཿ འགྲོ་བའི་སྡུག་བསྔལ་སྨག་རུམ་ཡོངས་གསལ་ལྟརཿ སྐྱེ་དགུ་བདེ་སྐྱིད་དཔལ་འབར་བཀྲ་ཤིས་ཤོགཿ ཨེ་མཿ «བདག་འདྲ་ཐོད་ཕྲེང་དྲག་རྩལ་གྱིསཿ དྲག་གཏུམ་འཆོལ་བའི་སྐུར་བཞེངས་ནསཿ རང་གི་སྒྲུབ་པ་རང་གིས་བསྟནཿ ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ རིག་འཛིན་ཡབ་ཡུམ་སྲས་དང་བཅསཿ འགལ་རྐྱེན་རླུང་ལྟར་འཚུབས་པའི་ཚེཿ གཉེན་པོ་འདི་ལས་གཞན་མེད་པསཿ རྩེ་གཅིག་གུས་པས་ཉམས་སུ་ལོངསཿ བརྒྱ་བྱིན་གཡུལ་ངོར་ཆས་པ་བཞིནཿ ཐེ་ཚོམ་མ་བྱེད་ལས་ལ་སྦྱོརཿ སྲིད་གསུམ་བརླག་པ་ང་ཡི་བཀའཿ བསླུ་པ་མི་འགྱུར་དམ་ཚིག་རྒྱཿ དེ་ཕྱིར་འདི་ལ་ཡི་དམ་གྱིསཿ གཟུགས་ཅན་གཟུགས་མེད་གང་ལ་ཡངཿ བསྐལ་མཐའི་མེ་དང་འཕྲད་བཞིན་ནོཿ འཚེ་འདིར་པདྨ་ང་དང་མཇལཿ འབྲེལ་བས་བསྡུས་པའི་གང་ཟག་ཀུནཿ རིག་འཛིན་ཞིང་དུ་མངོན་འཚང་རྒྱཿ སྙིང་ལ་འཆོངས་ཤིག་ས་མ་ཡཱཿ མ་འོངས་ལྷ་ལྕམ་ཌཱཀྐི་མརཿ འཕྲད་ནས་འགྲོ་དོན་སྤྱོད་པར་ཤོགཿ བཀའ་འདི་ཀླུ་བདུད་མིང་སྲིད་དངཿ སྨྱོ་ཁ་ནག་པོ་ཁྱོད་ལ་གཏདཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ སྐུ་གསུང་ཐུགས་ཀྱི་རྒྱཿ བདག་འདྲ་གཏེར་སྨྱོནཿ ཁྲག་འཐུང་རྔམས་བརྗིད་རྒྱལ་པོས་མེ་ཕོ་རྟ་ཡི་ལོ་གྲོ་བཞིན་ཟླ་བའི་དམར་ཕྱོགས་ལ་དག་པར་ཕབ་པའི་ཡི་གེ་པ་ནི་ཐུགས་སྲས་རིག་པའི་ཡེ་ཤེས་ཀྱིས་བགྱིས་ཤིང་སྐབས་སུ་མི་མ་ཡིན་སྙིང་འགས་པའི་འཚུབས་སློང་སྣ་ཚོགས་ཀྱང་ཕྱུང་ཞིང་འདི་ཉིད་ཤིན་ཏུ་བཀའ་གཉན་ཞིང་བྱིན་རླབས་རྣོ་མྱུར་ཆེ་བའི་རྟགས་མཚན་མངོན་གྱུར་དུ་རིག་པ་དང་མ་ཚད་ཀླུ་བདུད་འདི་བཞིན་ལས་གདུག་རྩུབ་ཆེ་བས་དམ་ཚིག་ལ་གཅེས་སྤྲས་བྱེད་པ་གལ་ཆེའོཿ ཿ | |||
}} | }} |
Latest revision as of 15:17, 24 June 2024
Wylie title | bla ma yang gsang 'khros pa las sgrub thabs zho 'thung mtshon 'khor | |
---|---|---|
Location | mdo mkhyen brtse bka' 'bum Volume 4, Text 38, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Sadhanas - Evocation Ritual - sgrub thabs | |
Cycle | བླ་མ་ཡང་གསང་ཁྲོས་པ་ (bla ma yang gsang khros pa) | |
Colophon |
བདག་འདྲ་གཏེར་སྨྱོནཿ ཁྲག་འཐུང་རྔམས་བརྗིད་རྒྱལ་པོས་མེ་ཕོ་རྟ་ཡི་ལོ་གྲོ་བཞིན་ཟླ་བའི་དམར་ཕྱོགས་ལ་དག་པར་ཕབ་པའི་ཡི་གེ་པ་ནི་ཐུགས་སྲས་རིག་པའི་ཡེ་ཤེས་ཀྱིས་བགྱིས་ཤིང་སྐབས་སུ་མི་མ་ཡིན་སྙིང་འགས་པའི་འཚུབས་སློང་སྣ་ཚོགས་ཀྱང་ཕྱུང་ཞིང་འདི་ཉིད་ཤིན་ཏུ་བཀའ་གཉན་ཞིང་བྱིན་རླབས་རྣོ་མྱུར་ཆེ་བའི་རྟགས་མཚན་མངོན་གྱུར་དུ་རིག་པ་དང་མ་ཚད་ཀླུ་བདུད་འདི་བཞིན་ལས་གདུག་རྩུབ་ཆེ་བས་དམ་ཚིག་ལ་གཅེས་སྤྲས་བྱེད་པ་གལ་ཆེའོཿ | |
bdag 'dra gter smyon:_khrag 'thung rngams brjid rgyal pos me pho rta yi lo gro bzhin zla ba'i dmar phyogs la dag par phab pa'i yi ge pa ni thugs sras rig pa'i ye shes kyis bgyis shing skabs su mi ma yin snying 'gas pa'i 'tshubs slong sna tshogs kyang phyung zhing 'di nyid shin tu bka' gnyan zhing byin rlabs rno myur che ba'i rtags mtshan mngon gyur du rig pa dang ma tshad klu bdud 'di bzhin las gdug rtsub che bas dam tshig la gces spras byed pa gal che'o: |