བླ་མ་ཡང་གསང་ཁྲོས་པ་ལསཿ སྨད་ལས་དྲག་པོའི་ཚོགས་འཁོརཿ

From Khyentse Lineage - A Tsadra Foundation Project
Wylie title bla ma yang gsang khros pa las smad las drag po'i tshogs 'khor
Location mdo mkhyen brtse bka' 'bum
Volume 4, Text 39, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Feast Offering - tshogs mchod - tshogs kyi 'khor lo
Cycle བླ་མ་ཡང་གསང་ཁྲོས་པ་ (bla ma yang gsang khros pa)
Colophon

ཅེས་པ་འདི་ཡང་བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་རྒྱལ་པོས་གསང་བའི་བརྡ་རིས་ལས་དག་པར་ཕབ་ཅིང་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་ཤིན་ཏུ་བཀའ་གཉན་ཞིང་རྣོ་མྱུར་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་གསང་བའི་བཀའ་རྒྱ་ཅན་གྱི་སྐོར་རོཿ

ces pa 'di yang bdag 'dra dus mtha'i gter smyon khrag 'thung rgyal pos gsang ba'i brda ris las dag par phab cing yi ge pa ni rig pa'i ye shes kyis bgyis shin tu bka' gnyan zhing rno myur byin rlabs kyi tshan kha che bas gsang ba'i bka' rgya can gyi skor ro:

[edit]
བླ་མ་ཡང་གསང་ཁྲོས་པ་ལསཿ སྨད་ལས་དྲག་པོའི་ཚོགས་འཁོར་བཞུགསཿ

྅྅྅ «པདྨ་དབང་དྲག་ལྷ་ལ་འདུདཿ རབ་འཁྲོས་དྲག་པོའི་དཀྱིལ་འཁོར་དུཿ སྨད་ལས་ཚོགས་ཀྱི་འཁོར་ལོ་ནིཿ གཅན་གཟན་ལྤགས་པའི་ཁྲིའུའི་ཁརཿ ཚོགས་མཆོད་བཟའ་བཅའ་བཏུང་བའི་ཚོགསཿ ཉ་བོ་ཐབས་ཤེས་རྫས་བཅས་བཤམསཿ དཀྱིལ་འཁོར་ཕྱི་ནང་གསང་མཆོད་དངཿ རྐང་གླིང་ཐོད་རྔ་རོལ་མོའི་ཚོགསཿ འདུ་བྱས་སྒྲུབ་པ་སྔོན་སོང་བསཿ དང་པོ་བྱིན་གྱིས་བརླབ་པ་ནིཿ» ཧཱུྃཿ བདག་ཉིད་ཐོད་ཕྲེང་ཐུགས་ཀ་ནསཿ རཾ་འཕྲོས་ཚོགས་མཆོད་མ་དག་བསྲེགསཿ ཡཾ་འཕྲོས་དངོས་འཛིན་བག་ཆགས་གཏོརཿ ཁཾ་འཕྲོས་གཟུང་འཛིན་རྣམ་རྟོག་བཀྲུསཿ རཾ་ཁཾ་ཡཾཿ «ལན་གསུམཿ» སྐུ་གསུང་ཐུགས་ལས་ཡི་གེ་ནིཿ དཀར་དམར་མཐིང་གསུམ་འཕྲོས་པ་ཡིསཿ གཏོར་ཚོགས་དྲག་པོ་མཆོད་པའི་རྫསཿ ངོ་བོ་ཡེ་ཤེས་བདུད་རྩི་ལཿ རྣམ་པ་དྲག་པོ་སྒྲོལ་བ་ཡིཿ ནུས་མཐུ་ཕུན་སུམ་ཚོགས་པའི་བཅུདཿ བྱེད་ལས་འགྲུབ་པའི་མཐུ་ལྡན་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུན་ཏིང་འཛིན་དམིགས་པས་བརླབསཿ» ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཙ་ཨཱཿཧཱུྃཿ «ལན་གསུམཿ གཉིས་པ་སྤྱན་འདྲེན་པ་ནིཿ སྤོས་རོལ་དང་བཅས་གདུང་བའི་དབྱིངས་ཀྱིསཿ» ཧཱུྃཿ ཆོས་དབྱིངས་མཐའ་བྲལ་རྒྱལ་བའི་ཞིང་ཁམས་ནསཿ ཆོས་ལོངས་སྤྲུལ་པའི་གར་སྒྱུར་རྩ་གསུམ་ལྷཿ ཉི་མ་ལྷོ་ནུབ་ཟ་བྱེད་སྲིན་པོའི་གླིངཿ བདུད་འདུལ་དབང་དྲག་རོལ་པའི་ཞིང་ཁམས་ནསཿ འོག་མིན་ཚོགས་ཆེན་འདུས་པའི་ཕོ་བྲང་ཆེཿ རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ནསཿ ཁྲོ་བོ་འཆོལ་བ་རྡོ་རྗེ་གྲོ་བོ་ལོདཿ པདྨ་དྲག་ཁྲོས་རྡོ་རྗེ་སྲིན་པོའི་ལྷཿ གསང་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མཿ གོ་ཆ་ལྷ་ལྔ་བྱ་ཁྱུང་གྷ་ཏུ་ཊཿ ཚེ་ལྷ་ཡབ་ཡུམ་དྲག་རྩལ་རིགས་བཞི་དངཿ ཁྲོ་བོ་ཁྲོ་མོ་དྲེགས་པ་སྡེ་བརྒྱད་འཁོརཿ སྤྲུལ་པ་ཡང་སྤྲུལ་གིང་ལང་འབར་མ་སོགསཿ དཀྱིལ་འཁོར་མ་ལུས་འཁོར་དང་བཅསཿ སྒྲུབ་པའི་གཞལ་ཡས་འདི་ལ་སྤྱན་འདྲེན་ནཿ སྐྱིན་ཐང་དྲག་པོ་རླུང་གིས་བསྐྱོད་པ་བཞིནཿ སྐད་ཅིག་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ དཀྱིལ་འཁོར་གཞལ་ཡས་འདི་ལ་བྱིན་ཆེན་ཕོབཿ སྒྲུབ་མཆོག་མོས་པའི་བུ་ལ་དངོས་གྲུབ་སྩོལཿ ཕྱི་ནང་མཆོད་ཚོགས་རྫས་ལ་རོ་ནུས་སྤོརཿ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོནཿ སྒྲུབ་པའི་འབྲས་བུ་དུས་འདིར་མཆིས་པར་མཛོདཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀྲོ་ཏ་རཱ་ཛ་ཀྲོ་ཏི་ཤྭ་རི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾཿ བཛྲ་ས་མ་ཡ་ཛཿ «གསུམ་པ་བཞུགས་གསོལ་ནིཿ »ཡེ་ཤེས་ལྷ་ཚོགས་ཆུ་ལ་ཆུ་བཞག་ལྟརཿ དམ་ཚིག་པ་དང་དབྱེར་མེད་གཅིག་ཏུ་འདྲེསཿ སླར་ཡང་དྲག་གཏུམ་རབ་འཁྲོས་འཆོལ་པའི་སྐུཿ སྲིད་གསུམ་གདུག་པ་འདུལ་བའི་གཤེད་དུ་གྱུརཿ «བཞི་པ་ཕྱག་འཚལ་ནིཿ» མཁའ་འགྲོ་མ་དང་དབང་ཕྱུག་མཿ གིང་ལང་འབར་མའི་ཚོགས་བཅས་ཀྱིསཿ བདག་ཉིད་དྲག་ཁྲོས་ལྷ་ཚོགས་ལཿ ཕྱག་རྒྱ་གར་གྱིས་བརྡ་ཕྱག་འཚལཿ ན་མོ་པཱུ་རུ་ཤ་ཡ་ཧོཿ «ལྔ་པ་ཚོགས་དང་མཆོད་པ་འབུལ་བ་ནིཿ» སྤྲུལ་པའི་ལྷ་མོ་གར་མཁན་མསཿ ལག་པ་ཐམས་ཤེས་གར་སྒྱུར་ཞིངཿ འདོད་ཡོན་ལྔ་ཡི་སྤྲིན་ཕུང་སྤྲོསཿ བདེ་ཆེན་གར་གྱིས་དགྱེས་པ་བསྐྱེདཿ «ཚོགས་ཕུད་འབུལ་བ་ནིཿ» ཧཱུྃཿ བླ་མ་ཡི་དམ་མཁའ་འགྲོ་དངཿ རབ་འཁྲོས་དབང་དྲག་ལྷ་ཚོགས་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་དངཿ བདེ་སྟོང་དགའ་བཞིའི་མཆོད་པ་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ག་ན་ཙཀྲ་པུ་ཙ་ཧོཿ «མཆོད་པ་འབུལ་བ་ནིཿ» སྤྱི་མཆོད་གཟུགས་སྒྲ་དྲི་རོ་རེགཿ སྨན་གཏོར་རཀྟ་ནང་གི་རྫསཿ གསང་བ་མཉམ་ཉིད་བདེ་བ་ཆེའིཿ ལྷ་ཚོགས་དགྱེས་པ་བསྐྱེད་གྱུར་ཅིགཿ སྒྲུབ་པའི་འབྲས་བུའི་རྟགས་མཚན་སྟོནཿ མ་ཧཱ་སརྦ་པཱུ་ཚ་ཁཱ་ཧིཿ« དྲུག་པ་བཤགས་པ་བྱ་བ་ནིཿ» ཁྲག་འཐུང་ལྷ་ཚོགས་འཁོར་བཅས་ལཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐངཿ སྔོན་ཚེ་མ་རིག་དབང་གྱུར་པསཿ སོ་ཐར་སྡོམ་འཆོལ་བྱང་སེམས་ཉམསཿ གསང་སྔགས་དམ་ཚིག་རལ་བ་དངཿ ཉམས་ཆགས་ཉེས་ལྟུང་ཅི་བགྱིས་བཤགསཿ བཛྲ་ས་མ་ཡ་ཤུདྡྷེ་ཧོཿ «བདུན་པ་དྲག་པོ་སྒྲོལ་མཆོད་ནིཿ མཁོ་བའི་ཡོ་བྱད་འདུ་བྱས་ལཿ དཔའ་བརྟན་དྲག་པོའི་ང་རྒྱལ་གྱིསཿ གསེར་སྐྱེམས་ནིཿ »རཾ་ཡཾ་ཁཾཿ གསེར་སྐྱེམས་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ ཨོཾ་ཨཱཿཧཱུྃཿ སྐུ་གསུམ་རྒྱལ་དང་བརྒྱུད་ལྡན་བླ་མའི་ཚོགསཿ ཡི་དམ་ཞི་ཁྲོ་མ་རྒྱུད་མཁའ་འགྲོའི་ལྷཿ ཁྱད་པར་དབང་དྲག་ཁྲོས་པའི་ལྷ་ཚོགས་རྣམསཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེདཿ མ་མགོན་གཟའ་དམ་དགེ་བསྙེན་སྙོ་ཁ་བཿ ཀླུ་བདུད་ནག་པོ་སྦལ་མགོ་ཁྲག་མིག་མཿ དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་སུམ་ཅུར་བཅསཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེདཿ དྲེགས་པ་སྡེ་བརྒྱད་ཐང་ལྷ་ཡར་ཞུ་དངཿ གཉན་ཆེན་སྡེ་བཞི་དཔལ་མགོན་བདུན་ཅུ་ལྔཿ དཀར་ཕྱོགས་སྐྱོང་བའི་ཡུལ་རིས་གཞི་བདག་སོགསཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེདཿ« བསྐུལ་བ་ནིཿ »ཧཱུྃཿ རྔ་ཡབ་ལང་ཀ་པུ་རི་སྲིན་པོའི་གྲོངཿ འབར་བ་དབང་དྲག་རོལ་པའི་གཞལ་ཡས་ནསཿ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལཿ དྲག་གཏུམ་རབ་ཁྲོས་རྡོ་རྗེ་གྲོ་བོ་ལོདཿ ཞེ་སྡང་ཚུལ་གྱི་ཞེ་སྡང་འཇོམས་མཛད་པཿ སྦྱོར་བའི་ཡུམ་མཆོག་རྡོ་རྗེ་ཕག་མོ་དངཿ ཡ་མ་ར་ཛ་རྟ་མགྲིན་གསང་བའི་བདགཿ ཁྲོས་མ་ལྷ་ལྔ་མེ་དབལ་ལྕགས་སྡིག་ནགཿ བྱ་ཁྱུང་རྒྱལ་པོ་ལ་སོགས་གོ་ཆའི་ལྷཿ དྲག་རྩལ་རིགས་བཞི་རྟ་ནག་སེང་གདོང་མཿ རྡོ་རྗེ་གཞོན་ནུ་གཏུམ་ཆེན་ཁྲོ་མོའི་རྒྱལཿ དྲེགས་པ་སྡེ་བརྒྱད་ལས་ལ་དབང་སྒྱུར་ཞིངཿ སྤྲུལ་པའི་ཁྲོ་བཅུ་ཁྲོ་མོ་ཟ་གསོད་ཚོགསཿ མ་གཡེལ་མ་གཡེལ་ཐུགས་དམ་གནད་ནས་བསྐུལཿ ལྔ་ཕྲག་ཐ་མའི་འགྲོ་བ་ལས་ངན་དུསཿ ཐུགས་རྗེས་སྐྱོབ་པ་ཁྱོད་ཀྱི་ཞལ་བཞེས་བཞིནཿ དབང་དྲག་ཁྲོས་པ་གཏུམ་ཆེན་སྐུར་བཞེངས་ལཿ ཧོར་སོགས་འཇིགས་པའི་དམག་དཔུང་དུས་མཐའ་སྟུངཿ སྡང་བྱེད་དགྲ་བོ་ལས་ངན་སྡིག་པོ་ཆེཿ རྒྱལ་བསེན་དམ་སྲི་མ་རུང་བདུད་ཀྱི་སྡེཿ སྨོན་ལམ་ལོག་པའི་དམ་ཉམས་རུ་ཏྲའི་དཔུངཿ འདུལ་ཕྱིར་མངོན་སྤྱོད་ལས་ལ་ད་བཞེངས་ཤིགཿ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ཚོགསཿ བསྟན་པ་ཉམས་ཤིང་ཕུང་ལ་ཐུག་པའི་དུསཿ ཁྱོད་ལས་ཐུགས་རྗེས་སྐྱོབ་པ་གཞན་མེད་ནཿ ཐུགས་བསྐྱེད་དམ་བཅའ་དུས་ལས་མ་གཡེལ་བརཿ དེང་འདིར་རོལ་པ་ཆེན་པོའི་གར་སྒྱུར་ཤིགཿ «དེ་ནས་གཟུ་དཔང་ཉེས་བསྒྲག་ནིཿ» དབྱིངས་ན་བཞུགས་པའི་རྩ་གསུམ་ཞི་ཁྲོའི་ལྷཿ བསླུ་མེད་མཆོག་གསུམ་བྱང་སེམས་དྲང་སྲོང་དངཿ རིག་འཛིན་རྣལ་འབྱོར་ཕོ་མོ་གཟུ་དང་དཔངཿ དམ་ཉམས་དགྲ་བགེགས་ལས་ངན་སྡིག་པོ་ཆེཿ བསྒྲལ་བའི་ཞིང་བཅུ་ཚང་བའི་ཆེ་གེ་མོཿ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨདཿ དགེ་འདུན་སྡེ་དཀྲུགས་ཆོས་བྱེད་ཡོངས་ལ་འཚེཿ ཁྱད་པར་གསུམ་ལྡན་རྡོ་རྗེ་སློབ་དཔོན་གྱིཿ སྐུ་ཚེ་མཛད་ཕྲིན་ཕྲིན་ལས་བར་དུ་གཅོདཿ བདག་ཅག་གསང་སྔགས་སྤྱོད་པའི་རྣལ་འབྱོར་ལཿ དོ་བརྡོ་ཕོད་བཙུག་རྙེད་བཙལ་སྡུག་ལ་སྦྱརཿ ཡང་གསང་གདམས་པ་བསྣུབ་ལ་ཉེ་བའི་དུསཿ ལྷ་ཁྱོད་མངོན་སྤྱོད་ཕྲིན་ལས་མི་མཛད་ནཿ ཡུན་རིང་བསྙེན་ཅིང་བསྒྲུབས་པ་དོན་རེ་ཆུངཿ ཀུན་མཁྱེན་མགོན་པོ་རྣམས་ཀྱི་དཔང་མཛོད་ལཿ གུ་རུ་དྲག་པོ་ཐུགས་དམ་ལ་གཡེལ་ཅིགཿ ཀྱེ་མ་ཀྱི་ཧུད་སྐྱབས་གནས་ཐོད་ཕྲེང་རྩལཿ མཆོད་ཅིང་བསྒྲུབས་ན་སྲིན་པོས་གྲོགས་བགྱིད་པསཿ བླ་མས་བསླུ་བ་བདག་གི་ལས་ཟད་དམཿ འཁོར་བ་ཞེན་ལོག་མི་རྟག་རྒྱུད་བསྐུལ་ཞིངཿ གཞོན་ནས་རྩེ་གཅིག་ཆོས་ལ་བརྩོན་འགྲུས་བསྐྱེདཿ བསྐྱེད་རྫོགས་ལམ་ཞུགས་ལྟ་སྒོམ་སྤྱོད་གསུམ་བསྐྱངཿ སྦྱོར་སྒྲོལ་རྨད་བྱུང་འགྲོ་དོན་བྱེད་སྙམ་ཡངཿ དམ་ཉམས་སྡིག་ཅན་འདི་ཡིས་དབང་མ་སྦྱིནཿ འདི་ལ་ཁྱོད་ཀྱི་མངོན་སྤྱོད་མི་མཛད་ནཿ མགོན་ཁྱོད་དམ་བཅའ་གཉེན་པོ་མི་ཉམས་སམཿ དེ་ཕྱིར་སྐད་ཅིག་དུས་འདིར་ལས་མཛོད་ཅིགཿ «དམིགས་བྱ་རྟེན་དང་བརྟེན་པ་བསྐྱེད་པ་ནིཿ» ཨེ་རམཿ མདུན་དུ་རབ་འཇིགས་དྲག་པོའི་བཙོན་ཁང་ནིཿ ཟུར་གསུམ་ཁ་དོག་མཐིལ་ཡང་གནམ་ལྕགས་མཁརཿ འདོད་ཆགས་དུག་མཚོར་ཞེ་སྡང་མེ་འབར་ཞིངཿ གཏི་མུག་མུན་འཐིབ་ཕྲག་དོག་རླུང་དམར་འཚུབསཿ ང་རྒྱལ་རྡོ་རྗེའི་ཐོག་སེར་འབེབ་པའི་དབུསཿ ནྲྀ་ཏྲིཿལས་བྱུང་དམ་ཉམས་ཆེ་གེ་མོཿ མཚན་ཉིད་ཀུན་ཚང་མདོག་ཉམས་སྨྲེ་སྔགས་འདོནཿ བྱང་སེམས་འབབ་ཅིང་སྐྲ་འབལ་བྲང་རྡུང་བཿ དངོས་སུ་གསལ་བའི་སྟེང་འོག་ཟངས་ལྕགས་ཀྱིཿ འཁོར་ལོའི་བར་དུ་ལྷ་སྲུང་གཏུབ་པར་དམིགསཿ «འགུགས་གཞུག་ནིཿ »ན་མོཿ བརྒྱུད་པ་དགུ་ལྡན་བླ་མ་དངཿ ཡི་དམ་ཞི་དང་ཁྲོ་བོའི་ལྷཿ མ་རྒྱུད་མཁའ་འགྲོ་རྒྱ་མཚོའི་ཚོགསཿ ཁྱད་པར་དྲག་གཏུམ་རོལ་བའི་ལྷཿ གནམ་ལྕགས་མེ་ཕྲེང་དཀྱིལ་འཁོར་གྱིཿ ལྷ་ཚོགས་འཁོར་བཅས་བདེན་པའི་མཐུསཿ དམ་ཉམས་གནོད་བྱེད་ཨ་མུ་ཀཿ བསྒྲལ་བའི་ཞིང་དུ་གྱུར་རོ་ཅོགཿ ས་འོག་ས་སྟེང་ས་བླའི་ཁམསཿ སྲུང་བའི་གུར་དང་བན་བོན་སྐྱབསཿ གང་དུ་གནས་ཀྱང་སྐད་ཅིག་ལཿ བྱིས་ཆུང་ཁྲ་ཡིས་དེད་པ་བཞིནཿ དམིགས་རྟེན་ལིང་ག་འདི་ལ་ཁུགཿ བཛྲ་ཤྲི་ཏྲི་ཧུ་པཱ་ཎ་ཡེ་ཆེ་གེ་མོའི་བླ་རྟེན་སྲོག་རྟེན་ཚེ་རྟེན་དུང་དུང་ཤག་ཤག་ནྲྀ་ཏྲི་ཨཾ་གུ་ཤ་ཡ་ཛ་ཛཿ «འགུགས་གཞུགས་དང་སྔགས་རྟགས་ཐོན་བཟླ་ཞིངཿ» ཨོཾ་བཛྲ་ཨཾ་གུ་ཤ་ཡ་ཛཿ རཏྣ་པཱ་ཤ་ཧཱུྃཿ པདྨ་སྥོ་ཊ་བཾཿ ཀརྨ་གཎྜེ་ཧོཿ «ལྷ་དབྱེ་ནིཿ» སྡིག་ཅན་སྐྱོབས་པའི་ལྷ་སྲུང་རྣམསཿ སྤུ་གྲི་ཟངས་ལྕགས་འཁོར་ལོ་ཡིསཿ ཤ་ཁྲག་རུས་གསུམ་དུམ་བུར་གཏུབསཿ ཉམས་པའི་ཆད་པ་དྲག་པོས་མནརཿ སླར་ཡང་རང་གཤེད་དབབ་པར་གྱུརཿ དྷེ་ཝ་པྲ་ཝེ་ཤ་ཡ་ཕཊཿ ཨ་ཝེ་ཤ་ཡ་ཨཱཿ «ཚེ་ཁྲུས་དམིགས་པ་གསལ་བརྟན་ངངཿ གནམ་ལྕགས་རྡོ་རྗེའི་ཕུར་བུ་སྒྲིལཿ »ཧཱུྃཿ བདག་ཉིད་པདྨ་དྲག་པོ་ཡིཿ ཐབས་ཕྱག་རིགས་ལྔ་ཡབ་ཡུམ་བཅུཿ སྦྱོར་བའི་སྲས་མཆོག་ཀཱི་ལ་ཡཿ སྐུ་སྟོད་ཁྲོ་བོ་ཆེན་པོ་ཡིཿ སྐུ་སྨད་ཟུར་གསུམ་གནམ་ལྕགས་དབལཿ རྣོ་ངར་དྲག་པོའི་སྟོབས་དང་ལྡནཿ མཁའ་གསང་དབང་ཕྱུག་སེམས་འཕྲོས་པསཿ གདུག་པ་འདུལ་བར་དབང་སྐུར་རོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ཡ་ཝཱཀྐ་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷེ་ཥིཉྩ་ཧཱུྃཿ «ཕུར་བསྐུལ་ནིཿ» ཧཱུྃཿབཛྲ་ཀཱི་ལ་དྲག་པོ་རྩལཿ གནམ་ལྕགས་ཐོག་ལྟར་རབ་མྱུར་ཞིངཿ བསྐལ་པའི་མེ་ལྟར་འཕྲད་འཇོམས་བསྲེགསཿ རི་ལྟར་བརྗིད་པའི་སྟོབས་དང་ལྡནཿ དགྲ་གདོན་སྙིང་ལ་མ་ར་ཡཿ ཚེ་ཡི་དངས་མ་ཧུབ་ཀྱིས་བསྡུསཿ སྲོག་གི་དངས་མ་ཐིབ་ཀྱིས་སོདཿ དབུགས་ཀྱི་དངས་མ་འཇའ་ལྟར་ཡལཿ རཀྟའི་དངས་མ་བཅུད་དུ་རོལཿ རྣམ་པར་ཤེས་པ་རྟེན་དང་ཕྲོལཿ སྡུག་བསྔལ་ཉམས་སུ་མྱོང་བར་མཛོདཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་གདོན་འབྱུང་པོའི་སྲོག་ལ་མ་ར་ཡ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃཿ «ཏིང་འཛིན་དམིགས་བསལ་ལྡེ་ཁ་སྒྱུརཿ གསང་བའི་ཞལ་ཤེས་ཐུགས་སུ་གབཿ ཚེ་སྲོག་རྣམ་ཤེས་བྲལ་བ་ཡིསཿ གཟུགས་ཕུང་དྲག་པོས་བསྒྲལ་བ་ནིཿ »ཧཱུྃཿ དགྲ་གདོན་འབྱུང་པོ་ལས་ངན་གྱིསཿ ཤ་ཁྲག་རུས་གསུམ་འབྱུང་འདུས་གཟུགསཿ རྣོ་དབལ་སྤུ་གྲིའི་སོ་ལ་བསྐྱོནཿ དུམ་བུར་གཏུབ་ཅིང་ནང་ཁྲོལ་འདོནཿ དྲག་གཏུམ་རོལ་བའི་ཕོ་ཉའི་ཚོགསཿ ལས་ལ་བསྐུལ་ལོ་མ་ར་ཡཿ ནྲྀ་ཏྲི་ཤ་ཏྲུཾ་དགྲ་བགེགས་མ་ར་ཡ་རྦད་སོདཿ «ཞལ་དུ་བསྟབས་པ་ནིཿ རཀྟ་བྲན་ལཿ» པདྨ་དྲག་པོའི་ཕྲིན་ལས་ལྷཿ ཁྲོ་རྒྱལ་ཡཀྴ་མེ་དབལ་དངཿ ཕོ་ཉ་ལྕགས་སྡིག་དམར་ནག་ཚོགསཿ ལས་ལ་བསྐུལ་ལོ་མ་གཡེལ་བརཿ ཞེ་སྡང་ཅན་གྱི་ཤ་ལ་ཟོསཿ འདོད་ཆགས་ཅན་གྱི་ཁྲག་ལ་འཐུངཿ གཏི་མུག་ཅན་གྱི་གློ་སྙིང་རོལཿ ང་རྒྱལ་ཅན་གྱི་རུས་ལ་འཆོསཿ ཕྲག་དོག་ཅན་གྱི་ལྤགས་ལ་གྱོནཿ དགྲ་བགེགས་བསྒྲལ་བའི་ལྔ་ཕུང་དངཿ སྲིད་གསུམ་མ་ལུས་ཞལ་དུ་བསྟབསཿ བཞེས་ཤིག་རོལ་ཞིག་ཁཱ་རཾ་ཁཱ་ཧིཿ ལྷག་མ་མེད་པར་སྦྱང་ནས་ཀྱངཿ ཇི་སྲིད་འབྲས་བུ་མ་ཐོབ་པརཿ སྡུག་བསྔལ་ཉམས་སུ་མྱོང་བར་མཛོདཿ དམ་ཉམས་དགྲ་གདོན་འབྱུང་པོའི་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནིརྟི་ཁ་རཾ་ཁཱ་ཧིཿ «ལིང་ག་བསྒྲལ་བའི་སྟབས་སྤྱི་ལྟར་བྱཿ ཐ་མའི་ཚོགས་ཀྱི་རིམ་པའོཿ ༈ དངོས་སམ་ཡིད་ཀྱིས་སྦྱོར་བ་ཡིསཿ »ཧཱུྃཿ བྷ་ག་ཁྲོ་མོའི་གཏུན་ཁུང་དུཿ དགྲ་གདོན་རྣམ་ཤེས་གཟུང་འཛིན་རྟེནཿ ཆགས་ཆེན་རྡོ་རྗེ་ཐོ་བས་བརྡུངཿ མ་རིག་ཆགས་སྡང་རྡུལ་དུ་རློགསཿ རྣམ་ཤེས་བྱང་ཆུབ་མྱུ་གུ་སྨིནཿ རིག་འཛིན་རྒྱལ་བའི་སྲས་སུ་གྱུརཿ ཨ་ཨ་ཨཱཿ «གསང་བའི་གནས་སྤར་མོ་འདིཿ བསྒྲལ་རྟགས་མངོན་དུ་གྱུར་ནས་བྱཿ ཞེ་སྡང་དྲག་པོས་ཚར་བཅད་ནསཿ འདོད་ཆགས་ཆེན་པོས་རྗེས་འཛིན་པཿ པདྨ་ང་ཡི་ཁྱད་ཆོས་ཏེཿ བསད་ཚད་འདྲེན་པའི་གདམས་པའོཿ བརྒྱད་པ་ཐུགས་དམ་བསྐང་པ་ནིཿ» ཧཱུྃཿ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིརཿ བླ་མ་ཡི་དམ་མཁའ་འགྲོ་མཉེས་པའི་རྫསཿ ཐུགས་དམ་བསྐང་བར་བྱེད་པའི་བྱེ་བྲག་ནིཿ གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིནཿ སྣ་ཚོགས་རོལ་མོའི་སྒྲ་དབྱངས་བསམ་མི་ཁྱབཿ དྲི་མཆོག་སྤོས་བསུར་དུད་པས་འོད་ཟེར་འཕྲོསཿ རོ་བརྒྱ་ནུས་པ་སྟོང་ལྡན་ཞལ་ཟས་ཚོགསཿ སྲབ་འཇམ་རེག་བྱ་དཔག་མེད་སྤྲིན་ཕུང་འཁྲིགསཿ གཞན་ཡང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དངཿ འབྲུ་བཅུད་ལ་སོགས་བདུད་རྩི་སྨན་སྣའི་ཚོགསཿ རྨད་བྱུང་དམ་རྫས་གཏོར་ཚོགས་རི་ལྟར་སྤུངཿ གུ་ཧྱ་མུ་ལེ་ལ་སོགས་རཀྟའི་མཚོཿ བཅུ་དྲུག་རིགས་མའི་ཚོགས་ནི་གར་སྟབས་སྒྱུརཿ རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་ལ་སོགས་པཿ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས་ཀུན་གྱིས༔ བཀའ་རྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐངཿ ཡིད་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐངཿ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐངཿ གུ་རུ་དྲག་པོ་རྡོ་རྗེ་གྲོ་བོ་ལོདཿ དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ཐུགས་དམ་བསྐང༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐངཿ ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐངཿ ཐུགས་དམ་གཉེན་པོར་དགྱེས་པ་རབ་སྐོང་ལཿ བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་ཀྱིཿ མི་འདོད་དགྲ་གདོན་བྱད་ཕུར་རྦོད་གཏོང་བཟློགཿ མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལཿ «དགུ་པ་བཟློག་པའི་ཕྲིན་ལས་བཅོལ་བ་ནིཿ» ཧཱུྃཿ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱངཿ ལོངས་སྤྱོད་རྫོགས་པའི་རྣམ་རོལ་སྤྲུལ་པའི་གརཿ དྲག་གཏུམ་ཁྲོས་པ་རྡོ་རྗེ་གྲོ་བོ་ལོདཿ ཞེ་སྡང་ཆེན་པོའི་ཐུགས་དམ་གནད་ནས་བསྐུལཿ ཨེ་དབྱིངས་དྲག་པོ་རོལ་བའི་གཞལ་ཡས་ནསཿ ཁམས་གསུམ་ཟིལ་གནོན་སྲིན་པོ་ཕོ་མོའི་ཁྲིཿ པདྨ་ཉི་ཟླ་བདུད་བཞི་རྒྱལ་བསེན་དངཿ དམ་སྲི་ཕོ་མོ་བསྣོལ་པའི་གདན་སྟེངས་སུཿ དབང་དྲག་འཆོལ་བ་རྡོ་རྗེ་སྲིན་པོའི་སྐུཿ འདོད་ཆགས་ཞེ་སྡང་འཁྲུགས་པའི་དམར་ནག་མདོགཿ གཏི་མུག་མུན་ལྟར་འཐིབ་པའི་དུག་རླངས་འཕྱོཿ ང་རྒྱལ་སྐུ་ཆེ་ཡན་ལག་རག་པ་ལཿ ཕྲག་དོག་མེ་འོད་རྡོ་རྗེའི་ཐོག་སེར་འཕྲོསཿ དབུ་དགུུ་གཡས་ཞལ་དཀར་དམར་བཞད་པ་ཡིསཿ རྩ་གསུམ་དཔའ་བོ་མཁའ་འགྲོ་དབང་དུ་སྡུདཿ གཡོན་ཞལ་མཐིང་ནག་ཨཾ་གཙིགས་བསྡམས་པ་ཡིསཿ གདུག་པའི་ཚོགས་ཀུན་མ་ལུས་ཟས་སུ་ཟཿ དབུས་ཞལ་དམར་ནག་གཏུམ་རྔམས་ཁྲོས་པ་ཡིསཿ སྲིད་གསུམ་སྡེ་བརྒྱད་མ་ལུས་དབང་དུ་སྡུད༔ བཅོ་བརྒྱད་ཕྱག་ན་གདུག་པའི་མཚོན་ཐོགས་པསཿ གཟུང་འཛིན་མ་རིག་རུ་ཏྲའི་སྡེ་དཔུང་འཇོམསཿ ཞབས་བཞི་ཁྲོ་བོའི་དོར་སྟབས་བསྒྲད་པ་ཡིསཿ ཁམས་གསུམ་ས་དགུ་མ་ལུས་ཟིལ་གྱིས་ནོནཿ དུར་ཁོད་དཔལ་ཆས་ཁྲོ་བོའི་རྒྱན་རྫོགས་པའིཿ མུ་སྟེགས་ལྟ་ལོག་རིགས་སྔགས་བྱད་ཕུར་འཇོམསཿ དཔལ་ཆེན་འཁོར་བཅས་ཐུགས་དམ་དབྱིངས་ནས་བསྐུལཿ ལྔ་ཕྲག་ཐ་མའི་འགྲོ་བ་ལས་ངན་གྱིསཿ སྡུག་བསྔལ་ལས་ངན་འཐོར་རླུང་འཁྲུགས་པའི་ཚེཿ བསྟན་དང་འགྲོ་བའི་དོན་དུ་མ་གཡེལ་བརཿ བཟློག་སྒྱུར་བཅོལ་པའི་ལས་ལ་ད་དགོངས་ཤིགཿ ཧཱུྃ་བྷོཿ དབང་དྲག་རོལ་པའི་གཞལ་ཡས་ཆེན་པོ་ནསཿ གུ་རུ་དྲག་པོ་སྟོབས་ལྡན་ཧེ་རུ་ཀཿ སྐུ་ལས་མེ་དཔུང་མཚོན་ཆའི་ཚོགས་འཕྲོས་པསཿ སྟེང་གདོན་གཟའ་དང་རྒྱུ་སྐར་གནོད་པ་བཟློགཿ འོག་གདོན་ས་བདག་ཀླུ་གཉན་གདུག་རྩུབ་བཟློགཿ བར་གདོན་བཙན་བདུད་མ་མོའི་དལ་ཡམས་བཟློགཿ སྡེ་བརྒྱད་ཟ་ཁ་འབྱུང་པོའི་གནོད་སྦྱོར་དངཿ རྒྱལ་པོའི་ཆོ་འཕྲུལ་བསེན་མོའི་བསམ་ངན་སྦྱོརཿ དམ་སྲིའི་ཁ་རླངས་ཤི་འདྲེའི་སྲི་ངན་སོགསཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་ལ་སྒྱུརཿ བན་བོན་གནོད་པ་ཐོག་ལྟར་འབེབ་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ མུུ་སྟེགས་ངན་སྔགས་རླུང་ལྟར་འཚུབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ ཉམས་པའི་དུག་སྦྱོར་ཆུ་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ སྐྱེ་བོའི་ཡ་ག་མེ་ལྟར་འབར་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ དགེ་འདུན་བསམ་ངན་མཚོན་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ བུད་མེད་བསམ་ངན་འཚུབ་མ་གཡོ་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རེག་དུགཿ ལྟས་ངན་བརྒྱད་བཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆོད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་བོ་དངཿ གནོད་བྱེད་བགེགས་དཔུང་བྱད་ཕུར་བྱེད་པོའི་སྟེངཿ བསྒྱུར་རོ་བྷྱོ་བཟློག་མིང་གི་ལྷག་མར་ཐོངསཿ ཁྲོ་བོའི་རྒྱལ་པོའི་སྤྱི་གཙུགས་རྟ་མགོ་ལྗངཿ སྤྱན་གསུམ་རབ་བསྒྲད་ལྷ་ཡི་འཁྲུགས་པ་བཟློགཿ རྔོག་མའི་གསེབ་ནས་མེ་སྟག་ཚྭ་ཚྭ་འཕྲོསཿ དྲག་པོའི་འཚེར་སྐད་ལྷང་ལྷང་སྒྲོག་པ་ཡིསཿ ས་བཅུའི་སེམས་དཔའ་མན་ཆད་འདར་ཞིང་འདུདཿ དེ་ཡི་སྤྱི་བོར་བྱ་ཁྱུང་ག་རུ་ཊཿ གནམ་ལྕགས་ཁྲོ་ཆུ་ཞུན་མའི་ལས་པོ་ལཿ ཕ་ལམ་རྡོ་རྗེའི་མཚོན་གྱིས་གཤོག་སྡེར་བསྒྲདཿ དཔྲལ་བར་འཇམ་དཔལ་སྐུ་དང་མགྲིན་པ་ནསཿ པདྨ་དབང་ཆེན་སྙིང་ཁར་ཡང་དག་ཐུགསཿ ལྟེ་བར་ཡོན་ཏན་མཁའ་འགྲོ་སྡེ་ལྔ་མཿ གསང་གནས་ཁྲོ་རྒྱལ་ཡཀྴ་མེ་དབལ་ནགཿ སྤྲུལ་པའི་ཕོ་ཉ་ལྕགས་སྡིག་དམར་ནག་འཇིགསཿ རང་རང་སྤྲུལ་པའི་ཕོ་ཉ་གྲངས་མེད་པསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིསཿ སྒོ་གསུམ་དམ་ཉམས་སྤྱོད་ངན་གཞན་དབང་གིས༔ མི་འདོད་མི་མཐུན་རྐྱེན་ངན་ཐམས་ཅད་ཀུནཿ བཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབཿ སྟེང་གདོན་གཟའ་དང་རྒྱུ་སྐར་གནོད་པ་བཟློགཿ འོག་གདོན་ས་བདག་ཀླུ་གཉན་གདུགས་རྩུབ་བཟློགཿ བར་གདོན་བཙན་བདུད་མ་མོ་དལ་ཡམས་བཟློགཿ སྡེ་བརྒྱད་ཟ་ཁ་འབྱུང་པོའི་གནོད་སྦྱོར་དངཿ རྒྱལ་པོའི་ཆོ་འཕྲུལ་བསེན་མོའི་བསམ་ངན་སྦྱོརཿ དམ་སྲིའི་ཁ་རླངས་ཤི་འདྲེའི་སྲི་ངན་སོགསཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་ལ་སྒྱུརཿ བན་བོན་གནོད་པ་ཐོག་ལྟར་འབེབ་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ མུ་སྟེགས་ངན་སྔགས་རླུང་ལྟར་འཚུབ་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ ཉམས་པའི་དུག་སྦྱོར་ཆུ་ལྟར་འཁྲུགས་པ་ཀུནཿ ལྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ སྐྱེ་བོའི་ཡ་ག་མེ་ལྟར་འབར་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ དགེ་འདུན་བསམ་ངན་མཚོན་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ བུད་མེད་བསམ་ངན་འཚུབས་མ་གཡོ་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རེག་དུགཿ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆོད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་བོ་དངཿ གནོད་བྱེད་བགེགས་དཔུང་བྱད་ཕུར་བྱེད་པོའི་སྟེངཿ བསྒྱུར་རོ་བྷྱོ་བཟློག་མིང་གི་ལྷག་མར་ཐོངསཿ ཁྲོ་རྒྱལ་ཆེན་པོའི་ལས་ཀྱི་ཕོ་ཉ་བཿ རྡོ་རྗེ་རཏྣ་པདྨ་ཀརྨའི་རིགསཿ དྲག་པོ་ལས་ཀྱི་ལྷ་མཆོག་ཐོད་ཕྲེང་རྩལཿ སོ་སོའི་སྐུ་མདོག་མ་ངེས་ཕྱག་མཚན་གཅིགཿ ཡབ་ཡུམ་སྐུ་ལས་ཁྲོ་མཚོན་དུག་རླངས་འཕྱུརཿ དབང་ཆེན་རྟ་ནག་གདུག་པ་འདུལ་བའི་གཤེདཿ སེང་ཧ་མུ་ཁ་བྱད་ཕུར་རང་གཤེད་འབེབསཿ རྡོ་རྗེ་གཞོན་ནུ་དམ་སྲིའི་གཤེད་དུ་དཔའཿ གཏུམ་ཆེན་འབར་མ་དགྲ་གདོན་སྲོག་ལ་རྔམསཿ རང་རང་འཁོར་ཚོགས་བྱེ་བ་འབུམ་འབུམ་བཅསཿ བརྗིད་པའི་སྐུ་ལ་འབར་བའི་རྒྱན་དང་ལྡནཿ དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས་མཛད་ཅིངཿ སྲིད་གསུམ་བརླག་པའི་མཐུ་ལྡན་ཐུགས་དམ་བསྐུལཿ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབསཿ སྟེང་གདོན་གཟའ་དང་རྒྱུ་སྐར་གནོད་པ་བཟློགཿ འོག་གདོན་ས་བདག་ཀླུ་གཉན་གདུག་རྩུབ་བཟློགཿ བར་གདོན་བཙན་བདུད་མ་མོའི་དལ་ཡམས་བཟློགཿ སྡེ་བརྒྱད་ཟ་ཁ་འབྱུང་པོའི་གནོད་སྦྱོར་དངཿ རྒྱལ་པོའི་ཆོ་འཕྲུལ་བསེན་མོས་བསམ་ངན་སྦྱོརཿ དམ་སྲིའི་ཁ་རླངས་ཤི་འདྲེའི་སྲི་ངན་སོགསཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་ལ་སྒྱུརཿ བན་བོན་གནོད་པ་ཐོག་ལྟར་འབེབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ མུ་སྟེགས་ངན་སྔགས་རླུང་ལྟར་འཚུབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ ཉམས་པའི་དུག་སྦྱོར་ཆུ་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི༴ སྐྱེ་བོའི་ཡ་ག་མེ་ལྟར་འབར་བ་ཀུནཿ སྡང་བར་བྱེད་པའི༴ དགེ་འདུན་བསམ་ངན་མཚོན་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི༴ བུད་མེད་བསམ་ངན་འཚུབ་མ་གཡོ་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི༴ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རེག་དུགཿ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆོད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་བོ་དངཿ གནོད་བྱེད་བགེགས་དཔུང་བྱད་ཕུར་བྱེད་པོའི་སྟེངཿ བསྒྱུར་རོ་བྷྱོ་བཟློག་མིང་གི་ལྷག་མར་ཐོངསཿ བར་འཁྱམས་དྲག་པོའི་དཀྱིལ་འཁོར་ཆེན་པོ་ནསཿ ལྷ་ཆེན་དབང་ཕྱུག་མཐིང་སྐྱ་རྩེ་གསུམ་ཞགསཿ ཨུ་མ་དྷེ་ཝ་ཉི་ཟླ་ཟོར་དུ་འཕེནཿ གཤིན་རྗེ་ཡ་མ་རཱ་ཛ་ཧ་ལའི་མདོགཿ ཁྲམ་ཤིང་ཐོ་བ་མེ་ལོང་ཞགས་བ་འཛིནཿ ཀླུ་བདུད་ནག་པོ་མགོ་དགུ་སྦྲུལ་མཇུག་ཅནཿ ལག་པ་བཅོ་བརྒྱད་སྤུ་གྲི་ནད་རྐྱལ་དངཿ སྦྲུལ་ཞགས་གདུག་པའི་མཚོན་ཆ་སྣ་ཚོགས་འཛིནཿ སྒོས་རྗེ་དྲངས་མཁན་རྟ་ནག་རྟིང་དཀར་སྟེངཿ ཁྲམ་ཤིང་བདུད་ཞགས་འཛིན་ཞིང་དུག་རླངས་འཚུབསཿ སྲིད་པའི་རྒྱལ་མོ་མཐིང་ནག་བོང་བུ་བཅིབསཿ རལ་གྲི་ནད་རྐྱལ་སྦྲུལ་ཞགས་གྲུ་ལ་བསྐོནཿ སྲིན་རྒྱལ་ཐོད་ཕྲེང་མགོ་དགུ་ལག་པ་བརྒྱདཿ དམར་ནག་གདུག་པའི་མཚོན་ཆ་སྣ་ཚོགས་ཐོགསཿ དྲེགས་པའི་གཙོ་བོ་གཡུ་མདོག་སྲིན་པོའི་གདོངཿ གོ་ཁྲབ་མཚོན་ཐོགས་གཡུ་འབྲུག་སྟེང་ན་འགྱིངསཿ མུ་བདུད་ལྗང་ནག་དུག་རླངས་སྣ་དགུ་འཚུབསཿ ལག་པ་བཅོ་བརྒྱད་དུག་མཚོན་ནད་རྐྱལ་འཛིནཿ རང་རང་རིགས་ཀྱི་འཁོར་ཚོགས་འབུམ་འབུམ་བསྐོརཿ གནམ་ས་རི་ཀླུང་བར་སྣང་དམག་གིས་འགེངསཿ ཁྱོད་ཅག་ཁས་བླང་དམ་ལས་མ་འདའ་བརཿ ཐུགས་དམ་བསྐུལ་ལོ་ལས་ལ་ད་རྒྱུག་ཅིགཿ བཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབསཿ སྟེང་གདོན་གཟའ་དང་རྒྱུ་སྐར་གནོད་པ་བཟློགཿ འོག་གདོན་ས་བདག་ཀླུ་གཉན་གདུག་རྩུབ་བཟློགཿ བར་གདོན་བཙན་བདུད་མ་མོའི་དལ་ཡམས་བཟློགཿ སྡེ་བརྒྱད་ཟ་ཁ་འབྱུང་པོའི་གནོད་སྦྱོར་དངཿ རྒྱལ་པོའི་ཆོ་འཕྲུལ་བསེན་མོའི་བསམ་ངན་སྦྱོརཿ དམ་སྲིའི་ཁ་རླངས་ཤི་འདྲེའི་སྲི་ངན་སོགསཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་ལ་སྒྱུརཿ བན་བོན་གནོད་པ་ཐོག་ལྟར་འབེབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ མུ་སྟེགས་ངན་སྔགས་རླུང་ལྟར་འཚུབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི༴ ཉམས་པའི་དུག་སྦྱོར་ཆུ་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི༴ སྐྱེ་བོའི་ཡ་ག་མེ་ལྟར་འབར་བ་ཀུནཿ སྡང་བར་བྱེད་པའི༴ དགེ་འདུན་བསམ་ངན་མཚོན་ལྟར་འཁྲུགས་པ་ཀུནཿ སྡང་བར༴ བུད་མེད་བསམ་ངན་འཚུབས་མ་གཡོ་བ་ཀུནཿ སྡང་བར་བྱེད་པའི༴ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རེག་ཀུནཿ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་བོ་དངཿ གནོད་བྱེད་བགེགས་དཔུང་བྱད་ཕུར་བྱེད་པོའི་སྟེངཿ བསྒྱུར་རོ་བྷྱོ་བཟློག་མིང་གི་ལྷག་མར་ཐོངསཿ ཁྲོ་བོའི་རྒྱལ་པོའི་སྤྱི་གཙུག་རྟ་མགོ་ལྗངཿ སྤྱན་གསུམ་རབ་བསྒྲད་ལྷ་ཡི་འཁྲུགས་པ་བཟློགཿ རྔོག་མའི་གསེབ་ནས་མེ་སྟག་ཚྭ་ཚྭ་འཕྲོསཿ དྲག་པོའི་འཚེར་སྐད་ལྷང་ལྷང་སྒྲོག་པ་ཡིསཿ ས་བཅུའི་སེམས་དཔའ་མན་ཆད་འདར་ཞིང་འདུདཿ དེ་ཡི་སྤྱི་བོར་བྱ་ཁྱུང་ག་རུ་ཊཿ གནམ་ལྕགས་ཁྲོ་ཆུ་ཞུན་མའི་ལུས་པོ་ལཿ ཕ་ལམ་རྡོ་རྗེའི་མཚོན་གྱིས་གཤོག་སྡེར་བསྒྲདཿ དཔྲལ་བར་འཇམ་དཔལ་སྐུ་དང་མགྲིན་པ་ནསཿ པདྨ་དབང་ཆེན་སྙིང་ཁར་ཡང་དག་ཐུགསཿ ལྟེ་བར་ཡོན་ཏན་མཁའ་འགྲོ་སྡེ་ལྔ་མཿ གསང་གནས་ཁྲོ་རྒྱལ་ཡཀྴ་མེ་དབལ་ནགཿ སྤྲུལ་པའི་ཕོ་ཉ་ལྕགས་སྡིག་དམར་ནག་འཇིགསཿ རང་རང་སྤྲུལ་པའི་ཕོ་ཉ་གྲངས་མེད་པསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིསཿ སྒོ་གསུམ་དམ་ཉམས་སྤྱོད་ངན་གཞན་དབང་གིསཿ མི་འདོད་མི་མཐུན་རྐྱེན་ངན་ཐམས་ཅད་ཀུནཿ བཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབསཿ སྟེང་གདོན་གཟའ་དང་རྒྱུ་སྐར་གནོད་པ་བཟློགཿ འོག་གདོན་པ་བདག་ཀླུ་གཉན་གདུགས་རྩུབ་བཟློགཿ བར་གདོན་བཙན་བདུད་མ་མོ་དལ་ཡམས་བཟློགཿ སྡེ་བརྒྱད་ཟ་ཁ་འབྱུང་པོའི་གནོད་སྦྱོར་དངཿ རྒྱལ་པོའི་ཆོ་འཕྲུལ་བསེན་མོའི་བསམ་ངན་སྦྱོརཿ དམ་སྲིའི་ཁ་རླངས་ཤི་འདྲེའི་སྲི་ངན་སོགསཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་ལ་སྒྱུརཿ བན་བོན་གནོད་པ་ཐོག་ལྟར་འབེབ་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ མུ་སྟེགས་ངན་སྔགས་རླུང་ལྟར་འཚུབ་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ ཉམས་པའི་དུག་སྦྱོར་ཆུ་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ སྐྱེ་བོའི་ཡ་ག་མེ་ལྟར་འབར་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ དགེ་འདུན་བསམ་ངན་མཚོན་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ བུད་མེད་བསམ་ངན་འཚུབས་མ་གཡོ་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་བརྒྱ་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རག་དུགཿ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆོད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་བོ་དངཿ གནོད་བྱེད་བགེགས་དཔུང་བྱད་ཕུར་བྱེད་བོའི་སྟེངཿ བསྒྱུར་རོ་བྷྱོ་བཟློག་མིང་གི་ལྷག་མར་ཐོངསཿ ཁྲོ་རྒྱལ་ཆེན་པོའི་ལས་ཀྱི་ཕོ་ཉ་བཿ རྡོ་རྗེ་རརྣ་པདྨ་ཀརྨའི་རིགསཿ དྲག་པོ་ལས་ཀྱི་ལྷ་མཆོག་ཐོད་ཕྲེང་རྩལཿ སོ་སོའི་སྐུ་མདོག་མ་ངེས་ཕྱག་མཚན་གཅིགཿ ཡབ་ཡུམ་སྐུ་ལས་ཁྲོ་མཚོན་དུག་རླང་འཕུརཿ དབང་ཆེན་རྟ་ནག་གདུག་པ་འདུལ་བའི་གཤེདཿ སེང་ཧ་མུ་ཁ་བྱད་ཕུར་རང་གཤེད་འབེབསཿ རྡོ་རྗེ་གཞོན་ནུ་དམ་སྲིའི་གཤེད་དུ་དཔའཿ གཏུམ་ཆེན་འབར་མ་དགྲ་གདོན་སྲོག་ལ་རྔམསཿ རང་རང་འཁོར་ཚོགས་བྱེ་བ་འབུམ་འབུམ་བཅསཿ བརྗིད་པའི་སྐུ་ལ་འབར་བའི་རྒྱན་དང་ལྡནཿ དུག་ལྔའི་ཚུལ་གྱིས་དགུ་ལྔ་འཇོམས་མཇད་ཅིངཿ སྲིད་གསུམ་བརླག་པའི་མཐུ་ལྡན་ཐུགས་དམ་བསྐུལཿ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབསཿ སྟེང་གདོན་གཟའ་དང་རྒྱུ་སྐར་གནོད་པ་བཟློགཿ འོག་གདོན་ས་བདག་ཀླུ་གཉན་གདུག་རྩུབ་བཟློགཿ བར་གདོན་བཙན་བདུད་མ་མོའི་དལ་ཡམས་བཟློགཿ སྡེ་བརྒྱད་ཟ་ཁ་འབྱུང་པོའི་གནོད་སྦྱོར་དངཿ རྒྱལ་པོའི་ཆོ་འཕྲུལ་བསེན་མོས་བསམ་ངན་སྦྱོརཿ དམ་སྲིའི་ཁ་རླང་ཤི་འདྲེའི་སྲི་ངན་སོགསཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་ལ་སྒྱུརཿ བན་བོན་གནོད་པ་ཐོག་ལྟར་འབེབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ མུ་སྟེགས་ངན་སྔགས་རླུང་ལྟར་འཚུབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ ཉམས་པའི་དུག་སྦྱོར་ཆུ་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི༴ སྐྱེ་བོའི་ཡ་ག་མེ་ལྟར་འབར་བ་ཀུནཿ སྡང་བར་བྱེད་པའི༴ དགེ་འདུན་བསམ་ངན་མཚོན་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི༴ བུད་མེད་བསམ་ངན་འཚུབ་མ་གཡོ་བ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི༴ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རག་དུགཿ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆོད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་བོ་དངཿ གནོད་བྱེད་བགེགས་དཔུང་བྱད་ཕུར་བྱེད་པོའི་སྟེངཿ བསྒྱུར་རོ་བྷྱེ་བཟློག་མིང་གི་ལྷག་མར་ཐོངསཿ བར་འཁྱམས་དྲག་པོའི་དཀྱིལ་འཁོར་ཆེན་པོ་ནསཿ ལྷ་ཆེན་དབང་ཕྱུག་མཐིང་སྐྱ་རྩེ་གསུམ་ཞགསཿ ཨུ་མ་དྷེ་ཝ་ཉི་ཟླ་ཟོར་དུ་འཕེནཿ གཤིན་རྗེ་ཡ་མ་རཱ་ཛ་ཧ་ལའི་མདོགཿ ཁྲམ་ཤིང་ཐོ་བ་མེ་ལོང་ཞགས་པ་འཛིནཿ ཀླུ་བདུད་ནག་པོ་མགོ་དགུ་སྦྲུལ་མཇུག་ཅནཿ ལག་པ་བཅོ་བརྒྱད་སྤུ་གྲི་ནད་རྐྱལ་དངཿ སྦྲུལ་ཞགས་གདུག་པའི་མཚོན་ཆ་སྣ་ཚོགས་འཛིནཿ སྒོས་རྗེ་དྲང་མཁན་རྟ་ནག་རྟིང་དཀར་སྟེངཿ ཁྲམ་ཤིང་བདུད་ཞགས་འཛིན་ཞིང་དུག་རླང་འཚུབསཿ སྲིད་པའི་རྒྱལ་མོ་མཐིང་ནག་བོང་བུ་བཅིབསཿ རལ་གྲི་ནད་རྐྱལ་སྦྲུལ་ཞགས་གྲུ་ལ་བསྐོནཿ སྲིད་རྒྱལ་ཐོད་ཕྲེང་མགོ་དགུ་ལག་པ་བརྒྱདཿ དམར་ནག་གདུག་པའི་མཚོན་ཆ་སྣ་ཚོགས་ཐོགསཿ དྲེགས་པའི་གཙོ་བོ་གཡུ་མདོག་སྲིན་པོའི་གདོངཿ གོ་ཁྲབ་མཚོན་ཐོགས་གཡུ་འབྲུག་སྟེང་ནད་འགྱིངསཿ དམུ་བདུད་ལྗང་ནག་དུག་རླངས་སྣ་དགུ་འཚུབསཿ ལག་པ་བཅོ་བརྒྱད་དུག་མཚོན་ནད་རྐྱལ་འཛིནཿ རང་རང་རིགས་ཀྱི་འཁོར་ཚོགས་འབུམ་འབུམ་བསྐོརཿ གནམ་པ་རི་ཀླུང་བར་སྣང་དམག་གི་འགེངསཿ ཁྱོད་ཅག་ཁས་བླང་དམ་ལས་མ་འདའ་བརཿ ཐུགས་དམ་བསྐུལ་ལོ་ལས་ལ་ད་རྒྱུག་ཅིགཿ བཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབསཿ སྟེང་གདོན་གཟའ་དང་རྒྱུ་སྐར་གནོད་པ་བཟློགཿ འོག་གདོན་ས་བདག་ཀླུ་གཉན་གདུག་རྩུབ་བཟློགཿ བར་གདོན་བཙན་བདུད་མ་མོའི་ལ་ཡམས་བཟློགཿ སྡེ་བརྒྱད་ཟ་ཁ་འབྱུང་པོའི་གནོད་སྦྱོར་དངཿ རྒྱལ་པོའི་ཆོ་འཕྲུལ་བསེན་མོའི་བསམ་ངན་སྦྱོརཿ དམ་སྲིའི་ཁ་རླངས་ཤི་འདྲེའི་སྲི་ངན་སོགསཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་ལ་སྒྱུརཿ བན་བོན་གནོད་པ་ཐོག་ལྟར་འབེབ་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ མུ་སྟེགས་ངན་སྔགས་རླུང་ལྟར་འཚུབས་པ་ཀུནཿ སྡང་བར་བྱེད་པའི་དགྲ་བོའི༴ ཉམས་པའི་དུག་སྦྱོར་ཆུ་ལྟར་འཁྲུགས་པ་ཀུནཿ སྡང་བར་བྱེད་པའི༴ སྐྱེ་བོའི་ཡ་ག་མེ་ལྟར་འབར་བ་ཀུནཿ སྡང་བར་བྱེད་པའི༴ དགེ་འདུན་བསམ་ངན་མཚོན་ལྟར་འཁྲུགས་པ་ཀུནཿ སྡང་བར༴ བུད་མེད་བསམ་ངན་འཚུབས་མ་གཡོ་བ་ཀུནཿ སྡང་བར་བྱེད་པའི༴ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རག་ཀུནཿ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་བཟློགཿ གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་འཕྲོག་མའི་མཐོང་རག་དུགཿ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་གློ་བུར་གདོནཿ ནད་མཚོན་མི་འདོད་ཉེ་བར་འཚེ་བ་དངཿ དམ་ཆོས་འགལ་རྐྱེན་སྒྲུབ་པའི་བར་ཆོད་ཀུནཿ གཅིག་ཏུ་བསྡུས་ནས་སྡང་བྱེད་དགྲ་བོ་དངཿ གནོད་བྱེད་བགེགས་དཔུང་བྱད་ཕུར་བྱེད་པོའི་སྟེངཿ བསྒྱུར་རོ་བྷྱོ་བཟློག་མིང་གི་ལྷག་མར་ཐོངསཿ གུ་རུ་དྲག་པོའི་ལྷ་ཚོགས་མཐུ་མ་ཞེནཿ ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ཤིགཿ གདུག་པའི་གཤེད་དུ་སྲིན་པོའི་སྐུར་བཞེངས་ནཿ མངོན་སྤྱོདལས་ཀྱི་ཐུགས་དམ་ལས་གཞན་གངཿ གནད་ལས་བསྐུལ་ལོ་ཕྲིན་ལས་དུས་ལ་བབསཿ ཧོར་སོགས་མཐའ་དམག་དམ་ཉམས་གནོད་སྦྱོར་དངཿ ནད་མཚོན་དགྲ་གདོན་ཚེ་སྲོག་བར་ཆོད་བདུདཿ བྱད་ཕུར་རྦོད་གཏོང་རྨིས་ལྟས་མཚན་ངན་སོགསཿ དབང་དྲག་འབར་བའི་རྫུ་འཕྲུལ་རྩལ་ཤུགས་ཀྱིསཿ ཕ་རོལ་བསམ་སྦྱོར་ངན་པའི་རང་གཤེད་དུཿ གླང་སྨྱོན་འཁྲུལ་འཁོར་ཇི་བཞིན་བྷྱོ་བཟློག་སྒྱུརཿ ཆོས་ཅན་ཆོས་ཉིད་བདེན་པས་སྒྱུར་ཅིག་བཟློགཿ དྲང་སྲོང་དམོད་པས་གནམ་ལྕགས་ཐོག་ཕོབས་ཤིགཿ «བཟློག་སྔགས་ནིཿ» ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཀྴ་ཨརྩིག་ནིརྩིག༴ བཛྲ་ཙཎྜི་བཛྲ་ཧཱུྃཿ ཡཀྴ་ཧཱུྃཿ རཀྴ་ཧཱུྃཿ ཨ་ཡ་མ་དུ་རུ་ཙ་ཤ་ན་བྲེང་བྲེངཿ ཤག་ཤགཿ རྒྱུག་རྒྱུགཿ ཤུ་ལ་གྷྲྀ་ཝ་ཏྲི་ཤུ་ལ་དགྲ་གདོན་བྱད་ཕུར་མ་ར་ཡ་བྷྱོ་བྷྱོ་བཟློག་བཟློགཿ ཨེ་ཧུར་ཐུམ་རྦད་རྦདཿ «མཚན་མ་རྟགས་མཐོང་བར་དུ་བཟླཿ ལས་མྱུར་གནམ་ལྕགས་ཐོག་རྒོད་འདྲཿ ཕ་རོལ་གནོད་པའི་དགྲ་གདོན་བྱདཿ མིང་གི་ལྷག་མར་ཐེ་ཚོམ་མེདཿ ལས་མཐའ་དྲག་པོའི་ཐུན་གཏོར་ནིཿ» ཧཱུྃ་བྷྱོཿ དབང་དྲག་གཏུམ་ཆེན་ཧེ་ཏུ་ཀཿ ཐུགས་དམ་བསྐུལ་ལོ་དུས་ལ་བབཿ ཞེ་སྡང་ཕྱུང་ལ་ང་རྒྱལ་བསྐྱེདཿ གནམ་ལྕགས་འབར་བའི་གཏོར་ཟོར་འདིཿ ཟུར་གསུམ་གནམ་ལྕགས་ཐོག་མའི་དབྱིབསཿ དྲེགས་པ་སྡེ་བརྒྱད་འཁོར་གྱིས་བསྐོརཿ ནད་མཚོན་དུག་གི་རླངས་པ་འཕྱོཿ ཁྱུང་དང་སྡིག་སྦྲུལ་ཕོ་ཉར་འགྱེདཿ སྲ་བརྟན་ཞོ་འཐུང་རུས་པའི་མཚོནཿ ཕ་རོལ་དགྲ་གདོན་བྱད་མའི་སྟེངཿ བསྐུལ་ལོ་རྦད་དོ་མཐུ་མ་ཆུངཿ རྡོ་རྗེ་སྲིན་པོས་ཟོར་དུ་འཕེནཿ འཕང་ནས་བཟློག་པར་མི་སྲིད་དེཿ དྲང་སྲོང་གཡུལ་ངོར་ཆས་པ་བཞིནཿ རི་རབ་ཡིན་ཀྱང་རྡུལ་དུ་རློགཿ རྒྱ་མཚོ་ཆེ་ཡང་ཧུབ་ཀྱིས་འཐུངཿ ཞིང་ཁམས་ཡིན་ཀྱང་ཕུང་བྱེད་ནཿ སྲིད་གསུམ་བརླག་པར་གདོན་མི་ཟཿ མ་གཡེལ་མ་གཡེལ་ལས་ལ་རྒྱུགཿ ཧོར་སོགས་འཇིགས་པའི་དམག་དཔུང་དང༔ དགྲ་གདོན་དམ་སྲི་བྱད་མའི་སྡེཿ དམིགས་པའི་ཡུལ་དུ་གྱུར་པ་རྣམསཿ རང་གཤེད་ཕོབ་ལ་རྟག་མཚན་སྟོནཿ ཕུང་བར་གྱིས་ཤིག་ས་མ་ཡཿ བརླག་པར་གྱིས་ཤིག་མ་རཱ་ཡཿ རྡུལ་དུ་རློགས་ཤིག་ཛ་བྷྱོ་རྦདཿ «དྲག་སྔགས་བཟླ་ཞིང་དགྲ་ཕྱོགས་འཕངཿ མིང་གི་ལྷག་མ་མེད་པར་བསམཿ རྣོ་མྱུར་བཟློག་པའི་རིམ་པའོཿ ས་མ་ཡཱ་རྒྱཿ ཆེ་བ་བསྐྱེད་ཅིང་ང་རྒྱལ་བཟུངཿ བཅུ་པ་ལྷག་མ་བསྔོ་བ་ནིཿ» པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ དཔལ་གྱི་ཕམ་ཕབ་ལྷག་མའི་གཏོར་མ་ཤ་ཆེན་གྱི་རི་བོ་ཁྲག་ཆེན་གྱི་རྒྱ་མཚོ་རྐང་ཞགས་ཀླད་པའི་རྒྱན་ལྡན་འདོད་ཡོན་ལྔ་ཡི་སྤྲིན་ཕུང་འཕྲོ་བར་གྱུརཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨ་དྱ་ནུརྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊཿསྭཱ་ཧཱཿ ལྷག་སྡུད་ཀི་ཕོ་ཉ་རྣམས་བྱ་རྒོད་ཐེད་ལ་རོལ་པ་ལྟར་སྤྱན་དྲངསཿ ས་མ་ཡཱཿ ཙིཏྟ་ཧྲིང་ཧྲིང་ཛཿཛཿ ཀྱཻཿ དང་པོ་ཕུད་ཀྱིས་བདེ་གཤེགས་མཆོདཿ བར་དུ་སྦྱོར་སྒྲོལ་ཚོགས་མཆོད་ཀྱིསཿ དབང་དྲག་ལྷ་ཚོགས་དགྱེས་པ་བསྐྱེདཿ ཐ་མ་བསྒྲལ་བཟློག་དྲག་པོ་ཡིསཿ མ་རིག་གཟུང་འཛིན་རུ་ཏྲ་གཞོམསཿ ད་ལྟ་ལྷག་མའི་དུས་ལ་བབཿ དབང་ཕྱུག་འབར་མ་གིང་ལང་དངཿ ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཚོགསཿ པདྨ་དྲག་པོའི་ཕམ་ཕབ་ལོངཿ དམ་ལས་ཉམས་ན་བརླག་འགྱུར་ཞིང༔ རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོངཿ སྔོན་གྱི་ཁས་བླང་ཇི་བཞིན་དུཿ དམ་ཚིག་གཉན་ལས་མ་འདའ་བརཿ ཧེ་རུ་ཀ་ཡི་ཞལ་ཆབ་རོལཿ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོདཿ ཌཱ་ཀ་ཌཱ་ཀི་ནི་བྷ་ལིང་ཏ་ཁཱ་ཧིཿ «ལྷག་གཏོར་བཤལ་ཆུ་དང་བཅས་དོརཿ སྦྱོར་སྒྲོལ་བླ་ན་མེད་པ་ཡིཿ ཚོགས་ཀྱི་འཁོར་ལོའི་རིམ་པའོཿ དེ་ནས་རྗེས་ཀྱི་རིམ་པ་ལཿ ཆད་ཐོ་དམ་བསྒྲགས་གཏོར་འབུལ་ནིཿ» ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ གཏུམ་དྲག་རོལ་བའི་དུར་ཁྲོད་དུཿ མ་མོ་གཟའ་དང་དམ་ཅན་གྱིསཿ སྲོག་སྙིང་ཕུལ་ནས་དམ་བཅའ་བླངཿ དེ་འོག་སྤྲིན་ནག་འདུས་པ་རུཿ ཁྲག་འཐུང་རྒྱལ་པོའི་སྤྱན་སྔ་ནས༔ མ་མགོན་གཟའ་དང་སྨྱོ་ཁ་ནགཿ ཁས་བླང་དམ་བཅའ་དྲན་པར་གྱིསཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ བདག་ཉིད་རྡོ་རྗེ་དྲག་རྩལ་གྱིསཿ དབང་བསྐུར་དམ་ལ་བཏགས་པའི་ཚེཿ ཀླུ་བདུད་མིང་སྲིང་དམ་ཚིག་དགོངསཿ དཔལ་གྱི་བསམ་ཡས་མཆིམས་ཕུ་རུཿ རབ་འཁྲོས་དྲག་པོའི་སྐུར་བཞེངས་ཚེཿ མ་མགོན་གཟའ་ཀླུ་སྨྱོ་ཁ་ནགཿ ཞིང་སྐྱོང་དེད་དཔོན་སུམ་ཅུར་བཅསཿ ཁྱད་པར་གཉན་ཆེན་སྡེ་བཞི་པོཿ བཀའ་དང་གཏེར་གྱི་སྲུང་མའི་ཚོགསཿ སྲོག་སྙིང་ཕུལ་ནས་བྲོ་བོར་བརཿ བསྟན་པ་བསྲུངས་ཤིང་དེར་འཛིན་སྐྱོངཿ དམ་ཚིག་ལྡན་ལ་གྲོགས་བགྱིད་ཅིངཿ ཉིན་མཚན་ཡང་གསང་བྱ་ར་བྱེདཿ མ་བསྐུལ་པར་ཡང་དམ་ཉམས་དགྲཿ སྐད་ཅིག་སྒྲོལ་བར་མ་ཆད་དམཿ ཁྱོད་ཅག་དམ་བཅའ་བདག་གིས་བསྐུལཿ ཉམས་ན་སྲོག་སྙིང་འགས་ཏ་རེཿ དེ་བས་དམ་ལས་མ་འབའ་བརཿ ཤ་ཁྲག་བརྒྱན་པའི་མཆོད་གཏོར་བཞེསཿ ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོདཿ «བསྟན་མ་སྐྱོང་བ་ནིཿ» ཀྱཻཿ རི་མཐོ་ས་གཙང་གངས་རིའི་ཡུལཿ སྐྱོང་མཛད་བསྟན་མ་བཅུ་གཉིས་དངཿ དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཉནཿ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངསཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ བསྟན་པ་སྲུང་ལ་རྣལ་འབྱོར་སྐྱོངསཿ འཛམ་གླིང་བདེ་སྐྱིད་སྤེལ་བ་དངཿ དཀར་ཕྱོགས་རྒྱལ་བའི་ལས་སྒྲུབས་ཤིགཿ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧིཿ «ལས་མཐའ་རྣམས་ཀྱི་མཇུག་བསྡུ་བཿ རུས་པའམ་ནི་མགོ་བོ་ལཿ དྲག་པོའི་སྔགས་ཀྱིས་འགུགས་གཞུགས་བྱཿ སྒོ་དྲུང་ངམ་ནི་མལ་འོག་མནནཿ» ཧཱུྃཿ སྡིག་ཅན་ཡ་མ་དམ་སྲི་དངཿ ཉམས་པ་ཅན་གྱི་སྨོན་ལམ་ལོགཿ ཁྱོད་ཀྱིས་ལས་ངན་སྡིག་པ་བསགསཿ དང་པོ་སློབ་དཔོན་ཁྱད་དུ་བསདཿ བར་དུ་སྦྱོར་སྒྲོལ་ལོག་པར་བལྟསཿ ཐ་མ་གསང་སྔགས་བསྟན་པ་བསྣུབསཿ དབང་བསྐུར་ཞུས་ཤིང་དམ་ལས་ཉམསཿ ལས་ངན་ཁྱོད་ཀྱི་སྡིག་ཁ་གངཿ ད་ནི་འདུལ་བའི་དུས་ཡིན་པསཿ རིམ་པ་དགུ་ཡི་ས་འོག་ཏུཿ ལས་གཤིན་ནག་པོའི་ཁ་རུ་འཕེནཿ འཆི་བདག་ལས་ཀྱི་དཔའ་བོ་ཆེཿ གཏད་པ་ང་ཡིས་མི་ནོར་ནཿ བཟུང་བ་ཁྱོད་ཀྱིས་མ་ཤོར་ཅིགཿ འཇིགས་རུང་དྲག་མོའི་ལྟོ་བར་ཚུདཿ ཞལ་བསྡམས་རིམ་དགུའི་ས་འོག་སོངཿ མོས་པའི་བསྟན་པ་མ་རྫོགས་པརཿ སྡུག་བསྔལ་ཉམས་སུ་མྱོང་བར་གྱིསཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཚེཿ ཁྱོད་ཀྱིས་འབྲས་བུ་ཐོབ་པར་ཤོགཿ ཨོཾ་ལཾཿ ཨཱ་ལཾཿ ཧཱུྃ་ལཾཿ སྟྭམ་བྷ་ཡ་ནནཿ ཨེ་ཡཾ་རཾ་བཾ་ལཾཿ «ཧཱུྃ་བཞིའི་སྔགས་བརྗོདཿ མནན་པའི་ཡང་ཞུན་ས་མ་ཏིཿ ཨེ་མཿ བདག་འདྲ་པདྨ་ཐོད་ཕྲེང་གིསཿ དྲག་པོ་བསྒྲུབ་པའི་གཞུང་ཤིང་འདིཿ དྲག་སྔགས་ཀུན་གྱི་སྙིང་པོ་སྟེཿ སྨད་ལས་སྦྱོར་སྒྲོལ་གསང་བའི་ཆོསཿ ཟབ་པའི་མཐར་ཐུག་ཨེ་མ་ཧོཿ ཡང་གསང་མཁའ་འགྲོའི་བརྡ་རིས་སུཿ ཕོབ་ལ་མཁའ་འགྲོའི་ཐུགས་ཀར་སྦོསཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལཿ འགྲོ་དོན་དུས་ལ་བབ་པའི་ཚེཿ ལྷ་ལྕམ་སྤྲུལ་པའི་ནི་གུ་མརཿ འཕྲད་ནས་འགྲོ་བ་འདུལ་བ་དང་ཿ སྦྱོར་སྒྲོལ་སྤྱོད་པ་མངོན་གྱུར་ཤོག༔ བཀའ་འདི་ཀླུ་བདུད་ནག་པོར་གཏདཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ལོག་ལྟ་དམ་ཉམས་འདོད་སྲེད་ཅནཿ བཀའ་རྐུན་ལག་ཏུ་ཤོར་ར་རེཿ ས་མ་ཡཱཿ ན་རཀྐནཿ ཁ་ཐཾ་རྒྱ་རྒྱ་རྒྱཿ ཅེས་པ་འདི་ཡང་བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་རྒྱལ་པོས་གསང་བའི་བརྡ་རིས་ལས་དག་པར་ཕབ་ཅིང་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་ཤིན་ཏུ་བཀའ་གཉན་ཞིང་རྣོ་མྱུར་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་གསང་བའི་བཀའ་རྒྱ་ཅན་གྱི་སྐོར་རོཿ