DKYD-KABUM-04-NGA-018: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-04-NGA-018
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༣
|volyigtib=ང
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=04
|volumenumber=04

Revision as of 09:28, 24 June 2024

Wylie title
Location mdo mkhyen brtse bka' 'bum
Volume 4, Text 18, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །ཟབ་གསང་པདྨ་ཐུགས་ཐིག་ལསཿ གསོད་བྱེད་མེ་ཡི་སྤུ་གྲི་བཞུགས་སོཿ༄༅།« །གདུལ་དཀའ་འདུལ་མཛད་ཧེ་རུ་ཀཿ ཁྲག་འཐུང་ཁྲོ་བོ་རྒྱལ་ལ་འདུདཿ བདག་ཉིད་ཁྲོ་རྒྱལ་སེང་གེ་སྒྲཿ རབ་ཁྲོས་གཟའ་ཀླུ་སྡེ་བརྒྱད་གདོནཿ འདུལ་བྱེད་ཁྲོ་རྒྱལ་ག་རུ་ཊའིཿ གསང་སྒྲུབ་མེ་ཡི་སྤུ་གྲི་བསྟནཿ དམ་ཚིག་ལྡན་པའི་རྣལ་འབྱོར་པསཿ དྲི་ཆུས་ལུས་བཀྲུས་རྫས་ལ་བྱུགསཿ འདྲེ་འཇིགས་བདུག་ཅིང་ཡུངས་ཀར་བྲབཿ གཏོར་མ་སྨན་རག་མཆོད་པ་ལྔཿ འདུ་བྱས་རྫས་ལ་བརྟེན་པའམཿ སྤྲོས་མེད་རང་ལུས་འདོད་ཡོན་ལྔཿ དཀྱིལ་འཁོར་མཆོད་པའི་སྤྲོས་དང་བྲལཿ སྡེ་བརྒྱད་བླ་རྡོ་བཙོན་དུ་བཟུངཿ དངོས་གཞི་ཉམས་སུ་ལེན་པ་ནིཿ རེ་དོགས་འཛིན་པ་ཀུན་བྲལ་ངངཿ »ཧཱུྃ་ཧྲཱིཿ མདུན་མཁར་འོག་མིན་ཆོས་དབྱིངས་ཕོ་བྲང་དབུསཿ སྐུ་གསུམ་རྒྱལ་ཀུན་ངོ་བོ་ཁྲོ་བོའི་རྒྱལཿ འཕགས་པ་སེང་གེ་སྒྲ་སྒྲོགས་བླ་མའི་སྐུཿ རྩ་གསུམ་རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོརཿ «དང་པོ་སྐྱབས་སུ་འགྲོ་བ་ནིཿ »སྐུ་གསུམ་རྒྱལ་བ་རྩ་གསུམ་ཞི་ཆགས་ཁྲོཿ ཀུན་འདུས་ངོ་བོ་བླ་མ་ཧེ་རུ་ཀརཿ དད་དམ་འགྱུར་མེད་ངང་ནས་སྐྱབས་སུ་མཆིཿ ཐུགས་རྗེས་མ་དག་སེམས་ཅན་རྗེས་སུ་བཟུངཿ «གཉིས་པ་སེམས་མཆོག་བསྐྱེད་པ་ནིཿ» སྡུག་བསྔལ་འགྲོ་ཀུན་ཕ་མར་མ་གྱུར་མེདཿ ལས་ངན་འཁྲུལ་བའི་དབང་གྱུར་དུག་ལྔ་འཁྲུགསཿ ཁྲོ་རྒྱལ་མཆོག་སྒྲུབ་ཁམས་གསུམ་ཀུན་བསྒྲལ་ནསཿ ཡང་དག་ལམ་དུ་འཇུག་པར་སེམས་བསྐྱེད་དོཿ «གསུམ་པ་ཡན་ལག་བདུན་པ་ནིཿ» ན་མོཿ བདག་གིས་འགྲོ་བ་ཀུན་དོན་དུཿ ཁྲོ་རྒྱལ་གཏུམ་མོ་བསྒྲུབ་པའི་ཕྱིརཿ སྒོ་གསུམ་གུས་པས་ཕྱག་འཚལ་ལོཿ བདེ་ཆེན་ཟག་མེད་མཆོད་པ་འབུལཿ ཐེག་དམན་ལམ་ཞུགས་མཐོལ་ལོ་བཤགསཿ ཏ་ན་ག་ནར་རྗེས་ཡི་རངསཿ གདུག་པ་འདུལ་བར་གསོལ་བ་འདེབསཿ དྲག་པོའི་ཐུགས་དམ་གནད་ནས་བསྐུལཿ ཁམས་གསུམ་འཁོར་བ་དོང་སྤྲུག་ཤོགཿ «བཞི་པ་བྱིན་འབེབས་པ་ནིཿ» ཧཱུྃ་ཧྲཱིཿ བྱིན་རླབས་ཡ་མཚན་མཆོག་གི་གནསཿ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལཿ ཉིད་ལས་མི་གཞན་འཁོར་གྱིས་བསྐོརཿ སྒྲུབ་པ་པོ་ལ་བྱིན་ཕོབ་ཅིགཿ ལྷུན་རྫོགས་རྒྱལ་པོའི་ཞིང་ཁམས་ནསཿ ལོངས་སྐུ་རིགས་ལྔའི་སངས་རྒྱས་ལཿ ཞི་ཆགས་ཁྲོ་བོའི་འཁོར་གྱིས་བསྐོརཿ སྒྲུབ་པ་པོ་ལ་བྱིན་ཕོབ་ཅིགཿ ཁྲག་འཐུང་ཁྲོ་བོ་རོལ་པའི་ཞིངཿ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀཿ གཏུམ་རྔམ་ཆགས་པའི་འཁོར་གྱིས་བསྐོརཿ སྒྲུབ་པ་པོ་ལ་བྱིན་ཕོབ་ཅིགཿ འགྲོ་ལ་འདུལ་བའི་ཞིང་ཁམས་ནཿ གང་འདུལ་སྣ་ཚོགས་སྤྲུལ་པའི་སྐུརཿ ཐུགས་རྗེ་རང་ཤར་འཁོར་གྱིས་བསྐོརཿ སྒྲུབ་པ་པོ་ལ་བྱིན་ཕོབ་ཅིགཿ དཔལ་རི་དབང་དྲག་རོལ་པའི་ཞིངཿ པདྨ་ཐོད་ཕྲེང་ཡབ་ཡུམ་ལཿ རིག་འཛིན་དཔའ་བོ་མཁའ་འགྲོས་བསྐོརཿ སྒྲུབ་པ་པོ་ལ་བྱིན་ཕོབ་ཅིགཿ རི་རབ་རི་ཡི་རྩེ་མོ་ནསཿ ཁྲོ་རྒྱལ་ཁྱུང་ཆེན་ག་རུ་ཊཿ ཁྲོ་བོ་ཁྲོ་མོ་འབུམ་གྱིས་བསྐོརཿ སྒྲུབ་པ་པོ་ལ་བྱིན་ཕོབ་ཅིགཿ གར་བཞུགས་དག་པའི་གནས་མཆོག་ནསཿ བླ་མ་ཁྲག་འཐུང་ཧེ་རུ་ཀཿ རྩ་གསུམ་དམ་ཅན་རྒྱ་མཚོས་བསྐོརཿ སྒྲུབ་པ་པོ་ལ་བྱིན་ཕོབ་ཅིགཿ ལུས་ལ་སྐུ་ཡི་བྱིན་ཕོབ་ལཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ ཟག་བཅས་སྒྱུ་མའི་འཛིན་པ་ཞིགཿ དམ་བཅའ་བཞི་ལྡན་རྡོ་རྗེའི་སྐུཿ གཞོམ་གཞིག་བྲལ་བར་བྱིན་ཕོབ་ཅིགཿ ངག་ལ་གསུང་གིས་བྱིན་ཕོབ་ལཿ བདེན་ཚིག་གྲུབ་པ་རྡོ་རྗེའི་ལྗགསཿ སྒྲ་ཐོས་སྔངས་སྐྲག་འདར་ཞིང་བརྒྱལཿ བྱིན་ནུས་གཏུམ་རྔམས་རྡོ་རྗེའི་གསུངཿ དམོད་པ་འགྲུབ་པར་བྱིན་ཕོབ་ཅིགཿ ཡིད་ལ་ཐུགས་ཀྱིས་བྱིན་ཕོབ་ལཿ ཀ་དག་འོད་གསལ་འདུས་མ་བྱསཿ རྩལ་སྣང་དག་པ་རབ་འབྱམས་ཆེཿ ཡོངས་ཤར་འཇིགས་མེད་ཧེ་རུ་ཀཿ ཐུགས་རྗེས་བདུད་འདུལ་བྱིན་ཕོབ་ཅིགཿ བྱིན་ཆེན་བྱིན་ཕོབ་རྩ་གསུམ་ལྷཿ དབང་ཆེན་དབང་སྐུར་བཅོམ་ལྡན་འདསཿ དངོས་གྲུབ་མཆོག་སྩོལ་ཧེ་རུ་ཀཿ མཐུ་ཆེན་བདུད་འདུལ་ག་རུ་ཊཿ གསོལ་བཏབ་འབྲས་བུ་མཆིས་པར་མཛོདཿ གུ་རུ་དྷེ་ཝ་ཌཱཀྐི་ནི་ག་རུ་ཊ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕེཾ་ཕེཾཿ སརྦ་སིདྡྷི་ཕ་ལ་ཧོཿ «ལྔ་པ་བསྐྱེད་པའི་རིམ་པ་ནིཿ» ཧཱུྃ་ཧྲཱིཿ ཚོགས་ཞིང་ལྷ་ཚོགས་བདག་ལ་ཐིམཿ ཟག་བཅས་འོད་ཞུ་འཇའ་ལྟར་ཡལཿ སྟོང་ཉིད་སྤྲཽས་དང་བྲལ་བ་ལསཿ སྙིང་རྗེ་རབ་ཁྲོས་ཞེ་སྡང་ཆེཿ བདེ་བར་རབ་ཁྲོས་འདོད་ཆགས་ཆེཿ སྟོང་ཉིད་རབ་ཁྲོས་གཏི་མུག་ཆེཿ དད་པ་རབ་ཁྲོས་ང་རྒྱལ་ཆེཿ དག་སྣང་རབ་ཁྲོས་ཕྲག་དོག་ཆེཿ དུག་ལྔ་ཡེ་ཤེས་འཁྲུགས་པ་ལསཿ རིག་པའི་ངོ་བོ་ཁྲོཾ་ཡིག་གསལཿ སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུསཿ འཁོར་འདས་ཡོངས་ཀྱི་མཐུ་སྟོབས་ཕྲོགསཿ གནམ་ལྕགས་རྡོ་རྗེ་བྲག་ཆེན་སྟེངཿ ས་བོན་ཡོངས་སུ་གྱུར་པ་ལསཿ པདྨ་ཟླ་བ་ཉི་མའི་གདནཿ དབུས་སུ་བླ་མ་དྲག་པོ་རྩལ༔ རབ་ཁྲོས་བདག་ཉིད་ཧེ་རུ་ཀཿ ཁྲག་འཐུང་རྒྱལ་པོ་ག་རུ་ཊཿ སྐུ་མདོག་མཐིང་ནག་རྡོ་རྗེའི་ལུསཿ ཁྱུང་གདོངས་འབར་བ་རབ་ཏུ་རྔམསཿ སྤྱན་གསུམ་དམར་ཟླུམ་མེ་ལྟར་འབརཿ རྡོ་རྗེ་ཁྲོ་ཆུ་ཞུན་མའི་མཆུཿ སྨ་ར་སྨིན་མ་ཨག་ཚོམ་དང་ཿ རལ་པ་ལྕགས་བསྲེགས་མེ་འབར་ཞིངཿ རྭ་ཟུང་རྡོ་རྗེའི་ཆོས་བདུན་ལྡནཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ ལག་པ་གཉིས་ཀྱིས་ཀླུ་ཆེན་བརྒྱདཿ སྐེ་ནས་བཟུང་ལ་ཟས་སུ་ཟཿ རྐང་གཉིས་གནམ་ལྕགས་བྱ་སྡེར་གྱིསཿ ལྷ་སྲིན་སྡེ་བརྒྱད་སྙིང་ནས་འཛིནཿ སྐུ་སྨད་སྤུ་གྲིའི་སྤུ་ཆུང་གཏམསཿ སྐུ་སྟོད་རྡོ་རྗེའི་བ་སྤུ་ལསཿ ཁྲོ་རྒྱལ་ཚྭ་ཚྭ་སྐར་ལྟར་འཁྲུགསཿ རལ་གྲིའི་གཤོག་པ་བཅོ་བརྒྱད་དངཿ མཚོན་ཆེན་མཇུག་སྒྲོ་བརྒྱད་དག་ལསཿ མེ་ཁྱུང་རྡོ་རྗེའི་ཐོག་སེར་འབེབསཿ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགསཿ ཡེ་ཤེས་བསྐལ་པའི་མེ་དཔུང་དབུསཿ དྲག་པོའི་ངར་སྐད་ལྷང་ལྷང་སྒྲོགསཿ སྤྲུལ་པ་ཕོ་མོ་སྐར་ལྟར་འཁྲུགསཿ ལྷ་སྲིན་སྡེ་བརྒྱད་སྲོག་དབུགས་བསྡུསཿ ཀླུ་གཉན་ས་བདག་ཟས་སུ་ཟཿ གདུག་པ་ཅན་གྱི་སྙིང་ཁྲག་འཐུངཿ མ་མོ་མཁའ་འགྲོ་དབང་དུ་བསྡུཿ ཆོས་སྐྱོང་སྲུང་མ་འདར་ཞིང་བརྒྱལཿ གདུག་པའི་གདུག་པ་གཤེད་ཀྱི་གཤེདཿ ཤ་ཟ་ཁྲག་འཐུང་དཔལ་ཆེན་པོཿ འཁོར་འདས་སྤྱི་དཔལ་རྒྱལ་པོའོཿ སྤྱི་གཙུག་ཡིད་བཞིན་ནོར་བུའི་དབུསཿ པདྨ་ཉི་ཟླའི་གདན་གྱི་སྟེངཿ བླ་མ་རིགས་བདག་ཚེ་དཔག་མེདཿ དཀར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆསཿ སེམས་དཔའི་སྐྱིལ་ཀྲུང་བདེ་བའི་ཡུམཿ དམར་སྐྱ་གྲི་ཐོད་འཛིན་མས་འཁྲིལཿ མཉམ་སྦྱོར་མཉམ་བཞག་ཚེ་བུམ་བསྣམསཿ དགའ་བཞིའི་འོད་སྒྲས་ཚེ་བཅུད་བསྡུསཿ བདག་གི་གནས་གསུམ་འབྲུ་གསུམ་ལསཿ འོད་འཕྲོས་ཡེ་ཤེས་ལྷ་ཚོགས་ཀུནཿ གློག་ལྟར་མྱུར་བར་སྤྱན་དྲངས་གྱུརཿ «དྲུག་པ་སྤྱན་འདྲེན་གཟི་བྱིན་བསྐྱེདཿ »ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལཿ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལཿ དྷུ་མ་ཐ་ལ་མཁའ་འགྲོའི་གྲོངཿ གཏུམ་དྲག་རོལ་པའི་ཞིང་ཁམས་ནསཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ གདུག་པ་འདུལ་བའི་གཤེད་དུ་རྔམསཿ ཁྲོ་རྒྱལ་བྱ་ཁྱུང་ག་རུ་ཊཿ མཐིང་ནག་དུག་ཆེན་ཧ་ལའི་མདོགཿ ཐོགས་པ་མེད་པ་རྡོ་རྗེའི་ལུསཿ བདེན་ཚིག་གྲུབ་པ་རྡོ་རྗེའི་ལྗགསཿ དགེ་སྡིག་ལས་འདས་ཆོས་སྐུའི་ཐུགསཿ ད་ལྟ་དཔལ་རིའི་རྩེ་མོར་བཞུགསཿ ལྷ་སྲིན་སྡེ་བརྒྱད་ཟས་སུ་ཟཿ ཀླུ་གཉན་ས་བདག་དམྱལ་ཐག་གཅོདཿ མ་མོ་མཁའ་འགྲོ་འདར་ཞིང་འདུདཿ ཆོས་སྐྱོང་དམ་ཅན་སྲོག་སྙིང་ཕྲོགསཿ སྐུ་གསུམ་རྒྱལ་བ་སྲས་དང་བཅསཿ རྩ་གསུམ་ཞི་ཁྲོའི་འཁོར་གྱིས་བསྐོརཿ གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ནོཿ ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལཿ རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་ངོསཿ རི་བོ་ཀུན་འདུས་རྩེ་མོ་ནསཿ སྟོན་པ་དྲི་མ་མེད་པའི་དྲུངཿ ཞལ་བཞེས་ཐུགས་དམ་གནད་ནས་བསྐུལཿ བདག་དང་དབྱེར་མེད་རོ་གཅིག་ཕྱིརཿ གནས་འདིར་བྱོན་ལ་རྫུ་འཕྲུལ་སྟོནཿ རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལཿ བླ་མ་ཡི་དམ་མཁའ་འགྲོ་གཤེགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཀྲག་མདངས་བསྐྱེད་ལ་གཟི་བརྗིད་ཕྱུངསཿ མཐུ་རྩལ་སྟོབས་ཤུགས་ནུས་མཐུ་སོགསཿ ཁྱོད་དང་དབྱེར་མེད་མཛད་དུ་གསོལཿ ཨོཾ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀྲོ་ཏ་རཱ་ཛ་ག་རུ་ཊ་ས་མ་ཡ་ཛ་ཛཿ ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ« དམིགས་པའི་གསལ་སྣང་ཐོན་པར་བྱཿ བདུན་པ་བཞུགས་གསོལ་བྱིན་དབང་བསྐུརཿ »ཧཱུྃ་ཧྲཱིཿ ཕྱོགས་བཅུའི་ཞིང་ནས་བྱོན་པའི་བཅོམ་ལྡན་འདསཿ ཞི་ཆགས་ཁྲོ་བོའི་ལྷ་ཚོགས་འཁོར་དང་བཅསཿ ཁྲོ་རྒྱལ་བདག་དང་དབྱེར་མེད་རོ་གཅིག་ཏུཿ རྩི་བཅུད་ཆུ་དག་འདྲེས་བཞིན་བརྟན་པར་བཞུགསཿ ཏིཥྛ་ལྷནཿ སྐུ་གསུམ་རྒྱལ་ཀུན་རིགས་མཆོག་ལྔ་རུ་བསྡུསཿ དེ་ཉིད་བྱིན་རླབས་འོད་ཟེར་དངོས་གྲུབ་བཅུདཿ དབང་བཅས་རིགས་བདག་བླ་མར་དབྱེར་མེད་བསྟིམཿ ཐུགས་རྗེའི་ནུས་སྟོབས་བཀྲག་མདངས་གཟི་བརྗིད་རྒྱསཿ ཡབ་ཡུམ་མཉམ་པར་རོལ་པའི་བྱང་སེམས་རྒྱུནཿ སྤྱི་བོ་ནས་ཞུགས་ལུས་ཀུན་མེར་གྱིས་གངཿ སྒྲིབ་དག་དབང་རྫོགས་ཧེ་རུ་ཀ་རུ་སྨིནཿ སྲིད་གསུམ་ཟ་བྱེད་ཆེན་པོར་སྟོབས་ལྡན་གྱུརཿ ཨོཾ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་ཨ་བྷི་ཥིཉྩ་ཏུ་མཾཿ «བརྒྱད་པ་ཕྱག་འཚལ་མངའ་གསོལ་ནིཿ» ན་མོཿ སྲིད་གསུམ་དབང་བསྒྱུར་སྟོབས་ལྡན་ཚོགསཿ རང་དབང་མེད་པར་སྔངས་ཤིང་འདརཿ སྒོ་གསུམ་གུས་པས་དྲུང་དུ་འདུདཿ སྲོག་སྙིང་ཕུལ་ཞིང་ཕྱག་བགྱིའོཿ ན་མོ་ན་མ་ཧོཿ དཔའ་བོ་སྟོབས་ལྡན་ཧེ་རུ་ཀཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིསཿ ལེགས་པའི་ཤིས་བརྗོད་མེ་ཏོག་འཐོརཿ སྲིད་གསུམ་བདག་པོ་མངའ་གསོལ་ལོཿ ཨེ་ཨཱ་ཧོཿཨ་ལ་ལཿ «དགུ་པ་མཆོད་པ་འབུལ་བ་ནིཿ »རྃ་ཡྃ་ཁྃཿ བླ་མའི་ཐུགས་ལས་མེ་རླུང་ཆུསཿ ཁམས་གསུམ་མ་དག་ཉེས་སྐྱོན་སྦྱངསཿ འབྲུ་གསུམ་བྱུང་བའི་ཡེ་ཤེས་ཀྱིཿ བདུད་རྩིའི་རང་བཞིན་འདོད་ཡོན་ལྔཿ དབང་ལྔའི་སྤྱོད་ཡུལ་མི་ཟད་གཏེརཿ ཤ་རུས་བཅུད་ལྡན་བཱ་ལིངྟཿ ཤུ་ཏྲ་འབྲུ་བཅུད་ཨ་མྲྀ་ཏཿ རྒྱུ་རྐྱེན་རང་བྱུང་མཁའི་རཀྟཿ སྲིད་གསུམ་སྲོག་དབུགས་བཀྲག་མདངས་བཅུདཿ མ་ལུས་ཡོངས་རྫོགས་མཆོད་པའི་རྫསཿ ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀཿ ག་རུ་ཊ་ཡི་ལྷ་ཚོགས་ལཿ མཆོད་པ་འབུལ་ལོ་བཞེས་ནས་ཀྱང་ཿ སྦྱོར་སྒྲོལ་གསང་བའི་དངོས་གྲུབ་སྩོལཿ ཨོཾ་བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝཱི་དྱ་ཤབྡ་ཨཱཿཧཱུྃཿ རུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་པུ་ཙ་ཧོཿ མ་ཧཱ་བ་ལིངྟ་ཁཱ་ཧིཿ པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁཱ་ཧིཿ «བཅུ་པ་བསྟོད་པ་ནིཿ »ཧཱུྃ་ཧྲཱིཿ ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ནསཿ མངོན་རྫོགས་རྒྱལ་པོ་ཡབ་ཡུམ་རོལ་པ་ལསཿ པདྨ་ཐོད་ཕྲེང་གདུག་པ་འདུལ་པའི་གཤེདཿ འོད་ཀྱི་གོང་དུ་ཡེ་ཤེས་སྒོང་ང་ལཿ ཁྲོ་རྒྱལ་ཀུན་ཀྱི་སྟོབས་འདུས་ཧེ་རུ་ཀཿ ཁྱུང་ཆེན་རྒྱལ་པོ་སྲིད་གསུམ་འདུས་པའི་གཤེདཿ ཀླུ་གཉན་ས་བདག་སྡེ་བརྒྱད་ཟས་སུ་ཟཿ བདུད་ཀྱི་བདུད་དགྲ་ཆེན་པོ་ཁྱེད་ལ་བསྟོདཿ སྐུ་མཆོག་འགྱུར་མེད་ཁྲོ་བོ་འཆོལ་བའི་གརཿ གསུང་མཆོག་འགག་མེད་ངར་སྒྲས་སྲིད་གསུམ་གཡོཿ ཐུགས་མཆོག་རབ་ཁྲོས་ཡེ་ཤེས་དུག་ལྔ་འཁྲུགསཿ ཡོན་ཏན་ནུས་པ་བསམ་འདས་བརྗོད་མི་ལོངཿ ཕྲིན་ལས་སྤྲུལ་པ་ནམ་མཁའ་མཐའ་དང་མཉམཿ མི་འཇིགས་གོ་ཆ་རྡོ་རྗེའི་ཆོས་བདུན་ངོརཿ དགེ་སྡིག་ལས་འདས་ཆོས་སྐུའི་དགོངས་པའི་ངངཿ དཔལ་ཆེན་ཁྲོ་རྒྱལ་ཁྲག་འཐུང་རྗེ་ལ་བསྟོདཿ སྐུ་ལས་སྤྲུལ་པའི་ཁྲོ་རྒྱལ་ཤ་ཟ་འབུམཿ གསུང་ལས་སྤྲུལ་པའི་ཁྲོ་མོ་ཁྲག་འཐུང་འབུམཿ ཐུགས་ལས་སྤྲུལ་པའི་དཔལ་ཆེན་སྤོར་བྱེད་འབུམཿ ཡོན་ཏན་སྤྲུལ་པའི་བྱ་ཁྱུང་འཛིན་བྱེད་འབུམཿ ཕྲིན་ལས་སྤྲུལ་པ་སེང་གདོང་ཕྲ་མེན་འབུམཿ བཀའ་ཉན་ལས་བྱེད་དཔའ་བོ་དཔའ་མོ་འབུམཿ སྤྲུལ་པ་ཡང་སྤྲུལ་འབྲུག་སེང་སྟག་སྲིན་འབུམཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ «བཅུ་གཅིག་བསྙེན་ཅིང་སྒྲུབ་པ་ནིཿ» ཐུགས་ཀར་ཡེ་ཤེས་སེམས་དཔའ་ནིཿ རྒྱན་མེད་གཅེར་བུ་སྡིགས་མཛུབ་དངཿ བཀའ་ནན་རྒྱ་ཅན་ཧེ་རུ་ཀཿ པདྨ་ཉི་ཟླའི་གདན་ལ་འགྱིངསཿ དེ་ཡི་ཐུགས་ཀར་ཉི་ཟླའི་དབུསཿ ཧཱུྃ་མཐིང་བཀྲག་མདངས་གཟི་བརྗིད་ལྡནཿ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཀྱིས་རྒྱལ་བའི་བྱིན་རླབས་བསྡུསཿ སྲིད་ཞི་དཔལ་ཡོན་བཅུད་དུ་དྲངསཿ སྔགས་ཕྲེང་གཡས་སུ་འཁོར་བ་ཡིསཿ ཁྲོ་རྒྱལ་གསལ་བརྟན་གཟི་བརྗིད་འབརཿ འཇིགས་མེད་དཔའ་གཏུམ་ང་རྒྱལ་ངངཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿ «བསྙེན་སྒྲུབ་ཅིག་དྲིལ་གསང་བའི་སྔགསཿ རྡོ་རྗེའི་བཟླས་པ་འདི་ལ་འབདཿ དངོས་ཉམས་རྨི་ལམ་ཞལ་མཐོང་ཚེཿ རབ་འབྲིང་ཐ་མའི་རྟགས་མཐོང་ངོཿ ཐེམ་མེད་སྒྲུབ་པ་ཆེན་པོ་ནིཿ »ཐུགས་སྲོག་སྔགས་ཕྲེང་དང་བཅས་ལསཿ འོད་ཟེར་བ་ཐག་འཛིངས་བཞིན་འཕྲོསཿ ཀླད་པ་དུང་ཁང་ནས་ཐོན་ཏེཿ རིགས་བདག་བླ་མའི་ཐུགས་བརྒྱུད་བསྐུལཿ ཐུགས་ལས་འོད་ཟེར་སྣ་ཚོགས་པཿ འཕྲོས་པས་སྐུ་གསུམ་ཞིང་ཁམས་ནཿ བཞུགས་པའི་རྩ་གསུམ་ཞི་ཆགས་ཁྲོའིཿ ཐུགས་བརྒྱུད་བསྐུལ་ཞིང་བྱིན་རླབས་གཡོཿ དབང་དང་དངོས་གྲུབ་བྱིན་རླབས་སྟོབསཿ ཟེར་ལྔའི་རྣམ་པར་བསྡུས་ནས་ནིཿ བདག་ཉིད་ཁྲོ་རྒྱལ་གསང་གསུམ་ལཿ སིབ་སིབ་ཐིམ་པས་སྲིད་ཞི་ཡིཿ སྤྱི་དཔལ་ཟ་བྱེད་འབར་བར་གྱུརཿ སླར་ཡང་ཐུགས་ཀའི་འོད་ཟེར་ནིཿ ལྕགས་ཀྱུའི་དབྱིབས་ཅན་དཔག་མེད་པཿ འཕྲོས་པས་ཁམས་གསུམ་གཟུགས་ཅན་དངཿ གཟུགས་མེད་རང་དབང་མེད་པར་བཀུགཿ ཟས་སུ་ཟོས་ཤིང་རྡུལ་དུ་བརླགཿ མཐུ་སྟོབས་ནུས་པ་གནང་དུ་བླངསཿ བཀྲག་མདངས་གཟི་བརྗིད་རབ་རྒྱས་ཤིངཿ སྲིད་གསུམ་སྲོག་གི་གཤེད་མར་གྱུརཿ སྤྲུལ་བསྒྱུར་སྣ་ཚོགས་དངོས་གྲུབ་སྩོལཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཀྴ་ཁྲོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཙ་ལེ་ཙ་ལེ་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་སྡུས་སྡུས་ན་ན་ཁ་དྷི་སརྦ་དུཥྟཾ་མ་ར་ཡ་ཧཱུྃ་ཕཊཿ «རེ་འགའ་བསྐྱེད་རིམ་གསལ་བརྟན་འབརཿ སྐབས་སུུ་མ་རུང་ཟས་སུ་ཟཿ སྐབས་སུ་སྤྲུལ་བསྒྱུར་ཞིང་ཀུན་ཉུལཿ མི་ཕོད་པ་ལ་ཐོག་བརྫིས་དངཿ མི་རུང་བ་ལ་ལོངས་སུ་སྤྱོདཿ མངོན་འཚང་རྒྱ་བའི་རེ་བ་དངཿ ངན་སོང་སྡུག་བསྔལ་རྟོག་པ་གཉིསཿ དབྱིངས་སུ་ཡལ་ཞིང་རང་ལུས་ཀྱིཿ མངོན་ཞེན་ལྡོག་ཅིང་ཡི་དམ་ལྷའིཿ སྐུ་རུ་ལམ་གྱིས་གྱུར་པའི་ཚེཿ རྫུ་འཕྲུལ་འགྲུབ་ཅིང་མཆོག་ཐུན་གྱིཿ དངོས་གྲུབ་ཐོབ་པར་གདོན་མི་ཟཿ ལུས་མ་བར་དོར་མཁའ་སྤྱོད་འགྲུབཿ གཞན་ཡང་ཡོན་ཏན་བརྗོད་མི་ལོང་ཿ ཡི་གེ་མེད་པའི་སྙན་བརྒྱུད་དེཿ ཐུགས་ལས་ཐུགས་སུ་གབ་པའོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ» ཁ་ཐཾཿ