ལས་སྦྱོར་སྤུ་གྲི་རེག་གཅོདཿ

From Khyentse Lineage - A Tsadra Foundation Project
Wylie title las sbyor spu gri reg gcod
Location mdo mkhyen brtse bka' 'bum
Volume 4, Text 19, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Practices - las tshogs
Cycle གསོད་བྱེད་མེ་ཡི་སྤུ་གྲི་ (gsod byed me yi spu gri)
Parent Cycle ཟབ་གསང་པདྨ་ཐུགས་ཐིག་ (zab gsang pad+ma thugs thig)
Deity khro rgyal khyung chen
Colophon

བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ལས་ཀྱི་དཔའ་བོའི་མན་ངག་སྙིང་སྒྲོམ་དམར་པོའི་བརྡ་རིས་ལས་དག་པར་ཕབ་པས་ཡི་གེ་པ་ནི་སྔགས་འཆང་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་ཤིན་ཏུ་ཡང་ཟབ་ཆེན་མོའོཿ ༁ྃཿ

bdag 'dra dus mtha'i gter smyon khrag 'thung las kyi dpa' bo'i man ngag snying sgrom dmar po'i brda ris las dag par phab pas yi ge pa ni sngags 'chang rig pa'i ye shes kyis bgyis pa shin tu yang zab chen mo'o:

[edit]
༄༅། །ལས་སྦྱོར་སྤུ་གྲི་རེག་གཅོད་ནིཿ ཐུགས་ཀ་ཁྲོཾ་ཡིག་གསལ་བ་ལསཿ འོད་འཕྲོས་སྤྲུལ་པ་དཔག་མེད་འགྱེདཿ གདུག་པ་ཅན་རྣམས་དབང་མེད་བཀུགཿ སྡེ་བརྒྱད་གཟའ་ཀླུ་གཉན་ས་བདགཿ བྱད་མ་ལྷ་སྲུང་དགྲ་གནོད་བགེགསཿ རྒྱལ་བསེན་དམ་སྲི་འབྱུང་པོའི་ཚོགསཿ སྲོག་དབུགས་བསྡུས་ཤིང་རང་གིས་ཟོསཿ ཁྲོ་བོ་ཁྲོ་མོ་ཁྱུང་མེའི་ཚོགསཿ སྟོང་གསུམ་གང་བར་ཁྱབ་པ་ཡིསཿ སྲིད་གསུམ་བསྲེགས་བརླགས་སྟོང་པར་སྦྱངསཿ ཁྲོཾ་ཀྲོ་ཏ་རཱ་ཛ་ག་རུ་ཊ་ཙ་ལེ་ཙ་ལེ་ནག་པོ་ཀཱ་ལ་རཀྴ་རྦད་རྦདཿ སོད་སོདཿ སྤུ་གྲི་ཟིང་ཟིངཿ ལྕགས་ཀྱི་སྡེར་མོས་གནོད་བྱེད་གདུག་པའི་སྙིང་ལ་ཟུངཿ ཏྲིག་ནནཿ རྣྲྀ་ཏྲི་མཱཾ་ས་རཀྟ་ཙིཏྟ་ཀཱ་ཝཱ་ཙི་བརླག་བརླགཿ ཏྲང་ཏྲངཿ ཛྭ་ལ་རཾཿ མ་ར་ཡ་རྦད་ཕཊཿ ཏིང་འཛིན་དམིགས་པའི་ངར་ལྡན་པསཿ སྤུ་གྲིའི་སྔགས་འདི་དྲག་ཏུ་བཟླསཿ «ཁམས་གསུམ་བརླག་པར་གདོན་མི་ཟཿ འདི་ཡི་ཡོན་ཏན་བརྗོད་མི་དགོསཿ སྐལ་ལྡན་ཉམས་ལེན་དག་གིས་ཤེསཿ རང་ལ་མི་སྡིགས་གཞན་ལ་ཐོགསཿ འདི་འདྲ་བདག་གིས་མ་མཐོང་ངོཿ བཅུ་གཉིས་རྗེས་ཀྱི་རིམ་པ་ནིཿ »ཧྲཱིཿ རིགས་བདག་བླ་མ་ཡབ་ཡུམ་གྱིཿ སྦྱོར་མཚམས་འཆི་མེད་བདུད་རྩིའི་རྒྱུནཿ ལུས་ནང་གང་ཞིང་བདེ་བ་རྒྱསཿ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོགཿ ཧྲཱིཿཨ་ཡུར་བྷྲཱུྃཿ «དབྱངས་གསལ་རྟེན་འབྲེལ་སྙིང་པོ་སོགསཿ རྩ་སྔགས་ཤམ་བུརཿ» ཤཱིནྟཾ་པུཥྟིཾ་ཝ་ཤཾ་མ་ར་ཡ་ཕཊཿ ཁྲོ་རྒྱལ་ག་རུའི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཱཻཿ ཨོ་ཨཱཽཿ ཨཾ་ཨཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ ཡི་དམ་ཁྲོ་རྒྱལ་ག་རུ་ཊའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབ་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེ༔ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་ཁྲོ་རྒྱལ་ག་རུ་ཊའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥན་ཏ་ཐཱ་ག་ཏ་ཧྱ་ཝ་ཏདཿ ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བྷ་ཏི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱཿ ཧཱུྃ་ཧྲཱིཿ ཁྲག་འཐུང་རྒྱལ་པོ་འཁོར་བཅས་ལཿ སྨན་གཏོར་རཀྟ་བྱང་ཆུབ་སེམསཿ གདུག་པ་བསྒྲལ་བའི་ཤ་ཁྲག་རུསཿ ནང་རོལ་ཕྱི་ནང་གསང་མཆོད་འབུལཿ མ་ཧཱ་སརྦ་པུ་ཙ་ཁཱ་ཧིཿ ཧཱུྃ་ཧྲཱིཿ སྟོབས་ལྡན་མཐུ་རྩལ་དཔའ་བོ་ཁྱོདཿ བདག་གིས་བསྙེན་ཅིང་བསྒྲུབས་པ་ཡིསཿ བྱིན་རླབས་ཡོན་ཏན་མངོན་གྱུར་པའིཿ དད་ཅིང་གུས་པས་ཕྱག་འཚལ་བསྟོདཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའིཿ དབང་དང་དངོས་གྲུབ་བྱིན་རླབས་ཀྱིསཿ བདག་དང་སྐལ་པར་ལྡན་པ་རྣམསཿ རྗེས་སུ་འཛིན་པར་མཛད་དུ་གསོལཿ མ་ཧཱའ་སིདྡྷི་ཕ་ལ་ཧོ༔ «བཅུ་གསུམ་ཉེར་བསྡུ་ལྷར་ལྡང་བཿ »ལྷར་སྣང་ཁྲོ་རྒྱལ་ཆེན་པོའི་སྐུཿ འཇའ་ཚོན་ནམ་མཁར་ཐིམ་བཞིན་ཡལཿ སྤྲོས་བྲལ་ཀ་དག་འདུས་མ་བྱསཿ ཀུན་ཁྱབ་ཁྱབ་གདལ་ཆེན་པོའི་ངང་ཿ ཨ་ཨ་ཨ༔ སླར་ཡང་ཆུ་ལ་ཉ་འཕར་བཞིནཿ དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀཿ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགསཿ ཐོགས་མེད་དམ་བཅའ་བཞི་ལྡན་གསལཿ ཡི་གེ་བརྒྱ་པས་བརྟན་པར་བྱཿ དགེ་བ་འདི་ཡིས་མྱུར་དུ་བདགཿ ཁྲག་འཐུང་རྒྱལ་པོ་འགྲུབ་གྱུར་ནསཿ འགྲོ་བ་གཅིག་ཀྱང་མ་ལུས་པཿ དེ་ཡི་ས་ལ་འགོད་པར་ཤོགཿ ཨེ་མཿ «རྒྱ་གར་མུ་སྟེགས་ཀུ་ལངས་འདུལ་བའི་ཚེཿ སྡེ་བརྒྱད་ཀླུ་གཉན་ས་བདག་དགྲ་རུ་ལངཿ དྲི་མེད་ཡབ་ཡུམ་ཆེ་མཆོག་ཧེ་རུ་ཀའིཿ སྐུར་བཞེངས་བདག་ཉིད་ཞལ་གསོལ་སྲས་སུ་བསྐྱེདཿ ཁྲོ་རྒྱལ་འདིར་གྱུར་སྲིད་གསུམ་བརླག་ལ་ཁདཿ སྙིང་གི་དཀྱིལ་དུ་སྦས་ཤིང་རང་ཉམས་བླངསཿ མ་འོངས་དོན་དུ་ལྷ་ལྕམ་ཐུགས་ཀློང་སྦས༔ པྲེ་ཏ་པུ་རིའི་འགྲོ་བ་འདུལ་བའི་ཚེཿ དབྱིངས་ཀྱི་རྗེ་མོའི་མཁའ་ཀློང་ཡངས་པ་ནསཿ ཕ་ནོར་བུར་འཕྲོད་བདུད་སྡེའི་གཡུལ་རྒྱལ་འགྱུརཿ བཀའ་འདི་མ་གཟའ་སྤུན་གསུམ་དམ་དུ་སྲུངསཿ དམ་ཉམས་ལག་སྲེད་ཅན་ལ་ཤོར་ར་རེཿ ས་མ་ཡཱཿ སྐུ་གསུང་ཐུགས་ཀྱི་རྒྱཿ གུ་ཧྱཿ ཁ་ཐཾཿ གསང་རྒྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ལས་ཀྱི་དཔའ་བོའི་མན་ངག་སྙིང་སྒྲོམ་དམར་པོའི་བརྡ་རིས་ལས་དག་པར་ཕབ་པས་ཡི་གེ་པ་ནི་སྔགས་འཆང་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་ཤིན་ཏུ་ཡང་ཟབ་ཆེན་མོའོཿ ༁ྃཿ