DKYD-DZINDROL-011: Difference between revisions
From Khyentse Lineage - A Tsadra Foundation Project
DKYD-DZINDROL-011
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse 'dzin grol | |||
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ། | |||
|totalvolumes=1 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'', (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=1 | |||
|volumeLetter= | |||
|textnuminvol=011 | |||
|pdflink=File:DKYD-DZINDROL-011.pdf | |||
|InitCategories=Khyentse Lineage Project; DKYD-DZINDROL | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP| | |||
ྈ ྈྈྈྈྈྈྈྈྈྈྈ ྈ | ྈ ྈྈྈྈྈྈྈྈྈྈྈ ྈ | ||
ྈ། །སཾ གུ ཧྱ ཌཱ ཀ སྱ ཙི ཏྟཾ ཏི ལ ཀཱ ཏྲུ ཨཱ དི ཛ ཿ མ རྒ ཀྲ མ ཝཱ ཀ བྷཱ ཥ བི ཧ ར ཏི སྨ། །། | ྈ། །སཾ གུ ཧྱ ཌཱ ཀ སྱ ཙི ཏྟཾ ཏི ལ ཀཱ ཏྲུ ཨཱ དི ཛ ཿ མ རྒ ཀྲ མ ཝཱ ཀ བྷཱ ཥ བི ཧ ར ཏི སྨ། །། | ||
ྈཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྔོན་འགྲོའི་ལམ་རིམ་ངག་འདོན་བཞུགསཿ ཿ | ྈཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྔོན་འགྲོའི་ལམ་རིམ་ངག་འདོན་བཞུགསཿ ཿ | ||
དབྱིངས་རིག་ཀུན་ཏུ་བཟང་ལ་འདུདཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་གིཿ སྔོན་འགྲོའི་ཉམས་ལེན་རིམ་པ་ནིཿ ཐོག་མར་རྣམ་སྣང་ཆོས་བདུན་བཅསཿ རྣམ་གསུམ་དད་པའི་ཤུགས་ཕྱུང་ལཿ ཨེ་མ་ཧོཿ མདུན་མཁར་འཇའ་འོད་གུར་ཁྱིམ་དབུསཿ སེང་ཁྲི་པདྨ་ཉི་ཟླའི་སྟེངཿ གུ་རུ་མཚོ་སྐྱེས་རྡོ་རྗེ་མཐིངཿ ཡབ་ཡུམ་འོད་ཀྱི་སྐུ་རུ་གསལཿ ན་མོཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ རྡོ་རྗེ་འཆང་དབང་སྟོན་པ་དྲི་མ་མེདཿ དབྱེར་མེད་བླ་མ་མཚོ་སྐྱེས་སྤྲུལ་པའི་སྐུཿ མཁྱེན་ནོ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལཿ བདག་གི་དལ་འབྱོར་རྟེན་བཟང་རིན་ཆེན་ལུསཿ དཔེ་གྲངས་རྟགས་ཀྱི་སྒོ་ནས་རྙེད་དཀའ་བཿ ཡིད་བཞིན་ནོར་འདྲ་ཐོབ་པའི་དུས་འདི་རུཿ ལོག་པའི་ལམ་དུ་མ་གཏོང་བླ་མ་མཁྱེནཿ ཀྱེ་མ་ཀྱི་ཧུད་འདུས་བྱས་མི་རྟག་སྟེཿ ཕྱི་སྣོད་དུས་ཀྱི་འགྱུར་ལྡོག་མེ་ཆུས་འཇིགཿ ནང་བཅུད་སྐྱེ་རྒ་ན་འཆི་མྱུར་དུ་སླེབཿ སྐྱོ་ཤས་གཏིང་ནས་སྐྱེ་བར་བླ་མ་མཁྱེནཿ བདག་གིས་སྲོག་གཅོད་རྐུ་འཕྲོག་ལོག་པར་གཡེམཿ རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བརྣབ་གནོད་བརྣགཿ ལོག་ལྟ་རྒྱུད་ངན་སྤང་ཞིང་དགེ་བཅུ་བསྒྲུབཿ རྒྱུ་འབྲས་གོ་ལོག་མ་གཏོང་བླ་མ་མཁྱེནཿ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིནཿ ལྷ་མི་གཉིས་ཏེ་རིགས་དྲུག་འཁོར་བའི་གནསཿ གང་དུ་སྐྱེས་ཀྱང་སྡུག་བསྔལ་བཟོད་བླག་མེདཿ འཁོར་བ་དོང་ནས་སྤྲུག་པར་བླ་མ་མཁྱེནཿ མི་ལུས་ལན་གཅིག་ཐོབ་པ་སྐལ་བ་བཟངཿ ཨ་ཏི་བླ་མེད་ཟབ་གསང་སྙིང་པོའི་ལམཿ ཐུགས་ཀྱི་ཐིག་ལེར་འཕྲད་པ་ངོ་མཚར་ཆེཿ ས་ལམ་མྱུར་དུ་བགྲོད་པར་བླ་མ་མཁྱེནཿ བསྐལ་མང་གོང་ནས་ཐུགས་རྗེས་རྗེས་བཟུང་བསཿ བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་མཆོགཿ མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་ནསཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བླ་མ་མཁྱེནཿ འདི་དང་ཕྱི་མ་བར་དོའི་གནས་ཀུན་ཏུཿ ཁྱེད་དང་མི་འབྲལ་རྣམ་བཞིའི་ཕྲིན་ལས་ཀྱིཿ ཕོ་ཉར་གྱུར་ནས་འཁོར་བ་མ་སྟོངས་བརཿ བྱང་ཆུབ་སེམས་བསྐྱེད་འགྲོ་དོན་མཐར་ཕྱིན་ཤོགཿ ཐུན་མོང་ཉམས་ལེན་རིམ་པ་འོཿ དེ་ཡི་དངོས་གཞི་གནད་ཀྱི་གཟེརཿ རང་ཉིད་ཌཱཀྐི་དཀར་མོ་གྲི་ཐོད་འཛིནཿ ལུས་དབུས་དབུ་རྐྱང་རོ་གསུམ་དཀར་དམར་མཐིངཿ ཉོན་ཤེས་ལས་སྒྲིབ་ནད་གདོན་བག་ཆགས་རླུངཿ དུག་རླངས་རྣམ་པ་དབང་ཆེན་ས་གཞིར་བསྟིམཿ སྙིག་གར་ཀུན་བཟང་ཐུགས་དབུས་སྲོག་ཡིག་ཨཿ བྱིན་རླབས་འོད་མཐིང་རོ་རྐྱང་ལམ་ནས་བརྒྱུདཿ ཨ་དཀར་ལ་ཐིམ་ལུས་ནང་འོད་ཀྱིས་གངཿ འཇམ་རླུང་དང་སྦྲགས་སེམས་ཀྱི་རྩ་གདར་གཅདཿ ཐུན་མིན་ངག་འདོན་ཉམས་ལེན་ནིཿ ཐོག་མར་སྐྱབས་སུ་འགྲོ་བ་ལཿ མདུན་མཁར་འཇའ་འོད་འཁྲིགས་པའི་ཀློངཿ སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆངཿ ཡབ་ཡུམ་གཟི་བརྗིད་འོད་དུ་འབརཿ རང་ལས་སྤྲུལ་པའི་ཚོགས་བཅས་གསལཿ བུདྡྷ་དྷརྨཱ་སཾ་གྷཱ་ཡཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱིཿ དྷརྨཱ་སཾ་བྷོ་ནིརྨཱ་ཀཿ ཀུན་འདུས་དྲིན་ཆེན་བླ་མ་ལཿ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངསཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པཿ མ་རིག་ལས་ཉོན་སྡུག་བསྔལ་གྱིསཿ གཟིར་པའི་ཕ་མ་མཁའ་མཉམ་འགྲོཿ བླ་མའི་གོ་འཕང་མྱུར་འཐོབ་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ མངོན་དུ་མ་གྱུར་བར་དུ་འབདཿ མོས་གུས་དག་སྣང་བརྩེ་གདུང་དངཿ སྙིང་རྗེ་གཏོང་ཕོད་རྩ་བ་ལྔཿ བསླབ་པའི་གཞི་སྟེ་རྟག་ཏུ་འབདཿ ལམ་གྱི་ཆ་རྐྱེན་ཚོགས་གསག་པཿ མཎྜལ་འབུལ་བའི་རིམ་པ་ནིཿ | དབྱིངས་རིག་ཀུན་ཏུ་བཟང་ལ་འདུདཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་གིཿ སྔོན་འགྲོའི་ཉམས་ལེན་རིམ་པ་ནིཿ ཐོག་མར་རྣམ་སྣང་ཆོས་བདུན་བཅསཿ རྣམ་གསུམ་དད་པའི་ཤུགས་ཕྱུང་ལཿ ཨེ་མ་ཧོཿ མདུན་མཁར་འཇའ་འོད་གུར་ཁྱིམ་དབུསཿ སེང་ཁྲི་པདྨ་ཉི་ཟླའི་སྟེངཿ གུ་རུ་མཚོ་སྐྱེས་རྡོ་རྗེ་མཐིངཿ ཡབ་ཡུམ་འོད་ཀྱི་སྐུ་རུ་གསལཿ ན་མོཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ རྡོ་རྗེ་འཆང་དབང་སྟོན་པ་དྲི་མ་མེདཿ དབྱེར་མེད་བླ་མ་མཚོ་སྐྱེས་སྤྲུལ་པའི་སྐུཿ མཁྱེན་ནོ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལཿ བདག་གི་དལ་འབྱོར་རྟེན་བཟང་རིན་ཆེན་ལུསཿ དཔེ་གྲངས་རྟགས་ཀྱི་སྒོ་ནས་རྙེད་དཀའ་བཿ ཡིད་བཞིན་ནོར་འདྲ་ཐོབ་པའི་དུས་འདི་རུཿ ལོག་པའི་ལམ་དུ་མ་གཏོང་བླ་མ་མཁྱེནཿ ཀྱེ་མ་ཀྱི་ཧུད་འདུས་བྱས་མི་རྟག་སྟེཿ ཕྱི་སྣོད་དུས་ཀྱི་འགྱུར་ལྡོག་མེ་ཆུས་འཇིགཿ ནང་བཅུད་སྐྱེ་རྒ་ན་འཆི་མྱུར་དུ་སླེབཿ སྐྱོ་ཤས་གཏིང་ནས་སྐྱེ་བར་བླ་མ་མཁྱེནཿ བདག་གིས་སྲོག་གཅོད་རྐུ་འཕྲོག་ལོག་པར་གཡེམཿ རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བརྣབ་གནོད་བརྣགཿ ལོག་ལྟ་རྒྱུད་ངན་སྤང་ཞིང་དགེ་བཅུ་བསྒྲུབཿ རྒྱུ་འབྲས་གོ་ལོག་མ་གཏོང་བླ་མ་མཁྱེནཿ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིནཿ ལྷ་མི་གཉིས་ཏེ་རིགས་དྲུག་འཁོར་བའི་གནསཿ གང་དུ་སྐྱེས་ཀྱང་སྡུག་བསྔལ་བཟོད་བླག་མེདཿ འཁོར་བ་དོང་ནས་སྤྲུག་པར་བླ་མ་མཁྱེནཿ མི་ལུས་ལན་གཅིག་ཐོབ་པ་སྐལ་བ་བཟངཿ ཨ་ཏི་བླ་མེད་ཟབ་གསང་སྙིང་པོའི་ལམཿ ཐུགས་ཀྱི་ཐིག་ལེར་འཕྲད་པ་ངོ་མཚར་ཆེཿ ས་ལམ་མྱུར་དུ་བགྲོད་པར་བླ་མ་མཁྱེནཿ བསྐལ་མང་གོང་ནས་ཐུགས་རྗེས་རྗེས་བཟུང་བསཿ བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་མཆོགཿ མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་ནསཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བླ་མ་མཁྱེནཿ འདི་དང་ཕྱི་མ་བར་དོའི་གནས་ཀུན་ཏུཿ ཁྱེད་དང་མི་འབྲལ་རྣམ་བཞིའི་ཕྲིན་ལས་ཀྱིཿ ཕོ་ཉར་གྱུར་ནས་འཁོར་བ་མ་སྟོངས་བརཿ བྱང་ཆུབ་སེམས་བསྐྱེད་འགྲོ་དོན་མཐར་ཕྱིན་ཤོགཿ ཐུན་མོང་ཉམས་ལེན་རིམ་པ་འོཿ དེ་ཡི་དངོས་གཞི་གནད་ཀྱི་གཟེརཿ རང་ཉིད་ཌཱཀྐི་དཀར་མོ་གྲི་ཐོད་འཛིནཿ ལུས་དབུས་དབུ་རྐྱང་རོ་གསུམ་དཀར་དམར་མཐིངཿ ཉོན་ཤེས་ལས་སྒྲིབ་ནད་གདོན་བག་ཆགས་རླུངཿ དུག་རླངས་རྣམ་པ་དབང་ཆེན་ས་གཞིར་བསྟིམཿ སྙིག་གར་ཀུན་བཟང་ཐུགས་དབུས་སྲོག་ཡིག་ཨཿ བྱིན་རླབས་འོད་མཐིང་རོ་རྐྱང་ལམ་ནས་བརྒྱུདཿ ཨ་དཀར་ལ་ཐིམ་ལུས་ནང་འོད་ཀྱིས་གངཿ འཇམ་རླུང་དང་སྦྲགས་སེམས་ཀྱི་རྩ་གདར་གཅདཿ ཐུན་མིན་ངག་འདོན་ཉམས་ལེན་ནིཿ ཐོག་མར་སྐྱབས་སུ་འགྲོ་བ་ལཿ མདུན་མཁར་འཇའ་འོད་འཁྲིགས་པའི་ཀློངཿ སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆངཿ ཡབ་ཡུམ་གཟི་བརྗིད་འོད་དུ་འབརཿ རང་ལས་སྤྲུལ་པའི་ཚོགས་བཅས་གསལཿ བུདྡྷ་དྷརྨཱ་སཾ་གྷཱ་ཡཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱིཿ དྷརྨཱ་སཾ་བྷོ་ནིརྨཱ་ཀཿ ཀུན་འདུས་དྲིན་ཆེན་བླ་མ་ལཿ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངསཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པཿ མ་རིག་ལས་ཉོན་སྡུག་བསྔལ་གྱིསཿ གཟིར་པའི་ཕ་མ་མཁའ་མཉམ་འགྲོཿ བླ་མའི་གོ་འཕང་མྱུར་འཐོབ་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ མངོན་དུ་མ་གྱུར་བར་དུ་འབདཿ མོས་གུས་དག་སྣང་བརྩེ་གདུང་དངཿ སྙིང་རྗེ་གཏོང་ཕོད་རྩ་བ་ལྔཿ བསླབ་པའི་གཞི་སྟེ་རྟག་ཏུ་འབདཿ ལམ་གྱི་ཆ་རྐྱེན་ཚོགས་གསག་པཿ མཎྜལ་འབུལ་བའི་རིམ་པ་ནིཿ ཨོཾ་ཨཱཿཧཱུྃཿ མི་མཇེད་སྟོང་གསུམ་འཇིག་རྟེན་ལྷ་མིའི་ནོརཿ བདག་ལུས་སྐྱེ་དགུའི་ལོངས་སྤྱོད་མཎྜལ་རྫསཿ ནང་ལྟར་ཕུང་ཁམས་རྩ་རླུང་ཐིག་ལེར་བཅསཿ ལྔ་ལྡན་ཞིང་བཀོད་འདོད་ཡོན་མཆོད་པའི་སྤྲིནཿ གསང་བ་ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ ཆོས་དབྱིངས་རྣམ་དག་གཞོན་ནུ་བུམ་སྐུའི་ཞིངཿ སངས་རྒྱས་ཀུན་འདུས་བླ་མ་དཀྱིལ་འཁོར་ལཿ འབུལ་ལོ་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤོགཿ འབྱོར་པ་དང་བསྟུན་ཚོགས་གསག་དཔག་མེད་བྱཿ སྒྲིབ་བྱང་གཏན་པ་མེད་པའི་མཆོད་སྦྱིན་ནིཿ སྤྱི་བོར་པད་དཀར་ཟླ་གདན་རྡོ་རྗེ་སེམསཿ དཀར་གསལ་ལོངས་སྐུའི་ཆས་རྫོགས་ཡུམ་དང་འཁྲིལཿ སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་སྤྱི་བོར་ཞུགསཿ སྒྲིབ་གཉིས་ཉེས་ལྟུང་འགལ་འཁྲུལ་ཉམས་ཆག་ཀུནཿ ལྷག་མེད་བཀྲུས་ཤིང་ས་གཞིའི་ཁམས་ཁྱབ་པསཿ རིགས་དྲུག་སེམས་ཅན་ལན་ཆགས་བགེགས་རིགས་ཚིམསཿ ཡི་གེ་བརྒྱ་པ་བཟླ་ཞིང་དམིགས་གནད་གཟབཿ སྙིང་རྗེ་མཆི་མ་འཁྲུགས་བར་བསྒོམཿ བླ་མ་དགྱེས་ཤིང་བརྩེ་བས་གནང་བ་སྦྱིནཿ འོད་ཞུ་རང་ལུས་ནམ་མཁའི་འཇའ་ལྟར་ཡལཿ རང་རིག་མ་བཅོས་དེ་བཞིན་ཉིདཿ སྙིང་རྗེའི་ངང་ལས་རང་རིག་ཧཱུྃཿ ཁུ་རྡུལ་སྟེང་བབས་འཕྲོས་འདུས་སྦྱངསཿ རང་ཉིད་རྡོར་སེམས་མཐིང་གསལ་མདོགཿ རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགསཿ ལོངས་སྐུའི་ཆས་རྫོགས་འོད་ཟེར་འབརཿ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐརཿ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིསཿ རྒྱལ་མཆོད་འགྲོ་སྒྲིབ་ཀུན་སྦྱངས་ཤིངཿ རྣམ་དག་རྒྱལ་བའི་ཞིང་དུ་གྱུརཿ ཨོཾ་ཨཱཿབཛྲ་སཏྭ་ཧཱུྃཿ བཟླས་པ་ཆུ་བོའི་རྒྱུན་བཞིན་བྱཿ ཁྱེར་སོ་གསུམ་དང་མ་བྲལ་ཞིངཿ འདུས་མ་བྱས་པའི་ངང་དུ་གཞགཿ བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་རོཿ རྫོགས་རིམ་རྩ་རླུང་ཐིག་ལེའི་ཁམསཿ སྦྱངས་ཤིང་འོད་ལུས་བསྒྲུབ་པའི་གཞིཿ འབྱུང་བཞིའི་མན་ངག་ཟབ་པའི་གནདཿ རྩོལ་བཅས་ལམ་གྱི་རིམ་པ་སྟེཿ ཐུན་མཐར་སྣོད་བཅུད་རང་ལ་བསྡུསཿ ལྷར་སྣང་ཐུགས་སྲོག་ན་དཱའི་བརཿ དམིགས་མེད་བརྗོད་བྲལ་ངང་དུ་གཞགཿ རང་རིག་གཉུག་མའི་གཤིས་ལུགས་སྐྱོངཿ ཐུན་མོང་མ་ཡིན་ལམ་རིམ་སྟེཿ ཟབ་ལམ་འདི་ལ་ནན་ཏན་མཛོདཿ ས་མ་ཡཿ ཐུན་མོང་མ་ཡིན་ལམ་གྱི་དངོས་གཞི་ནིཿ བྱིན་རླབས་བླ་མའི་རྣལ་འབྱོར་ཞེས་བྱ་བཿ ཕྱི་ལྟར་སྒྲུབ་ཅིང་དགོངས་པ་རྟོགས་པའི་ཐབསཿ གཅིག་ཆོག་ནོར་བུའི་ལུགས་སུ་ཉམས་སུ་ལོངསཿ ཨེ་མ་ཧོཿ བླ་མར་མོས་གུས་འགྲོ་ལ་སྙིང་རྗེའི་གདངསཿ མ་དག་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ སྣང་བས་གར་ཁྱབ་སྣོད་ཀྱི་འཇིག་རྟེན་ཀུནཿ འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁངཿ འོད་སྣང་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ རང་ཉིད་བདེ་ཆེན་རྡོ་རྗེའི་རྣལ་འབྱོར་མཿ དམར་གསལ་ཞལ་གཅིག་ཞི་འཛུམ་ཆགས་པའི་ཉམསཿ ཕྱག་གཉིས་གཡས་པས་གྲི་གུག་དཀུ་ལ་བརྟེནཿ གཡོན་པས་བདུད་རྩིའི་ཐོད་པ་དབྱིངས་སུ་སྟོབཿ ཞབས་གཉིས་དཔའ་མོ་རོལ་པའི་དོར་སྟབས་ཅནཿ ལང་ཚོའི་གཟི་འབར་ནུ་འབུར་བྷ་ག་རྒྱསཿ རིན་ཆེན་རུས་པའི་རྒྱན་ཆ་སིལ་སིལ་སྒྲོགཿ དད་གུས་སྤྱན་གསུམ་བླ་མའི་སྐུ་ལ་བལྟཿ པདྨ་ཉི་མ་རྟོག་མེད་རོ་གདན་འགྱིངསཿ མཁའ་དབྱིངས་བྱིན་རླབས་འཇའ་འོད་འཁྱིལ་པའི་ཀློངཿ པདྨ་འབུམ་བརྡལ་ཉི་ཟླའི་གདན་གྱི་དབུསཿ སྐུ་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལཿ བཀའ་དྲིན་གསུམ་ལྡན་བླ་མ་རྡོ་རྗེ་འཆངཿ རྗེ་བཙུན་གུ་རུ་བུདྡྷ་ཐོད་ཕྲེང་རྩལཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཞི་འཛུམ་ཕྱག་གཡས་རལ་གྲི་ཕྱརཿ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ དབུ་སྐྲ་ཐོར་ཚུགས་སྟག་ཤམ་རུས་རྒྱན་སྤྲསཿ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འཕྲོཿ མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་ཡིས་མཛེསཿ སྤྱི་བོར་རིགས་བདག་དགའ་རབ་དཔའ་བོ་མཆོགཿ དེ་ཡི་སྤྱི་བོར་སྟོན་པ་རྡོ་རྗེ་སེམསཿ མཐའ་སྐོར་བཀའ་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་སྤྲིན་ལྟར་གཏིབསཿ ཚོགས་ཞིང་གསལ་བཏབ་སྤྱན་འདྲེན་ནིཿ ཧོཿ ཆོས་ཀྱི་དབྱིངས་དང་ལྔ་ལྡན་ཞིངཿ འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནསཿ སྐུ་གསུམ་ཞི་ཆགས་ཁྲོ་བོའི་ལྷཿ བརྩེ་ཆེན་ཐུགས་རྗེས་གནས་འདིར་གཤེགསཿ ཀུན་འདུས་རྩ་བའི་བླ་མར་ཐིམཿ བདག་ལ་དབང་སྐུར་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཡན་ལག་བདུན་པ་འབུལ་བ་ནིཿ བདག་དང་འགྲོ་དྲུག་སེམས་ཅན་གྱིསཿ རྡུལ་སྙེད་ལུས་སྤྲུལ་གུས་ཕྱག་འཚལཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོདཿ སྡིག་ལྟུང་དམ་ཚིག་ཉམས་ཆག་བཤགསཿ བླ་མའི་མཛད་པར་རྗེས་ཡི་རངསཿ ཨ་ཏིའི་ཆོས་འཁོར་བསྐོར་བར་སྐུལཿ སེམས་ཅན་དོན་དུ་བཞུགས་གསོལ་འདེབསཿ དགེ་ཚོགས་སེམས་ཅན་དོན་དུ་བསྔོཿ རྩེ་གཅིག་གསོལ་བ་འདེབས་པ་ནིཿ ཀྱཻཿ རྗེ་བཙུན་གུ་རུ་རིན་པོ་ཆེཿ བདག་ཅག་འཁོར་བའི་གནས་སུ་འཁྱམསཿ ལས་ཉོན་སྡུག་བསྔལ་དྲག་པོས་གཟིརཿ གཟུང་འཛིན་ཞགས་པས་དམ་དུ་བཅིངསཿ ཁྱེད་ལས་རེ་ས་གཞན་དུ་མེདཿ མོས་གུས་ལྟེམ་རྐྱང་མེད་པ་ཡིསཿ གསོལ་བ་སྙིང་གི་དཀྱིལ་ནས་འདེབསཿ ཁྱེད་ཐུགས་སྙིང་རྗེ་ཆེན་པོ་ཡིཿ བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ལཿ བྱིན་རླབས་ནུས་མཐུ་ཤུགས་དྲག་པོསཿ བདག་རྒྱུད་བྱིན་གྱིས་བརླབས་ནས་ཀྱངཿ ཐུགས་རྒྱུད་དགོངས་པ་རྟོགས་པར་ཤོགཿ ཨོཾ་ཨཱཿམ་ཧཱ་གུ་རུ་རཏྣ་སིདྡྷི་ཧཱུྃཿ དད་གུས་མཆི་མ་འཁྲུགས་པ་ཡིསཿ གསོལ་འདེབས་བསྙེན་པ་འདི་ལ་འབདཿ བྱིང་ཞིང་འཐིབས་པར་གྱུར་པའི་ཚེཿ སྣང་སྲིད་བླ་མ་མཁའ་འགྲོས་གངཿ ཆོས་ཉིད་ཉམས་ཀྱི་སྣང་བ་འུརཿ སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུགཿ གསུང་གི་ཉམས་མགུར་འུ་རུ་རུཿ བག་དྲོ་ཉམས་དགའི་ངང་དུ་གཞགཿ འདྲེ་གདོན་གདུག་རྩུབ་བྱུང་བའི་ཚེཿ ཐོག་མར་སྙིང་རྗེ་དྲག་པོའི་ངངཿ རང་ཉིད་མཁའ་འགྲོའི་ཐུགས་ཀ་ནསཿ འོད་ཟེར་སྣ་ལ་འདོད་ཡོན་སྤྲོསཿ སྦྱིན་པས་ཚིམས་ཤིང་གདུག་རྩུབ་ཞིཿ བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ ཁོ་ཡི་བག་ཆགས་སྒྲིབ་པ་སྦྱངསཿ བླ་མ་མཁའ་འགྲོའི་སྐུར་གྱུར་ནསཿ བདག་ལ་དངོས་གྲུབ་སྦྱིན་པར་དམིགསཿ ནད་ཀྱི་ཟུག་རྔུས་མནར་བའི་ཚེཿ ལས་ཀྱི་ལྷག་མ་སྨིན་གྱུར་པརཿ དགའ་བ་སྒོམ་ཞིང་གསོལ་བ་འདེབསཿ བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ འགྲོ་བའི་ནད་རྣམས་རང་ལ་བསྡུཿ རིགས་བདག་སྐུ་ལས་ཡེ་ཤེས་མེསཿ རང་ལུས་ནད་གདོན་བག་ཆགས་བསྲེགསཿ དམིགས་མེད་སྟོང་པའི་ངང་དུ་གཞགཿ ཉོན་མོངས་འཕྲོ་རྒོད་དྲག་པོའི་ཚེཿ བླ་མའི་ཐུགས་ཀར་ཤེས་པ་གཏདཿ དུག་ལྔ་རང་ཉིད་ངོ་བོ་བལྟཿ ལུས་སེམས་ཁོང་ལྷོད་ཁ་ཡན་གཞགཿ གནད་ཀྱི་གདམས་པ་ཟབ་མོ་འོཿ དེ་ནས་བརྒྱུད་པའི་གསོལ་འདེབས་ནིཿ ཨེ་མ་ཧོཿ གཞོན་ནུ་བུམ་སྐུའི་ངོ་བོ་སྟོང་ཆེན་ཡུམཿ རང་གདངས་འགགས་མེད་ཀུན་ཏུ་བཟང་པོ་ཤརཿ ཐུགས་རྗེའི་རང་རྩལ་སྟོན་པ་རྡོ་རྗེ་སེམསཿ ཤེས་རབ་ཡུམ་མཆོག་ཡེ་ཤེས་ཌཱཀྐི་མརཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ བདེ་ཆེན་འགྱུར་མེད་བཛྲ་བྷ་རཱ་ཧཱིཿ བཀའ་ཡི་བསྡུ་བ་གསང་བདག་རྡོ་རྗེ་འཛིནཿ དཀྱིལ་འཁོར་གཙོ་བོ་ཁྲག་འཐུང་ཧེ་རུ་ཀཿ གསང་བའི་ཡུམ་མཆོག་ལྷ་ལྕམ་བདེ་སྟེར་མརཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ ཞིང་ཁམས་དབང་བསྒྱུར་བདེ་བ་དབྱིངས་སྒྲོན་མཿ བཀའ་ཡི་བསྡུ་བ་རིག་འཛིན་རྡོ་རྗེའི་ལྗགསཿ མཆོག་གི་བཀའ་བབས་རིག་པ་འཛིན་རྣམས་དངཿ འབུམ་ཕྲག་ཡངས་པའི་ཡེ་ཤེས་མཁའ་འགྲོའི་ཚོགསཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ མཐའ་འཁོབ་གདོང་དམར་བོད་ཡུལ་སྲིན་པོའི་གླིངཿ ཡང་གསང་ལུས་མེད་མཁའ་འགྲོའི་ཐུགས་ཐིག་ཆོསཿ བརྡ་བསྒྱུར་རིག་འཛིན་ཁྲག་འཐུང་ཧེ་རུ་ཀཿ ཆོས་བདག་གྲོགས་མཛད་འདོད་ལྡན་ཀུན་སྐྱོང་མཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ དབྱིངས་རིག་སྤྲུལ་བསྒྱུར་ཌཱཀྐི་མཆེད་གཉིས་དངཿ སྐལ་ལྡན་ལས་ཅན་བཀའ་བབས་རྡོ་རྗེའི་གྲོགསཿ བཀའ་ཡི་ལས་མཛད་བསྟན་སྲུང་དམ་ཅན་སྡེཿ གཉེར་འཛིན་དྲེགས་པའི་སྡེ་དཔོན་ཚོགས་བཅས་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིསཿ བདག་ཅག་དམ་ལྡན་རྡོ་རྗེའི་མིང་སྲིང་ཚོགསཿ བླ་མར་རྩེ་གཅིག་མོས་གུས་གདུང་ཚུགས་ཤིངཿ མི་རྟག་འཁོར་བར་ཞེན་པ་རང་ལོག་ནསཿ ཆགས་སྡང་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབསཿ གྲོང་དང་གྲོང་ཁྱེར་དུར་ཁྲོད་ཤིང་གཅིག་དྲུངཿ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགསཿ ངེས་མེད་གནས་སུ་གཅིག་པུར་བསྒྲུབ་ལ་བརྩོནཿ གཏད་མེད་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ཀྱིསཿ རྩ་རླུང་ཐིག་ལེ་ལས་སུ་རུང་བར་ཤོགཿ ཉིན་སྣང་སྐུ་དང་ཡེ་ཤེས་རང་ངོ་ཤེསཿ མཚན་སྣང་རྨི་ལམ་འོད་གསལ་སྦུབས་སུ་འཇུགཿ བར་དོར་བླ་མའི་གདམས་ངག་གཟེར་གྱིས་ཐེབསཿ ཁྲེགས་ཆོད་ཐོད་རྒལ་འབྲས་བུའི་རྩལ་རྫོགས་ནསཿ སྦུབས་འཇུག་གདོད་མའི་དབྱིངས་སུ་གྲོལ་བར་ཤོགཿ བདག་ཅག་འབྲེལ་བས་བསྡུས་པའི་གང་ཟག་ཀུནཿ མ་རྟོགས་འཁྲུལ་པའི་འཛིན་ཞེན་རང་སར་གྲོལཿ བཟང་ངན་དགའ་སྡུག་རེ་དོགས་བླང་དོར་ཞིགཿ ཉོན་མོངས་བག་ཆགས་དྲི་མ་རང་དག་ནསཿ ཡང་གསང་ཐུགས་ཐིག་གདུལ་བྱར་འགྱུར་བར་ཤོགཿ གཞན་ཡང་མཐོང་ཐོས་དྲན་རེག་ལས་ཀྱིས་འབྲེལཿ མཁའ་ཁྱབ་ཕ་མ་སེམས་ཅན་མ་ལུས་ཀུནཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ བདེ་ལྡན་ཞིང་དང་འོག་མིན་དཔལ་གྱི་རིརཿ མངོན་སངས་རྒྱས་ནས་འཁོར་བ་ཡོངས་སྟོང་ཤོགཿ ཐུན་མཇུག་དབང་བཞི་ལེན་པ་ནིཿ མོས་གུས་རྩེ་གཅིག་གསོལ་བ་བཏབ་པ་ཡིསཿ བླ་མའི་དཔྲལ་བའི་འོད་དཀར་སྤྱི་བོར་ཞུགསཿ ལུས་རྩའི་སྒྲིབ་དག་བུམ་པའི་དབང་མཆོག་ཐོབཿ ཞལ་ནས་འོད་དམར་བདག་གི་མགྲིན་པར་ཐིམཿ ངག་རླུང་སྒྲིབ་དག་གསང་བའི་དབང་མཆོག་ཐོབཿ ཐུགས་ཀའི་འོད་མཐིང་རང་གི་སྙིང་གར་ཐིམཿ ཡིད་ཐིག་སྒྲིབ་དག་ཡེ་ཤེས་དབང་མཆོག་ཐོབཿ ཐུགས་ལས་ཨ་དཀར་སྙིང་གི་དཀྱིལ་དུ་བབསཿ ཀུན་ཤེས་སྒྲིབ་དག་རིག་པའི་རྩལ་དབང་ཐོབཿ རྡོ་རྗེ་བཞིར་རྫོགས་རིག་འཛིན་རྣམ་བཞིར་སྨིནཿ འབྲས་བུ་སྐུ་བཞིའི་ཡེ་ཤེས་མངོན་དུ་གྱུརཿ བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུཿ གཉུག་མ་མ་བཅོས་ངང་དུ་རྗེན་པར་གཞགཿ ཉམས་ལེན་བླ་མའི་རྣལ་འབྱོར་ཟབ་མོ་འདིཿ རྩེ་གཅིག་ཉམས་སུ་ལོངས་ཤིག་སྐལ་ལྡན་བུཿ གྲུབ་འབྲས་མངོན་དུ་འགྱུར་བར་གདོན་མི་ཟཿ ཐུགས་རྒྱུད་དགོངས་པ་རྟོགས་པའི་མན་ངག་གོཿ མཚན་མོར་བླ་མ་ནང་ལྟར་བསྒྲུབ་པ་ནིཿ རྣལ་འབྱོར་མ་ཡི་གསལ་སྣང་མ་བྲལ་ངངཿ ཨེ་མ་ཧོཿ རང་ལུས་འཇའ་ཚོན་ལྟར་གསལ་ལུས་དབུས་སུཿ ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་ནངཿ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུཿ བུདྡྷ་ཐོད་ཕྲེང་ལོངས་སྐུའི་ཆ་ལུགས་རྫོགསཿ མཐིང་གསལ་སྐྱིལ་ཀྲུང་མཉམ་གཞག་གསེར་རྡོར་མཚནཿ ཐུགས་ཀར་ཨ་དཀར་དྲི་མེད་ཟླ་བའི་མདོགཿ སུམ་མདོར་འོད་དམར་ཐིག་ལེ་ཨ་ཐུང་གཟུགསཿ འོད་ཀྱི་ལུས་ནང་སྒྲོན་མེ་ཇི་བཞིན་གསལཿ རིག་པ་མ་བཅོས་རྗེན་ནེའི་ངང་དུ་གཞགཿ ཨཿ སྐྱེ་མེད་སྙིང་པོ་བརྒྱ་རྩ་བརྒྱད་དུ་བསྒྲངཿ རིག་པ་ཨར་གཏད་སྤྲོས་བྲལ་ངང་ཉིད་ལསཿ རྨི་ལམ་འོད་གསལ་ངང་དུ་འཇུག་པ་འོཿ འདི་ནི་གནད་ཀྱི་མན་ངག་ཟབ་མོ་སྟེཿ རང་སེམས་ཆོས་སྐུར་རྟོགས་པའི་གདམས་པ་འོཿ ནང་ལྟར་བསྒྲུབ་པ་བྱིན་རླབས་སྤྲིན་ཕུང་འདིཿ ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཁྱད་ཆོས་སོཿ ཨེ་མཿ ཤིན་ཏུ་གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་མེད་ཟབ་མོ་ཐུགས་ཐིག་གིཿ སྔོན་འགྲོའི་ལམ་རིམ་ཉམས་སུ་ལེན་པའི་ཐབསཿ ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བཿ སྟོན་པ་དགའ་རབ་དཔའ་བོའི་གསུང་འཁྲུལ་མེདཿ བདག་ཉིད་ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ རྟེན་འབྲེལ་ཟབ་མོའི་མཚམས་སྦྱོར་དང་བཅས་ཏེཿ ཆོས་བདག་ཌཱཀྐིའི་བརྡས་བསྐུལ་བྱུང་བཞིན་ཕབཿ བཀའ་དང་གཏེར་གྱི་སྲུང་མས་ཐུབ་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ བྱིན་རླབས་དངོས་གྲུབ་ནོར་བུར་གསོལ་བཏབ་འདྲཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་བགྱིསཿ བྱེ་མའི་གྲངས་ཀྱི་སེམས་ཅན་གྲོལ་བར་ཤོགཿ ཤུ་བྷཾཿ དགེའོ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 14:48, 3 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse 'dzin grol Volume 1, Text 11, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020. | |
Genre | ||
Karchag page | DKYD-DZINDROL-Karchag |