PJCW-KABUM-04-NGA-002: Difference between revisions
From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-002
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །ཐེག་པ་རིམ་དགུའི་རྣམ་བཞག་གི་ས་བཅད་བཞུགས་སོ། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=dpal sprul bka' 'bum | |||
|collectiontitletib=དཔལ་སྤྲུལ་བཀའ་འབུམ། | |||
|totalvolumes=6 | |||
|author=Dpal sprul rin po che | |||
|authortib=དཔལ་སྤྲུལ་རིན་པོ་ཆེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=04 | |||
|volumeLetter=NGA | |||
|textnuminvol=002 | |||
|pdflink=File:PJCW-KABUM-04-NGA-002.pdf | |||
|InitCategories=Khyentse Lineage Project; PJCW-KABUM-Volume-04-NGA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །ཐེག་པ་རིམ་དགུའི་རྣམ་བཞག་གི་ས་བཅད་བཞུགས་སོ། ། | |||
Line 26: | Line 45: | ||
གཉིས་པ་ལམ་སྒོམ་པ་ཉམས་སུ་ལེན་ཚུལ་ལ། འཇུག་སྒོ་ནི། དབང་བཞི་པ་རྩལ་དུ་བཏོན་ཏེ་རིག་པའི་རྩལ་དབང་བཞི་སྟེ། རྫོགས་པར་རང་བྱུང་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་དུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བར་ལྡན་པ་སྨིན་པར་བྱས། །ཞེས་སོ། །ཞུགས་ནས་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་ལ། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེག་ཆོད་ཀྱི་ལམ་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཏེ་གཉིས་ལ་གོམས་པར་བྱ་བ་ཡིན་ནོ། །གསུམ་པ་དེའི་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། གང་ཟག་དབང་པོ་ཡང་རབ་དང་བརྩོན་འགྲུས་མཆོག་ཏུ་གྱུར་པ་ཡིན་ན། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཐམས་ཅད་ཟད་དེ་ལུས་མ་བོར་བར་སངས་རྒྱས་ཏེ་འཕོ་མེད་རྡོ་རྗེའི་སྐུ་འགྲུབ་པ་སྟེ་ཨོ་རྒྱན་སངས་རྒྱས་གཉིས་པ་ལྟ་བུ་ཡིན་ནོ། ། | གཉིས་པ་ལམ་སྒོམ་པ་ཉམས་སུ་ལེན་ཚུལ་ལ། འཇུག་སྒོ་ནི། དབང་བཞི་པ་རྩལ་དུ་བཏོན་ཏེ་རིག་པའི་རྩལ་དབང་བཞི་སྟེ། རྫོགས་པར་རང་བྱུང་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་དུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བར་ལྡན་པ་སྨིན་པར་བྱས། །ཞེས་སོ། །ཞུགས་ནས་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་ལ། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེག་ཆོད་ཀྱི་ལམ་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཏེ་གཉིས་ལ་གོམས་པར་བྱ་བ་ཡིན་ནོ། །གསུམ་པ་དེའི་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། གང་ཟག་དབང་པོ་ཡང་རབ་དང་བརྩོན་འགྲུས་མཆོག་ཏུ་གྱུར་པ་ཡིན་ན། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཐམས་ཅད་ཟད་དེ་ལུས་མ་བོར་བར་སངས་རྒྱས་ཏེ་འཕོ་མེད་རྡོ་རྗེའི་སྐུ་འགྲུབ་པ་སྟེ་ཨོ་རྒྱན་སངས་རྒྱས་གཉིས་པ་ལྟ་བུ་ཡིན་ནོ། ། | ||
དེ་ཙམ་མ་བྱུང་ཡང་མེ་དཔུང་དང་མཁའ་འགྲོའི་འཆི་ལུགས་སོགས་ཀྱིས་ལུས་འོད་ལུས་སུ་དེངས་པ་སོགས་གང་ལྟར་ཡང་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་དབང་བསྒྱུར་པ་ཡིན་ནོ། །དེ་ལྟར་ཐེག་དགུའི་རྣམ་བཞག་གི་ས་བཅད་འཇོག་ཚུལ་འདི་ནི་འགྲེལ་བ་རང་གི་བབ་དང་བསྟུན་པ་ཙམ་ལས་དངོས་གནས་ནི་མ་ཡིན་ནོ། །དེས་ན་བཀའ་བརྒྱད་བདེར་འདུས་ཀྱི་ས་བཅད་ཙམ་གྱི་ཆིངས་ལས་ཇི་ལྟར་གསུངས་པ་ལྟར་ཐེག་དགུའི་འཇུག་སྒོ་ལྟ་བ་ལ་སོགས་པའི་ས་བཅད་ཀྱི་ཆིངས་སུ་གསུངས་པ་གསང་བདག་ཞལ་ལུང་གི་སྔོན་འགྲོ་སྤྱིའི་རྣམ་བཞག་འཆད་པའི་སྐབས་སུ་ཇི་ལྟར་བྱུང་བ་བཞིན་དུ་ཤེས་པར་བྱ་བ་ཤིན་ཏུ་ལེགས་སོ། །དགེའོ། ། | དེ་ཙམ་མ་བྱུང་ཡང་མེ་དཔུང་དང་མཁའ་འགྲོའི་འཆི་ལུགས་སོགས་ཀྱིས་ལུས་འོད་ལུས་སུ་དེངས་པ་སོགས་གང་ལྟར་ཡང་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་དབང་བསྒྱུར་པ་ཡིན་ནོ། །དེ་ལྟར་ཐེག་དགུའི་རྣམ་བཞག་གི་ས་བཅད་འཇོག་ཚུལ་འདི་ནི་འགྲེལ་བ་རང་གི་བབ་དང་བསྟུན་པ་ཙམ་ལས་དངོས་གནས་ནི་མ་ཡིན་ནོ། །དེས་ན་བཀའ་བརྒྱད་བདེར་འདུས་ཀྱི་ས་བཅད་ཙམ་གྱི་ཆིངས་ལས་ཇི་ལྟར་གསུངས་པ་ལྟར་ཐེག་དགུའི་འཇུག་སྒོ་ལྟ་བ་ལ་སོགས་པའི་ས་བཅད་ཀྱི་ཆིངས་སུ་གསུངས་པ་གསང་བདག་ཞལ་ལུང་གི་སྔོན་འགྲོ་སྤྱིའི་རྣམ་བཞག་འཆད་པའི་སྐབས་སུ་ཇི་ལྟར་བྱུང་བ་བཞིན་དུ་ཤེས་པར་བྱ་བ་ཤིན་ཏུ་ལེགས་སོ། །དགེའོ། ། | ||
དགེའོ། ། | དགེའོ། །}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 08:55, 2 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | dpal sprul bka' 'bum Volume 4, Text 2, Pages (Folios to ) | |
Author | དཔལ་སྤྲུལ་རིན་པོ་ཆེ་ | |
Less details More details | ||
Citation | ||
Genre |