JKCL-KABUM-11-DA-028: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:39, 1 June 2024

Wylie title kA li kA ta'i lha mo chen po'i gsol mchod 'dod don re skong JKCL-KABUM-11-DA-028.pdf
Location chos kyi blo gros bka' 'bum
Volume 11, Text 28, Pages 137-139 (Folios 1a1 to 2a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. kA li kA ta'i lha mo chen po'i gsol mchod 'dod don re skong. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 137-139. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Colophon

།ཅེས་པའང་འཕགས་ཡུལ་ཀཱ་ལི་ཀཱ་ཏིའི་ལྷ་མོ་མཆོད་ཐབས་འདི་ཡང་གོ་འཇོ་བྱང་ཆུབ་ནས་དར་དང་། རྒྱ་གཡུ་ལེགས་པའི་རྟེན་བཅས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་རྡོ་རྗེ་གླིང་དུ་བྲིས་པའོ། །མངྒ་ལཾ།།

/ces pa'ang 'phags yul kA li kA ti'i lha mo mchod thabs 'di yang go 'jo byang chub nas dar dang /__rgya g.yu legs pa'i rten bcas bskul ngor chos kyi blo gros pas rdo rje gling du bris pa'o/__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ཀཱ་ལི་ཀཱ་ཏའི་ལྷ་མོ་ཆེན་པོའི་གསོལ་མཆོད་འདོད་དོན་རེ་སྐོང་ཞེས་བྱ་བ་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཐའ་བྲལ་གཉིས་མེད་ཡེ་ཤེས་བཙུན་མོའི་གཟུགས། །དབང་ཕྱུག་ཆེན་པོའི་ལྕམ་མོ་བོང་ཞོན་མ། །འཇིག་རྟེན་འདས་དང་མ་འདས་ཀུན་གྱིས་བདག །མ་ཧཱ་ཀཱ་ལི་མཆོད་པའི་ཆོ་ག་དབྱེ། །དེ་ལ་འདིར་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་ཤ་ཁྲག་གཙང་མ་དང་། ཆང་གི་སྦྲུས་པའི་འབྲུ་སྣ་ཚོགས་ཀྱི་ཕྱེ་མའི་གཏོར་མ་ཟུར་གསུམ་འཁོར་བརྒྱད་དང་། མཐེབ་ཀྱུ་དང་། དར་སྣ་ཚོགས་ཀྱིས་བརྒྱན་པ། ཁ་ཟས་དཀར་མངར་སྣ་ཚོགས་དང་། ཁྲག་སྐྱེམས་སོགས་དང་ཉེར་སྤྱོད་མཆོད་པ་བཤམས། གཏོར་མ་རྣམས་ཆུ་གཙང་གིས་བྲན་པ་དང་། སྤོས་དུད་ཀྱི་བསང་བདུག་བྱས་ལ་རོལ་མོ་སྣ་ཚོགས་དང་བཅས། རྃ་ཡྃ་ཁྃ། མི་གཙང་བའི་དྲི་མ་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས། མཆོད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་གང་བར་གྱུར། བཛྲ་སྥ་ར་ཎ་ཁཾ་གྱིས་རྒྱས་པར་སྤེལ། བྷྱོཿ མ་གཅིག་སྲིད་པ་གསུམ་གྱི་བདག་མོ་ཁྱོད། །མ་གྱུར་འགྲོ་བ་རྣམས་ལ་རྗེས་བརྩེ་བས། །མ་མོ་ཨེ་ཀ་ཛ་ཊྲིའི་བཀའ་བཞིན་དུ། །མ་ཐོགས་མྱུར་བ་ཉིད་དུ་གནས་འདིར་གཤེགས། །མ་ཧཱ་ཀཱ་ལི་དཱེ་ཝི་ས་མ་ཡ་ཛ་ཛཿམ་མོ་འཁོར་བཅས་དགྱེས་པར་གཤེགས་ནས་ཀྱང་། །དམ་ཚིག་རྟེན་ལ་གཉིས་མེད་དགྱེས་པར་བཞུགས། །བྱོན་སྐྱེམས་དམར་ཆེན་ཁྲག་གི་ཨརྒྷཾ་འདི། །བཞེས་ནས་དངོས་གྲུབ་དམ་པ་སྩལ་དུ་གསོལ། ས་མ་ཡ་ཏིཥྛ་ལྷན། བྷྱོཿདཔལ་ལྡན་ལྷ་མོ་ནག་མོ་ཆེན་མོ་ནི། །དུས་གསུམ་རྒྱལ་བ་རྣམས་ཀྱི་དབང་ཡང་བསྐུར། །ཕྱི་ནང་གསང་སྔགས་ཀུན་གྱི་གཉེར་འཛིན་མ། །བོང་དྲེལ་ཞོན་ནས་སྟོང་གསུམ་ཡུད་ཀྱིས་བསྐོར། །དུས་བཞིའི་དཔལ་འཛིན་ལྷ་མོ་རེ་མ་ཏི། །རེ་ཏི་མཆེད་བཞི་བ་ལང་ཆུ་སྲིན་དང་། །སེང་གླང་སྟག་སྤྱང་ཕག་དང་བྱ་རྒོད་དང་། །ཅུང་ཀ་དུར་བྱ་བྱ་རོག་གདོང་ཅན་སོགས། །སྤྲུལ་དང་ཡང་སྤྲུལ་ཉི་ཟེར་རྡུལ་ལྟར་འཚུབས། །དུར་ཁྲོད་བརྒྱད་གནས་མ་དང་ཞིང་སྐྱོངས་དང་། །འདྲེ་དང་སྲིན་པོ་རོ་ལང་ལ་སོགས་པའི། །འཁོར་ཚོགས་བྱེ་བ་དུང་ཕྱུར་བསམ་ཡས་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་དང་། །ཁྲག་གི་མཆོད་ཡོན་དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་བདུག་སྤོས་ཞུན་ཆེན་སྒྲོན་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང་། །སྨན་དང་རཀྟ་གཏོར་མའི་མཆོད་པ་དང་། །སྟག་གཟིག་གོ་ཁྲབ་གོས་དར་གོ་མཚོན་སོགས། །རྟ་ནག་སྤྲིན་གྱི་ཤུགས་འཆང་སྒ་སྲབ་ལྡན། །སྲིན་བོང་དམར་གྭ་དྲེལ་རྟ་རྐང་གསུམ་དང་། །རལ་གྲི་ནད་རྐྱལ་ཚོན་གྱི་གྲུ་གུ་དང་། །ཤྭ་དྷིལ་དཀར་ནག་ཁ་ཊྭཱྃ་ཁྲམ་ཤིང་སོགས། །མཚོན་ཆ་སྣ་ཚོགས་གཡག་ལུག་ར་ཁྱི་དང་། །འཕར་སྤྱང་དྲེད་དང་རི་དྭགས་སྣ་ཚོགས་དང་། །སེངྒེ་གླང་ཆེན་རྨ་བྱ་ཁྱུང་ཆེན་ལྡིང་། །དུར་ཁྲོད་ཆས་དང་རེ་ལྡེའི་ཤམ་ཐབས་སོགས། །མདོར་ན་ཕྱི་ནང་གསང་བའི་རྟེན་རྫས་ཀྱིས། །མ་གཅིག་ལྷ་མོ་ནག་མོ་གསོལ་ལོ་མཆོད། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཡིས། །ཉམས་ཆགས་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས། །མ་མོ་འཁྲུགས་པ་ཐམས་ཅད་དབྱིངས་སུ་དེངས། །འཇིག་རྟེན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །ཚོང་ལ་ཁེ་དང་རྒྱན་ལ་རྒྱལ་ཁ་ཐོབ། །དམག་ཇག་དུས་འཁྲུགས་ནད་ཡམས་ཐམས་ཅད་བཟློག །འཛམ་གླིང་ཀུན་ཏུ་བདེ་བའི་ཕྲིན་ལས་མཛོད། །བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་གཏོར་མ་དང་ཕུད་རྣམས་མཆོད་པར་བྱའོ། །ཅེས་པའང་འཕགས་ཡུལ་ཀཱ་ལི་ཀཱ་ཏིའི་ལྷ་མོ་མཆོད་ཐབས་འདི་ཡང་གོ་འཇོ་བྱང་ཆུབ་ནས་དར་དང་། རྒྱ་གཡུ་ལེགས་པའི་རྟེན་བཅས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་རྡོ་རྗེ་གླིང་དུ་བྲིས་པའོ། །མངྒ་ལཾ།། །།
[edit]

kA li kA ta'i lha mo chen po'i gsol mchod 'dod don re skong zhes bya ba bzhugs so/__/dpal he ru ka la phyag 'tshal lo/__/mtha' bral gnyis med ye shes btsun mo'i gzugs/__/dbang phyug chen po'i lcam mo bong zhon ma/__/'jig rten 'das dang ma 'das kun gyis bdag__/ma hA kA li mchod pa'i cho ga dbye/__/de la 'dir rin po che la sogs pa'i snod du sha khrag gtsang ma dang /__chang gi sbrus pa'i 'bru sna tshogs kyi phye ma'i gtor ma zur gsum 'khor brgyad dang /__mtheb kyu dang /__dar sna tshogs kyis brgyan pa/__kha zas dkar mngar sna tshogs dang /__khrag skyems sogs dang nyer spyod mchod pa bshams/__gtor ma rnams chu gtsang gis bran pa dang /__spos dud kyi bsang bdug byas la rol mo sna tshogs dang bcas/__ra~M ya~M kha~M/__mi gtsang ba'i dri ma bsreg gtor bkrus/__oM AHhU~M/__lan gsum gyis/__mchod gtor rnams dwangs shing thogs pa med pa sa dang nam mkha' bar snang thams cad gang bar gyur/__badz+ra s+pha ra Na khaM gyis rgyas par spel/__b+h+yoHma gcig srid pa gsum gyi bdag mo khyod/__/ma gyur 'gro ba rnams la rjes brtse bas/__/ma mo e ka dza T+ri'i bka' bzhin du/__/ma thogs myur ba nyid du gnas 'dir gshegs/__/ma hA kA li dA+e wi sa ma ya dza dzaHma mo 'khor bcas dgyes par gshegs nas kyang /__/dam tshig rten la gnyis med dgyes par bzhugs/__/byon skyems dmar chen khrag gi ar+g+haM 'di/__/bzhes nas dngos grub dam pa stsal du gsol/__sa ma ya tiSh+Tha lhan/__b+h+yoHdpal ldan lha mo nag mo chen mo ni/__/dus gsum rgyal ba rnams kyi dbang yang bskur/__/phyi nang gsang sngags kun gyi gnyer 'dzin ma/__/bong drel zhon nas stong gsum yud kyis bskor/__/dus bzhi'i dpal 'dzin lha mo re ma ti/__/re ti mched bzhi ba lang chu srin dang /__/seng glang stag spyang phag dang bya rgod dang /__/cung ka dur bya bya rog gdong can sogs/__/sprul dang yang sprul nyi zer rdul ltar 'tshubs/__/dur khrod brgyad gnas ma dang zhing skyongs dang /__/'dre dang srin po ro lang la sogs pa'i/__/'khor tshogs bye ba dung phyur bsam yas la/__/gzugs sgra dri ro reg bya la sogs dang /__/khrag gi mchod yon dbang po lnga'i me tog__/tshil chen bdug spos zhun chen sgron me sbar/__/mkhris pa'i dri chab sha rus zhal zas dang /__/sman dang rak+ta gtor ma'i mchod pa dang /__/stag gzig go khrab gos dar go mtshon sogs/__/rta nag sprin gyi shugs 'chang sga srab ldan/__/srin bong dmar gwa drel rta rkang gsum dang /__/ral gri nad rkyal tshon gyi gru gu dang /__/shwa d+hil dkar nag kha T+wA~M khram shing sogs/__/mtshon cha sna tshogs g.yag lug ra khyi dang /__/'phar spyang dred dang ri dwags sna tshogs dang /__/seng+ge glang chen rma bya khyung chen lding /__/dur khrod chas dang re lde'i sham thabs sogs/__/mdor na phyi nang gsang ba'i rten rdzas kyis/__/ma gcig lha mo nag mo gsol lo mchod/__/bdag cag yon mchod 'khor dang bcas pa yis/__/nyams chags 'gal 'khrul thams cad mthol lo bshags/__/ma mo 'khrugs pa thams cad dbyings su dengs/__/'jig rten thams cad bde zhing skyid pa dang /__/tshong la khe dang rgyan la rgyal kha thob/__/dmag jag dus 'khrugs nad yams thams cad bzlog__/'dzam gling kun tu bde ba'i phrin las mdzod/__/bstan pa dar zhing rgyas pa'i bkra shis shog__/ces gtor ma dang phud rnams mchod par bya'o/__/ces pa'ang 'phags yul kA li kA ti'i lha mo mchod thabs 'di yang go 'jo byang chub nas dar dang /__rgya g.yu legs pa'i rten bcas bskul ngor chos kyi blo gros pas rdo rje gling du bris pa'o/__/mang+ga laM//__//

Footnotes

Other Information