JKCL-KABUM-05-CA-033: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:33, 1 June 2024

Wylie title snyan brgyud yang phur bsgrags ma'i gtor bzlog bdud las rnam rgyal JKCL-KABUM-05-CA-033.pdf
Location chos kyi blo gros bka' 'bum
Volume 5, Text 33, Pages 435-448 (Folios 1a1 to 7b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. snyan brgyud yang phur bsgrags ma'i gtor bzlog bdud las rnam rgyal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 435-448. Bir, H.P.: Khyentse Labrang, 2012.
Genre Averting or Dispelling Rites- zlog pa  ·  Torma-offering Rituals - gtor chog
Cycle ཡང་ཕུར་སྦྲགས་མའི་ཟབ་ཏིག་ (yang phur sbrags ma'i zab tig)
Deity yang dag he ru ka, rdo rje phur pa
Recension Link Other Versions on this site: སྙན་བརྒྱུད་ཡང་ཕུར་སྦྲགས་མའི་གཏོར་བཟློག་བདུད་ལས་རྣམ་རྒྱལ།
Colophon

།ཅེས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྙན་བརྒྱུད་དུ་བཀའ་བབས་པའི་ཡང་ཕུར་བསྒྲགས་མའི་ཆོས་སྡེའི་སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་རིམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་རྗེས་སུ་འབྲེལ་བའི་གཏོར་བཟློག་གི་རིམ་པ་གསལ་བར་ཕྱེས་པ་འདིའང་ལྷ་འདི་རྣལ་འབྱོར་པ་མོས་པ་ལམ་དུ་བྱས་པ་དགེ་སློང་ཞིང་སྐྱོང་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གཏེར་གཞུང་ཉིད་དང་། རྣམ་པར་སྣང་མཛད་བློ་གྲོས་མཐའ་ཡས་ཀྱི་ལྗགས་བསྒྲིགས་རྩལ་བའི་དབང་ཆོག་གི་དྲག་པོ་སྒྲོལ་དབང་རྣམས་རྩ་བར་བཟུང་། ཁ་བསྐང་དགོས་རིགས་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ལྗགས་བསྒྲིགས་ཡང་གསང་སྤུ་གྲིའི་གཏོར་བཟློག་ནས་ལེགས་པར་བཏུས་ཏེ་ཕྱོགས་གཅིག་ཏུ་འབར་བྱེད་ཅེས་པ་མེ་ཕོ་འབྲུག་ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་ཚེས་ཉེར་དགུའི་མཚན་མོ་སྣང་གསལ་གྱི་ངོགས་སུ་ཤར་མར་བསྒྲིགས་པའི་ཡི་གེ་པ་ནི་འཇིགས་མེད་བློ་གྲོས་ཀྱིས་སོ། །མངྒ་ལཾ་བྷ་བ་ཏུ། །།

/ces sprul pa'i gter chen pad+ma 'od gsal mdo sngags gling pa la snyan brgyud du bka' babs pa'i yang phur bsgrags ma'i chos sde'i smad las dgra bgegs bsgral ba'i las rim dpal chen rdo rje gzhon nu dang rjes su 'brel ba'i gtor bzlog gi rim pa gsal bar phyes pa 'di'ang lha 'di rnal 'byor pa mos pa lam du byas pa dge slong zhing skyong nas bskul ngor 'jam dbyangs chos kyi blo gros pas gter gzhung nyid dang /__rnam par snang mdzad blo gros mtha' yas kyi ljags bsgrigs rtsal ba'i dbang chog gi drag po sgrol dbang rnams rtsa bar bzung /__kha bskang dgos rigs smin gling gter chen rin po che'i ljags bsgrigs yang gsang spu gri'i gtor bzlog nas legs par btus te phyogs gcig tu 'bar byed ces pa me pho 'brug lo'i chu stod zla ba'i dmar phyogs kyi tshes nyer dgu'i mtshan mo snang gsal gyi ngogs su shar mar bsgrigs pa'i yi ge pa ni 'jigs med blo gros kyis so/__/mang+ga laM b+ha ba tu/__//

1 Texts in this Section (sde tshan or chos tshan)

[edit]
༄༅། །སྙན་བརྒྱུད་ཡང་ཕུར་བསྒྲགས་མའི་གཏོར་བཟློག་བདུད་ལས་རྣམ་རྒྱལ་བཞུགས་སོ། ། ན་མ་ཤྲཱིཿཧེ་རུ་ཀ་བཛྲ་ཀུ་མཱ་ར་ཡེ། ཆོས་ཀྱི་དབྱིངས་ལས་སྙིང་རྗེ་ཁྲོས་པའི་གཟུགས། །མི་བཟད་འཇིགས་རུང་དཔལ་ཆེན་ཧེ་རུ་ཀ། རྒྱལ་ཀུན་ཕྲིན་ལས་མཐུ་སྟོབས་གཅིག་བསྡུས་པ། །བཛྲ་ཀུ་མ་ར་ལ་ཕྱག་བྱས་ནས། །དེང་འདིར་བསྟན་དང་བསྟན་འཛིན་ལ་འཁུ་བའི། །ལྷ་མིན་ཚོགས་རྣམས་རྡོ་རྗེའི་ཐོག་ཆར་གྱིས། །རྡུལ་ཕྲན་བཞིན་དུ་འཇོམ་པར་བྱེད་པའི་ཐབས། །བཟློག་པའི་ཆོ་གའི་ལས་རིམ་འདིར་དབྱེ་བྱ། །དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་བསྙེན་པ་གསུམ་མཐར་ཕྱིན་པའི་སྔགས་པས་སྲུང་བཟློག་གི་ལས་ལ་ཆེད་དུ་བསྔགས་པའི་དབང་དུ་བྱས་ནས་དྲག་པོའི་ཕྲིན་ལས་དང་འབྲེལ་བའི་གཏོར་བཟློག་གི་ལས་རིམ་བསྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དུས་ཚེས་ཁྱད་པར་ཅན་དུ། དམ་ཚིག་གི་བྲིས་སྐུ་སོགས་བཀྲམ་པའི་མདུན་སྟེགས་མཐོ་བར་ཡི་དམ་གྱི་དཔལ་གཏོར་དར་གདུག་རྒྱན་སྤྲོས་ཅན་དང་སྲུང་མའི་གཏོར་འབུལ་སྨན་རཀ་དང་ཞི་མཆོད་བཅས་བཤམས་པའི་མདུན་ཐད་ཅུང་ཟད་དམའ་བར་སྟེགས་བུའི་སྟེང་ཟོར་གདན་གཡང་གཞི་རོ་སོལ་གྱིས་བྱུགས་ཏེ་གྲུ་གསུམ་གྲ་མདུན་བསྟན་ནང་ནག་པོ་མུ་རན་སྔོན་པོ་མུ་ཁྱུད་དམར་སེར་རྡོ་རྭ་དང་མེ་རི་དམར་སེར་འབར་བ། རྡུལ་ཚོན་མ་འཛོམ་ན་དུར་ཁྲོད་ཀྱི་རས་མ་བྲིས་པས་ཀྱང་རུང་སྟེ། ལྟེ་བར་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་ལ་རྩ་བར་སྐྱུ་གུས་བསྐོར་བའི་རྩེ་མོར་སྐུ་རྟེན་དང་བ་དན་ནག་པོ་བཙུག་པ། ཁྲག་རྐང་། འཚེ་ཡུང་། རྩང་དམར། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་པོའི་རྒྱན་ལྡན་བཞག་མཐར་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་མཆོད་པས་གཡས་བསྐོར་དང་། དེའི་བྱང་ཤར་དུ་བྲུབ་ཁུང་དུ་དུར་ཁྲོད་འཇག་མ། གྲོགས་མཁར་གྱི་ས། དགྲ་ཡི་ཁང་ས་དང་དྲི་མ་བཅས་སྦྱར་བའི་ལིངྒ་སྤྱི་ལྟར་བཅས་ལ་རས་ནག་གི་འགེབ། དེའི་ཉེ་ལོགས་སུ་བྱ་འུག་གི་སྒྲོ། གུ་གུལ། ཡུངས་ཀར། བྱད་ཐག །རཀྟ། གདབ་ཕུར། རལ་གྲི། ཐོ་བ། ཧོམ་གཟར། དུག་ཐུན་སོགས་དང་གཞན་ཡང་ཚོགས་ཀྱི་ཡོ་བྱད། གཡབ་དར། རྡོར་དྲིལ། ཌཱ་མ་རུ། བསྙེན་ཕུར་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ། ཏིང་ངེ་འཛིན་གྱི་རྫོང་བཅའ་བ། དྲག་པོའི་ལས་ཀྱི་གཡུལ་འགྱེད་པ་དང་གཉིས་ལས་དང་པོ་བརྒྱུད་འདེབས་ནས་བརྩམ་བླ་མ་ཧེ་རུ་ཀའི་བྱིན་རླབས་ཀྱིི་བཟླས་པ་རྫོགས་ཀྱི་བར་དང་། དྲག་པོ་ལས་ཀྱི་དོན་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་མཎྜལ་ལ་ཕཊ་ཛཿབདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔མདུན་གྱི་རྟེན་དང་དབྱེར་མེད་པས༔མེ་རི་འདབ་འབྱོར་ཚུལ་དུ་བཞུགས༔ཞེས་བདག་མདུན་ཕྱེས་ནས། བདག་མདུན་རྡོ་རྗེ་གཞོན་ནུ་ཆེའི༔སོགས་ནས། སྐུ་གསུང་ཐུགས་སུ་ལྷུན་གྲུབ་གྱུར༔ཅེས་པའི་དམིགས་གནད་རྩེ་གཅིག་པས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ཅེས་བཟླ། ཕྲིན་ལས་ལ་དམིགས་པ་དྲག་པོའི་བཟླས་པ་བྱེ་བྲག་ཏུ་བྱ་བ་ནི། རང་ཉིད་དཔལ་ཆེན་པོ་ལྷག་པར་གསལ་བས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་དགྲ་དགེགས་མཱ་ར་མ་ཧཱུྃ་ཕཊ༔འོག་ཏུ་ཀཱི་ལ་ཡ་ཤམ་ཅན་ཡོད་རིག་ལ་འདི་བཟླའོ། །མཆན། ཅེས་བརྗོད་པས་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་ལྗང་ནག་བ་ཐག་གཟིངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་ཁྲོ་བོའི་སྤྲུལ་པ་སྐུ་སྨད་ཕུར་བུའི་དབལ་ཅན་བསམ་མི་ཁྱབ་པ་སྤྲོས་སྟོང་གསུམ་ཐམས་ཅད་གང་། དངོས་སྣང་སྐུ། སྒྲ་གྲགས་གསུང་། རྟོགས་ཚོགས་ཐུགས་སྒྲོལ་བྱེད་དུ་གསལ་བས་དཀྱིལ་འཁོར་གསུམ་སོགས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐོངས་བ་སྲུང་མ་དམ་ཅན་ཐམས་ཅད་ཀྱི་སྲོག་བཅུད་ལ་ཕབ་ནས་སྒྲོལ་བའི་ལས་ལ་བཙུད། རྣལ་འབྱོར་པ་ཐམས་ཅད་ཀྱིས་གཡར་དམ་སོར་རྩོལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། བླ་ན་མེད་པའི་གནས་སུ་བསྒྲལ། གཟས་པོའི་གནས་སུ་འཕྲོས་པས་གང་ལ་བྱ་བ་དེ་དག་བཀུག་ནས་ལིང་ག་ལ་བསྟིམ་པས་དངོས་སུ་གྱུར་ནས་འཁུ་མི་ནུས་པར་འབྲུབ་ཁུང་དུ་གསལ། འོད་ཟེར་ལྷར་འདུས་ནས་བདག་མདུན་རྣམས་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབ་དཔག་མེད་དུ་གྱུར། འཕྲོས་པའི་ཁྲོ་བོ་ཕུར་བུའི་གཟུགས་ཅན་རྣམས་བསྒྲལ་བྱའི་ཞིང་རྣམས་ལ་བཏབ་པས་སྤྱི་གཙུག་ནས་རྐང་མཐིལ་ཕྱུང་ལུས་བསྒྲལ། ལྕེ་སྟེང་ལྐོག་མར་ཕྱུང་ངག་བསྒྲལ། སྙིང་གར་ཐོག་ལྟ་བུར་ལྷུང་བས་སྲོག་རྩ་ཐལ་བར་བྱས། སེམས་ཀྱི་བག་ཆག་བསྒྲལ། མདོར་ན་ཕུར་བུའི་ཆར་རྒྱུན་མ་ཆད་པ་ལྷུངས་བས་དགྲ་བགེགས་ཀྱི་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཕྱེ་མར་བརླག་པར་བསམ་ལ། ཀཱི་ལ་ཡ་ཤམྦུ་བཏགས་པ་གྲངས་ཅི་མང་དང་། བཞི་སྙིང་གཅིག་དྲིལ་བརྒྱ་སྟོང་ཙམ་དང་། མ་རཀྨོ་སོགས། ཧཱུྃ་ཕཊ་བར་དྲགས་སྔགས་སྤྱི་བདགས་པ་ཉེར་གཅིག་ཙམ་བཟླས། སྲུང་བཟློག་གི་བཟླས་པ་དམིགས་ཕྱེད་པ་སོ་སོར་བྱ་ན་སྔ་མ་བཞིན། བཟླས་པ་གྲུབ་པ་ན་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ཚར་གསུམ་གྱིས་ལྷག་ཆད་ཁ་བསྐང་དང་བརྟན་པར་བྱས་ནས་ལས་བྱང་གཞུང་གི་མཆོད་བསྟོད་བཅས་བྱ། གསང་ཐིག་ཕུར་བུའི་ནང་གསལ་ལྟ་བུའི་ཡི་དམ་ལ་གཏོར་འབུལ་དང་། ཆོས་སྐྱོང་སྤྱི་དང་བྱེ་བྲག་ལ་གཏོར་འབུལ་སྐོང་བཤགས། ཚོགས་བྱིན་རླབས་ནས་བསྒྲལ་བའི་དབུ་བར་གྲུབ་རྗེས། གཉིས་པ་དྲག་པོའི་གཡུལ་འགྱེད་པའི་ལས་རིམ་ལ་ལྔ་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། སློབ་དཔོན་གྱི་མདུན་དུ་གཡབ་དར། གསེར་སྐྱེམས། ལྕགས་ཧོམ་ལིང་ག་བསྒྲལ་ཆས་བཅས་ཚང་བར་བཀོད། རང་ཉིད་ལྷ་ཡི་ང་རྒྱལ་དྲག་པོ་བསྐྱེད་ཅིང་དབྱངས་རོལ་དང་བཅས་ཏེ། ཧཱུྃ་ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔སོགས་ནས། མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ཅེས་ཐུགས་དམ་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་ནི་བྱིན་རླབས་སྤྱི་ལྟར་བྱས་ལ་རིག་འཛིན་རྩ་བརྒྱུད་ལྟ་བུའི་འབུལ། གསུམ་པ་མཁྱེན་པར་གསོལ་བ་ནི་སླར་ཡང་གསེར་སྐྱེམས་ཕྱོགས་བཅུར་གཏོར་ཞིང་། ཧཱུྃ་བདག་གི་མ་ཉེས་མ་ཡོ་དོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྟེང་གི་ལྷ་ཡང་མི་འགུགས་སོ། །འོག་གི་ཀླུ་ཡང་མི་འགུགས་སོ། །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །འོག་གི་ཀླུ་ཡང་མི་འགུགས་སོ། །འགྲེའོ། །འོག་ན༴མཆོད་སྦྱིན༴དོ་ནུབ༴བན་གྱི་བསྲུང་མ་མི༴བན་གྱི༴མཆོད་སྦྱིན༴དོ་ནུབ༴བོན་གྱི་ལྷ་སྲས་མི༴བོན་གྱི་ལྷ་སྲས་ཐམས་ཅད་ཀྱང་། །མཆོད་སྦྱིན༴དོ་ནུབ༴འགོ་བའི་ལྷ་ལྔ་མི༴མཆོད་སྦྱིན༴དོ་ནུབ༴ཡུལ་གྱི་ལྷ་ཡང་མི༴ཡུལ་ལྷ་གཉན་པོ༴མཆོད་སྦྱིན༴དོ་ནུབ༴སྣང་སྲིད་ལྷ་འདྲེ་མི༴སྣང་སྲིད་ལྷ་འདྲེ༴མཆོད་སྦྱིན༴དོ་ནུབ༴དུས་གསུམ་རྒྱལ་བའི་བཀའ་བྱུང་བས། །ལུས་ངན་འདི་ལ་མ་ཆགས་པར། །བག་ཟོན་འཆོས་ལ་རང་སར་དེངས། །དམ་ཉམས་འདིས་ཉེས་ངས་མ་ལན། །མ་ཉེས་མ་ཡོ་ཡེ་ཤེས་ལྷ། །དམ་ཅན་རྒྱ་མཚོར་ར་མདའ་རློག །སྲིད་པའི་ལྷ་འདྲེ་གྲོགས་ལ་འདུ། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུ། །ལེགས་ཉེས་ཞལ་ལྕེ་ལྷ་འདྲེས་ཆོད། །བདག་དང་འདྲེས་པའི་དགྲ་བོ་འདི། །བསྒྲལ་བའི་ཞིང་བཅུ་ཚང་བ་སྟེ། །ཉམས་པ་བདུན་དང་སྐུ་དགྲ་ལྔ། །ཀུན་ལ་འདི་གཏོགས་ཆད་པ་ཆོད། །རྟག་དང་མཚན་མ་མྱུར་དུ་སྟོན། །དྲིན་ལན་གཏང་རག་ཁྱེད་ལ་གཏོང་། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་གསོལ་བས་རང་ལ་གནང་བ་སྩལ་ཞིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པས་བཞུགས་པ་བསམ་མོ། །བཞི་པ་རྟེན་བསྐྱེད་ཅིང་བསྒྲལ་བ་དངོས་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་ཏྲི་ལས་གནོད་པར་བྱེད་པའི་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སོགས་ནས། མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ཅིང་། ནྲྀ་ཡཾ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛ༔ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛ༔ཞེས་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་དམིགས་བྱ་དམིགས་རྟེན་ལ་བཀུག །ཛ་ཧཱུྃ་བྃ་ཧོ༔དགུག་བཞུགས་བཅིངས་ཏེ་མྱོས་པར་བྱས་ལ་འགུགས་པ་ནི་ལྕགས་ཀྱུའི་ཕྱག་རྒྱ་བཅས། ཧཱུྃ༔དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔སོགས་ནས། ཧཱུྃ་ཕཊ༔ལྷ་དང་དབྱེ་བ་ནི། གུ་གུལ་བདུག །འུག་སྒྲོས་བྱབ་ལ། ཧཱུྃ༔དམ་ཚིག་ཆེན་པོའི༴སོགས། དཎྜ་ཧཱུྃ་ཕཊ༔གཟུགས་ལ་དབབ་པ་ནི། ཡུངས་ཀར་བྲབ་ལ། ཧཱུྃ༔སྤྲུལ་པ་ཆེན་པོ༴སོགས། ཤ་ཡ་ཧཱུྃ་ཕཊ༔བྱད་དུ་བཞུགས་པ་ནི། སྐུད་པ་སྔོན་དམར་གྱིས་འཆིང་ལ། ཧཱུྃ༔ཕྱག་བརྙན་ཆེན་པོའི་༴སོགས། ཨཱ་ན་ཡ་ཧཱུྃ་ཕཊ༔སྨྱོར་བཞུགས་པ་ནི། དུག་ཁྲག་གཏོར་ལ། ཧཱུྃ༔ཤྭ་ན་མུ་ཁའི༴སོགས། ཛྭ་ལ་ས་མ་ཡ་ཧཱུྃ་ཕཊ༔བདག་ཉིད་དཔལ་ཆེན་པོ་ཕུར་བུ་སྲས་མཆོག་སོགས་ནས། མཚོན་ཆའི་ཆར་པས་དུམ་བུར་གཏུབ་པར་གྱུར། །ཅེས་བརྗོད་ལ་དགོངས་པའི་གདིང་བསྐྱེད་ཅིང་ཕུར་བུ་འདྲིལ་ཞིང་། ཧཱུྃ་བྷྱོ༔བསྟན་དང་འགྲོ་ལ་འཚེ༴སོགས། ཧཾ་མཱ་ར་ཡ་ཕཊ༔ཅེས་ཕུར་བུའི་གདབ། རྩ་སྔགས་ཤམ་དུ་མ་རཀྨོ་སོགས་མརྡྷ་ན་ཡེ་ཧཱུྃ་ཕཊ༔ཅེས་བཏགས་པ་སྤྱི་ཡི་སྔགས་བརྗོད་ལ་རལ་གྲིས་དུམ་བུར་གཏུབ། དེ་ནས་རྡུལ་དུ་བརླག་པ་ནི། ཐོ་གཏུན་ཐོགས་ལ། ཧཱུྃ༔ས་བདག་ཆེན་མའི༴སོགས། ད་དྷ་ཧཱུྃ་ཕཊ༔དམིགས་བྱ་བསྒྲལ་བའི་ཤ་རུས་རྣམས་ཆ་གསུམ་དུ་བསྒོས་པའི་ཆ་གཅིག་ཧོམ་གཟར་དུ་ཐོག་ནས་གཏོར་མར་སྦྲེང་ལ་བསྟབ་པ་བྱ་སྟེ། ཧཱུྃ་བྷྱོ༔གནམ་ས་ཙམ་སོགས། ཧཽ༔ཞེས་དཀྱིལ་འཁོར་ལ་འབུལ་ཞིང་ཧོམ་གཟར་ཁྲག་ཆང་གིས་བཤལ་བ་མཆོད་ལ། ཧཱུྃ༔བདག་ཉིད་ཆེན་མོ༴སོགས། བྷིནྡྷ་ཡ་ཧཱུྃ་ཕཊ༔བདག་ཕུར་འབེན་གསུམ་དབྱེར་མེད་པ། །ཆོས་ཉིད་མཉམ་པའི་ངང་དུ་བཞག །ཅེས་བརྗོད་ཅིང་དེའི་དོན་བསམ་མོ། །བརྡ་དང་བརྡ་ཡི་འབུལ་ལེན་གྱི་ཚོགས་ལ་རོལ་ཞིང་ལིང་རོ་ཆ་གཅིག་ལྷག་མར་བསྲེས་ཏེ་བྱིན་རླབས་བསྔོ་བ་སྨོན་ལམ་གདབ་པ་རྣམས་གྲུབ་ཀྱི་བར་བྱའོ། །ལྔ་པ་ཐུགས་དམ་བསྐུལ་ཞིང་བཟློག་པ་བྱ་བ་ནི་ལིང་རོའི་ཆ་གཅིག་ཁྲག་སྐྱེམས་དང་སྦྱར་ཏེ་གཏོར་མར་འབུལ་ནས། ཧཱུྃ༔ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ལས༔དབྱིངས་ཀྱི༴སོགས་ནས། ཡེ་ཤེས་ཆེན་པོར་མཐར་ཕྱིན་མཛོད༔ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔བཟློག་པ་ཚར་གྲངས་བྱས་ན་འདི་ཡན་ཅི་འགྲུབ་གྲངས་བསོགས་མཐར། བཟློག་སྔགས་ཉེར་གཅིག་ཙམ་བརྗོད་ལ་ཞག་གྲངས་སྦྲེལ་ནས་དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་བྱའོ། །གསུམ་པ་གཏོར་བཟློག་གི་རྗེས་ཀྱི་བྱ་བ་ལ་དྲུག་ལས། དང་པོ་ཡེ་ཤེས་གཤེགས་ཅིང་ཟོར་བསྒྲུབ་པ་ནི། གཏོར་མའི་ལྷ་ཚོགས་རྣམས་མཆོད་ནས་ནོང་པ་བཟོད་པར་གསོལ། སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་འདེགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། པར་བསམ་ལ་རྩ་སྔགས་སྤེལ་ཚིག་དང་། བཞི་སྙིང་གཅིག་དྲིལ། དྲགས་སྔགས་སྤྱི་སོགས་ཅི་ནུས་དྲག་པོར་བཟླས་ལ་ཟོར་རྫས་ནུས་ལྡན་དུ་བསྒྲུབ། དམར་གཏོར་ཁྲག་སྐྱེམས་བཅས་པར་དམིགས་བྱ་འགུག་འདྲེན་དང་ཞབས་སྟོབས་ཀྱི་དམིགས་པ་དྲག་པོ་དང་བཅས་རྩ་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་ཆེན་དུ་ཕུལ་ལ། ཧཱུྃ༔རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཡི་དམ་ཞི་ཁྲོ་རབ་འབྱམས་དང་། །ཁྱད་པར་ཕུར་བུའི་ལྷ་ཚོགས་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །ཟོར་ཆེན་རྫས་ཀྱི་དཔུང་བསྐྱེད་ཅིང་། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང་། ཤྭ་ན་བདག་ཉིད་ས་བདག་སོགས། །དཔལ་ཆེན་བཀའ་ཡི་སྲུང་མ་རྣམས། །དགྲ་བགེགས་བསྒྲལ༴འདོད་ཡོན༴ཟོར་ཆེན་རྫས༴དགྲ་བགེགས༴སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཕོ་བརྒྱུད་མོ་བརྒྱུད་དྲེགས་པའི་ཚོགས། །བསྟན་ལ་མངོན་པར་དགའ་བ་རྣམས། །དགྲ་བགེགས་བསྒྲལ༴འདོད་ཡོན༴ཟོར་ཆེན་རྫས༴དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །དེ་ལྟར་འདོད་དོན་གསོལ་བས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཀྱིས་ཟོར་ཆེན་དཔུང་བསྐྱེད་ཕྲིན་ལས་མཛད། སྤྲུལ་པ་ཟོར་རྫས་ཕོ་ཉར་བཅས་པ་དཔའ་བོ་གཡུལ་དུ་ཞུགས་པ་ལྟར་ཟ་ཟ་རྔམ་རྔམ་བསྐྱོད་པར་བསམ་མོ། །གཉིས་པ་ཟོར་ལམ་བསལ་བ་ནི། སྒྲུབ་ཁང་གི་ཕྱི་རོལ་དུ་བྱོན་ལ་ཕུད་འཐོར་ཞིང་བདེན་པའི་ཡུལ་གྱིས། ཧཱུྃ༔བདག་གི་མ་ཉེས་མ་ཡོ་དོ། །གཟུ་དང་༴སྟེང་གི་ལྷ་ཡང་སྐུ་ཟུར་ཅིག །སྟེང་ན་གནས་པའི་ལྷ༴མཆོད༴དོ་ནུབ་ཟོར་ལམ་གཉེན་པོ་ཕྱེས། །འགྲེའོ། །འོག་གི་ཀླུ་ཡང་སྐུ༴འོག༴མཆོད༴དོ་ནུབ༴བན་གྱི་བསྲུང་མ༴མཆོད་དོ༴དོ་ནུབ༴འོག་གི་ལྷ་སྲས༴མཆོད་དོ༴དོ་ནུབ༴འོག་གི་ལྷ་ལྔ༴འགོ་བའི་ལྷ༴མཆོད་༴དོ་ནུབ་ཟོར༴ཡུལ་གྱི་ལྷ༴ཡུལ་ལྷ་གཉེན་པོ༴མཆོད་དོ༴དོ་ནུབ༴སྣང་སྲིད་ལྷ་འདྲེ་༴སྣང་སྲིད༴མཆོད་དོ༴དོ་ནུབ་ཟོར་ལམ་གཉེན་པོ་ཕྱེས། །ཞེས་ཟོར་ལམ་བསལ་ལ། ཆོས་སྐྱོང་གཏོར་འབུལ་དང་ཆད་ཐོ་བསྒྲགས་པ་རྣམས་བྱ། དེ་ནས་ཕུད་དང་རུ་མཚོན་གྱི་སྣ་དྲངས་པའི་ཕྱི་བཞིན་དུ་དཔལ་གྱི་གཏོར་ཆེན་ཁྱེར་ལ། སྒྲུབ་པ་པོ་དེ་ཡི་ཕྱི་བཞིན་དུ་རོལ་མོ་དང་བཅས་ཏེ་དྲང་སྲོང་རྒྱུ་ཕྱོགས་དང་བསྟུན་པའི་སར་འགྲོ་བར་བྱའོ། །གསུམ་པ་ཟོར་གྱི་དཔུང་བསྐྱེད་པ་ནི། ཕུད་ཕྱོགས་བཅུར་འཐོར་ཞིང་། ཧཱུྃ་བྷྱོ། བླ་མ་ཡི་དམ་ལྷ་ཚོགས་དང་། །ཤྭ་ན་བདག་གི་ས་བདག་སོགས། །དམ་ཅན་ཆོས་སྐྱོང་སྲུང་མ་ཡིས། །མཆོད༴དོ་ནུབ༴སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་གཉེན་པོ་ཡིས། །མཆོད༴དོ་ནུབ་ཟོར་གྱིས་ལས་མཛོད་ཅིག །ཅེས་བདེན་སྟོབས་ཀྱིས་དཔུང་བསྐྱེད་པ་ནི། ཧཱུྃ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱི་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་གྱུར་ཏེ། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །དགྲ་བགེགས་རྣམས་ནི་ཕམ་པར་མཛད། །རིགས་སྔགས་བདེན་པའི་མཐུ་འདི་ནི། །ཐོགས་པ་མེད་པར་འགྲུབ་པར་མཛོད། །ཅེས་རིག་པ་ངར་དང་ལྡན་པས་བརྗོད་དོ། །བཞི་པ་ཟོར་བསྐུལ་བ་ནི། ཧཱུྃ། དགྲ་བོའི་ཡུལ་དུ་དམག་འདྲེན་ནོ། །དམག་དཔོན་རྡོ་རྗེ་གཞོན་ནུས་མཛོད། །དམག་སྣ་ཁྲོ་བཅུས་ཕྱོགས་བཅུར་དྲོངས། །སྒོ་བཞི་མ་མོས་དམག་དཔུང་བསྡུས། །ཀིང་ཀང་ཇག་པ་ཕྱོགས་བཅུར་ཁྱེར། །གནོད་བྱེད་དགྲ་བགེགས་བླ་ཁུག་ལ། །སྲས་མཆོག་ཉེར་གཅིག་གཏོར་ཟོར་རྒྱོབ། །ཁྲག་ཟོར་ཕུད་ཟོར་རྡོ་ཟོར་དང་། །མདའ་ཟོར་ཐུན་ཟོར་དུག་ཟོར་རྒྱོབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོའི་རྗེས་ལ་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ། ཞེས་བསྐུལ། ལྔ་པ་ཟོར་འཕངས་བ་ནི། ཧཱུྃ་བྷྱོ་བྷྱོ༔དགོངས་སུ་གསོལ་ལོ་སངས་རྒྱས་རྣམས། སོགས་ནས། བརྡ་ཙམ་མེད་པར་མཛོད། དྲག་རོལ་རྡེབ་ཅིང་སྟང་སྟབས་དང་བཅས་ཏེ་དྲག་སྔགས་བརྗོད་བཞིན་ལ་འཕང་བར་བྱའོ། །འཕང་བས་དཔལ་ཆེན་ལྷ་ཚོགས་རྣམས། །ཁྲོས་འཁྲུགས་རྔམས་པས་རབ་བཞུགས་ཏེ། །ཀླ་ཀློ་གདུགས་པ་གཙོར་གྱུར་པའི། །མི་མཐུན་ཐམས་ཅད་བརླག་པར་བསམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་སོགས། ཚལ་པ་རྦད་ནན༔ཞེས་བརྗོད་དམོད་མོ་དུལ་མོ་བརྡབ་བོ། །དྲུག་པ་ཟོར་རྗེས་གཅོད་པ་ནི། ལས་བྱང་ལྟར་སྲུང་འཁོར་གྱི་རྭ་བས་མཚམས་གཅོད། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ལོགས་ལ་སྒྲུབ་ཁང་གི་སྒོ་དྲུང་དུ་བརྟན་སྐྱོང་དང་། གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ་བྲོ་ལས་གཞུང་བཞིན་བྱ། ནང་དུ་ལོགས་ལ་ཚེ་འགུགས་རྒྱས་གདབ་ཕྲིན་ལས་ལྟར་དང་། མཆོད་པ་རྣམས་ཁ་གསོ་བྱིན་རླབས་འབུལ་བ་བསྟོད་པ་དངོས་གྲུབ་བླངས་བ་ནོངས་བཤགས་རྣམས་བྱ། ནམ་མཁར་བཞུགས་པའི་ཡེ་ཤེས་པ། ཨོཾ་ཁྱེད་ཀྱི་སོགས་ཀྱིས་གཤེགས་སུ་གསོལ་བའམ་བྲིས་སྐུ་ལ་བརྟན་བཞུགས་གང་མོས་དང་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དུ་མ་བརྗོད་དེ་རོལ་མོའི་སྒྲ་བསྒྲགས་ཅིང་མེ་ཏོག་གི་ཆར་དབབ་སྟེེ་དགེ་ལེགས་སུ་བྱའོ། །བདུད་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེའི། །བཟློག་པའི་ཕྲིན་ལས་གསལ་བར་ཕྱེ་འདི་ཡིས། །བསྟན་དགྲ་མིང་གི་ལྷག་མར་གཞོམ་ནས་ནི། །ཕན་བདེའི་དགེ་མཚན་ཡུན་དུ་གནས་པར་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྙན་བརྒྱུད་དུ་བཀའ་བབས་པའི་ཡང་ཕུར་བསྒྲགས་མའི་ཆོས་སྡེའི་སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་རིམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་རྗེས་སུ་འབྲེལ་བའི་གཏོར་བཟློག་གི་རིམ་པ་གསལ་བར་ཕྱེས་པ་འདིའང་ལྷ་འདི་རྣལ་འབྱོར་པ་མོས་པ་ལམ་དུ་བྱས་པ་དགེ་སློང་ཞིང་སྐྱོང་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གཏེར་གཞུང་ཉིད་དང་། རྣམ་པར་སྣང་མཛད་བློ་གྲོས་མཐའ་ཡས་ཀྱི་ལྗགས་བསྒྲིགས་རྩལ་བའི་དབང་ཆོག་གི་དྲག་པོ་སྒྲོལ་དབང་རྣམས་རྩ་བར་བཟུང་། ཁ་བསྐང་དགོས་རིགས་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ལྗགས་བསྒྲིགས་ཡང་གསང་སྤུ་གྲིའི་གཏོར་བཟློག་ནས་ལེགས་པར་བཏུས་ཏེ་ཕྱོགས་གཅིག་ཏུ་འབར་བྱེད་ཅེས་པ་མེ་ཕོ་འབྲུག་ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་ཚེས་ཉེར་དགུའི་མཚན་མོ་སྣང་གསལ་གྱི་ངོགས་སུ་ཤར་མར་བསྒྲིགས་པའི་ཡི་གེ་པ་ནི་འཇིགས་མེད་བློ་གྲོས་ཀྱིས་སོ། །མངྒ་ལཾ་བྷ་བ་ཏུ། །། །
[edit]

@#/__/snyan brgyud yang phur bsgrags ma'i gtor bzlog bdud las rnam rgyal bzhugs so/__/ na ma shrIHhe ru ka badz+ra ku mA ra ye/__chos kyi dbyings las snying rje khros pa'i gzugs/__/mi bzad 'jigs rung dpal chen he ru ka/__rgyal kun phrin las mthu stobs gcig bsdus pa/__/badz+ra ku ma ra la phyag byas nas/__/deng 'dir bstan dang bstan 'dzin la 'khu ba'i/__/lha min tshogs rnams rdo rje'i thog char gyis/__/rdul phran bzhin du 'jom par byed pa'i thabs/__/bzlog pa'i cho ga'i las rim 'dir dbye bya/__/de la 'dir dbang thob cing dam tshig la gnas pa bsnyen pa gsum mthar phyin pa'i sngags pas srung bzlog gi las la ched du bsngags pa'i dbang du byas nas drag po'i phrin las dang 'brel ba'i gtor bzlog gi las rim bsgrub pa la sbyor dngos rjes gsum las/__dang po ni/__dus tshes khyad par can du/__dam tshig gi bris sku sogs bkram pa'i mdun stegs mtho bar yi dam gyi dpal gtor dar gdug rgyan spros can dang srung ma'i gtor 'bul sman raka dang zhi mchod bcas bshams pa'i mdun thad cung zad dma' bar stegs bu'i steng zor gdan g.yang gzhi ro sol gyis byugs te gru gsum gra mdun bstan nang nag po mu ran sngon po mu khyud dmar ser rdo rwa dang me ri dmar ser 'bar ba/__rdul tshon ma 'dzom na dur khrod kyi ras ma bris pas kyang rung ste/__lte bar many+dzi'i khar lcags snod du 'bru nag gis sbrus pa'i dmar gtor thog gzugs la rtsa bar skyu gus bskor ba'i rtse mor sku rten dang ba dan nag po btsug pa/__khrag rkang /__'tshe yung /__rtsang dmar/__rgyu rlon gyi lda ldi sogs drag po'i rgyan ldan bzhag mthar khrag gi ar+g+haM sogs drag po'i mchod pas g.yas bskor dang /__de'i byang shar du brub khung du dur khrod 'jag ma/__grogs mkhar gyi sa/__dgra yi khang sa dang dri ma bcas sbyar ba'i ling+ga spyi ltar bcas la ras nag gi 'geb/__de'i nye logs su bya 'ug gi sgro/__gu gul/__yungs kar/__byad thag__/rak+ta/__gdab phur/__ral gri/__tho ba/__hom gzar/__dug thun sogs dang gzhan yang tshogs kyi yo byad/__g.yab dar/__rdor dril/__DA ma ru/__bsnyen phur sogs nyer mkho'i yo byad thams cad 'du bya'o/__/gnyis pa la/__ting nge 'dzin gyi rdzong bca' ba/__drag po'i las kyi g.yul 'gyed pa dang gnyis las dang po brgyud 'debs nas brtsam bla ma he ru ka'i byin rlabs kyi+i bzlas pa rdzogs kyi bar dang /__drag po las kyi don du/__oM badz+ra kI li kI la ya sarba maN+Dal la phaT dzaHbdag nyid rtsa ba'i dkyil 'khor las:ye shes dkyil 'khor gnyis pa dbye:mdun gyi rten dang dbyer med pas:me ri 'dab 'byor tshul du bzhugs:zhes bdag mdun phyes nas/__bdag mdun rdo rje gzhon nu che'i:sogs nas/__sku gsung thugs su lhun grub gyur:ces pa'i dmigs gnad rtse gcig pas/__oM badz+ra kI li kI la ya sarba big+h+nAn baM hU~M phaT:ces bzla/__phrin las la dmigs pa drag po'i bzlas pa bye brag tu bya ba ni/__rang nyid dpal chen po lhag par gsal bas/__oM badz+ra kI li kI la ya sarba big+h+nAn baM dgra dgegs mA ra ma hU~M phaT:'og tu kI la ya sham can yod rig la 'di bzla'o/__/mchan/__ces brjod pas thugs ka'i sa bon las sngags kyi 'od zer ljang nag ba thag gzings pa lta bu phyogs bcur 'phros pa'i rtse las khro bo'i sprul pa sku smad phur bu'i dbal can bsam mi khyab pa spros stong gsum thams cad gang /__dngos snang sku/__sgra grags gsung /__rtogs tshogs thugs sgrol byed du gsal bas dkyil 'khor gsum sogs bde bar gshegs pa thams cad kyi thugs dam bskongs ba srung ma dam can thams cad kyi srog bcud la phab nas sgrol ba'i las la btsud/__rnal 'byor pa thams cad kyis g.yar dam sor rtsol/__sems can thams cad kyi don byas/__bla na med pa'i gnas su bsgral/__gzas po'i gnas su 'phros pas gang la bya ba de dag bkug nas ling ga la bstim pas dngos su gyur nas 'khu mi nus par 'brub khung du gsal/__'od zer lhar 'dus nas bdag mdun rnams la thim pas gzi brjid dang mthu stob dpag med du gyur/__'phros pa'i khro bo phur bu'i gzugs can rnams bsgral bya'i zhing rnams la btab pas spyi gtsug nas rkang mthil phyung lus bsgral/__lce steng lkog mar phyung ngag bsgral/__snying gar thog lta bur lhung bas srog rtsa thal bar byas/__sems kyi bag chag bsgral/__mdor na phur bu'i char rgyun ma chad pa lhungs bas dgra bgegs kyi sgo gsum longs spyod dang bcas pa thams cad phye mar brlag par bsam la/__kI la ya sham+bu btags pa grangs ci mang dang /__bzhi snying gcig dril brgya stong tsam dang /__ma rak+mo sogs/__hU~M phaT bar drags sngags spyi bdags pa nyer gcig tsam bzlas/__srung bzlog gi bzlas pa dmigs phyed pa so sor bya na snga ma bzhin/__bzlas pa grub pa na dbyangs gsal rten snying yig brgya tshar gsum gyis lhag chad kha bskang dang brtan par byas nas las byang gzhung gi mchod bstod bcas bya/__gsang thig phur bu'i nang gsal lta bu'i yi dam la gtor 'bul dang /__chos skyong spyi dang bye brag la gtor 'bul skong bshags/__tshogs byin rlabs nas bsgral ba'i dbu bar grub rjes/__gnyis pa drag po'i g.yul 'gyed pa'i las rim la lnga las/__dang po thugs dam bskul ba ni/__slob dpon gyi mdun du g.yab dar/__gser skyems/__lcags hom ling ga bsgral chas bcas tshang bar bkod/__rang nyid lha yi nga rgyal drag po bskyed cing dbyangs rol dang bcas te/__hU~M chos nyid gdod nas skye ba med pa las:sogs nas/__mngon spyod dmod pa'i phrin las yongs grub mdzod:ces thugs dam bskul lo/__/gnyis pa gser skyems ni byin rlabs spyi ltar byas la rig 'dzin rtsa brgyud lta bu'i 'bul/__gsum pa mkhyen par gsol ba ni slar yang gser skyems phyogs bcur gtor zhing /__hU~M bdag gi ma nyes ma yo do/__/gzu dang dpang du dkon mchog bzhugs/__/steng gi lha yang mi 'gugs so/__/'og gi klu yang mi 'gugs so/__/steng na gnas pa'i lha rnams kun/__/mchod sbyin gser skyems 'di bzhes la/__/do nub gzu dpang grogs mdzod cig__/'og gi klu yang mi 'gugs so/__/'gre'o/__/'og na=mchod sbyin=do nub=ban gyi bsrung ma mi=ban gyi=mchod sbyin=do nub=bon gyi lha sras mi=bon gyi lha sras thams cad kyang /__/mchod sbyin=do nub='go ba'i lha lnga mi=mchod sbyin=do nub=yul gyi lha yang mi=yul lha gnyan po=mchod sbyin=do nub=snang srid lha 'dre mi=snang srid lha 'dre=mchod sbyin=do nub=dus gsum rgyal ba'i bka' byung bas/__/lus ngan 'di la ma chags par/__/bag zon 'chos la rang sar dengs/__/dam nyams 'dis nyes ngas ma lan/__/ma nyes ma yo ye shes lha/__/dam can rgya mtshor ra mda' rlog__/srid pa'i lha 'dre grogs la 'du/__/lha srin sde brgyad dam la 'du/__/legs nyes zhal lce lha 'dres chod/__/bdag dang 'dres pa'i dgra bo 'di/__/bsgral ba'i zhing bcu tshang ba ste/__/nyams pa bdun dang sku dgra lnga/__/kun la 'di gtogs chad pa chod/__/rtag dang mtshan ma myur du ston/__/drin lan gtang rag khyed la gtong /__/bcol ba'i phrin las myur du mdzod/__/ces gsol bas rang la gnang ba stsal zhing dgra bgegs la thugs cher 'khrugs pas drag po'i las la mngon du phyogs pas bzhugs pa bsam mo/__/bzhi pa rten bskyed cing bsgral ba dngos ni/__e yaM dz+wa la raM/__brub khung yangs shing gting zab pa'i nang du nr-i tri las gnod par byed pa'i dgra bgegs dam sri dngos su gsal bar gyur/__na mo/__dkon mchog gsum la phyag 'tshal lo/__/sogs nas/__mchis par gyur cig__/ces bden pa'i stobs brjod cing /__nr-i yaM dzaHnr-i badz+ra ang+ku sha dza:tri yaM dzaHtri badz+ra ang+ku sha dza:zhes lcags kyu'i phyag rgya byas la dmigs bya dmigs rten la bkug__/dza hU~M ba~M ho:dgug bzhugs bcings te myos par byas la 'gugs pa ni lcags kyu'i phyag rgya bcas/__hU~M:dus gsum rgyal ba'i gdung 'tshob pa'i:sogs nas/__hU~M phaT:lha dang dbye ba ni/__gu gul bdug__/'ug sgros byab la/__hU~M:dam tshig chen po'i=sogs/__daN+Da hU~M phaT:gzugs la dbab pa ni/__yungs kar brab la/__hU~M:sprul pa chen po=sogs/__sha ya hU~M phaT:byad du bzhugs pa ni/__skud pa sngon dmar gyis 'ching la/__hU~M:phyag brnyan chen po'i =sogs/__A na ya hU~M phaT:smyor bzhugs pa ni/__dug khrag gtor la/__hU~M:shwa na mu kha'i=sogs/__dz+wa la sa ma ya hU~M phaT:bdag nyid dpal chen po phur bu sras mchog sogs nas/__mtshon cha'i char pas dum bur gtub par gyur/__/ces brjod la dgongs pa'i gding bskyed cing phur bu 'dril zhing /__hU~M b+h+yo:bstan dang 'gro la 'tshe=sogs/__haM mA ra ya phaT:ces phur bu'i gdab/__rtsa sngags sham du ma rak+mo sogs mar+d+ha na ye hU~M phaT:ces btags pa spyi yi sngags brjod la ral gris dum bur gtub/__de nas rdul du brlag pa ni/__tho gtun thogs la/__hU~M:sa bdag chen ma'i=sogs/__da d+ha hU~M phaT:dmigs bya bsgral ba'i sha rus rnams cha gsum du bsgos pa'i cha gcig hom gzar du thog nas gtor mar sbreng la bstab pa bya ste/__hU~M b+h+yo:gnam sa tsam sogs/__hau:zhes dkyil 'khor la 'bul zhing hom gzar khrag chang gis bshal ba mchod la/__hU~M:bdag nyid chen mo=sogs/__b+hin+d+ha ya hU~M phaT:bdag phur 'ben gsum dbyer med pa/__/chos nyid mnyam pa'i ngang du bzhag__/ces brjod cing de'i don bsam mo/__/brda dang brda yi 'bul len gyi tshogs la rol zhing ling ro cha gcig lhag mar bsres te byin rlabs bsngo ba smon lam gdab pa rnams grub kyi bar bya'o/__/lnga pa thugs dam bskul zhing bzlog pa bya ba ni ling ro'i cha gcig khrag skyems dang sbyar te gtor mar 'bul nas/__hU~M:chos dbyings skye ba med pa'i mkha' klong las:dbyings kyi=sogs nas/__ye shes chen por mthar phyin mdzod:oM badz+ra kI li kI la ya sarba big+h+nAn baM hU~M phaT:sa ma ya b+h+yo b+h+yo zlog zlog:bzlog pa tshar grangs byas na 'di yan ci 'grub grangs bsogs mthar/__bzlog sngags nyer gcig tsam brjod la zhag grangs sbrel nas dkyil 'khor rjes kyi bya ba rnams bya'o/__/gsum pa gtor bzlog gi rjes kyi bya ba la drug las/__dang po ye shes gshegs cing zor bsgrub pa ni/__gtor ma'i lha tshogs rnams mchod nas nong pa bzod par gsol/__sprul gzhi ye shes kyi 'khor lo nam mkhar 'degs/__sprul pa dam tshig gi 'khor lo 'od du zhu ba las gtor chen zor rdzas dang bcas pa skad cig gis dpal chen rdo rje gzhon nu khro bcu khra phyag sgo ma bka' srung sde brgyad dregs pa'i dpung tshogs bsam gyis mi khyab pa dang bcas pa khro gtum 'jigs pa'i gzugs can srid gsum gang ba nad mtshon dug gi char 'bebs pas dgra bo sgrol ba'i las la rngams par gyur/__par bsam la rtsa sngags spel tshig dang /__bzhi snying gcig dril/__drags sngags spyi sogs ci nus drag por bzlas la zor rdzas nus ldan du bsgrub/__dmar gtor khrag skyems bcas par dmigs bya 'gug 'dren dang zhabs stobs kyi dmigs pa drag po dang bcas rtsa sngags btags pa lan gsum gyis gtor chen du phul la/__hU~M:rtsa brgyud bla ma dkon mchog gsum/__/yi dam zhi khro rab 'byams dang /__/khyad par phur bu'i lha tshogs rnams/__/dgra bgegs bsgral ba'i sha khrag rus/__/'dod yon mchod pa 'di bzhes la/__/zor chen rdzas kyi dpung bskyed cing /__/dgra bgegs sgrol ba'i phrin las mdzod/__/dpal ldan mgon po lcam dral dang /__shwa na bdag nyid sa bdag sogs/__/dpal chen bka' yi srung ma rnams/__/dgra bgegs bsgral='dod yon=zor chen rdzas=dgra bgegs=snang srid lha srin sde brgyad dang /__/pho brgyud mo brgyud dregs pa'i tshogs/__/bstan la mngon par dga' ba rnams/__/dgra bgegs bsgral='dod yon=zor chen rdzas=dgra bgegs sgrol ba'i phrin las mdzod/__/de ltar 'dod don gsol bas nam mkhar bzhugs pa'i lha tshogs rnams kyis zor chen dpung bskyed phrin las mdzad/__sprul pa zor rdzas pho nyar bcas pa dpa' bo g.yul du zhugs pa ltar za za rngam rngam bskyod par bsam mo/__/gnyis pa zor lam bsal ba ni/__sgrub khang gi phyi rol du byon la phud 'thor zhing bden pa'i yul gyis/__hU~M:bdag gi ma nyes ma yo do/__/gzu dang =steng gi lha yang sku zur cig__/steng na gnas pa'i lha=mchod=do nub zor lam gnyen po phyes/__/'gre'o/__/'og gi klu yang sku='og=mchod=do nub=ban gyi bsrung ma=mchod do=do nub='og gi lha sras=mchod do=do nub='og gi lha lnga='go ba'i lha=mchod =do nub zor=yul gyi lha=yul lha gnyen po=mchod do=do nub=snang srid lha 'dre =snang srid=mchod do=do nub zor lam gnyen po phyes/__/zhes zor lam bsal la/__chos skyong gtor 'bul dang chad tho bsgrags pa rnams bya/__de nas phud dang ru mtshon gyi sna drangs pa'i phyi bzhin du dpal gyi gtor chen khyer la/__sgrub pa po de yi phyi bzhin du rol mo dang bcas te drang srong rgyu phyogs dang bstun pa'i sar 'gro bar bya'o/__/gsum pa zor gyi dpung bskyed pa ni/__phud phyogs bcur 'thor zhing /__hU~M b+h+yo/__bla ma yi dam lha tshogs dang /__/shwa na bdag gi sa bdag sogs/__/dam can chos skyong srung ma yis/__/mchod=do nub=snang srid lha srin sde brgyad dang /__/yul lha gzhi bdag gnyen po yis/__/mchod=do nub zor gyis las mdzod cig__/ces bden stobs kyis dpung bskyed pa ni/__hU~M/__sangs rgyas kyis ni bdud pham mdzad/__/chos ma yin ni chos kyis so/__/dge 'dun gyi ni mu stegs pham/__/dbang pos lha min pham gyur te/__/rdo rje gzhon nu'i lha tshogs kyis/__/dgra bgegs rnams ni pham par mdzad/__/rigs sngags bden pa'i mthu 'di ni/__/thogs pa med par 'grub par mdzod/__/ces rig pa ngar dang ldan pas brjod do/__/bzhi pa zor bskul ba ni/__hU~M/__dgra bo'i yul du dmag 'dren no/__/dmag dpon rdo rje gzhon nus mdzod/__/dmag sna khro bcus phyogs bcur drongs/__/sgo bzhi ma mos dmag dpung bsdus/__/king kang jag pa phyogs bcur khyer/__/gnod byed dgra bgegs bla khug la/__/sras mchog nyer gcig gtor zor rgyob/__/khrag zor phud zor rdo zor dang /__/mda' zor thun zor dug zor rgyob/__/oM badz+ra kI li kI la ya ma rak+mo'i rjes la dgra bgegs sha truM mA ra ya rbad b+h+yo/__zhes bskul/__lnga pa zor 'phangs ba ni/__hU~M b+h+yo b+h+yo:dgongs su gsol lo sangs rgyas rnams/__sogs nas/__brda tsam med par mdzod/__drag rol rdeb cing stang stabs dang bcas te drag sngags brjod bzhin la 'phang bar bya'o/__/'phang bas dpal chen lha tshogs rnams/__/khros 'khrugs rngams pas rab bzhugs te/__/kla klo gdugs pa gtsor gyur pa'i/__/mi mthun thams cad brlag par bsam/__/oM badz+ra kI li kI la ya hU~M hU~M hU~M bdud pra sogs/__tshal pa rbad nan:zhes brjod dmod mo dul mo brdab bo/__/drug pa zor rjes gcod pa ni/__las byang ltar srung 'khor gyi rwa bas mtshams gcod/__rdo rje slob dpon gyis rting mnan te logs la sgrub khang gi sgo drung du brtan skyong dang /__gtor gzhong kha sbub pa'i 'og tu dgra bgegs mnan par bsam la bro las gzhung bzhin bya/__nang du logs la tshe 'gugs rgyas gdab phrin las ltar dang /__mchod pa rnams kha gso byin rlabs 'bul ba bstod pa dngos grub blangs ba nongs bshags rnams bya/__nam mkhar bzhugs pa'i ye shes pa/__oM khyed kyi sogs kyis gshegs su gsol ba'am bris sku la brtan bzhugs gang mos dang bdag bskyed bsdu ldang bsngo smon dang bkra shis kyi tshigs su bcad pa du ma brjod de rol mo'i sgra bsgrags cing me tog gi char dbab ste+e dge legs su bya'o/__/bdud las rnam par rgyal ba'i dpa' bo che'i/__/bzlog pa'i phrin las gsal bar phye 'di yis/__/bstan dgra ming gi lhag mar gzhom nas ni/__/phan bde'i dge mtshan yun du gnas par shog__/ces sprul pa'i gter chen pad+ma 'od gsal mdo sngags gling pa la snyan brgyud du bka' babs pa'i yang phur bsgrags ma'i chos sde'i smad las dgra bgegs bsgral ba'i las rim dpal chen rdo rje gzhon nu dang rjes su 'brel ba'i gtor bzlog gi rim pa gsal bar phyes pa 'di'ang lha 'di rnal 'byor pa mos pa lam du byas pa dge slong zhing skyong nas bskul ngor 'jam dbyangs chos kyi blo gros pas gter gzhung nyid dang /__rnam par snang mdzad blo gros mtha' yas kyi ljags bsgrigs rtsal ba'i dbang chog gi drag po sgrol dbang rnams rtsa bar bzung /__kha bskang dgos rigs smin gling gter chen rin po che'i ljags bsgrigs yang gsang spu gri'i gtor bzlog nas legs par btus te phyogs gcig tu 'bar byed ces pa me pho 'brug lo'i chu stod zla ba'i dmar phyogs kyi tshes nyer dgu'i mtshan mo snang gsal gyi ngogs su shar mar bsgrigs pa'i yi ge pa ni 'jigs med blo gros kyis so/__/mang+ga laM b+ha ba tu/__//__/

Footnotes

Other Information