JKCL-KABUM-02-KHA-049: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:17, 1 June 2024

Wylie title rtsa gsum kun 'dus ma hA gu ru la bstod pa dad gsum ut+pal gsar pa'i 'khri shing JKCL-KABUM-02-KHA-049.pdf
Location chos kyi blo gros bka' 'bum
Volume 2, Text 49, Pages 509-513 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rtsa gsum kun 'dus ma hA gu ru la bstod pa dad gsum ut+pal gsar pa'i 'khri shing. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 509-513. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity pad+ma 'byung gnas
Colophon

།ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ལོ་སུམ་ཅུར་སོན་པའི་ཆུ་བྱི་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དུས་ཚེས་བཟང་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ། །

/ces pa'ang 'jam dbyangs chos kyi blo gros pas rang lo sum cur son pa'i chu byi gnam lo gsar tshes kyi cho 'phrul zla ba'i dus tshes bzang por gsol ba btab pa sid+d+hi rastu/

1 Texts in this Section (sde tshan or chos tshan)

[edit]
རྩ་གསུམ་ཀུན་འདུས་མ་ཧཱ་གུ་རུ་ལ་བསྟོད་པ་དད་གསུམ་ཨུཏྤལ་གསར་པའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། སྲས་བཅས་རྒྱལ་བའི་ཕྲིན་ལས་ངོ་མཚར་ཞིང་ཁམས་རྡུལ་གྱི་གྲངས་ཇི་སྙེད། །གཅིག་ཏུ་བསྡུས་པ་པདྨའི་རིགས་མཆོག་བཅོམ་ལྡན་མགོན་པོ་འོད་དཔག་མེད། །སིནྡྷཱུའི་དྭངས་མཚོར་རྒྱུ་རྐྱེན་དང་བྲལ་རང་བྱུང་བརྫུས་ཏེ་འཁྲུངས་པའི་སྐུ། །རྒྱལ་བས་རབ་བསྔགས་འཇིགས་བྲལ་མཚོ་སྐྱེས་རྡོ་རྗེའི་ཞབས་ཀྱི་པདྨོར་བཏུད། ༡། ཐོར་ཅོག་ཅན་གྱི་སྲས་ཀྱི་ཚུལ་བཟུང་རྒྱལ་པོའི་ཁབ་ན་དགྱེས་པར་རོལ། །བརྟུལ་ཞུགས་གྲུབ་པའི་རྫུ་འཕྲུལ་གྱིས་འདུལ་དུར་ཁྲོད་ཌཱ་ཀིའི་ཚོགས་དཔོན་མཛད། །རིག་འཛིན་གྲུབ་པའི་སློབ་དཔོན་བརྒྱད་དང་གཞན་ཡང་པཎ་གྲུབ་མང་པོ་ལས། །ཆོས་ཚུལ་རྒྱ་མཚོ་གསན་བསམ་བསྒོམ་པའི་ཕ་མཐར་ཕྱིན་ཁྱོད་རྟག་ཏུ་བརྟེན། ༢། མུ་སྟེགས་རྒོལ་བའི་ཀླད་པ་རབ་འགེམས་སྡེ་སྣོད་གསུམ་གྱི་རྒྱལ་རྔ་སྒྲོགས། །འཆད་རྩོད་རྩོམ་པའི་སྣང་བ་རབ་འགྱེད་བློ་ལྡན་ཡིད་ཀྱི་པདྨོ་བཞད། །ཡང་དག་བདེ་ཆེན་གྲུབ་པ་མངོན་གྱུར་པདྨ་ཧེ་རུ་ཀ་དཔལ་རྒྱལ། ༣། རྒྱལ་བ་རྣམས་ཀྱི་ཕྲིན་ལས་གཅིག་བསྡུས་འབར་བ་ཆེན་པོའི་ཕྱག་རྒྱའི་གར། །བར་ཆད་བགེགས་འདུལ་ལྷག་པའི་ལྷ་མཆོག་གྲུབ་པའི་གཟི་བྱིན་འབུམ་ཕྲག་གི། སྣང་སྲིད་དྲེགས་པའི་སྡེ་ཚོགས་ཀུན་ལ་མཐུ་སྟོབས་ཚ་ཟེར་རེག་པའི་མོད། །ཁབ་ལེན་རྡོ་ཡི་ལྕགས་ཕྱེ་སྡུད་བཞིན་ཁྱོད་ཀྱི་འདུན་ས་དུམ་བུར་འཐོར། ༤། དཀྱིལ་འཁོར་གཉེན་པོའི་གྲལ་དུ་བཅུག་ཅིང་སྨྲ་བྱེད་དབང་པོར་བདུད་རྩིས་བྲན། །ཐ་ཚིག་བསྒྲགས་ཅིང་ཕྱི་མའི་མཐར་ཡང་ཆོས་དང་བསྟན་པ་སྲུངས་བར་བསྐོས། །སྦྱོར་སྒྲོལ་གྲུབ་པའི་འགྲམ་ཆང་གིས་མྱོས་བདེ་ཆེན་པདྨ་སཾ་བྷཱ་ཝ། །དཀྱིལ་འཁོར་རབ་འབྱམས་སྤྲོ་དང་བསྡུ་བ་ཡེ་ཤེས་སྒྱུ་མའི་གར་མཁན་རྒྱལ། ༥། ཁྱད་པར་ཕྱོགས་བཅུའི་བདེ་བར་གཤེགས་ཀྱི་ཐུགས་རྗེའི་བསྐུལ་དང་སྨོན་ལམ་གྱིས། །འཕགས་པས་ཉེར་བཟུང་བསིལ་ལྡན་ལྗོངས་འདིར་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཡི། །ཐུགས་བསྐྱེད་སྐྱ་རེངས་དང་པོས་དྲངས་ལས་ཞབས་མཐིལ་འཁོར་ལོའི་རེ་ཁ་བཀོད། །དགེ་མཚན་སྙན་པའི་རོལ་མོ་འཁྲོལ་ཤིང་བོད་ཁམས་དཀར་པོའི་ཕྱོགས་སུ་བསྒྱུར། ༦། དམ་ཚིག་བསྒྲགས་ཤིང་བྱིན་ཆེན་དབབ་པས་རབ་འཕེལ་རྫོགས་ལྡན་དཔལ་ལ་སྦྱོར། །གཙུག་ལག་ཁང་བཞེངས་མདོ་སྔགས་ཆོས་བསྒྱུར་སངས་རྒྱས་བསྟན་པའི་གཞི་ཆེན་འདི། །རྗེ་རྒྱལ་འབངས་སོགས་རིགས་ཅན་རྣམས་ལ་བསྐྱེད་རྫོགས་རྫོགས་ཆེན་ཆུ་བོ་བཞིས། །སྒོ་གསུམ་སྨིན་ལས་མཆོག་ཐུན་གྲུབ་བརྙེས་ཨོ་རྒྱན་ཡུལ་དང་དངོས་སུ་མཉམ། ༧། སྙིགས་མའི་མཐར་ཡང་སྤྲུལ་པའི་རྒྱལ་ཚབ་བརྒྱུད་མར་བྱོན་དང་ཟབ་ཆོས་ཀྱི། །བྱིན་བརླབ་ཚན་ཁ་ཆེས་ཆེར་འཕེལ་དང་སྲིད་ཞིའི་དགའ་སྟོན་རབ་འཕེལ་སླད། །ཆོས་ནོར་གཏེར་ཁ་བརྗོད་ལས་འདས་པས་འཛིན་མའི་ཁྱོན་ཀུན་དོགས་པོར་བྱས། །དུས་བབ་སྤྱོད་པའི་སྨོན་ལམ་ཤིས་བརྗོད་བོད་ཡུལ་བདེ་བའི་བཙས་སུ་བསྐྲུན། ༨། བརྒྱ་ཕྲག་ལྷག་ཞིག་བོད་ཀྱི་དོན་མཛད་དྲན་པས་སྲིད་ཞིའི་འཇིགས་འཕྲོག་དེས། །ཉིད་དང་དབྱེར་མེད་སྐུ་ཚབ་ལྔ་ཕྲག་ལྔ་ནི་ཕྱི་མའི་དོན་དུ་བཞག །རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་རྣམ་འཕྲུལ་དཔག་མེད་དང་ལྡན་པ། །དད་པའི་ཡིད་མཁར་རྟག་ཏུ་བཀོད་ཅིང་མོས་གུས་སྦྲང་རྩིའི་མཆོད་པ་འབུལ། ༩། ད་ལྟ་ལྷོ་ནུབ་རྔ་ཡབ་གླིང་དུ་ས་སྤྱོད་ཟངས་མདོག་དཔལ་རིའི་རྩེར། །སྐུ་གསུམ་གཞལ་མེད་ཁང་བཟང་ཉམས་དགར་གྲུབ་པའི་རིག་འཛིན་བྱེ་བས་བསྟེན། །དཔའ་བོ་ཌཱ་ཀིའི་བདེ་སྟོང་གར་བསྒྱུར་སངས་རྒྱས་བྱང་སེམས་མདུན་མཁར་བྱོན། །བདེན་ཤིས་བརྗོད་ཅིང་འཇའ་འོད་གུར་ཁྱིམ་མེ་ཏོག་ཆར་འབེབས་དྲི་བསུང་འཐུལ། ༡༠། མ་ཧཱ་གུ་རུའི་མཚན་དཔེ་གཟི་བརྗིད་ཉི་མ་འབུམ་བརྗིད་གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན། །ཐུགས་ནི་ཏིང་འཛིན་སྒོ་མོ་བརྒྱ་ཕྲག་དུ་མར་སྙོམས་པར་འཇུག་དང་ལྡང་བར་མི་ཕྱེད་ཅིང་། །ཡོན་ཏན་དཔག་ཡས་རྒྱ་མཚོའི་མཇིང་དང་རྫིང་རིང་མཐའ་ལྟར་བྱིས་པའི་བློ་ཡི་གཞལ་བར་དཀའ། །ཕྲིན་ལས་མཁའ་ཁྱབ་ལྷུན་གྱིས་གྲུབ་པར་ཕྱོགས་བཅུའི་ཞིང་ནས་བསྟོད་བསྔགས་རྒྱུད་མངས་རྟག་པར་འཁྲོལ། །ཐུགས་རྗེའི་སྐུ་འདི་བོད་ལ་གཡོ་བས་ཉི་མའི་ཟེར་མདངས་ལ་ཆིབས་གངས་ཅན་ཁྱབ་པར་ཉུལ། །གསང་གསུམ་ཡེ་ཤེས་བྱིན་ཆེན་དབབ་པས་བོད་ལྗོངས་ད་ལྟ་བསྟན་པ་དར་ཞིང་རྒྱས་པར་གནས། །མདོར་ན་བསྟན་འགྲོར་ལེགས་ཚོགས་སྔོན་དང་ཕྱིས་འབྱུང་ཅི་མཆིས་རྡོ་རྗེའི་བླ་མ་ཁྱོད་ཀྱི་མཐུ། །བཀའ་དྲིན་དྲན་པའི་གདུང་བའི་བསྔགས་པ་དད་གསུམ་ཨུཏྤལ་འཁྲི་ཤིང་མོས་གུས་རླུང་གི་འདིར། །ཡུད་ཙམ་དགོངས་ལ་བདག་གཞན་ཁྱེད་ཀྱི་བསྟན་རྗེས་འབྲང་བའི་སློབ་བུ་རྣམས། །འབྲལ་བ་མེད་པར་ཐུགས་རྗེས་ཟུངས་ལ་དགོངས་བརྒྱུད་བྱིན་རླབས་འཕོ་བར་མཛོད། །རིས་མེད་བསྟན་དང་དེར་འཛིན་སྡེ་བཅས་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ། །འགལ་རྐྱེན་ཀུན་ཞི་བསམ་དོན་ཀུན་འགྲུབ་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ལ། །བསྟོད་པའི་རབ་བསྔགས་དབྱངས་སུ་སྒྲོགས་པའི་དགེས། །མཐའ་ཡས་འགྲོ་རྣམས་སྲིད་པའི་མཚོ་ལས་སྒྲོལ། །བླ་མ་པད་འབྱུང་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ལོ་སུམ་ཅུར་སོན་པའི་ཆུ་བྱི་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དུས་ཚེས་བཟང་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ། ། །།
[edit]

rtsa gsum kun 'dus ma hA gu ru la bstod pa dad gsum ut+pal gsar pa'i 'khri shing zhes bya ba bzhugs so/____/na mo gu ru pad+ma kA ra ye/__sras bcas rgyal ba'i phrin las ngo mtshar zhing khams rdul gyi grangs ji snyed/____/gcig tu bsdus pa pad+ma'i rigs mchog bcom ldan mgon po 'od dpag med/____/sin+d+hU'i dwangs mtshor rgyu rkyen dang bral rang byung brdzus te 'khrungs pa'i sku/____/rgyal bas rab bsngags 'jigs bral mtsho skyes rdo rje'i zhabs kyi pad+mor btud/__1/__thor cog can gyi sras kyi tshul bzung rgyal po'i khab na dgyes par rol/____/brtul zhugs grub pa'i rdzu 'phrul gyis 'dul dur khrod DA ki'i tshogs dpon mdzad/____/rig 'dzin grub pa'i slob dpon brgyad dang gzhan yang paN grub mang po las/____/chos tshul rgya mtsho gsan bsam bsgom pa'i pha mthar phyin khyod rtag tu brten/__2/__mu stegs rgol ba'i klad pa rab 'gems sde snod gsum gyi rgyal rnga sgrogs/____/'chad rtsod rtsom pa'i snang ba rab 'gyed blo ldan yid kyi pad+mo bzhad/____/yang dag bde chen grub pa mngon gyur pad+ma he ru ka dpal rgyal/__3/__rgyal ba rnams kyi phrin las gcig bsdus 'bar ba chen po'i phyag rgya'i gar/____/bar chad bgegs 'dul lhag pa'i lha mchog grub pa'i gzi byin 'bum phrag gi/__snang srid dregs pa'i sde tshogs kun la mthu stobs tsha zer reg pa'i mod/____/khab len rdo yi lcags phye sdud bzhin khyod kyi 'dun sa dum bur 'thor/__4/__dkyil 'khor gnyen po'i gral du bcug cing smra byed dbang por bdud rtsis bran/____/tha tshig bsgrags cing phyi ma'i mthar yang chos dang bstan pa srungs bar bskos/____/sbyor sgrol grub pa'i 'gram chang gis myos bde chen pad+ma saM b+hA wa/____/dkyil 'khor rab 'byams spro dang bsdu ba ye shes sgyu ma'i gar mkhan rgyal/__5/__khyad par phyogs bcu'i bde bar gshegs kyi thugs rje'i bskul dang smon lam gyis/____/'phags pas nyer bzung bsil ldan ljongs 'dir 'jam dpal sprul pa'i rgyal po yi/____/thugs bskyed skya rengs dang pos drangs las zhabs mthil 'khor lo'i re kha bkod/____/dge mtshan snyan pa'i rol mo 'khrol shing bod khams dkar po'i phyogs su bsgyur/__6/__dam tshig bsgrags shing byin chen dbab pas rab 'phel rdzogs ldan dpal la sbyor/____/gtsug lag khang bzhengs mdo sngags chos bsgyur sangs rgyas bstan pa'i gzhi chen 'di/____/rje rgyal 'bangs sogs rigs can rnams la bskyed rdzogs rdzogs chen chu bo bzhis/____/sgo gsum smin las mchog thun grub brnyes o rgyan yul dang dngos su mnyam/__7/__snyigs ma'i mthar yang sprul pa'i rgyal tshab brgyud mar byon dang zab chos kyi/____/byin brlab tshan kha ches cher 'phel dang srid zhi'i dga' ston rab 'phel slad/____/chos nor gter kha brjod las 'das pas 'dzin ma'i khyon kun dogs por byas/____/dus bab spyod pa'i smon lam shis brjod bod yul bde ba'i btsas su bskrun/__8/__brgya phrag lhag zhig bod kyi don mdzad dran pas srid zhi'i 'jigs 'phrog des/____/nyid dang dbyer med sku tshab lnga phrag lnga ni phyi ma'i don du bzhag__/rtsa gsum kun 'dus pad+ma 'byung gnas rnam 'phrul dpag med dang ldan pa/____/dad pa'i yid mkhar rtag tu bkod cing mos gus sbrang rtsi'i mchod pa 'bul/__9/__da lta lho nub rnga yab gling du sa spyod zangs mdog dpal ri'i rtser/____/sku gsum gzhal med khang bzang nyams dgar grub pa'i rig 'dzin bye bas bsten/____/dpa' bo DA ki'i bde stong gar bsgyur sangs rgyas byang sems mdun mkhar byon/____/bden shis brjod cing 'ja' 'od gur khyim me tog char 'bebs dri bsung 'thul/__10/__ma hA gu ru'i mtshan dpe gzi brjid nyi ma 'bum brjid gsung dbyangs yan lag drug cur ldan/____/thugs ni ting 'dzin sgo mo brgya phrag du mar snyoms par 'jug dang ldang bar mi phyed cing /____/yon tan dpag yas rgya mtsho'i mjing dang rdzing ring mtha' ltar byis pa'i blo yi gzhal bar dka'/____/phrin las mkha' khyab lhun gyis grub par phyogs bcu'i zhing nas bstod bsngags rgyud mangs rtag par 'khrol/____/thugs rje'i sku 'di bod la g.yo bas nyi ma'i zer mdangs la chibs gangs can khyab par nyul/____/gsang gsum ye shes byin chen dbab pas bod ljongs da lta bstan pa dar zhing rgyas par gnas/____/mdor na bstan 'gror legs tshogs sngon dang phyis 'byung ci mchis rdo rje'i bla ma khyod kyi mthu/____/bka' drin dran pa'i gdung ba'i bsngags pa dad gsum ut+pal 'khri shing mos gus rlung gi 'dir/____/yud tsam dgongs la bdag gzhan khyed kyi bstan rjes 'brang ba'i slob bu rnams/____/'bral ba med par thugs rjes zungs la dgongs brgyud byin rlabs 'pho bar mdzod/____/ris med bstan dang der 'dzin sde bcas dbyar gyi chu gter bzhin du 'phel/____/'gal rkyen kun zhi bsam don kun 'grub phyogs las rnam par rgyal gyur cig__/rdo rje'i sku brnyes pad+ma 'byung gnas la/____/bstod pa'i rab bsngags dbyangs su sgrogs pa'i dges/____/mtha' yas 'gro rnams srid pa'i mtsho las sgrol/____/bla ma pad 'byung go 'phang myur thob shog__/ces pa'ang 'jam dbyangs chos kyi blo gros pas rang lo sum cur son pa'i chu byi gnam lo gsar tshes kyi cho 'phrul zla ba'i dus tshes bzang por gsol ba btab pa sid+d+hi rastu/__/____//

Footnotes

Other Information