DKR-KABUM-25-RA-007: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་ཐོབ་ཡིག་སྐལ་བཟང་ཕན་བདེའི་ཤིང་རྟ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: . Delhi: Shechen Publications, 1994. | |fulltitle=gter chen pad+ma gling pa'i zab gter yongs rdzogs kyi thob yig skal bzang phan bde'i shing rta | ||
|citation=[[Khyentse, Dilgo]]. ''Gter chen pad+ma gling pa'i zab gter yongs rdzogs kyi thob yig skal bzang phan bde'i shing rta''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: 82-104. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
Line 16: | Line 17: | ||
|volyigtib=ར་ | |volyigtib=ར་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=007 | |||
|pagenumbers=82-104 | |||
|totalpages=45 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=23a5 | ||
|totalfolios=23 | |||
|multivolumework=No | |||
|rectonotes=gsan yig | |||
|versonotes=pad gling chos skor | |||
|pdflink=File:DKR-KABUM-25-RA-007.pdf | |pdflink=File:DKR-KABUM-25-RA-007.pdf | ||
}} | }} | ||
Line 23: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་ཐོབ་ཡིག་སྐལ་བཟང་ཕན་བདེའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་ཐོབ་ཡིག་སྐལ་བཟང་ཕན་བདེའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ཨོཾ་སྭསྟི། རིག་སྟོང་རྒྱལ་པོ་ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་སེམས། །གསང་ཆེན་མངའ་བདག་དགྱེས་པའི་རྡོ་རྗེ་དཔལ་གྱི་སེང་གེ་དཔའ་བོའི་སྐུ། །པདྨ་ལས་བྱོན་རིག་འཛིན་རྒྱལ་པོ་ཟག་མེད་ཡེ་ཤེས་རོལ་པའི་མཚོ། །རྒྱལ་དང་རིག་འཛིན་བྱིན་རླབས་ཕྲེང་བརྒྱུད་རིན་ཆེན་ལྟར་མཛེས་སྤྱི་བོར་རྒྱལ། །ཚངས་སྲས་དཔའ་མོ་རྡོ་རྗེ་དབྱངས་ཅན་མའི། །རྣམ་འཕྲུལ་པདྨས་རྗེས་བཟུང་པདྨ་གསལ། ལས་འབྲེལ་རྩལ་དང་ཀུན་མཁྱེན་ཆེན་པོ་སོགས། །སྐྱེ་ཕྲེང་བརྒྱུད་པར་བཅས་ལ་གུས་པས་འདུད། །བདེ་ཆེན་རྡོ་རྗེ་ལུས་ཀྱི་མཎྜ་ལར། །རྩ་རླུང་ཐིག་ལེ་རྟེན་འབྲེལ་དག་པའི་སྒོ། །འཁོར་འདས་ཀུན་གཟིགས་དབྱིངས་རིག་འདུ་འབྲལ་མེད། །ཨོ་རྒྱན་རྒྱལ་ཚབ་པདྨ་གླིང་པར་འདུད། །ཅེས་མཆོད་པར་བརྗོད་ནས་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་གང་འདུལ་གྱི་འདྲེན་པར་བཞེངས་ནས་པདྨའི་ཟབ་གཏེར་ལ་སྤྱོད་པའི་རིག་འཛིན་གཏེར་ཆེན་པདྨ་གླིང་པ་ཞེས་མཚན་གྱི་རྔ་སྒྲ་ཕྱོགས་ཀུན་ཏུ་ཁྱབ་པར་གྲགས་པ་དེ་ཉིད་ཀྱི་ཟབ་ཆོས་སྐོར་ཇི་ལྟར་ཐོབ་ཚུལ་ལ། །ཐོག་མར་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོ་སྡེ་གསུམ་ཡང་གསང་འདུས་པའི་གདམས་སྐོར་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་སྟ་གོན་སྔོན་དུ་འགྲོ་བས་རྩ་བ་དང་བྱེ་བྲག་གི་དབང་བཀའ་བྱིན་རླབས་རྣམ་གྲངས་བཅོ་ལྔ་པོ་རྫོགས་པར་ནོས་ཤིང༌། གཉིས་པ་ཁྲིད་རིམ་དོན་གསལ་མེ་ལོང་གི་གཞུང་ཁྲིད་ལུང་གི་ཚུལ་དུ་ནོས་ནས། གསུམ་པ་ལུང་ལ། ཀ༽ ཐེམ་བྱང་དཀར་ཆག་གསལ་བའི་མེ་ལོང༌། ལུང་བསྟན་ཀུན་གསལ་མེ་ལོང༌། ལུང་བསྟན་གསལ་བྱེད་འོད་ཀྱི་དྲྭ་བ། གུ་རུའི་རྣམ་ཐར་ཆེ་བ་དགུ་ལྡན་ཀུན་མཛེས་ནོར་བུའི་ཕྲེང་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར། ལྷ་ལྕམ་མནྡྷ་ར་བའི་རྣམ་ཐར། ལྷ་ལྕམ་པདྨ་གསལ་གྱི་ཞུས་ལན་གསེར་གྱི་ཡང་ཞུན། ལྷ་ལྕམ་ཁྲོམ་པ་རྒྱན་གྱི་ཞུས་ལན། སློབ་དཔོན་ནམ་མཁའི་སྙིང་པོ་དང་རྡོ་རྗེ་མཚོའི་ཞུས་ལན། ལོ་རྒྱུས་སྟོང་ཐུན་ནོར་བུའི་ཕྲེང་བ། ས་དཔྱད་རིན་ཆེན་སྤུངས་པ། བླ་མའི་མཚན་ཉིད་ནོར་བུའི་ཕྲེང་བ། ཁྲིད་གཞུང་དོན་གསལ་མེ་ལོང༌། སྐྱབས་འགྲོ་སེམས་བསྐྱེད་དོན་གྱི་སྙིང་པོ། སྐྱབས་འགྲོ་ཆོས་སྤྱོད་བྱིན་རླབས་སྤྲིན་འཕྲོ། གུ་རུའི་སྨར་ཁྲིད་རིམ་ལྔ། རྒྱལ་པོའི་ཆོས་དྲུག་གུ་རུའི་སྨར་ཁྲིད། གུ་རུའི་སྨར་ཁྲིད་དོན་གྱི་སྙིང་པོ། གསང་བའི་འཕྲུལ་འཁོར། གེགས་སེལ་གནད་ཀྱི་གདམས་པ། གེགས་སེལ་ཞུས་ལན་ཐུགས་ཀྱི་མེ་ལོང༌། གུ་རུའི་ཐུགས་སྒྲུབ་རིན་ཆེན་ཕྲེང་བ། ཆོས་བཤད་ཞལ་གདམས། མཁའ་འགྲོའི་བཞེངས་བསྐུལ་བྱོན་འཚལ་བྱིན་འབེབས། རྩ་གསུམ་ལས་བྱང་ནོར་བུ་པདྨའི་ལྗོན་ཤིང༌། སྐྱབས་འགྲོ་ལེའུ་གསུམ་པ། བགེགས་གཏོར་བཏང་ཐབས། མཁའ་འགྲོའི་གཏོར་འབུལ། མགོན་པོ་སྡེ་བརྒྱད་ཀྱི་རྒྱུན་གཏོར། བདུད་རྩི་སྨན་མཆོད། རྩ་གསུམ་སྐོང་གསོ། སྐོང་བ་བསྡུས་པ། ཚོགས་ཀྱི་འཐོར་ཕུད། དངོས་གྲུབ་ལེན་ཆོག །གུ་རུའི་ལོ་རྒྱུས་དཀར་ཆག །ཚེས་བཅུའི་དབང་གཏོར་གྱི་ལོ་རྒྱུས། ཚེས་བཅུའི་དབང་བཤད་དགོས་འདོད་ཀུན་འབྱུང༌། དབང་བཤད་ནོར་བུའི་ཕྲེང་བ། ཚེས་བཅུའི་ཕན་ཡོན། པདྨའི་བརྔན་བསང་བར་ཆད་ཀུན་སེལ། དབང་གི་ཆུ་བོ་བཞིའི་གསང་འགྲེལ། སྟ་གོན་དབང་ཆོག་རྡོ་རྗེའི་གོ་ཁྲབ། ཁ༽ རྣམ་འཇོམས་དབང་ཆོག་སྒྲིབ་གཉིས་ཀུན་སྦྱོང༌། བླ་མའི་བྱིན་རླབས་རབ་འབྱམས་བཀའ་དབང༌། བྱིན་འབེབས་དངོས་གྲུབ་ཆར་འབེབས། མན་ངག་ཤོག་གཅིག་མ། དབང་ཆོག་བདུད་བཞི་ཟིལ་གནོན། རྩ་དབང་རྫོགས་ཆེན་དབང་ཕྲེང༌། དབང་ཆོག་ནོར་བུའི་བང་མཛོད། དབང་ཆོག་ནོར་བུ་སྒྲོན་མ། གསང་དབང་བྱིན་རླབས་སྤྲིན་འཕྲོ། གཤིན་རྗེ་ཡང་གསང་བླ་མེད་ཀྱི་དབང་ཆོག །རྟ་མགྲིན་གྱི་དབང་བཤད། དབང་ཆོག་པདྨའི་ཕྲེང་བ། ཕག་མོའི་དབང་ཆོག་ཡང་གསང་བླ་མེད། ཕྱག་རྡོར་ཡང་གསང་བླ་མེད་ཀྱི་དབང་ཆོག །ཚེ་དབང་དགོས་འདོད་ཀུན་འབྱུང༌། ཚེ་དཔག་མེད་ཡང་གསང་འོད་ཀྱི་དྲྭ་བའི་ཕྱི་ནང་གསང་སྒྲུབ། གུ་རུའི་དོན་བསྟོད་དངོས་གྲུབ་ཆར་འབེབས། ཛཔ་྄བསྟོད་བྱིན་རླབས་ཆུ་རྒྱུན། དཀྱིལ་འཁོར་དོན་བསྟོད་ཀྱི་སྙིང་པོ། རབ་གནས་དོན་གསལ་མེ་ལོང༌། རབ་གནས་ཀྱི་ལྷན་ཐབས། ལས་བཞིའི་སྦྱིན་སྲེག །སྒྲུབ་ཆེན་བསྐུལ་བྱང་དམ་བརྡར། དམ་ཚིག་གསལ་བའི་སྒྲོན་མེ། བླ་མ་སྤྲུལ་སྐུའི་སྒྲུབ་པ་འོད་ཟེར་ཕྲེང་བ། ལོངས་སྐུའི་སྒྲུབ་པ་ཡང་ཟབ་གནད་ཐིག །ཆོས་སྐུའི་སྒྲུབ་པ་རང་གསལ། པྲ་ཁྲིད་གསལ་བའི་སྒྲོན་མེ། སྐུ་གསུམ་སྒྲུབ་པའི་འཁོར་ལོ། རྩ་གསུམ་སྲོག་འཁོར་ཟབ་མོ། གུ་རུ་མཚན་བརྒྱད་ཀྱི་སྒྲུབ་ཐབས། ཐོད་ཕྲེང་རིགས་ལྔའི་སྒྲུབ་པ། གསང་འདུས་སྐུ་ལྔའི་འཁོར་ལོ། ལས་ཚོགས་རིན་ཆེན་སྤུངས་པ། རྟེན་འབྲེལ་ཟབ་མོའི་ལས་ཚོགས། ཡང་ཟབ་ལས་ཚོགས་བཅོ་ལྔ་པ། ལས་ཚོགས་འགྲོ་དོན་ཀུན་འགེབ། སྲུང་འབུམ་རྡོ་རྗེའི་གོ་ཁྲབ། སྲུང་བའི་རབ་གནས། དེའི་ལྷན་ཐབས། དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང༌། དྲག་པོའི་དབང་ཆོག་གསང་བ་བླ་མེད། འཇམ་དཔལ་གཤིན་རྗེའི་སྒྲུབ་པ། དབང་ཆེན་རྟ་མགྲིན་སྒྲུབ་པ། རྟ་མགྲིན་ཡང་གསང་འདུས་པའི་ལས་བྱང་རྡོ་རྗེའི་ཕྲེང་བ། གསང་བདག་ཕྱག་རྡོར་སྒྲུབ་པ། གསང་བའི་ཡང་སྙིང་ཧཱུྃ་སྒྲུབ། མཁའ་འགྲོ་སྡེ་ལྔ་ལས་རྒྱ་མཚོའི་རྒྱུད། ཁྲོས་ནག་གསང་བའི་དབང་ཆོག །མངོན་རྟོགས། ཁྲོས་ནག་རིགས་ལྔའི་མངོན་རྟོགས། བྱད་ཟློག་སེ་བྱང་མ། སྐུ་གསུང་ཐུགས་ཀྱི་ཟ་ཡིག །དུར་ཁྲོད་ལྷ་མོ་ངན་ནེ་མའི་སྒྲུབ་ཐབས། ཛམ་ལའི་ནོར་སྒྲུབ། སྐྱེ་བདུན་ཤའི་སྒྲུབ་པ། སྐྱེ་བདུན་ཕན་ཡོན། བདུད་རྩི་སྨན་གྱི་མཆོག་སྒྲུབ། ཚོགས་ཀྱི་འདུལ་བཤད། ཞྭ་ཆོས་པདྨ་དཀར་པོ། བཅུད་ལེན་ཡིད་བཞིན་ནོར་བུ། ཁྲུས་བྱང་རྨེ་བ་བརྩེགས་པ། བདུན་ཚིག་སྐྱེ་མེད་ལམ་སྦྱོར། གཏོར་མ་ཆ་གསུམ། གཤིན་དོན་དཔང་གཟུག །གཤིན་དོན་གྱི་ཆ་ལག་ཁྲུས་ཆོག །བསྲེག་ཆོག་ཐུགས་རྗེ་ཀུན་ཁྱབ། བླ་གནས་རྩི་བ། འབྲུག་ཆར་བརྟག་པ། ཌོམྦྷི་པའི་ཆར་འབེབས། ཆབ་འབེབས་རྒྱ་ནག་ཆུ་འཁོར། རྣམ་སྲས་དབང་ཆོག་ཡིད་བཞིན་གཏེར་མཛོད། རྣམ་སྲས་ལས་བྱང༌། གཏོར་མ་ལ་བརྟེན་པའི་སྒྲུབ་ཐབས། སྒབ་འདྲེ་མནན་ཐབས། གསང་བ་རྩ་བའི་སྒྲུབ་སྐོར། ནོར་སྒྲུབ་འཁོར་ལོའི་རིམ་པ། གིང་འཆམས་རྩ་ཚིག །རྔ་བརྡུང་རྐང་གྲངས། ཟ་ཚོགས་བསྡུས་པ། བོད་ལུང་བཀའ་གཏད། མཚོ་རྒྱལ་གྱིས་མཛད་པའི་སྨོན་ལམ་བཀྲ་ཤིས་བཅས། དེ་དག་ལ་ཐེམ་གྱིས་ཟིན་པ་ཞེ་གཉིས། མ་ཟིན་པ་ང་བཞི། གཏེར་སྟོན་གྱིས་མཛད་པ་ཉེར་བཞི་སྟེ་སྤྱིར་ལེའུ་ཚན་བརྒྱ་དང་ཉི་ཤུའི་གྲངས་སུ་བཞུགས་པ་རྣམས་ཚང་བར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། མཁའ་འགྲོ་མཚོ་རྒྱལ། ལྷ་སྲས་མུ་ཏིག་བཙན་པོ། ལྷ་ལྕམ་པདྨ་གསལ། གཏེར་ཆེན་པདྨ་གླིང་པ། དེས་རཏ་གླིང་ཡང་སྲིད་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལམ་དཔལ་ལྡན་དོན་གྲུབ་གྲགས་པ་དང༌། པད་གླིང་ཉེ་གནས་དབུ་མཛད་དོན་གྲུབ་དཔལ་འབར་རམ་གྲུབ་པ་ཀུན་འདུས། དེ་གཉིས་ལ་སྔགས་འཆང་ཆོས་རྗེ་རྣམ་གཉིས་སུ་གྲགས་ཏེ། གཉིས་ཀས་པད་གླིང་གཉིས་པ་རྒྱལ་དབང་བསྟན་འཛིན་གྲགས་པ། དེའི་སྲས་སྒང་སྟེང་སྤྲུལ་སྐུ་དང་པོ་རྒྱལ་སྲས་པ་པདྨ་ཕྲིན་ལས། པད་གླིང་གསུམ་པ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། པད་གླིང་སྲས་ཟླ་བ་རྒྱལ་མཚན་གྱི་སྐུ་སྐྱེ་སྐུ་ཕྲེང་བཞི་པ་བསྟན་འཛིན་འགྱུར་མེད་རྡོ་རྗེ། པད་གླིང་བཞི་པ་ངག་དབང་ཀུན་བཟང་རྡོ་རྗེ། །ཐུགས་སྲས་ལྔ་པ་འགྱུར་མེད་མཆོག་གྲུབ་དཔལ་འབར། པད་གླིང་ལྔ་པ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །པད་ཕྲིན་སྒང་སྤྲུལ་བཞི་པ་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། པད་གླིང་དྲུག་པ་མི་འགྱུར་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། རྦ་སྤྲུལ་བདུན་པ་པདྨ་ཀུན་བཟང་རིག་འཛིན་རྡོ་རྗེ། པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ། གཏེར་སྲས་འཇིགས་མེད་ཚེ་དབང་ནོར་བུ། འཁོར་ལོའི་མགོན་པོ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན་ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་ནས། སྒང་སྤྲུལ་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ། ངག་དབང་འབྲུག་པ། ངག་དབང་རྒྱ་མཚོ། ཡོན་ཏན་མཐའ་ཡས། བསྟན་འཛིན་སྲིད་ཞི་རྣམ་རྒྱལ་མན་གོང་བཞིན་ནོ། །འདིའི་སྒྲུབ་སྐོར་བྱེ་བྲག་པ་རྣམས་ལ་གཏེར་སྟོན་ཡན་ལ་སྒོས་བརྒྱུད་ཁྱད་པར་བ་འདྲེན་དུ་ཡོད་མོད་ཀྱི་དོན་གནད་གཅིག་ཏུ་འབབ་པས་འདིར་མ་བྲིས་སོ། ༈ བླ་མ་དྲག་པོའི་སྐོར་ལས། བུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་བྲག་ནས་སྤྱན་དྲངས་པའི་དྲག་པོ་དམར་ཆེན་མེ་ལྕེ་ཕྲེང་བའི་སྐོར་ལ། རྩ་བའི་དབང་ཆོག་རེག་པ་དོན་ལྡན་དང་ཐེམ་མེད་ལྷ་དབང་ཆེན་མོ་གཉིས་ལ་བརྟེན་ནས་སྨིན་བྱེད་ནོས་ཏེ། ལུང་ལ། ག༽ ཐེམ་ཅན་དངོས། ཤུགས་བསྟན་ཡིག་ཆུང༌། ཐེམ་མེད་དང་གསུམ་ལས། དང་པོ་ལ། ཐེམ་བྱང་དཀར་ཆག །དྲག་པོ་གསང་བའི་ལོ་རྒྱུས། སྤྱི་སྒྲུབ་ཡོན་ཏན་ཀུན་འབྱུང༌། ནང་སྒྲུབ་རྡོ་རྗེ་ཕྲེང་བ། གསང་སྒྲུབ་སྤུ་གྲི་འབར་བ། མངོན་རྟོག་གསང་བ་རེག་གཅོད། ཡང་གསང་སྒྲུབ་པ་རྐྱང་གཅིག །ཚེ་དཔག་མེད། འཇམ་དཔལ་ཞི་ཁྲོ། རྟ་མགྲིན། ཕྱག་རྡོར། མཁའ་འགྲོ་སྡེ་ལྔ། ཡཀྴ་མེ་དབལ། དྲག་པོ་ཁྱུང༌། སྡིག་པ། དཔའ་བོ་རིགས་བཞི་རྣམས་ཀྱི་སྒོས་སྒྲུབ། བརྡ་རྟགས་གསལ་བའི་སྒྲོན་མེ། དབང་བཤད་བསྡུས་པ་མཚོ་རྒྱལ་གྱིས་མཛད་པ། དབང་ཆོག་ནོར་བུའི་ཕྲེང་བ་རེག་པ་དོན་ལྡན། ལས་བྱང་མེ་ལྕེ་ཕྲེང་བ། ལས་བཞི་སྦྱིན་སྲེག་བཞི། མེ་ཧོམ་རང་འབར། །ཇག་ཆིངས། རིག་མ་འགུགས་པ། ཕན་བྱ་སྲུང་འཁོར། རྒྱལ་བསེན་སྲོག་འཁོར། བགེགས་ཆེན་གཏུམ་པོའི་ཤི་ས་བསྟན་པ། བགེགས་སྲུང་ལས་མཐའ། རྦོད་གཏོང་ཟློག་པ། གཏོར་མས་དགྲ་བགེགས་བསད་པ། དམ་སྲི་རྒྱལ་བསེན་བསད་པ། སྲིད་འབེབས། སྲིའུ་གསོ་བ། གཟུངས་ཆོག་མཛེ་གསོའི་འཁོར་ལོ། ཆབ་གཏོར། བྱབ་གཏོར་མཛེ་གསོ། །དྲག་པོའི་མཐའ་འདུལ། སེར་སྲུང༌། ཆར་འབེབས། ནོར་སྒྲུབ། འགལ་བྱེད་ཀླུ་ལ་གཏད་པ། སེར་བ་འབེབས་པ། ཐོག་འབེབས་པ། ཚེ་སྒྲུབ། དགྲ་གྲོགས་རྩི་ཐབས། ཞོ་ཆང་སྲུང་བ། བཀའ་སྲུང་སྡེ་གསུམ་གྱི་གསང་སྒྲུབ་སྲོག་གི་སྤུ་གྲི། གསུམ་དྲིལ་གྱི་བསྐང་གསོ་བསྟོད་བསྐུལ་རྦད་པ་དང་བཅས་པ། གཉིས་པ་ཤུགས་བསྟན་སྐོར་ལ། གོ་ཆའི་ལྷ་རྣམས་ཀྱི་ཡིག་ཆུང་རིན་ཆེན་འདུས་པ། གཟུངས་མཆོག་དགྲ་གྲོགས་རྩི་བ་ཞོ་ཆང་སྲུང་བ་གསུམ་མ་གཏོགས་གོང་གི་ལས་ཚོགས་སོ་སོའི་ཡིག་ཆུང་གསལ་བའི་སྒྲོན་མེ་ནང་ཚན་ཉེར་བདུན་པ་བཅས། གསུམ་པ་ཐེམ་མེད་སྐོར་ལ། འབྱུང་བ་རྩི་བའི་ལིང་ཚེ། སྤྱི་སྒྲུབ་ཡིག་ཆུང༌། ནང་སྒྲུབ་ཡང་ཡིག །གསང་སྒྲུབ་ཤོག་དྲིལ། །སྒོམ་ཐབས་གསལ་བའི་ཤོག་དྲིལ། ཕྱི་ནང་གསང་གསུམ་གཅིག་ཏུ་དྲིལ་བའི་ཤོག་དྲིལ། ཁམས་གསུམ་དབང་སྡུད་ཤོག་དྲིལ། ཁྲོ་བཅུ་སྒྲུབ་པའི་ཡིག་ཆུང༌། ཁྲོ་བཅུ་སྲུང་བའི་ཡང་ཡིག །གུད་དུ་སྦས་པའི་ཡིག་ཆུང༌། ཁྲོ་བཅུ་རྒྱན་གྱི་ཤོག་དྲིལ། ཀླུ་འདུལ་ཁྱུང་གི་ཤོག་དྲིལ། སྡེ་བརྒྱད་ཀྱི་འཁུ་ལྡོག་བཅུན་པ། བསྐང་གསོ་དངོས་གྲུབ་ཀུན་འབྱུང༌། ལྕགས་སྡིག་གསང་སྒྲུབ། ལིངྒའི་ཞལ་གདམས་ཡིག་ཆུང༌། གཏོར་ཟློག་རྡོས་གཏོར་བསད་པ་ལས་བཅུ། གཟུང་དཔང༌། གསེར་སྐྱེམས་དང་ཟོར་ལམ་དབྱེ་བ། བསྒྲལ་ལས་དང་ཟོར་སྒོ་ཕྱེ་བ། ཟ་ལམ། གཏོར་ཟློག་ལག་ལེན། མེ་ཧོམ་ཡིག་ཆུང༌། བགེགས་བསྐྲད་ཤོག་དྲིལ། བགེགས་གཏོར་བཏང་ཐབས། བུམ་དབང་ཡིག་ཆུང༌། ལྷ་དབང་ཆེན་མོ། དངོས་གྲུབ་ལེན་ཆོག །བཤགས་པ། ཆར་འབེབས་འགྲོ་དོན་གསུམ་པ། ཟ་ཡིག །སྨྱོ་འདྲེ་འདུལ་བ། སྡེ་བརྒྱད་བཅུན་པ། ཆུང་འདྲེ་འདུལ་བ། སྲིའུ་གསོ་བ། ཆུང་འདྲེ་གཅུན་པའི་འཁོར་ལོ། དམ་ཅན་སྡེ་གསུམ་གྱི་ཡིག་ཆུང༌། དེའི་ཡང་ཡིག །དྲག་པོ་གསུམ་གྱི་སྒྲུབ་ཐབས་གནད་བྱང༌། བཀའ་སྲུང་བསྟོད་བསྐུལ་རྒྱས་པ་ཕྲིན་བཅོལ་བཅས་པ། རླུང་འཁོར་རླུང་ཁང་གི་ཚད་དཔེའུ་རིས་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། །ཨོ་རྒྱན་ཆེན་པོ། མཁའ་འགྲོ་མཚོ་རྒྱལ། པདྨ་གླིང་པ། དེ་ནས་དབང་བཀའ་ཡོངས་རྫོགས་དང་ཐེམ་ཅན་གྱི་ལུང་རྣམས། སྔགས་འཆང་ཆོས་རྗེ་རྣམ་གཉིས། རྒྱལ་དབང་བསྟན་འཛིན་གྲགས་པ། ་རྒྱལ་སྲས་པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། གསུང་སྤྲུལ་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། པད་གླིང་དྲུག་པ་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། གསུང་སྤྲུལ་བསྟན་པའི་ཉི་མ། འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཐེམ་མེད་སྐོར་རྣམས་པད་གླིང་ནས། དབུས་པ་རྟོགས་ལྡན་ཆོས་ཉིད་བཟང་པོ། སྔགས་འཆང་སངས་རྒྱས་དཔལ། སོ་བླ་མ་ཀུན་དགའ་ལྷུན་གྲུབ། རྒྱལ་སྲས་པདྨ་ཕྲིན་ལས་མན་གོང་བཞིན་ནོ། ༈ བུམ་ཐང་སེང་གེ་ཁྱི་ཅོག་བྲག་ནས་སྤྱན་དྲངས་པའི་དྲག་པོ་འགྲོ་འདུལ་གྱི་སྐོར་ལ། སྨིན་བྱེད་གསང་བ་འདུས་པ་ལ་བརྟེན་ཏེ་ཐོབ་ནས། ལུང་ལ། ག༽ ལུང་བསྟན་གསལ་བྱེད་སྒྲོན་མེ། ལོ་རྒྱུས་དབང་གི་བཤད་པ། དཀྱིལ་འཁོར་འབྲི་བའི་ལག་ལེན། དབང་ཆོག་གསང་བ་འདུས་པ། ལས་བྱང་འགྲོ་བ་ཀུན་འདུལ། རྩ་བའི་སྒྲུབ་ཐབས། ཕྱི་སྒྲུབ་ཡིད་བཞིན་ནོར་བུ། ནང་སྒྲུབ་ཉི་ཟླའི་གའུ། རིག་འཛིན་ཚེ་སྒྲུབ། འཇམ་དཔལ། རྟ་མགྲིན་ཕྱག་རྡོར། མཁའ་འགྲོ་སྡེ་ལྔ། ཁྱུང་མེ་དབལ། སྡིག་པ་རྣམས་ཀྱི་སྒྲུབ་ཐབས། སྡིག་འཁོར་བསྐུལ་དང་བཅས་པ། ཞི་རྒྱས་དབང་དྲག་བཞིའི་སྦྱིན་སྲེག །མེ་ཧོམ་རང་འབར། ཇག་ཆིངས། གཏོར་ཟློག་གི་གཞུང་བཅས་ཐོབ་པའི་བརྒྱུད་པ་དམར་ཆེན་གྱི་ཐེམ་ཅན་ལྟར་དང༌། ཡང་ན། གཏེར་སྟོན་ནས། གྲུབ་པ་ཀུན་འདུས། རྒྱས་སྲས་བསྟན་པའི་འབྱུང་གནས། པདྨ་ཕྲིན་ལས་མན་ཀྱང་གོང་བཞིན་ནོ། ༈ གཏེར་གནས་སྔ་མ་ནས་སྤྱན་དྲངས་པའི་དྲག་ཆུང་མེ་རླུང་འཁྱིལ་བའི་སྐོར་ལ། དབང་བཀའ་འབྲིང་པོའི་སྨིན་བྱེད་ཀྱིས་འཐུས་པར་མཛད་ནས། ལུང་ལ། ག༽ ལུང་བསྟན་གསལ་བའི་མེ་ལོང༌། དྲག་པོའི་ལོ་རྒྱུས། དྲག་པོའི་སྐུའི་དཀར་ཆག །ཕྱི་སྒྲུབ་ནོར་བུ་རྒྱ་མཚོ། ནང་སྒྲུབ་བགེགས་རྣམས་རང་ཞི། གསང་སྒྲུབ་ཌཱ་ཀིའི་སྙིང་ཐིག །ཕྱི་ནང་གསང་གསུམ་གཅིག་དྲིལ་ཌཱ་ཀིའི་སྙིང་ཐིག །གསང་སྒྲུབ་ཀུ་སུ་ལུའི་ཉམས་ལེན། འཇམ་དཔལ། རྟ་མགྲིན། ཕྱག་རྡོར། ལྕགས་སྡིག་རྣམས་ཀྱི་སྒོས་སྒྲུབ། །ལས་བྱང་མེ་རླུང་འཁྱིལ་བ་བཅས་ཐོབ་པའི་བརྒྱུད་པའང་དམར་ཆེན་ཐེམ་ཅན་དང་འགྲོ་འདུལ་བཞིན་ནོ། ༈ །བསམ་ཡས་མཆིམས་ཕུའི་མཆོད་རྟེན་ནས་སྤྱན་དྲངས་པའི་རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་སྐོར་ལ་དབང་ཁྲིད་ལུང་གསུམ་ལས། སྨིན་བྱེད་སྤྲོས་བཅས་དང་སྤྲོས་མེད་སྤྱི་དང་བྱེ་བྲག་གི་དབང་བཀའ་བཅུ་པོ་ཚུལ་བཞིན་ནོས་ཤིང༌། སྙིང་པོའི་དོན་ཁྲིད་གསལ་བའི་སྒྲོན་མེད་ལྷན་ཐབས་ཟུར་འདེབས་སྙན་བརྒྱུད་དང་བཅས་པ་ཐོབ་ནས། ལུང་ལ། ང༽ ཁ་བྱང་གསལ་བའི་ཤེལ་ཕྲེང་ལུང་བསྟན་མུ་ཏིག་ཕྲེང་བ། བརྒྱུད་པའི་ལོ་རྒྱུས་རིམ་པ་བདུན་པ། བརྒྱུད་པའི་ལོ་རྒྱུས་ཆུང་བ། པདྨ་གསལ་གྱི་ཞུས་ལན་ཨུཏྤལ་ལའི་ཕྲེང་བ། ཀུན་ཏུ་བཟང་པོའི་དགོངས་རྒྱུད་ལེའུ་བཞི་པ། སྙིང་པོ་འདུས་པ་དོན་གྱི་རྒྱུད་ལེའུ་བཅུ་གསུམ་པ། གཞིའི་གནས་ཚུལ་གཏན་ལ་དབབ་པ་སྐྱེ་མེད་ཀློང་གྲོལ་ལེའུ་ལྔ་པ། འཁྲུལ་གཞི་གཏན་འབེབས་ཉི་ཟླ་རྒྱ་མཚོ་ལེའུ་དྲུག་པ། དེའི་རྒྱབ་སྐོར་རིག་པ་ཀློང་གྲོལ་ལེའུ་ལྔ། དབང་བཞིའི་སྡོམས་བྱང་ཁྱུང་ཆེན་གཤོག་རྫོགས། སྟ་གོན་གྱི་དབང་ཆོག་ཁྲུས་ལུང་དབང་ཕྲེང་རིམ་པ་ཉི་ཤུ་པ། ཐེག་དགུའི་དབང་ཆོག་རྫོགས་པ་རང་བྱུང༌། ཐེག་དགུའི་སྤྱི་ཁྲིད་གསེར་གྱི་ཐེམ་སྐས། ཁྲོ་བོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས། དབང་གི་སྤྱི་ཆིངས་དབང་ལུང་རྒྱ་མཚོ་ཕུན་ཚོགས་ལྔ་ལྡན། ལས་བྱང་པདྨའི་ཕྲེང་བ། ཞི་ཁྲོ་རྩ་བའི་དབང་ཆོག་དཔག་བསམ་ལྗོན་ཤིང༌། གསང་ཁྲིད་རྡོ་རྗེ་སེམས་དཔའ་རིག་པ་མཆོག་གི་རྒྱུད། སྤྲོས་བཅས་བུམ་དབང་སྨིན་གྲོལ་བདུད་རྩིའི་རྒྱ་མཚོ། བ༽ དོན་ཁྲིད་གསལ་བའི་སྒྲོན་མེ། དེའི་བུ་ཡིག་ཉམས་ལེན་གནད་ཀྱི་མེ་ལོང༌། སྤྲོས་མེད་གསང་དབང་རིན་ཆེན་འཁོར་ལོ། དེའི་བུ་ཡིག་མཁའ་འགྲོ་བརྟགས་འབུམ། ཤིན་ཏུ་སྤྲོས་མེད་ཤེར་དབང་བདེ་ཆེན་ཆུ་རྒྱུན། དེའི་བུ་ཡིག་གསང་འགྲེལ་འཁོར་བ་དོང་སྤྲུགས། རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའི་ཕྲེང་བ། དེའི་བུ་ཡིག་ཉི་མའི་སྙིང་པོ། རིག་པའི་རྩལ་དབང་འཁོར་འདས་དབྱེར་མེད། དེའི་འགྲེལ་པ་ཁྲེགས་ཆོད་དོན་གྱི་སྙིང་པོ། དེའི་ཡང་འགྲེལ་རིག་པ་ཀློང་ཡངས། དབང་ཆོག་ནོར་བུའི་སྒྲོན་མ། སྒྲོན་བཞིའི་དབྱེ་སྟོན་གསལ་བའི་མེ་ལོང༌། སྣང་བཞི་གཏན་འབེབས་ཟབ་ཏིག་དགོངས་པ་རང་གྲོལ། དའི་བུ་ཡིག །སྣང་བཞི་འཆར་བྱེད་ཉི་མའི་འོད་ཟེར། ཐོབ་གསུམ་གདིང་བརྒྱད་ཀྱི་གདམས་པ་སྐྱེ་མེད་དོན་སྦྱོར། དེའི་བུ་ཡིག་སྐུ་གསུམ་དབྱེར་མེད་འཁོར་འདས་རང་གྲོལ། དེའི་ཡང་ཡིག་སྐུ་གཉིས་གཏན་འབེབས། ཡང་གསང་རྡོ་རྗེ་སེམས་དཔའི་དགོངས་ཚིག་ལེའུ་གཉིས་པ། དེའི་བུ་ཡིག་བར་དོ་བཞི་སྦྱོར་གྱི་མན་ངག་རྡོ་རྗེ་སེམས་དཔའི་དགོངས་ཏིག །ངོ་སྤྲོད་རིན་པོ་ཆེ་འོད་ཀྱི་དྲྭ་བ། དེའི་བུ་ཡིག་མུ་ཏིག་ཕྲེང་བ། མུན་ཁྲིད་གསལ་བའི་སྒྲོན་མེ། དེའི་བུ་ཡིག་ཨར་གཏད་ཉི་མའི་སྙིང་པོ། ཆུའི་སྒྲ་ལ་བརྟེན་ནས་སྒོམ་ཚུལ། བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་རྒྱུད། དེའི་བུ་ཡིག་ལག་ལེན་ཡིད་བཞིན་ནོར་བུ། འཆི་བརྟགས་འཆི་བསླུ་ཉི་ཟླའི་གའུ། དེའི་བུ་ཡིག་འཕོ་བ་རྡོ་རྗེའི་ལྕགས་ཀྱུ། རྒྱབ་ཡིག་ཡིད་ཆེས་འབྲས་བུ་ཐོབ་ཚུལ། གསང་བ་རིང་བསྲེལ་གྱི་སྒྲུབ་པ། འཆི་མེད་ཚེའི་གསང་སྒྲུབ། ལྷ་མོ་རི་ཁྲོད་མའི་སྒྲུབ་པ། གེགས་སེལ་སྨན་གྱི་མན་ངག་བདུད་རྩིའི་ཐིག་པ། རྩ་རླུང་འཁྲུལ་འཁོར་གསང་བའི་ལྡེ་མིག །གཏུམ་མོའི་གསང་ཁྲིད་བདེ་བ་ལམ་རྫོགས། བདུད་རྩི་ཚན་གྱི་བཅུད་ལེན་ལས་ཚོགས་བརྒྱད་པ། གཏེར་བདག་གཡུ་སྒྲོན་མའི་སྒྲུབ་ཐབས་ཡིད་ཀྱི་དཔལ་མཚོ། པེ་བཙན་ཀླུ་གསུམ་གྱི་གསོལ་ཁ་བསྐུལ་དང་བཅས་པ་རྣམས་དང༌། གཏེར་སྟོན་གྱིས་མཛད་པའི་གཏེར་བྱུང་ཡིད་བཞིན་ནོར་བུའི་ཕྲེང་བ། ཁྲིད་ཀྱི་སྔོན་འགྲོ་ཆོས་སྤྱོད་བྱིན་རླབས་སྤྲིན་ཕུང༌། དོན་ཁྲིད་ཀྱི་སྔོན་འགྲོ་ཆོས་སྤྱོད། གསང་དབང་གི་གསོལ་འདེབས། བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་ཁྲིད་ཡིག་བཅས། འདི་དག་ལས་ལུང་བསྟན། ལོ་རྒྱུས་ཆུང་བ། སྙིང་པོ་དོན་རྒྱུད། གནད་ཀྱི་མེ་ལོང་སྣང་བཞི་ཉི་འོད། སྒྲོན་བཞི་དབྱེ་གསལ། ཟབ་ཏིག་དོན་ཁྲིད་གསལ་སྒྲོན། འཕོ་བ། དབང་ཆོག་ནོར་བུ་སྒྲོན་མ་རྣམས་ནི་ཀློང་ཆེན་པས་མཆིམས་ཕུ་ནས་སྤྱན་དྲངས་ཏེ་བུམ་ཐང་ཐར་གླིང་དུ་སྦས་པ་སླར་ཡང་པད་གླིང་གིས་བཏོན་པའོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་ཆེན་པདྨ་གླིང་པ། དེས་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང༌། དབུ་མཛད་གྲུབ་པ་ཀུན་འདུས། གཉིས་ཀས་རྒྱལ་དབང་བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། བསྟན་འཛིན་ལེགས་པའི་དོན་གྲུབ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། ཀུན་བཟང་བསྟན་པའི་ཉི་མ། འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེས་མངྒ་ལ་ལའོ། །དོན་ཁྲིད་ཀྱི་བརྒྱུད་པ་གཅིག་པ་ལ། པད་གླིང་ལྔ་པ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ནས། སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། དེས་པད་གླིང་དྲུག་པ་ལྷུན་གྲུབ་བདེ་ཆེན་རྡོ་རྗེ་ལ་བརྒྱུད་པ་དང༌། ཡང་དབང་ལུང་བརྒྱུད་ལུགས་གཅིག་ནི། བསྟན་འཛིན་ལེགས་པའི་དོན་གྲུབ་ནས། ངག་དབང་འབྲུག་པ། ངག་དབང་རྒྱ་མཚོ། ཡོན་ཏན་མཐའ་ཡས། པད་ཕྲིན་བཞི་པ། པད་གླིང་དྲུག་པ་མན་གོང་བཞིན་ནོ། ༈ །མེ་འབར་མཚོ་ནས་སྤྱན་དྲངས་པའི་ཀློང་གསལ་གསང་བ་སྙིང་བཅུད་ཀྱི་སྐོར་ལ། སྟ་གོན་སྔོན་དུ་འགྲོ་བས་ཞི་ཁྲོའི་བུམ་གསང་ཤེར་ཚིག་ཐེག་དགུ་དང་བཅས་པའི་དབང་བཀའ་ལེ་ཚན་བརྒྱད་ཚུལ་བཞིན་ཐོབ་ནས། ལུང་ལ། ཅ་སྟོད་ཆ༽ ཐེམ་བྱང་པདྨའི་ཕྲེང་བ། དབང་གི་སྔོན་འགྲོ་པདྨའི་ལྗོན་ཤིང༌། དབང་བཞིའི་སྤྱི་ཆིངས་ཁྱུང་ཆེན་ལྡིང་བ། ཐེག་མཆོག་རིན་ཆེན་དབང་ཕྲེང་གི་སྔོན་འགྲོ་ལས་རིམ་བཅོ་བརྒྱད་པ། དེའི་ས་བཅད་ཁ་བྱང༌། དབང་མོ་ཉེར་བརྒྱད་ཀྱི་རྫས་དབང་འཁོར་བ་དོང་སྤྲུགས། ཁྲོ་བོའི་དབང་གི་སྒོ་འབྱེད་བར་དོ་རྩད་གཅོད། རྒྱབ་ཡིག་ཞི་བའི་དབང་གི་བསྐུར་ཐབས། ཞི་ཁྲོ་གཉིས་ཀྱི་དབང་གི་ཁ་བྱང་ཡང་བྱང་དང་བཅས་པ་མཚོ་རྒྱལ་གྱིས་མཛད་པ། ཐེག་མཆོག་རིན་ཆེན་དབང་ཕྲེང་གི་རྗེས་ཀྱི་ལས་རིམ་བཅོ་བརྒྱད་པ། དེའི་ཁ་བྱང་ཐེག་དགུའི་དབང་ཆོག་ཀུན་སྣང་ཟིལ་གནོན། ཞི་བའི་བུམ་དབང་ཐེག་མཆོག་རིན་ཆེན། ཁྲོ་བོའི་བུམ་དབང་རིན་ཆེན་ཐེམ་སྐས། སྤྲོས་མེད་གསང་དབང་རིན་ཆེན་འཁོར་ལོ། ཤེར་དབང་པདྨ་འབར་བ་ཡེ་ཤེས་བརྩེགས་པ། ཚིག་དབང་རིག་པའི་རྩལ་དབང་རང་རིག་གསལ་བའི་མེ་ལོང༌། ཞིབ་བྱང་ཆུབ་སེམས་ཀྱི་ལས་བྱང༌། ཁྲོ་བོ་རང་བཞིན་གྱི་ཕྲིན་གཞུང༌། སྔོན་འགྲོ་དོན་ཁྲིད་ལམ་རིམ་བརྩེགས་པ། ཅ་སྨད་ཆ༽ དངོས་གཞི་དོན་ཁྲིད་ལམ་གྱི་སྒྲོན་མ། མངོན་སུམ་ཚད་འབེབས་ཀྱི་གདམས་པ། ངོ་སྤྲོད་རིག་པ་གསལ་བྱེད་ཀྱི་རྒྱུད། བར་དོ་བཞི་སྦྱོར་གྱི་ངོ་སྤྲོད་ཆེན་མོ། གསོན་བུམ་ཡང་དག་ཐུགས་རྗེའི་གནས་ལུང༌། གཤིན་བུམ་ཡང་གསང་ཐུགས་རྗེའི་ལྕགས་ཀྱུ། དེའི་གཟུ་དཔང༌། ཞྭ་ཆོས་རིན་ཆེན་ཅོད་པན། སྲི་སྲུང་ཆེན་མོ། གནམ་ལྕགས་ཨུར་མོའི་མན་ངག་གཏད་ཟློག་སྦལ་པ་ཁ་སྦྱོར་མ། སྨན་དཔྱད་བདུད་རྩིའི་བུམ་པ། རྟོག་མེད་མཚོན་ཆའི་འཁོར་ལོ། ཁྱི་སྨྱོན་གྱིས་རྨུག་པ་བཅོས་ཐབས། སྒྲིབ་ཤིང་ཟབ་པའི་མཐར་ཐུག །རྐང་མགྱོགས་སྒྲུབ་ཐབས། མཚོན་སྲུང༌། ཟ་ཡིག་ཀྲོང་སྡོམ་མ། ལུང་བསྟན་གསལ་བའི་སྒྲོན་མེ། སྦས་ཡུལ་འབྲས་མོ་ལྗོངས་དང་མཁན་པ་ལྗོངས་ཀྱི་གནས་ཡིག །ཡང་མཁན་པ་ལྗོངས་ཀྱི་གནས་ཡིག་ཟུར་བཀོལ། ཆོས་སྤྱོད་གཏེར་སྟོན་གྱིས་མཛད་པ་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། ཤྲཱི་སིངྷ། ཨོ་རྒྱན། མཚོ་རྒྱལ། གཏེར་སྟོན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས་མན་དགོངས་འདུས་བཞིན་ནོ། ༈ །བུམ་ཐང་སེང་གེ་བྲག་རི་མོ་ཅན་ནས་གཏེར་སྟོན་ཤེས་རབ་མེ་འབར་གྱིས་བཏོན་པ་པད་གླིང་གི་ཆོས་སྐལ་ཡིན་སྟབས་ཡང་གཏེར་དུ་སྤེལ་བར་མཛད་པ་རྒྱུད་བུ་ཆུང་གི་སྐོར་ལ། སྟ་གོན་སྔོན་དུ་འགྲོ་བས་དབང་བཞི་ལེགས་པར་ནོས་ནས། ལུང་ལ། ཆ༽ སྙིང་ཐིག་གསང་བའི་རྒྱུད་ཀྱི་ཁ་བྱང༌། འོད་ཟེར་ཅན་གྱི་རྒྱུད། དེའི་འགྲེལ་པ་དྲི་མེད་དམ་པའི་ཕྲེང་བ། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད། དེའི་འགྲེལ་པ་ཐེག་དགུའི་སྤྱི་ཁྲིད། རིག་པ་རང་ཤར་ཆེན་པོའི་སྤྱི་རྒྱུད། དེའི་གསང་འགྲེལ་གསེར་གྱི་ཐེམ་སྐས། སྤྲོས་མེད་གསང་དབང་རིག་པ་རང་གྲོལ་གྱི་རྒྱུད། དེའི་འགྲེལ་པ་ཐོད་རྒལ་གྱི་ལམ་ཁྲིད་ནོར་བུའི་ཕྲེང་བ། ཤེར་དབང་ཆེ་མཆོག་དགོངས་པའི་རྒྱུད། དེའི་གསང་འགྲེལ་ལམ་འབྲས་རྩ་རླུང་འདོད་ཆགས་ལམ་ཁྱེར། ཚིག་དབང་སེང་གེ་རྩལ་རྫོགས་ཀྱི་རྒྱུད། དེའི་འགྲེལ་པ་ཁྲེགས་ཆོད་ལམ་ཁྲིད། དེའི་རྒྱབ་སྐོར་དཔལ་ཡི་གེ་མེད་པའི་རྒྱུད། འགྲེལ་པ་ཁྱུང་ཆེན་གཤོག་རྫོགས། སྒྲོན་མ་འབར་བའི་རྒྱུད། དེའི་འགྲེལ་པ་ལུང་ལམ་གྱི་ཕྲེང་བ། བར་དོ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད། དེའི་འགྲེལ་པ་ངོ་སྤྲོད་རིན་ཆེན་སྤྲས་པ། དེའི་ཡང་འགྲེལ་བར་དོ་ལམ་སྦྱོར། བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད། དེའི་བུ་ཡིག་ཉི་ཟླ་ཁ་སྦྱོར། སངས་རྒྱས་སྲས་གཅིག་གསང་བ་གཅོད་པ་ས་བོན་གྱི་རྒྱུད། སྐུ་གདུང་འབར་བའི་རྒྱུད། བུ་ཡིག་ལུང་ནས་དྲངས་པའི་འགྲེལ་ཆུང༌། མུ་ཏིག་ཕྲེང་བའི་རིན་པོ་ཆེའི་རྒྱུད། དེའི་འགྲེལ་པ་གསེར་གྱི་ཕྲེང་བ་རྒྱབ་སྐོར་དང་བཅས་པ། །ནོར་བུ་ཕྲ་བཀོད་ཀྱི་རྒྱུད། འགྲེལ་པ་དུས་བཞི་སངས་རྒྱས་མཉམ་སྦྱོར། དེའི་འགྲེལ་པ་རིན་ཆེན་སྤུངས་པ། འགྲེལ་ཆུང་ཡོན་ཏན་རིན་པོ་ཆེའི་རྒྱུད། ཀུན་བཟང་ཐུགས་ཀྱི་མེ་ལོང་གི་རྒྱུད། དེའི་དོན་འགྲེལ་ཀ་ཐོའི་སྡོམ་བྱང་དང་བཅས་པ། ཞུས་ལེན་མེ་ལྕེ་ཕྲེང་བའི་རྒྱུད། སྔགས་སྲུང་ཤ་ཟ་ཧོར་མོའི་སྒྲུབ་ཐབས་ཆོ་འཕྲུལ་དང་བཅས་པ། ཁྲིད་ཀྱི་ཆོས་སྤྱོད་གཏེར་སྟོན་གྱིས་མཛད་པ་བཅས། དེ་ལྟར་རྩ་བ་བུ་ཡིག་དང་བཅས་པས་ཆོས་སྡེ་ཞེ་གཅིག །ཞུས་ལེན་དང་བཀའ་སྲུང་བསྣན་པས་ཞེ་གསུམ་མོ། །དེ་དག་གི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། རྡོ་རྗེ་འཆང༌། གཞོན་ནུ་དཔའ་བོ་སྟོབས་ལྡན། དགའ་རབ་རྡོ་རྗེ། ཨོ་རྒྱན་ཆེན་པོ། མ་གཅིག་མཚོ་རྒྱལ། གཏེར་སྟོན་ཆེན་པོ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས་མན་གོང་བཞིན་ནོ། ༈ །བུམ་ཐང་སྟང་གི་བྲག་རི་མོ་ཅན་ཟངས་ཕུག་རྡོ་རྗེའི་ར་བ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་སྐོར་ལ། དབང་ཆོག་རེག་པ་དོན་ལྡན་ལྷན་ཐབས་དང་བཅས་པའི་སྟེང་ནས་ནོས་ཏེ། ལུང་ལ། ཇ༽ ལོ་རྒྱུས་སྟོང་ཐུན་རིན་པོ་ཆེའི་ཕྲེང་བ། རྒྱལ་སྲས་མི་ཏྲ་ཛྭ་ཀིའི་རྣམ་ཐར། རྒྱལ་བུ་དྲི་མེད་ཀུན་ལྡན་ཀྱི་སྐྱེས་རབས་རྣམ་ཐར། ཐུགས་རྗེ་ཆེན་པོ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལེའུ་བདུན་པ། དབང་ཆོག་རེག་པ་དོན་ལྡན། གཏེར་སྟོན་གྱིས་མཛད་པའི་དབང་བཤད་པུཎྜ་རི་ཀའི་ཕྲེང་བ་དང་གསོལ་འདེབས་མ་ཎི་མ་ལྷན་ཐབས་ཏེ་གསུམ། དབང་ཙཀ་རྒྱབ་ཡིག །རིག་པའི་རྩལ་དབང༌། བསྙེན་སྒྲུབ་གཞུང་སྲོང་ལས་བྱང་གི་རིམ་པ། སྨན་རཀ་གཏོར་གསུམ་བྱིན་རློབ་མན་ངག་ཤོག་གཅིག་མ། རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ། ཀུན་འགེབས་གཏོར་མ་ཆ་གསུམ། ཁྲོམ་ཆོས་འགྲོ་དོན་ཀུན་ཁྱབ། སྔོན་འགྲོ་ཆོས་སྤྱོད། ཡང་སྙིང་འདུས་པའི་ཐུགས་ཁྲིད་ཆེན་མོ། ཁྲིད་རྒྱབ་རྣལ་འབྱོར་ཉི་ཤུ་པ། བསླབ་བཏུས་ལེའུ་བརྒྱད་པ་དང༌། སྤྱན་རས་གཟིགས་ཕྱག་བཞི་པའི་སྒོམ་རིམ་གཏེར་སྟོན་གྱིས་མཛད་པ། མན་ངག་འཕྲུལ་ཚོའི་སྐོར་དགོས་པ་ཀུན་འབྱུང་ལས་ཕྲན་བཅུ་གསུམ་པ། སྐྱེ་བདུན་ཨ་མའི་ལོ་རྒྱུས། ཤ་རིལ་བྱིན་འབེབས། རིག་འཛིན་བསྐུལ་བ་གཏེར་སྟོན་གྱིས་མཛད་པའི་སྐྱེ་བདུན་ཕན་ཡོན་དང་སྦྱར་ཐབས། དེའི་ཕྱག་ལེན་རྒྱལ་བ་དོན་གྲུབ་ཀྱི་ཟིན་བྲིས། རྒྱལ་བ་དོན་གྲུབ་ཀྱི་དྲིས་ལེན། སྲེག་པ་གསུམ། སྲུང་བ་གསུམ། འབེབས་པ་གསུམ། སྒྲུབ་པ་གསུམ། བམ་སྒྲུབ་གསུམ། མིག་སྨན་གྱི་གདམས་པ། མནན་པ་གསུམ། བསད་པ་གསུམ། བཀའ་སྲུང་བལ་མོ་སྲོག་རླུང་དམར་ནག་གི་སྒྲུབ་ཐབས་མངོན་སྤྱོད། བདུད་བཙན་ཁྱུང་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས། རིན་ཆེན་གཏེར་བདག་ཟོ་ར་ར་སྐྱེས་ཀྱི་སྒྲུབ་ཐབས་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཆེན་པོ། མཁའ་འགྲོ་མཚོ་རྒྱལ། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། འགྱུར་མེད་རྡོ་རྗེ། ཀུན་བཟང་རྡོ་རྗེ། མཆོག་གྲུབ་དཔལ་འབར། གྲུབ་མཆོག་རྡོ་རྗེ། པདྨ་ཁྱབ་བདག །སྲིད་ཞི་རྣམ་རྒྱལ། བདེ་ཆེན་རྡོ་རྗེ། རིག་འཛིན་རྡོ་རྗེ། བསྟན་པའི་ཉི་མ། ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན། གྲུབ་མཆོག་རྡོ་རྗེ་ནས། སློབ་དཔོན་སྔགས་རམ་པ་པདྨ་ཆོས་དབང༌། བསྟན་འཛིན་ཆོས་ཀྱི་ཉི་མ། པད་གླིང་དྲུག་པ་མན་གོང་བཞིན་ནོ། ༈ །སྨན་མདོའི་གཏེར་མ་རྟ་མགྲིན་དམར་པོ་དྲེགས་པ་ཟིལ་གནོན་གྱི་སྐོར་ལ། སྨིན་བྱེད་ནོར་བུ་རྒྱ་མཚོའི་རྟ་མགྲིན་གྱི་དབང་བསྐུར་ཉིད་ལ་ལས་ཚོགས་ཉེར་གཅིག་པའི་གཏོར་དབང་སྦྱོར་བ་ཙམ་ཁྱད་པར་དུ་བྱས་པས་ཁྱབ་པར་མཛད་ནས། ལུང་ལ། ན༽ རྟ་མགྲིན་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལོ་རྒྱུས་མདོར་བསྡུས། རྟ་ཐོད་ལྷ་ཞལ་ལ་བརྟེན་པའི་ཕྱི་སྒྲུབ། དྲེད་ཐོད་ལྷ་ཞལ་ལ་བརྟེན་པའི་ནང་སྒྲུབ། འཁོར་ལོ་ལྷ་ཞལ་ལ་བརྟེན་པའི་གསང་སྒྲུབ། ཡང་གསང་དྲེགས་པ་ཟིལ་གནོན་དུ་སྒྲུབ་པ། བསད་ཐབས་དགུའི་མན་ངག །དཔལ་གྱི་ཕོ་ཉ་ལས་བྱེད་བསྐུལ་བ། སྔགས་སྲུང་ལྕམ་དྲལ་གྱི་ལས་ཀྱི་མདེའུ་ཁ་ཉེར་གཅིག་པ། བར་ཆད་མེད་པ་གཏོར་མའི་ལས་ཚོགས་ཉི་ཤུ་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཁྲི་སྲོང༌། རྒྱལ་བ་མཆོག་དབྱངས། གཏེར་སྟོན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས་མན་གོང་བཞིན་ནོ། ༈ །བྲག་དམར་དོ་བོའི་གཏེར་མ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྐོར་ལ། སྨིན་བྱེད་དྲེགས་པ་སྲོག་འཕྲོག་དབང་གི་ཆོ་ག་བཞིན་ནོས་ནས། ལུང་ལ། ན༽ དྲེགས་པ་སྲོག་འཕྲོག་ལྷ་ལྔའི་ལོ་རྒྱུས། ལས་བྱང༌། དབང་ཆོག །རྩ་སྒྲུབ། ལས་ཚོགས་སྲིའུ་གསོ་བ་ནས་རྦོད་གཏོང་ཟློག་པའི་བར་ནང་ཚན་ཉེར་བཞི་པ་རྣམས་དང༌། སྨན་མདོའི་གཏེར་མ་རྟ་ནག་དཔའ་བོ་གཅིག་པའི་སྒྲུབ་ཐབས། བཀའ་སྲུང་བསེ་མདོང་དམར་མོའི་སྒྲུབ་ཐབས་བསྐུལ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། དཔའ་བོ་སྟོབས་ལྡན། དགའ་རབ། ཨོ་རྒྱན་ཡབ་ཡུམ། གཏེར་ཆེན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ་ནས་གོང་བཞིན་ནོ། །འདིར་སྨན་མདོའི་གཏེར་མ་རྟ་མགྲིན་གྱི་སྒྲུབ་ཐབས་ཙིཏྟའི་ཡང་ཞུན་ཞེས་པ་སྨིན་གཏེར་གསན་ཡིག་ཏུ་སྣང་ཡང་ད་ལྟ་དཔེ་ལུང་གི་རྒྱུན་མ་རྙེད་དོ། ༈ །སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་སྤྱན་དྲངས་པའི་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་སྐོར་ལ། རྩ་དབང་རྡོ་རྗེ་རྒྱས་འདེབས་ལ་འགྲོ་དོན་ཀུན་ཕན་སྦྱར་བའི་རྒྱས་པ་དང༌། ཚེ་དབང་གསུང་རྒྱུན་མར་གྲགས་པ་བཅས་ཐོབ་ཅིང༌། ཁྲིད་གཞུང་གསལ་སྒྲོན་སྙན་བརྒྱུད་ཀྱིས་བརྒྱན་པ་ལེགས་པར་ནོས་ནས། ལུང་ལ། ཉ༽ ཁ་བྱང་དོན་གསལ་མེ་ལོང༌། བརྒྱུད་པའི་ལོ་རྒྱུས་རིན་ཆེན་སྤུངས་པ། ཚེའི་ཁོག་དབུབ་ཆེན་མོ། ལས་བྱང་དགོས་འདོད་ཀུན་འབྱུང༌། བུམ་སྒྲུབ་རིན་ཆེན་ཕྲེང་བ། མངོན་རྟོགས་རྡོ་རྗེའི་སྲོག་འཁོར། ཚེའི་ཕོ་ཉ་འགུགས་བྱེད་རྡོ་རྗེའི་ཕྲེང་བ། བྱིན་འབེབས་འོད་ཀྱི་དྲྭ་བ། དབང་ཆོག་རྡོ་རྗེ་རྒྱས་འདེབས། ཚེ་གཏའ་སྡོམ་པའི་མན་ངག །འཆི་མེད་རྡོ་རྗེའི་རྒྱ་མདུད། པྲ་བརྟག་གསལ་བའི་མེ་ལོང༌། ཁྲིད་གཞུང་དོན་གསལ་མེ་ལོང༌། ཚེ་ལྷ་སྐུ་ལྔའི་སྒྲུབ་ཐབས། བཏགས་གྲོལ་རྒྱུད་ཀྱི་སྙིང་པོ་ལེའུ་ལྔ་པ། འཆི་བརྟགས་ཐབས་ཉི་མ་ལྟ་བུ། འཆི་བསླུའི་རིམ་པ། འཆི་མེད་རིལ་བུའི་བཅུད་ལེན། ཚེའི་འཁོར་ལོ་བྲི་ཐབས། ལས་བཞིའི་སྦྱིན་སྲེག །སྲོག་རྩོལ་རླུང་གི་གདམས་པ། ཁྲུས་ལུང་ཉོན་མོངས་ནད་སེལ། འཆི་མེད་རིན་ཆེན་གསང་རྒྱུད་ལེའུ་ཉེར་གསུམ་པ་རྣམས་དང༌། གཏེར་སྟོན་གྱིས་མཛད་པ་དབང་ཆོག་འགྲོ་དོན་ཀུན་ཕན། སྒྲུབ་ཆེན་ལྷན་ཐབས་དཀྱིལ་འཁོར་རྒྱན་བཀོད་ནོར་བུ་དགོས་འདོད་ཀུན་འབྱུང༌། དབང་བཤད་ནོར་བུའི་ཕྲེང་བ། དབང་ཆོག་བསྡུས་པ་གསུང་རྒྱུན་མ། སྔོན་འགྲོ་ཆོས་སྤྱོད་བཅས་ཚང་པར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་ལྷ་རིགས་ལྔ ་ཨོ་རྒྱན་ཆེན་པོ། མཁའ་འགྲོ་མཚོ་རྒྱལ། གཏེར་ཆེན་པད་གླིང༌། སྲས་ཟླ་བ་རྒྱལ་མཚན། རྒྱལ་དབང་བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་ལེགས་པའི་དོན་གྲུབ། ངག་དབང་འགྱུར་མེད་རྡོ་རྗེ། དེ་གཉིས་ཀས་འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། ཀུན་བཟང་བསྟན་པའི་ཉི་མ། འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན་གཏེར་སྟོན་ནས། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་རྡོར་མན་གོང་བཞིན་ནོ། །ཡང་ཁྲིད་བརྒྱུད་གཅིག་ནི། བསྟན་འཛིན་འགྱུར་མེད་རྡོ་རྗེ་ནས། མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ། ལྕགས་ཟམ་བསྟན་འཛིན་བདུན་པ པད་གླིང་དྲུག་པ་མན་འདྲའོ། ༈ སྐུ་རྗེས་རྡོ་རྗེ་བརྩེགས་པའི་བྲག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་སྐོར་ལ། དབང་གསང་རྒྱུད་ལེའུ་བཅུ་བཞི་པ་དང་གཏེར་སྟོན་གྱིས་མཛད་པའི་ལྷན་ཐབས་སྦྱར་བའི་སྟེང་ནས་ནོས་ཏེ། ལུང་ལ། ན༽ གསང་རྒྱུད་ནོར་བུ་ལམ་ཁྱེར། ལོ་རྒྱུས་དབང་གི་བཤད་པ། འཆི་བ་བརྟགས་པ་ཉི་ཟླའི་རྒྱ་ཅན། སྣང་བ་གསུམ་ལ་བརྟེན་ནས་ནང་གི་འཆི་བརྟགས། གསང་བ་སེམས་ཀྱི་འཆི་བརྟགས། འཆི་བསླུའི་གདམས་པ་མུ་ཏིག་ཕྲེང་བ། ནང་སྒྲུབ་ཟབ་པའི་མཐར་ཐུག །ཚེའི་ཉམས་ལེན་རྒྱུན་ཁྱེར། བླ་མ་དང་ཚེ་དཔག་མེད་སྦྲག་པར་སྒྲུབ་པ། ཚེ་འགུགས་ཀྱི་རིམ་པ། དབང་ཆོག་གཏེར་སྟོན་གྱིས་མཛད་པ། རྡོ་རྗེའི་ཚེ་འཁོར་ཆེན་མོ་བྲི་ཐབས། ཆོས་སྤྱོད། དབང་གི་ཕྱག་བཞེས་ཟིན་བྲིས་བཅས་ཐོབ་པའི་ལུང་གི་བརྒྱུད་པ་ནི་གོང་བཞིན་དང་དབང་རྒྱུན་བར་ལམ་ཆད་པ་ཕྱིས་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད་དུ་བབས་པའི་རྒྱུན་མཁྱེན་བརྩེ་ནས་རྦ་ཁ་རིག་འཛིན་ཁམས་གསུམ་ཡོངས་གྲོལ། བླ་མ་ཕུན་ཚོགས་རབ་རྒྱས། སློབ་དཔོན་རྒྱལ་མཚན། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། ༈ །མཚལ་མདོའི་ཁྲ་རིང་བྲག་ནས་སྤྱན་དྲངས་པའི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་སྐོར་ལ། དབང་བཀའ་རིན་ཆེན་ཕྲེང་བའི་སྟེང་ནས་ལེགས་པར་ནོས་ཏེ། ལུང་ལ། ཏ༽ ཐེམ་བྱང༌། ནཱ་ག་བདུད་འདུལ་ནག་པོའི་རྒྱུད་ལེའུ་བཅུ་གཅིག་པ། ཕྱི་སྒྲུབ་མན་ངག་སྒྲུབ་པ་པདྨའི་ཁོངས་སྙིང༌། དེའི་ལས་མཐའ་ཁྱད་པར་ཅན་གྱི་ལས་ཚོགས་གསུམ། ཐུན་མོང་གི་ལས་ཚོགས་བཅུ་གཅིག །གཏུམ་པོའི་ནང་སྒྲུབ་གསང་བ་སྙིང་གི་དུམ་བུ། དེའི་ལས་ཚོགས་བུམ་ཁྲུས། བད་གསོ། གཏོར་དབང་སྟེ་ཕན་བྱ་གསུམ། ཁྱད་པར་གྱི་ལས་ཚོགས་སྤུ་གྲི་རེག་གཅོད་སྤྱི་དོན་བཅུ་བཞི་པ། གཟའ་འཇིག་རྟེན་པའི་སྒྲུབ་པ་སྤྱི་དོན་དྲུག་པ། སྡེ་བརྒྱད་ཝ་ཐོད་ནག་པོ་གཅེས་པའི་བཀའ་རྒྱ་དྲུག་པ་གོང་གནོན་སོགས་ཚང་བ། བསྐྲད་པ་ཕྲ་མེན་དོམ་ལག་མ། ཉེ་འབྱེད་བསེ་ཤིང་མ། ཛམ་དམར་ཐུགས་སྒྲུབ་ལས་ཚོགས་དང་བཅས་པ། འགོམ་ཆོག་ཕྲ་མེན་འཁོར་ལོ་གསུམ་པ་ཞལ་ཁྲིད་དང་བཅས་པ། ཁང་སེར་ར་དོམ་ནག་པོ། ངག་གནོན་རང་འོག་མ། རང་གཤེད་སྡེ་བརྒྱད་གནད་འཁོར། གསང་བདག་ཆེན་པོའི་གསང་སྒྲུབ། ལས་བཞིའི་སྦྱིན་སྲེག །བསྟོད་པ། གཏུམ་པོའི་སྐུ་སྒྲུབ། དེའི་ལས་བྱང༌། དེའི་ལས་མཐའ་སེང་ཕུར་ཉེར་གཅིག་མ། ཀླུ་གཏེར་གཞུག་པ། ཀླུ་རྟེན་སྤོ་བ། ཀླུའི་བྱད་གྲོལ། ཀླུ་གཏའ་སྡོམ་པ། ཆར་ཆོག །ཀླུའི་གདོན་འགྲོལ་རྒྱས་པ། གཏུམ་པོ་གསུང་གི་སྒྲུབ་ཐབས། དེའི་ལས་མཐའ། ཐུན། ཡུངས་ཀར། ཕུར་པ། རལ་གྲི། རྫས་སྦྱོར། ཙཀྲ། ངན་ཐབས། གཏད་ཁྲམ་རྣམས། གཏུམ་པོ་ཧཱུྃ་གི་ཐུགས་སྒྲུབ། གཏུམ་པོ་ཁྲོ་བཅུའི་ལས་བྱང༌། དེའི་ལས་ཚོགས་གསང་བ་ཐུགས་ཀྱི་ཕུར་གཅིག་གདབ་ལས་བཅས། ཐུགས་སྒྲུབ་ལས་བྱང་ཚོགས་མཆོད། ཕྱག་རྡོར་ཡོན་ཏན་གྱི་སྒྲུབ་པ། དྲེགས་པ་ཕྲིན་ལས་ཀྱི་སྒྲུབ་པ། སྤྱི་ཁོག་སྒྲུབ་གཞུང་ཆེན་མོ། དབང་ཆོག་རིན་ཆེན་ཕྲེང་བ། ཁྱུང་གཅིག་མའི་སྒྲུབ་པ། ཀུན་འདུལ་ཁྲོ་བོའི་དྲིལ་སྒྲུབ། དབང་གི་ལས་བྱང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། རྡོར་སེམས། ཕྱག་རྡོར། དགའ་རབ། ཨོ་རྒྱན་ཡབ་ཡུམ། ཁྲི་སྲོང༌། པདྨ་གླིང་པ། གྲུབ་པ་ཀུན་འདུས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། དེས་བླ་མ་པདྨ་ཁྱབ་བདག་དང༌། སློབ་དཔོན་པདྨ་ཆོས་དབང་ལ སྔ་མ་ལས་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ཕྱི་མས་ཐུགས་སྲས་བསྟན་འཛིན་ཆོས་ཀྱི་ཉི་མ། དེས་གཉིས་ཀས་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། གསུང་སྤྲུལ་བསྟན་པའི་ཉི་མ། གཏེར་སྲས་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། ༈ །གཏེར་གནས་གསུམ་ནས་སྤྱན་དྲངས་པའི་ཕྱག་རྡོར་གཏུམ་པོའི་སྐོར་ལ། དབང་མེ་ལྕེ་ཕྲེང་བའི་སྟེང་ནས་ནོས་ཏེ། ལུང་ལ། ཏ༽ ལས་བྱང་གནམ་ལྕགས་འོད་ཀྱི་དྲྭ་བ་ག་དང་བྲག་གི་གཏེར་མ། དབང་བཤད་དང་དབང་ཆོག་མེ་ལྕེ་ཕྲེང་བ་སྨན་མདོའི་གཏེར་མ། ཁྲུས་གསོལ་དུག་དབྱུང་དང་བཅས་པ་བྲག་དམར་དོ་བོའི་གཏེར་བྱོན་ཐུགས་ནས་བསྒྱུར་བ་བཅས་ཐོབ་པའི་བརྒྱུད་པ་དྲེགས་འདུལ་དང་འདྲའོ། ༈ །སྨན་མདོའི་སེང་གདོང་བྲག་ནས་སྤྱན་དྲངས་པའི་ཕུར་བ་ཡང་གསང་སྲོག་གི་སྤུ་གྲིའི་སྐོར་ལ། མ༽ སྨིན་བྱེད་སྒྲུབ་འབུམ་དང་དབང་ཆུ་སྦྱར་བའི་སྟེང་ནས་ནོས་ཏེ། ལུང་ལ། རྩ་བའི་རྒྱུད་རྡོ་རྗེ་གཞོན་ནུ་ཕུར་པ་ཀུན་འདུས་ཡང་སྙིང་ཕུར་གཅིག་མ། དེའི་འགྲེལ་པ་རྒྱ་ཆེར་བཤད་པ། རྩ་བའི་རྒྱུད་ཀྱི་བསྡུས་དོན། ཨོ་རྒྱན་སྙིང་གཏམ་ཡང་དག་ཕུར་པའི་སྤྱི་སྡོམས་མཐའ་རྒྱས་མཚོ་རྒྱལ་གྱི་ཞུ་ལེན། སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཕུར་པའི་ལྡེ་མིག་ཉེར་གཅིག །ཕུར་པའི་སྤྱི་ཁོག་ཡང་དག་འབྲས་བུའི་འཕྱོང༌། དབང་ཆོག་ཆེན་མོ། དབང་གི་ཏི་ཀ །དབང་གི་སྔོན་འགྲོ་ཡན་ལག་བདུན་པ། ཕྱི་སྙིང་ཐིག་སྤུ་གྲི་འབར་བའི་སྒྲུབ་ཐབས་རང་དོན་བྱང་ཆུབ་ནར་མར་སྒྲུབ་པ། ནང་དབང་སྡུད་ཁྲོ་བོ་ཉེ་བར་སྒྲུབ་པ། གསང་བ་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས། སྤུ་གྲིའི་བུ་ཡིག །སྤུ་གྲིའི་སྲོག་འཁོར་ལིངྒ། །སྤུ་གྲིའི་ཚོགས་སྒྲུབ་སྒྲུབ་འབུམ་ཆེན་མོ། དངོས་གྲུབ་ལེན་ཆོག །ཚེ་འགུགས་པའི་ཆོ་ག །ཕུར་པའི་ལས་དགུ་བཀོལ་བ། སྤུ་གྲིར་འབྲེལ་བ་ཡང་སྙིང་གསང་སྒྲུབ་ཀྱི་ལས་བྱང༌། དེའི་སྡོམས་བྱང༌། མཚམས་གཅོད། ཁྲོ་བོ་བཅུའི་གསལ་འདེབས་ཆེ་ཆུང༌། ཕུར་པའི་བསྟོད་པ། རྟགས་བསྟོད། ལས་བྱང་ཁ་སྐོང༌། ལྷག་ཆོག །རྒྱུན་གཏོར། གཏེར་སྟོན་གྱིས་མཛད་པའི་ལས་བྱང་ནོར་བུའི་ཕྲེང་བ། དབང་མོ་ཉེར་བརྒྱད་ཀྱི་བསྐུལ། གློ་བུར་ཅོག་རྡུང་ལས་སྦྱོར་གྱི་སྒྲུབ་པ། ཕུར་སྲུང་བཅུ་གཉིས་ཕོ་ཉའི་བསྐུལ་དང་བཅས་པ། འཆམས་བཤད་སྟོང་ཐུན། སྲོག་འཆམས་ཀྱི་རྩ་ཚིག་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། རྡོར་སེམས། དགའ་རབ། ཤྲཱི་སིངྷ། པྲ་ཧསྟི། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། མུ་ཏིག་བཙན་པོ། གཏེར་སྟོན་པདྨ་གླིང་པ། རྒྱལ་བ་དོན་གྲུབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཡང་ན། གཏེར་སྟོན་ནས། གྲུབ་པ་ཀུན་འདུས། བསྟན་འཛིན་གྲགས་པ། དེས་གཉིས་ཀ་ལས་པདྨ་ཕྲིན་ལས། པད་གླིང་གསུམ་པ། ཐུགས་སྲས་བཞི་པ། པད་གླིང་བཞི་པ། ཐུགས་སྲས་ལྔ་པ། གསུང་སྤྲུལ་ལྔ་པ། པདྨ་ཁྱབ་བདག །པད་ཕྲིན་བཞི་པ། པད་གླིང་དྲུག་པ། རྦ་སྤྲུལ་བདུན་པ། པད་གླིང་བརྒྱད་པ། ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན་བརྒྱུད་པ་གཅིག་ལ། ཐུགས་སྲས་བཞི་པ་ནས། མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ། ཕུར་པའི་སྔགས་འཆང་ཆེན་པོ་གནུབས་རིགས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། པད་གླིང་དྲུག་པ་མན་གོང་བཞིན་ནོ། ༈ །བུམ་ཐང་རྩེ་ལུང་ལྷ་ཁང་གི་རྒྱབ་ནས་སྤྱང་དྲངས་པའི་བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་སྐོར་ལ། དབང་གི་སྟ་གོན་ཁྲུས་ལུང་དབང་ཕྲེང༌། སྒྲུབ་ཁོག །རྣལ་འབྱོར་རྒྱུན་དབང༌། དབང་ཆེན་རྡོ་རྗེ་ཕྲེང་བ་རྣམས་སྦྱར་བའི་སྟེང་ནས་སྨིན་བྱེད་ལེགས་པར་ནོས་ཏེ། ལུང་ལ། ཐ༽ གཏེར་སྟོན་གྱིས་མཛད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ། མཆོག་ལྡན་མགོན་པོས་མཛད་པའི་བརྒྱུད་པ་བདུན་ལྡན་གྱི་ལོ་རྒྱུས། གསང་བ་སྒྲུབ་ཆེན་གྱི་རྩ་བ་ས་བཅད། སྒྲུབ་འབུམ་ཆེན་མོ་རིན་ཆེན་ཕྲེང་བ། སྒྲུབ་ཆེན་ཁོག་དབུབ་སྤྱི་ཆིངས་གསེར་གྱི་ཕྲེང་བ། དཀྱིལ་འཁོར་རྒྱན་བཀོད་ནོར་བུའི་ཕྲེང་བ། དབང་བཞིའི་རབ་དབྱེ་མན་ངག་གི་ལྡེ་མིག །སློབ་མ་སྟ་གོན་ཁྲུས་ལུང་དབང་གི་ཕྲེང་བ། རྣལ་འབྱོར་རྒྱུན་དབང་བླང་ཐབས་མགྱོགས་དབང་སྒོ་འབྱེད་བུམ་རྒྱ་ཅན། དབང་ཆོག་རྡོ་རྗེའི་ཕྲེང་བ། དེའི་ལྷན་ཐབས་རིགས་བཞིའི་ལྷ་དབང་བཀོལ་བ། ལས་བྱང་བར་ཆད་ཀུན་སེལ། གདབ་ལས་སྲོག་གཅོད་སྤུ་གྲི། གཟུ་དབང༌། ཆད་ཐོ་གཏོར་མནན་སོགས་ཟུར་བཀོལ། ཟོར་ལས་གླེང་གཞི་དང་བཅས་པ། ཟློག་གཞུང་ཆེན་མོ་ཁྱུང་ཟློག་རྩང་གྱེར་ལྟས་ངན་ཟློག་པ་དང་བཅས་པ། གིང་ཆེན་ཉི་ཤུའི་འཆམས་ཀྱི་རྩ་ཚིག །དཀྱིལ་འཁོར་ཐིག་རྩ་མཐོང་བ་དོན་ལྡན་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་འཆང༌། རྡོ་རྗེ་ཆོས། ལས་ཀྱི་དབང་མོ་ཆེ། རྒྱ་གར་རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། བོད་ཀྱི་གྲུབ་ཆེན་བརྒྱད། ཆོས་རྒྱལ་ཡབ་སྲས། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། རྗེ་པད་གླིང་དྲུག་པ། རྦ་ཁ་རིག་འཛིན་བདུན་པ། པད་གླིང་བརྒྱད་པ། གཏེར་སྲས་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་དབང་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྲས་ཟླ་བ། པདྨ་ཕྲིན་ལས་མན་གོང་བཞིན་དང༌། ཡང་ན། ཐུགས་སྲས་བཞི་པ་ནས་ལེགས་པའི་དོན་གྲུབ། སེམས་དཔའ་གསུང་དབང་སྤྲིན་དབྱངས། ངག་དབང་རྒྱ་མཚོ། ཡོན་ཏན་མཐའ་ཡས། པད་ཕྲིན་བཞི་པ། པད་གླིང་དྲུག་པ་མན་གོང་ལྟར་རོ། ༈ །བུམ་ཐང་རི་མོ་ཅན་ནས་སྤྱན་དྲངས་པའི་བདུད་རྩི་སྨན་སྒྲུབ་ཀྱི་སྐོར་ལ། འདིའི་དབང་སྒྲུབ་ཆེན་དང་འབྲེལ་བར་ཐོབ་དགོས་རྒྱུར་སྣང་ཞིང༌། སྨིན་གཏེར་གསན་ཡིག་ཏུ་ཡང་དེ་བཞིན་ཡོད་མོད། བར་ལམ་ཞིག་ནས་སྒྲུབ་དབང་གི་རྒྱུན་ཆད་དམ་པད་གླིང་བརྒྱད་པའི་གསན་ཡིག་ཏུ་ཞལ་གསལ་མ་བྱུང༌། འདིར་ད་ལྟའི་ཕྱག་རྒྱུན་བཞིན་གོང་གི་བཀའ་བརྒྱད་ཀྱི་དབང་གི་རྗེས་འབྲེལ་སྨན་དབང་ནོར་བུའི་བང་མཛོད་ཚང་བར་ནོས་ནས། ལུང་ལ། ཏ༽ ལུང་བསྟན་གསལ་བྱེད་སྒྲོན་མེ། རྩ་བརྒྱད་སྟོང་གི་རྣམ་དབྱེ། སྨན་གྱི་བབ་གཞུང་ཆེན་མོ། པྲ་ཁྲིད་ཡིག་ཆུང༌། དབང་ཆེན་ནོར་བུའི་བང་མཛོད། རིག་མ་འབུལ་བ་དང་སྨན་སྲུང་སྤྱན་འདྲེན་རྟོག་བསལ། ལྷ་ཚོགས་བསྐུལ་བྱང་དངོས་གྲུབ་བླང་བ་དང་བཅས་པ། སྨན་སྲུང་བསྐུལ་ཆོག་བར་ཆད་ཉུལ་ལེ་ཟློག་པ། སྨན་ཁྲོལ་བུའི་སྒྲུབ་ཐབས། ཕྱེ་མའི་སྒྲུབ་ཐབས། རིལ་བུའི་སྒྲུབ་ཐབས། བདུད་རྩི་འཆི་མེད་ཀྱི་སྒྲུབ་ཐབས། སྨན་ཆེ་བའི་ཡོན་ཏན་བརྗོད་པ། ལ་ཡག་ཆོས་རྗེའི་ཞུས་ལེན། ཕོ་བྲང་སྟེང་འོག་གི་བཅས་ཀྱི་ཞལ་གདམས། སྒྲུབ་ཆེན་གྱི་ཕྱག་ལེན་ཟིན་བྲིས་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། བི་མ་ལ། ཨོ་རྒྱན་ཆེན་པོ། གཉག་ཛྙཱ་ན་ཀུ་མ་ར། གཏེར་ཆེན་པད་གླིང༌། གྲུབ་པ་ཀུན་འདུས། བསྟན་པའི་འབྱུང་གནས། གཉིས་ཀས་པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ་མན་གོང་རྣམས་བཞིན་ནོ། ༈ །སྨན་མདོའི་གཏེར་མ་དཔལ་མགོན་མ་ནིང་གི་སྐོར་ལ། སྲོག་དབང་གི་ཡི་གེ་རྒྱས་བསྡུས་གཉིས་ཀྱི་སྟེང་ནས་རྩ་བའི་དབང་དང༌། གནམ་ལྕགས་ཕུར་གཅིག་མའི་སྟེང་ནས་སྡེ་དགུའི་སྲོག་དབང་བཅས་ནོས་ནས། ལུང་ལ། ད༽ མ་ནིང་གི་ལོ་རྒྱུས་རུ་ཏྲའི་བཤད་པ་ཆེན་པོ། མ་ནིང་ནག་པོ་གསང་བ་འཁོར་ལོའི་ལས་རྒྱུད་ལེའུ་ཉེར་ལྔ་པ། མ་ནིང་དྲེགས་པའི་སྲོག་དབང་སྲོག་གི་སྤུ་གྲི་ཞབས་ཡིག་ཞལ་གདམས་དང་བཅས་པ། ཆོས་སྐྱོང་སྡེ་དགུའི་སྲོག་དབང་གནམ་ལྕགས་ཕུར་གཅིག །སྲོག་བདུད་ནག་པོའི་སྒྲུབ་ཐབས་དྲག་སྔགས་སྤུ་གྲིའི་འཁོར་ལོ། མེ་དབལ་ནག་པོའི་སྒྲུབ་ཐབས་དང་ལས་ཚོགས་བཅོ་ལྔ་ཐེམ་བྱང་བཅས་པ། མ་ནིང་གསུང་གི་སྒྲུབ་པའི་ལས་ཚོགས་དགོས་འབྱུང་རིན་ཆེན་ལས་ཕྲེང་བཅུ་གཉིས་པ། ཕྲིན་ལས་ཏྲཀྴད་ཀྱི་སྒྲུབ་ཐབས། དེའི་ཞལ་གདམས། སྔགས་ཀྱི་འབྱིན་གཞུག །བསྐང་གསོ་དགྲ་བགེགས་ཚར་གཅོད། བསྟོད་པ་དང་བསྐུལ་གྱི་རིམ་པ། བདུད་མགོན་ལས་ཆས་ཀྱི་སྒྲུབ་ཐབས་གསང་བ་ཆིག་ཤུར། མ་ནིང་གསང་སྒྲུབ་སྲོག་གི་སྤུ་གྲི། ཡུམ་རེ་མ་ཏིའི་གསང་སྒྲུབ། ཕྲིན་ལས་བདུད་མགོན་སེང་གདོང་གི་སྒྲུབ་ཐབས། དེའི་ཞལ་ཤེས། ལས་མཐའ་ཆོ་འཕྲུལ་གཏོང་བ། བདུད་མགོན་བྱ་རོག་གདོང་ཅན་གྱི་སྒྲུབ་ཐབས། དམ་ཅན་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་ཆོ་འཕྲུལ་ཅོག་རྡུང༌། དམ་ཅན་སྡེ་དྲུག་གི་ཆོ་འཕྲུལ་ལྟས་ངན་གཏོང་ཐབས་རྣམས། འདི་ལ་སྨིན་གཏེར་གསན་ཡིག་ཏུ་གཏེར་བདག་གི་སྒྲུབ་ཐབས་ཆོ་འཕྲུལ་ཞེས་པ་ཞིག་འདུག་ཀྱང་ལྟ་དཔེ་ལུང་གི་རྒྱུན་མ་རྙེད། གཏེར་སྟོན་གྱིས་མཛད་པའི་བསྐང་གསོ་རྒྱས་པ་དགོས་འདོད་ཀུན་འབྱུང༌། འབྲིང་པོ་ཕྲིན་ལས་ཀུན་འགྲུབ། གསོལ་ཁ་ཕུད་སྐོང་དགོས་འདོད་ཀུན་འབྱུང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་ཆོས། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨོ་རྒྱན་ཡབ་ཡུམ། ལོ་ཆེན་བཻ་རོ། གཏེར་ཆེན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཡང་ན། གྲུབ་པ་ཀུན་འདུས། བསྟན་པའི་འབྱུང་གནས། གཉིས་ཀས་པདྨ་ཕྲིན་ལས། དེ་ནས་ཀུན་མཁྱེན་ཚུལ་རྡོར་མན་གོང་བཞིན་ནོ། །སྨན་མདོའི་གཏེར་མ་མགུར་མགོན་ཕུར་ཞབས་མ་ཞིག་ཡོད་ཚུལ་སྨིན་གཏེར་གསན་ཡིག་ཏུ་སྣང་ཡང་དཔེ་ལུང་གི་རྒྱུན་མ་རྙེད་དོ། ༈ །བུམ་ཐང་རྩེ་ལུང་གི་སྒོ་སྲུང་མཆན་འོག་ནས་བཏོན་པའི་ནག་པོ་སྐོར་གསུམ་དུ་གྲགས་པ་ལས། གཤིན་རྗེ་ཁ་ཐུན་ནག་པོའི་སྐོར་ལ། ད༽ སྒྲུབ་ཐབས་གསང་མཆོག་དམ་པ། གསང་སྒྲུབ་ཆུང་བ། ལས་ཚོགས་བརྒྱད་ཅུ་པ། ལས་ཚན་ཐོར་བུ་ནང་ཚན་བཅུ་གཅིག་པ་རྣམས་དང༌། ཕྲ་མེན་ཕག་ཤ་ནག་པོའི་སྐོར་ལ། ལོ་རྒྱུས། ཆུ་ཟློག་ཟབ་མོ། དཔལ་བཤོས་ལ་བརྟེན་པའི་ཟློག་པ། རྒྱུད་ལེའུ་དྲུག་པ། འགོམ་ཆོག་རྩ་བ། ངག་འགྲོལ། མནན་པ། ཁང་སེལ། ཞིང་སེལ། ཕྲ་མེན་ཡབ་ཡུམ་གྱི་འགོམ་ཆོག་འཁོར་ལོ་མ་རིགས་གཉིས། ཡབ་ཡུམ་གྱི་འགོམ་ཆོག །བླ་ནག་བསྐལ་འཁྱིལ་མ། འགོམ་ཆོག་གསོ་བ། དགྲ་བསད་པ། བསོད་ནམས་བསྐྱུར་བ། ནུས་པ་ཕྱིར་ཟློག །ཁང་སེལ་དང་ཞིང་སེལ་གྱི་ཡིག་ཆུང༌། སེར་བསྲུང༌། བསད་པའི་ཡིག་ཆུང་ཞལ་ཤེས། བཅིང་གྲོལ་མན་ངག་རྣམས། ༈ །མུ་སྟེགས་གུ་ལང་ནག་པོའི་སྐོར་ལ། ད༽ དགྲ་མནན། ཁྱི་ཁར་ཟན་བསྒྱུར། དམག་ཟློག་སེ་གཞུ་མ། དགྲ་ཕུང་བའི་ཐབས། དགྲ་བོ་ཅོག་འགྱེལ། སྨྱོ་ཞིང་བརྒྱལ་དུ་འཇུག་པ། རྐུན་མ་ཆམ་ལ་འབེབས་པ། མཛེ་ཤུ་གཏོང་བ། སྒྲིབ་ཤིང་རིགས་གཉིས། ཟ་ཡིག་བཅས་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་པད་གླིང༌། ནང་སོ་རྒྱལ་བ་དོན་གྲུབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཡང་ན། གཏེར་སྟོན་ནས། གྲུབ་པ་ཀུན་འདུས། བསྟན་པའི་འབྱུང་གནས། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ་མན་གོང་བཞིན་ནོ། ༈ །གཏེར་གནས་སྣ་ཚོགས་ནས་བྱུང་བའི་མན་ངག་ལས་ཕྲན་སྐོར་ལ། ད༽ གསོན་འདྲེ་ཁ་བཅིང་བརྡུང་ཐབས་དང་བཅས་པ་མཆི་མས་ཕུ་མ། རྒྱལ་ཁྲམ་སྒོ་གཅོད། དུག་སྲུང་རྨ་བྱ་མ། ཀེག་སྲུང༌། འཇུར་སྡོམ། གཟའ་སྲུང༌། རང་སྲུང་ཕྱག་ནའི་ལུགས། ཚེ་རིང་མའི་གསང་སྒྲུབ་དབང་སྡུད་མངོན་ཤེས་བཅས། འཇམ་དཔལ་དམར་པོའི་དྲག་སྔགས་ཝ་ཐོད་མ། སྡེ་བརྒྱད་ཡོངས་དྲིལ་བསེ་སྒྲོམ་མ། རླུང་དམར་གྱི་དྲག་སྔགས་སྲོག་གི་ཇག་པ། ཧལ་ཁྱི་ནག་པོའི་གཏད་གྲོམ། དེའི་བསྐུལ་ལས་མཐའ་བཅས། བུམ་ཐང་སྲོག་མཆན་རླུང་གི་འཁོར་ལོ། དེའི་མན་ངག་ཤོག་དྲིལ་དྲུག་པ། དེའི་ལག་ལེན་དྲག་སྔགས་བཅུད་བོར། ཚེ་སྤེལ་འཁོར་ལོ། སྲི་སྲུང༌། སྐེག་སྲུང༌། ས་བདག་སྲུང་བ། ཇག་ཆིངས། ནད་བརྒྱ་སྔགས་གཅིག་བདུད་དྲུག་འཇོམས་པའི་ཐོ་བ། བསམ་གཏན་ཉལ་ཆོག་གི་འཁོར་ལོ་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། གཏེར་ཆེན་པད་གླིང་ནས། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་རྡོར་མན་གོང་བཞིན་ནོ། །འདིར་མན་ངག་རྐྱལ་བུ་ཕུས་འདེབས་ཞེས་པ་སྨིན་གཏེར་གསན་ཡིག་ཏུ་སྣང་ཡང་དཔེ་ལུང་གི་རྒྱུན་མ་རྙེད། ༈ ཞ༽ བསམ་ཡས་ཇོ་བོ་བྱང་ཆུབ་ཆེན་པོའི་སྐྱིལ་ཀྲུང་བསྣོལ་མཚམས་ནས་སྤྱན་དྲངས་པའི་པདྨ་བཀའ་ཐང་དོན་གསལ་གྱི་ལུང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཁའ་འགྲོ་མཚོ་རྒྱལ། མུ་ཏིག་བཙན་པོ། གཏེར་སྟོན་པད་གླིང༌། མཁའ་སྤྱོད་རྣམ་རྒྱལ་གྲགས་པ། ཟུར་ལྷུན་གྲུབ་རྡོ་རྗེ། སྣང་གསལ་སྒང་པ་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། འབྲི་གུང་ཆོས་ཀྱི་གྲགས་པ། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། རབ་འབྱམས་ཀུན་མཁྱེན་གསུམ་པ། དཔོན་ཁང་པ་བི་ཛཱ་ཀྵ་ར། པད་གླིང་དྲུག་པ་ཡབ་སྲས། པད་གླིང་བརྒྱད་པ། སློབ་དཔོན་དམ་ཆོས་དཔལ་འབར། འཇིགས་མེད་ཀུན་ཁྱབ་རྡོ་རྗེ་བདུད་འཇོམས། འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། ༈ །པདྨ་གླིང་པའི་རྣམ་ཐར་གཏེར་སྟོན་རང་གི་ཞལ་གསུང་མ་རྒྱལ་བ་དོན་གྲུབ་ཀྱིས་ཁ་བསྐང་བ་འོད་ཟེར་ཀུན་མཛེས་སུ་གྲགས་པའི་ལུང་བརྒྱུད་ནི། ཕ༽ གཏེར་སྟོན་ཆེན་པོ། དཔལ་ལྡན་དོན་གྲུབ། རྒྱལ་དབང་བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། འགྱུར་མེད་རྣམ་རྒྱལ། པད་གླིང་དྲུག་པ། རྦ་ཁ་བདུན་པ། པད་གླིང་བརྒྱད་པ། གཏེར་སྲས་འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལ་དགྱེས་པར་བསྩལ་བའི་སྐལ་བཟང་ཉམས་སུ་མྱོང་བར་གྱུར་ཏོ། །བཀའ་འབུམ་ཡིད་བཞིན་གཏེར་མཛོད་ཀྱི་ལུང་རྒྱུན་ནི་ཆད་དམ་མ་རྙེད་དོ།། །།}} | ༄༅། །ཨོཾ་སྭསྟི། རིག་སྟོང་རྒྱལ་པོ་ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་སེམས། །གསང་ཆེན་མངའ་བདག་དགྱེས་པའི་རྡོ་རྗེ་དཔལ་གྱི་སེང་གེ་དཔའ་བོའི་སྐུ། །པདྨ་ལས་བྱོན་རིག་འཛིན་རྒྱལ་པོ་ཟག་མེད་ཡེ་ཤེས་རོལ་པའི་མཚོ། །རྒྱལ་དང་རིག་འཛིན་བྱིན་རླབས་ཕྲེང་བརྒྱུད་རིན་ཆེན་ལྟར་མཛེས་སྤྱི་བོར་རྒྱལ། །ཚངས་སྲས་དཔའ་མོ་རྡོ་རྗེ་དབྱངས་ཅན་མའི། །རྣམ་འཕྲུལ་པདྨས་རྗེས་བཟུང་པདྨ་གསལ། ལས་འབྲེལ་རྩལ་དང་ཀུན་མཁྱེན་ཆེན་པོ་སོགས། །སྐྱེ་ཕྲེང་བརྒྱུད་པར་བཅས་ལ་གུས་པས་འདུད། །བདེ་ཆེན་རྡོ་རྗེ་ལུས་ཀྱི་མཎྜ་ལར། །རྩ་རླུང་ཐིག་ལེ་རྟེན་འབྲེལ་དག་པའི་སྒོ། །འཁོར་འདས་ཀུན་གཟིགས་དབྱིངས་རིག་འདུ་འབྲལ་མེད། །ཨོ་རྒྱན་རྒྱལ་ཚབ་པདྨ་གླིང་པར་འདུད། །ཅེས་མཆོད་པར་བརྗོད་ནས་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་གང་འདུལ་གྱི་འདྲེན་པར་བཞེངས་ནས་པདྨའི་ཟབ་གཏེར་ལ་སྤྱོད་པའི་རིག་འཛིན་གཏེར་ཆེན་པདྨ་གླིང་པ་ཞེས་མཚན་གྱི་རྔ་སྒྲ་ཕྱོགས་ཀུན་ཏུ་ཁྱབ་པར་གྲགས་པ་དེ་ཉིད་ཀྱི་ཟབ་ཆོས་སྐོར་ཇི་ལྟར་ཐོབ་ཚུལ་ལ། །ཐོག་མར་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོ་སྡེ་གསུམ་ཡང་གསང་འདུས་པའི་གདམས་སྐོར་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་སྟ་གོན་སྔོན་དུ་འགྲོ་བས་རྩ་བ་དང་བྱེ་བྲག་གི་དབང་བཀའ་བྱིན་རླབས་རྣམ་གྲངས་བཅོ་ལྔ་པོ་རྫོགས་པར་ནོས་ཤིང༌། གཉིས་པ་ཁྲིད་རིམ་དོན་གསལ་མེ་ལོང་གི་གཞུང་ཁྲིད་ལུང་གི་ཚུལ་དུ་ནོས་ནས། གསུམ་པ་ལུང་ལ། ཀ༽ ཐེམ་བྱང་དཀར་ཆག་གསལ་བའི་མེ་ལོང༌། ལུང་བསྟན་ཀུན་གསལ་མེ་ལོང༌། ལུང་བསྟན་གསལ་བྱེད་འོད་ཀྱི་དྲྭ་བ། གུ་རུའི་རྣམ་ཐར་ཆེ་བ་དགུ་ལྡན་ཀུན་མཛེས་ནོར་བུའི་ཕྲེང་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར། ལྷ་ལྕམ་མནྡྷ་ར་བའི་རྣམ་ཐར། ལྷ་ལྕམ་པདྨ་གསལ་གྱི་ཞུས་ལན་གསེར་གྱི་ཡང་ཞུན། ལྷ་ལྕམ་ཁྲོམ་པ་རྒྱན་གྱི་ཞུས་ལན། སློབ་དཔོན་ནམ་མཁའི་སྙིང་པོ་དང་རྡོ་རྗེ་མཚོའི་ཞུས་ལན། ལོ་རྒྱུས་སྟོང་ཐུན་ནོར་བུའི་ཕྲེང་བ། ས་དཔྱད་རིན་ཆེན་སྤུངས་པ། བླ་མའི་མཚན་ཉིད་ནོར་བུའི་ཕྲེང་བ། ཁྲིད་གཞུང་དོན་གསལ་མེ་ལོང༌། སྐྱབས་འགྲོ་སེམས་བསྐྱེད་དོན་གྱི་སྙིང་པོ། སྐྱབས་འགྲོ་ཆོས་སྤྱོད་བྱིན་རླབས་སྤྲིན་འཕྲོ། གུ་རུའི་སྨར་ཁྲིད་རིམ་ལྔ། རྒྱལ་པོའི་ཆོས་དྲུག་གུ་རུའི་སྨར་ཁྲིད། གུ་རུའི་སྨར་ཁྲིད་དོན་གྱི་སྙིང་པོ། གསང་བའི་འཕྲུལ་འཁོར། གེགས་སེལ་གནད་ཀྱི་གདམས་པ། གེགས་སེལ་ཞུས་ལན་ཐུགས་ཀྱི་མེ་ལོང༌། གུ་རུའི་ཐུགས་སྒྲུབ་རིན་ཆེན་ཕྲེང་བ། ཆོས་བཤད་ཞལ་གདམས། མཁའ་འགྲོའི་བཞེངས་བསྐུལ་བྱོན་འཚལ་བྱིན་འབེབས། རྩ་གསུམ་ལས་བྱང་ནོར་བུ་པདྨའི་ལྗོན་ཤིང༌། སྐྱབས་འགྲོ་ལེའུ་གསུམ་པ། བགེགས་གཏོར་བཏང་ཐབས། མཁའ་འགྲོའི་གཏོར་འབུལ། མགོན་པོ་སྡེ་བརྒྱད་ཀྱི་རྒྱུན་གཏོར། བདུད་རྩི་སྨན་མཆོད། རྩ་གསུམ་སྐོང་གསོ། སྐོང་བ་བསྡུས་པ། ཚོགས་ཀྱི་འཐོར་ཕུད། དངོས་གྲུབ་ལེན་ཆོག །གུ་རུའི་ལོ་རྒྱུས་དཀར་ཆག །ཚེས་བཅུའི་དབང་གཏོར་གྱི་ལོ་རྒྱུས། ཚེས་བཅུའི་དབང་བཤད་དགོས་འདོད་ཀུན་འབྱུང༌། དབང་བཤད་ནོར་བུའི་ཕྲེང་བ། ཚེས་བཅུའི་ཕན་ཡོན། པདྨའི་བརྔན་བསང་བར་ཆད་ཀུན་སེལ། དབང་གི་ཆུ་བོ་བཞིའི་གསང་འགྲེལ། སྟ་གོན་དབང་ཆོག་རྡོ་རྗེའི་གོ་ཁྲབ། ཁ༽ རྣམ་འཇོམས་དབང་ཆོག་སྒྲིབ་གཉིས་ཀུན་སྦྱོང༌། བླ་མའི་བྱིན་རླབས་རབ་འབྱམས་བཀའ་དབང༌། བྱིན་འབེབས་དངོས་གྲུབ་ཆར་འབེབས། མན་ངག་ཤོག་གཅིག་མ། དབང་ཆོག་བདུད་བཞི་ཟིལ་གནོན། རྩ་དབང་རྫོགས་ཆེན་དབང་ཕྲེང༌། དབང་ཆོག་ནོར་བུའི་བང་མཛོད། དབང་ཆོག་ནོར་བུ་སྒྲོན་མ། གསང་དབང་བྱིན་རླབས་སྤྲིན་འཕྲོ། གཤིན་རྗེ་ཡང་གསང་བླ་མེད་ཀྱི་དབང་ཆོག །རྟ་མགྲིན་གྱི་དབང་བཤད། དབང་ཆོག་པདྨའི་ཕྲེང་བ། ཕག་མོའི་དབང་ཆོག་ཡང་གསང་བླ་མེད། ཕྱག་རྡོར་ཡང་གསང་བླ་མེད་ཀྱི་དབང་ཆོག །ཚེ་དབང་དགོས་འདོད་ཀུན་འབྱུང༌། ཚེ་དཔག་མེད་ཡང་གསང་འོད་ཀྱི་དྲྭ་བའི་ཕྱི་ནང་གསང་སྒྲུབ། གུ་རུའི་དོན་བསྟོད་དངོས་གྲུབ་ཆར་འབེབས། ཛཔ་྄བསྟོད་བྱིན་རླབས་ཆུ་རྒྱུན། དཀྱིལ་འཁོར་དོན་བསྟོད་ཀྱི་སྙིང་པོ། རབ་གནས་དོན་གསལ་མེ་ལོང༌། རབ་གནས་ཀྱི་ལྷན་ཐབས། ལས་བཞིའི་སྦྱིན་སྲེག །སྒྲུབ་ཆེན་བསྐུལ་བྱང་དམ་བརྡར། དམ་ཚིག་གསལ་བའི་སྒྲོན་མེ། བླ་མ་སྤྲུལ་སྐུའི་སྒྲུབ་པ་འོད་ཟེར་ཕྲེང་བ། ལོངས་སྐུའི་སྒྲུབ་པ་ཡང་ཟབ་གནད་ཐིག །ཆོས་སྐུའི་སྒྲུབ་པ་རང་གསལ། པྲ་ཁྲིད་གསལ་བའི་སྒྲོན་མེ། སྐུ་གསུམ་སྒྲུབ་པའི་འཁོར་ལོ། རྩ་གསུམ་སྲོག་འཁོར་ཟབ་མོ། གུ་རུ་མཚན་བརྒྱད་ཀྱི་སྒྲུབ་ཐབས། ཐོད་ཕྲེང་རིགས་ལྔའི་སྒྲུབ་པ། གསང་འདུས་སྐུ་ལྔའི་འཁོར་ལོ། ལས་ཚོགས་རིན་ཆེན་སྤུངས་པ། རྟེན་འབྲེལ་ཟབ་མོའི་ལས་ཚོགས། ཡང་ཟབ་ལས་ཚོགས་བཅོ་ལྔ་པ། ལས་ཚོགས་འགྲོ་དོན་ཀུན་འགེབ། སྲུང་འབུམ་རྡོ་རྗེའི་གོ་ཁྲབ། སྲུང་བའི་རབ་གནས། དེའི་ལྷན་ཐབས། དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང༌། དྲག་པོའི་དབང་ཆོག་གསང་བ་བླ་མེད། འཇམ་དཔལ་གཤིན་རྗེའི་སྒྲུབ་པ། དབང་ཆེན་རྟ་མགྲིན་སྒྲུབ་པ། རྟ་མགྲིན་ཡང་གསང་འདུས་པའི་ལས་བྱང་རྡོ་རྗེའི་ཕྲེང་བ། གསང་བདག་ཕྱག་རྡོར་སྒྲུབ་པ། གསང་བའི་ཡང་སྙིང་ཧཱུྃ་སྒྲུབ། མཁའ་འགྲོ་སྡེ་ལྔ་ལས་རྒྱ་མཚོའི་རྒྱུད། ཁྲོས་ནག་གསང་བའི་དབང་ཆོག །མངོན་རྟོགས། ཁྲོས་ནག་རིགས་ལྔའི་མངོན་རྟོགས། བྱད་ཟློག་སེ་བྱང་མ། སྐུ་གསུང་ཐུགས་ཀྱི་ཟ་ཡིག །དུར་ཁྲོད་ལྷ་མོ་ངན་ནེ་མའི་སྒྲུབ་ཐབས། ཛམ་ལའི་ནོར་སྒྲུབ། སྐྱེ་བདུན་ཤའི་སྒྲུབ་པ། སྐྱེ་བདུན་ཕན་ཡོན། བདུད་རྩི་སྨན་གྱི་མཆོག་སྒྲུབ། ཚོགས་ཀྱི་འདུལ་བཤད། ཞྭ་ཆོས་པདྨ་དཀར་པོ། བཅུད་ལེན་ཡིད་བཞིན་ནོར་བུ། ཁྲུས་བྱང་རྨེ་བ་བརྩེགས་པ། བདུན་ཚིག་སྐྱེ་མེད་ལམ་སྦྱོར། གཏོར་མ་ཆ་གསུམ། གཤིན་དོན་དཔང་གཟུག །གཤིན་དོན་གྱི་ཆ་ལག་ཁྲུས་ཆོག །བསྲེག་ཆོག་ཐུགས་རྗེ་ཀུན་ཁྱབ། བླ་གནས་རྩི་བ། འབྲུག་ཆར་བརྟག་པ། ཌོམྦྷི་པའི་ཆར་འབེབས། ཆབ་འབེབས་རྒྱ་ནག་ཆུ་འཁོར། རྣམ་སྲས་དབང་ཆོག་ཡིད་བཞིན་གཏེར་མཛོད། རྣམ་སྲས་ལས་བྱང༌། གཏོར་མ་ལ་བརྟེན་པའི་སྒྲུབ་ཐབས། སྒབ་འདྲེ་མནན་ཐབས། གསང་བ་རྩ་བའི་སྒྲུབ་སྐོར། ནོར་སྒྲུབ་འཁོར་ལོའི་རིམ་པ། གིང་འཆམས་རྩ་ཚིག །རྔ་བརྡུང་རྐང་གྲངས། ཟ་ཚོགས་བསྡུས་པ། བོད་ལུང་བཀའ་གཏད། མཚོ་རྒྱལ་གྱིས་མཛད་པའི་སྨོན་ལམ་བཀྲ་ཤིས་བཅས། དེ་དག་ལ་ཐེམ་གྱིས་ཟིན་པ་ཞེ་གཉིས། མ་ཟིན་པ་ང་བཞི། གཏེར་སྟོན་གྱིས་མཛད་པ་ཉེར་བཞི་སྟེ་སྤྱིར་ལེའུ་ཚན་བརྒྱ་དང་ཉི་ཤུའི་གྲངས་སུ་བཞུགས་པ་རྣམས་ཚང་བར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། མཁའ་འགྲོ་མཚོ་རྒྱལ། ལྷ་སྲས་མུ་ཏིག་བཙན་པོ། ལྷ་ལྕམ་པདྨ་གསལ། གཏེར་ཆེན་པདྨ་གླིང་པ། དེས་རཏ་གླིང་ཡང་སྲིད་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལམ་དཔལ་ལྡན་དོན་གྲུབ་གྲགས་པ་དང༌། པད་གླིང་ཉེ་གནས་དབུ་མཛད་དོན་གྲུབ་དཔལ་འབར་རམ་གྲུབ་པ་ཀུན་འདུས། དེ་གཉིས་ལ་སྔགས་འཆང་ཆོས་རྗེ་རྣམ་གཉིས་སུ་གྲགས་ཏེ། གཉིས་ཀས་པད་གླིང་གཉིས་པ་རྒྱལ་དབང་བསྟན་འཛིན་གྲགས་པ། དེའི་སྲས་སྒང་སྟེང་སྤྲུལ་སྐུ་དང་པོ་རྒྱལ་སྲས་པ་པདྨ་ཕྲིན་ལས། པད་གླིང་གསུམ་པ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། པད་གླིང་སྲས་ཟླ་བ་རྒྱལ་མཚན་གྱི་སྐུ་སྐྱེ་སྐུ་ཕྲེང་བཞི་པ་བསྟན་འཛིན་འགྱུར་མེད་རྡོ་རྗེ། པད་གླིང་བཞི་པ་ངག་དབང་ཀུན་བཟང་རྡོ་རྗེ། །ཐུགས་སྲས་ལྔ་པ་འགྱུར་མེད་མཆོག་གྲུབ་དཔལ་འབར། པད་གླིང་ལྔ་པ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །པད་ཕྲིན་སྒང་སྤྲུལ་བཞི་པ་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། པད་གླིང་དྲུག་པ་མི་འགྱུར་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། རྦ་སྤྲུལ་བདུན་པ་པདྨ་ཀུན་བཟང་རིག་འཛིན་རྡོ་རྗེ། པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ། གཏེར་སྲས་འཇིགས་མེད་ཚེ་དབང་ནོར་བུ། འཁོར་ལོའི་མགོན་པོ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན་ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་ནས། སྒང་སྤྲུལ་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ། ངག་དབང་འབྲུག་པ། ངག་དབང་རྒྱ་མཚོ། ཡོན་ཏན་མཐའ་ཡས། བསྟན་འཛིན་སྲིད་ཞི་རྣམ་རྒྱལ་མན་གོང་བཞིན་ནོ། །འདིའི་སྒྲུབ་སྐོར་བྱེ་བྲག་པ་རྣམས་ལ་གཏེར་སྟོན་ཡན་ལ་སྒོས་བརྒྱུད་ཁྱད་པར་བ་འདྲེན་དུ་ཡོད་མོད་ཀྱི་དོན་གནད་གཅིག་ཏུ་འབབ་པས་འདིར་མ་བྲིས་སོ། ༈ བླ་མ་དྲག་པོའི་སྐོར་ལས། བུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་བྲག་ནས་སྤྱན་དྲངས་པའི་དྲག་པོ་དམར་ཆེན་མེ་ལྕེ་ཕྲེང་བའི་སྐོར་ལ། རྩ་བའི་དབང་ཆོག་རེག་པ་དོན་ལྡན་དང་ཐེམ་མེད་ལྷ་དབང་ཆེན་མོ་གཉིས་ལ་བརྟེན་ནས་སྨིན་བྱེད་ནོས་ཏེ། ལུང་ལ། ག༽ ཐེམ་ཅན་དངོས། ཤུགས་བསྟན་ཡིག་ཆུང༌། ཐེམ་མེད་དང་གསུམ་ལས། དང་པོ་ལ། ཐེམ་བྱང་དཀར་ཆག །དྲག་པོ་གསང་བའི་ལོ་རྒྱུས། སྤྱི་སྒྲུབ་ཡོན་ཏན་ཀུན་འབྱུང༌། ནང་སྒྲུབ་རྡོ་རྗེ་ཕྲེང་བ། གསང་སྒྲུབ་སྤུ་གྲི་འབར་བ། མངོན་རྟོག་གསང་བ་རེག་གཅོད། ཡང་གསང་སྒྲུབ་པ་རྐྱང་གཅིག །ཚེ་དཔག་མེད། འཇམ་དཔལ་ཞི་ཁྲོ། རྟ་མགྲིན། ཕྱག་རྡོར། མཁའ་འགྲོ་སྡེ་ལྔ། ཡཀྴ་མེ་དབལ། དྲག་པོ་ཁྱུང༌། སྡིག་པ། དཔའ་བོ་རིགས་བཞི་རྣམས་ཀྱི་སྒོས་སྒྲུབ། བརྡ་རྟགས་གསལ་བའི་སྒྲོན་མེ། དབང་བཤད་བསྡུས་པ་མཚོ་རྒྱལ་གྱིས་མཛད་པ། དབང་ཆོག་ནོར་བུའི་ཕྲེང་བ་རེག་པ་དོན་ལྡན། ལས་བྱང་མེ་ལྕེ་ཕྲེང་བ། ལས་བཞི་སྦྱིན་སྲེག་བཞི། མེ་ཧོམ་རང་འབར། །ཇག་ཆིངས། རིག་མ་འགུགས་པ། ཕན་བྱ་སྲུང་འཁོར། རྒྱལ་བསེན་སྲོག་འཁོར། བགེགས་ཆེན་གཏུམ་པོའི་ཤི་ས་བསྟན་པ། བགེགས་སྲུང་ལས་མཐའ། རྦོད་གཏོང་ཟློག་པ། གཏོར་མས་དགྲ་བགེགས་བསད་པ། དམ་སྲི་རྒྱལ་བསེན་བསད་པ། སྲིད་འབེབས། སྲིའུ་གསོ་བ། གཟུངས་ཆོག་མཛེ་གསོའི་འཁོར་ལོ། ཆབ་གཏོར། བྱབ་གཏོར་མཛེ་གསོ། །དྲག་པོའི་མཐའ་འདུལ། སེར་སྲུང༌། ཆར་འབེབས། ནོར་སྒྲུབ། འགལ་བྱེད་ཀླུ་ལ་གཏད་པ། སེར་བ་འབེབས་པ། ཐོག་འབེབས་པ། ཚེ་སྒྲུབ། དགྲ་གྲོགས་རྩི་ཐབས། ཞོ་ཆང་སྲུང་བ། བཀའ་སྲུང་སྡེ་གསུམ་གྱི་གསང་སྒྲུབ་སྲོག་གི་སྤུ་གྲི། གསུམ་དྲིལ་གྱི་བསྐང་གསོ་བསྟོད་བསྐུལ་རྦད་པ་དང་བཅས་པ། གཉིས་པ་ཤུགས་བསྟན་སྐོར་ལ། གོ་ཆའི་ལྷ་རྣམས་ཀྱི་ཡིག་ཆུང་རིན་ཆེན་འདུས་པ། གཟུངས་མཆོག་དགྲ་གྲོགས་རྩི་བ་ཞོ་ཆང་སྲུང་བ་གསུམ་མ་གཏོགས་གོང་གི་ལས་ཚོགས་སོ་སོའི་ཡིག་ཆུང་གསལ་བའི་སྒྲོན་མེ་ནང་ཚན་ཉེར་བདུན་པ་བཅས། གསུམ་པ་ཐེམ་མེད་སྐོར་ལ། འབྱུང་བ་རྩི་བའི་ལིང་ཚེ། སྤྱི་སྒྲུབ་ཡིག་ཆུང༌། ནང་སྒྲུབ་ཡང་ཡིག །གསང་སྒྲུབ་ཤོག་དྲིལ། །སྒོམ་ཐབས་གསལ་བའི་ཤོག་དྲིལ། ཕྱི་ནང་གསང་གསུམ་གཅིག་ཏུ་དྲིལ་བའི་ཤོག་དྲིལ། ཁམས་གསུམ་དབང་སྡུད་ཤོག་དྲིལ། ཁྲོ་བཅུ་སྒྲུབ་པའི་ཡིག་ཆུང༌། ཁྲོ་བཅུ་སྲུང་བའི་ཡང་ཡིག །གུད་དུ་སྦས་པའི་ཡིག་ཆུང༌། ཁྲོ་བཅུ་རྒྱན་གྱི་ཤོག་དྲིལ། ཀླུ་འདུལ་ཁྱུང་གི་ཤོག་དྲིལ། སྡེ་བརྒྱད་ཀྱི་འཁུ་ལྡོག་བཅུན་པ། བསྐང་གསོ་དངོས་གྲུབ་ཀུན་འབྱུང༌། ལྕགས་སྡིག་གསང་སྒྲུབ། ལིངྒའི་ཞལ་གདམས་ཡིག་ཆུང༌། གཏོར་ཟློག་རྡོས་གཏོར་བསད་པ་ལས་བཅུ། གཟུང་དཔང༌། གསེར་སྐྱེམས་དང་ཟོར་ལམ་དབྱེ་བ། བསྒྲལ་ལས་དང་ཟོར་སྒོ་ཕྱེ་བ། ཟ་ལམ། གཏོར་ཟློག་ལག་ལེན། མེ་ཧོམ་ཡིག་ཆུང༌། བགེགས་བསྐྲད་ཤོག་དྲིལ། བགེགས་གཏོར་བཏང་ཐབས། བུམ་དབང་ཡིག་ཆུང༌། ལྷ་དབང་ཆེན་མོ། དངོས་གྲུབ་ལེན་ཆོག །བཤགས་པ། ཆར་འབེབས་འགྲོ་དོན་གསུམ་པ། ཟ་ཡིག །སྨྱོ་འདྲེ་འདུལ་བ། སྡེ་བརྒྱད་བཅུན་པ། ཆུང་འདྲེ་འདུལ་བ། སྲིའུ་གསོ་བ། ཆུང་འདྲེ་གཅུན་པའི་འཁོར་ལོ། དམ་ཅན་སྡེ་གསུམ་གྱི་ཡིག་ཆུང༌། དེའི་ཡང་ཡིག །དྲག་པོ་གསུམ་གྱི་སྒྲུབ་ཐབས་གནད་བྱང༌། བཀའ་སྲུང་བསྟོད་བསྐུལ་རྒྱས་པ་ཕྲིན་བཅོལ་བཅས་པ། རླུང་འཁོར་རླུང་ཁང་གི་ཚད་དཔེའུ་རིས་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། །ཨོ་རྒྱན་ཆེན་པོ། མཁའ་འགྲོ་མཚོ་རྒྱལ། པདྨ་གླིང་པ། དེ་ནས་དབང་བཀའ་ཡོངས་རྫོགས་དང་ཐེམ་ཅན་གྱི་ལུང་རྣམས། སྔགས་འཆང་ཆོས་རྗེ་རྣམ་གཉིས། རྒྱལ་དབང་བསྟན་འཛིན་གྲགས་པ། ་རྒྱལ་སྲས་པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། གསུང་སྤྲུལ་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། པད་གླིང་དྲུག་པ་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། གསུང་སྤྲུལ་བསྟན་པའི་ཉི་མ། འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཐེམ་མེད་སྐོར་རྣམས་པད་གླིང་ནས། དབུས་པ་རྟོགས་ལྡན་ཆོས་ཉིད་བཟང་པོ། སྔགས་འཆང་སངས་རྒྱས་དཔལ། སོ་བླ་མ་ཀུན་དགའ་ལྷུན་གྲུབ། རྒྱལ་སྲས་པདྨ་ཕྲིན་ལས་མན་གོང་བཞིན་ནོ། ༈ བུམ་ཐང་སེང་གེ་ཁྱི་ཅོག་བྲག་ནས་སྤྱན་དྲངས་པའི་དྲག་པོ་འགྲོ་འདུལ་གྱི་སྐོར་ལ། སྨིན་བྱེད་གསང་བ་འདུས་པ་ལ་བརྟེན་ཏེ་ཐོབ་ནས། ལུང་ལ། ག༽ ལུང་བསྟན་གསལ་བྱེད་སྒྲོན་མེ། ལོ་རྒྱུས་དབང་གི་བཤད་པ། དཀྱིལ་འཁོར་འབྲི་བའི་ལག་ལེན། དབང་ཆོག་གསང་བ་འདུས་པ། ལས་བྱང་འགྲོ་བ་ཀུན་འདུལ། རྩ་བའི་སྒྲུབ་ཐབས། ཕྱི་སྒྲུབ་ཡིད་བཞིན་ནོར་བུ། ནང་སྒྲུབ་ཉི་ཟླའི་གའུ། རིག་འཛིན་ཚེ་སྒྲུབ། འཇམ་དཔལ། རྟ་མགྲིན་ཕྱག་རྡོར། མཁའ་འགྲོ་སྡེ་ལྔ། ཁྱུང་མེ་དབལ། སྡིག་པ་རྣམས་ཀྱི་སྒྲུབ་ཐབས། སྡིག་འཁོར་བསྐུལ་དང་བཅས་པ། ཞི་རྒྱས་དབང་དྲག་བཞིའི་སྦྱིན་སྲེག །མེ་ཧོམ་རང་འབར། ཇག་ཆིངས། གཏོར་ཟློག་གི་གཞུང་བཅས་ཐོབ་པའི་བརྒྱུད་པ་དམར་ཆེན་གྱི་ཐེམ་ཅན་ལྟར་དང༌། ཡང་ན། གཏེར་སྟོན་ནས། གྲུབ་པ་ཀུན་འདུས། རྒྱས་སྲས་བསྟན་པའི་འབྱུང་གནས། པདྨ་ཕྲིན་ལས་མན་ཀྱང་གོང་བཞིན་ནོ། ༈ གཏེར་གནས་སྔ་མ་ནས་སྤྱན་དྲངས་པའི་དྲག་ཆུང་མེ་རླུང་འཁྱིལ་བའི་སྐོར་ལ། དབང་བཀའ་འབྲིང་པོའི་སྨིན་བྱེད་ཀྱིས་འཐུས་པར་མཛད་ནས། ལུང་ལ། ག༽ ལུང་བསྟན་གསལ་བའི་མེ་ལོང༌། དྲག་པོའི་ལོ་རྒྱུས། དྲག་པོའི་སྐུའི་དཀར་ཆག །ཕྱི་སྒྲུབ་ནོར་བུ་རྒྱ་མཚོ། ནང་སྒྲུབ་བགེགས་རྣམས་རང་ཞི། གསང་སྒྲུབ་ཌཱ་ཀིའི་སྙིང་ཐིག །ཕྱི་ནང་གསང་གསུམ་གཅིག་དྲིལ་ཌཱ་ཀིའི་སྙིང་ཐིག །གསང་སྒྲུབ་ཀུ་སུ་ལུའི་ཉམས་ལེན། འཇམ་དཔལ། རྟ་མགྲིན། ཕྱག་རྡོར། ལྕགས་སྡིག་རྣམས་ཀྱི་སྒོས་སྒྲུབ། །ལས་བྱང་མེ་རླུང་འཁྱིལ་བ་བཅས་ཐོབ་པའི་བརྒྱུད་པའང་དམར་ཆེན་ཐེམ་ཅན་དང་འགྲོ་འདུལ་བཞིན་ནོ། ༈ །བསམ་ཡས་མཆིམས་ཕུའི་མཆོད་རྟེན་ནས་སྤྱན་དྲངས་པའི་རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་སྐོར་ལ་དབང་ཁྲིད་ལུང་གསུམ་ལས། སྨིན་བྱེད་སྤྲོས་བཅས་དང་སྤྲོས་མེད་སྤྱི་དང་བྱེ་བྲག་གི་དབང་བཀའ་བཅུ་པོ་ཚུལ་བཞིན་ནོས་ཤིང༌། སྙིང་པོའི་དོན་ཁྲིད་གསལ་བའི་སྒྲོན་མེད་ལྷན་ཐབས་ཟུར་འདེབས་སྙན་བརྒྱུད་དང་བཅས་པ་ཐོབ་ནས། ལུང་ལ། ང༽ ཁ་བྱང་གསལ་བའི་ཤེལ་ཕྲེང་ལུང་བསྟན་མུ་ཏིག་ཕྲེང་བ། བརྒྱུད་པའི་ལོ་རྒྱུས་རིམ་པ་བདུན་པ། བརྒྱུད་པའི་ལོ་རྒྱུས་ཆུང་བ། པདྨ་གསལ་གྱི་ཞུས་ལན་ཨུཏྤལ་ལའི་ཕྲེང་བ། ཀུན་ཏུ་བཟང་པོའི་དགོངས་རྒྱུད་ལེའུ་བཞི་པ། སྙིང་པོ་འདུས་པ་དོན་གྱི་རྒྱུད་ལེའུ་བཅུ་གསུམ་པ། གཞིའི་གནས་ཚུལ་གཏན་ལ་དབབ་པ་སྐྱེ་མེད་ཀློང་གྲོལ་ལེའུ་ལྔ་པ། འཁྲུལ་གཞི་གཏན་འབེབས་ཉི་ཟླ་རྒྱ་མཚོ་ལེའུ་དྲུག་པ། དེའི་རྒྱབ་སྐོར་རིག་པ་ཀློང་གྲོལ་ལེའུ་ལྔ། དབང་བཞིའི་སྡོམས་བྱང་ཁྱུང་ཆེན་གཤོག་རྫོགས། སྟ་གོན་གྱི་དབང་ཆོག་ཁྲུས་ལུང་དབང་ཕྲེང་རིམ་པ་ཉི་ཤུ་པ། ཐེག་དགུའི་དབང་ཆོག་རྫོགས་པ་རང་བྱུང༌། ཐེག་དགུའི་སྤྱི་ཁྲིད་གསེར་གྱི་ཐེམ་སྐས། ཁྲོ་བོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས། དབང་གི་སྤྱི་ཆིངས་དབང་ལུང་རྒྱ་མཚོ་ཕུན་ཚོགས་ལྔ་ལྡན། ལས་བྱང་པདྨའི་ཕྲེང་བ། ཞི་ཁྲོ་རྩ་བའི་དབང་ཆོག་དཔག་བསམ་ལྗོན་ཤིང༌། གསང་ཁྲིད་རྡོ་རྗེ་སེམས་དཔའ་རིག་པ་མཆོག་གི་རྒྱུད། སྤྲོས་བཅས་བུམ་དབང་སྨིན་གྲོལ་བདུད་རྩིའི་རྒྱ་མཚོ། བ༽ དོན་ཁྲིད་གསལ་བའི་སྒྲོན་མེ། དེའི་བུ་ཡིག་ཉམས་ལེན་གནད་ཀྱི་མེ་ལོང༌། སྤྲོས་མེད་གསང་དབང་རིན་ཆེན་འཁོར་ལོ། དེའི་བུ་ཡིག་མཁའ་འགྲོ་བརྟགས་འབུམ། ཤིན་ཏུ་སྤྲོས་མེད་ཤེར་དབང་བདེ་ཆེན་ཆུ་རྒྱུན། དེའི་བུ་ཡིག་གསང་འགྲེལ་འཁོར་བ་དོང་སྤྲུགས། རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའི་ཕྲེང་བ། དེའི་བུ་ཡིག་ཉི་མའི་སྙིང་པོ། རིག་པའི་རྩལ་དབང་འཁོར་འདས་དབྱེར་མེད། དེའི་འགྲེལ་པ་ཁྲེགས་ཆོད་དོན་གྱི་སྙིང་པོ། དེའི་ཡང་འགྲེལ་རིག་པ་ཀློང་ཡངས། དབང་ཆོག་ནོར་བུའི་སྒྲོན་མ། སྒྲོན་བཞིའི་དབྱེ་སྟོན་གསལ་བའི་མེ་ལོང༌། སྣང་བཞི་གཏན་འབེབས་ཟབ་ཏིག་དགོངས་པ་རང་གྲོལ། དའི་བུ་ཡིག །སྣང་བཞི་འཆར་བྱེད་ཉི་མའི་འོད་ཟེར། ཐོབ་གསུམ་གདིང་བརྒྱད་ཀྱི་གདམས་པ་སྐྱེ་མེད་དོན་སྦྱོར། དེའི་བུ་ཡིག་སྐུ་གསུམ་དབྱེར་མེད་འཁོར་འདས་རང་གྲོལ། དེའི་ཡང་ཡིག་སྐུ་གཉིས་གཏན་འབེབས། ཡང་གསང་རྡོ་རྗེ་སེམས་དཔའི་དགོངས་ཚིག་ལེའུ་གཉིས་པ། དེའི་བུ་ཡིག་བར་དོ་བཞི་སྦྱོར་གྱི་མན་ངག་རྡོ་རྗེ་སེམས་དཔའི་དགོངས་ཏིག །ངོ་སྤྲོད་རིན་པོ་ཆེ་འོད་ཀྱི་དྲྭ་བ། དེའི་བུ་ཡིག་མུ་ཏིག་ཕྲེང་བ། མུན་ཁྲིད་གསལ་བའི་སྒྲོན་མེ། དེའི་བུ་ཡིག་ཨར་གཏད་ཉི་མའི་སྙིང་པོ། ཆུའི་སྒྲ་ལ་བརྟེན་ནས་སྒོམ་ཚུལ། བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་རྒྱུད། དེའི་བུ་ཡིག་ལག་ལེན་ཡིད་བཞིན་ནོར་བུ། འཆི་བརྟགས་འཆི་བསླུ་ཉི་ཟླའི་གའུ། དེའི་བུ་ཡིག་འཕོ་བ་རྡོ་རྗེའི་ལྕགས་ཀྱུ། རྒྱབ་ཡིག་ཡིད་ཆེས་འབྲས་བུ་ཐོབ་ཚུལ། གསང་བ་རིང་བསྲེལ་གྱི་སྒྲུབ་པ། འཆི་མེད་ཚེའི་གསང་སྒྲུབ། ལྷ་མོ་རི་ཁྲོད་མའི་སྒྲུབ་པ། གེགས་སེལ་སྨན་གྱི་མན་ངག་བདུད་རྩིའི་ཐིག་པ། རྩ་རླུང་འཁྲུལ་འཁོར་གསང་བའི་ལྡེ་མིག །གཏུམ་མོའི་གསང་ཁྲིད་བདེ་བ་ལམ་རྫོགས། བདུད་རྩི་ཚན་གྱི་བཅུད་ལེན་ལས་ཚོགས་བརྒྱད་པ། གཏེར་བདག་གཡུ་སྒྲོན་མའི་སྒྲུབ་ཐབས་ཡིད་ཀྱི་དཔལ་མཚོ། པེ་བཙན་ཀླུ་གསུམ་གྱི་གསོལ་ཁ་བསྐུལ་དང་བཅས་པ་རྣམས་དང༌། གཏེར་སྟོན་གྱིས་མཛད་པའི་གཏེར་བྱུང་ཡིད་བཞིན་ནོར་བུའི་ཕྲེང་བ། ཁྲིད་ཀྱི་སྔོན་འགྲོ་ཆོས་སྤྱོད་བྱིན་རླབས་སྤྲིན་ཕུང༌། དོན་ཁྲིད་ཀྱི་སྔོན་འགྲོ་ཆོས་སྤྱོད། གསང་དབང་གི་གསོལ་འདེབས། བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་ཁྲིད་ཡིག་བཅས། འདི་དག་ལས་ལུང་བསྟན། ལོ་རྒྱུས་ཆུང་བ། སྙིང་པོ་དོན་རྒྱུད། གནད་ཀྱི་མེ་ལོང་སྣང་བཞི་ཉི་འོད། སྒྲོན་བཞི་དབྱེ་གསལ། ཟབ་ཏིག་དོན་ཁྲིད་གསལ་སྒྲོན། འཕོ་བ། དབང་ཆོག་ནོར་བུ་སྒྲོན་མ་རྣམས་ནི་ཀློང་ཆེན་པས་མཆིམས་ཕུ་ནས་སྤྱན་དྲངས་ཏེ་བུམ་ཐང་ཐར་གླིང་དུ་སྦས་པ་སླར་ཡང་པད་གླིང་གིས་བཏོན་པའོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་ཆེན་པདྨ་གླིང་པ། དེས་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང༌། དབུ་མཛད་གྲུབ་པ་ཀུན་འདུས། གཉིས་ཀས་རྒྱལ་དབང་བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། བསྟན་འཛིན་ལེགས་པའི་དོན་གྲུབ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། ཀུན་བཟང་བསྟན་པའི་ཉི་མ། འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེས་མངྒ་ལ་ལའོ། །དོན་ཁྲིད་ཀྱི་བརྒྱུད་པ་གཅིག་པ་ལ། པད་གླིང་ལྔ་པ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ནས། སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། དེས་པད་གླིང་དྲུག་པ་ལྷུན་གྲུབ་བདེ་ཆེན་རྡོ་རྗེ་ལ་བརྒྱུད་པ་དང༌། ཡང་དབང་ལུང་བརྒྱུད་ལུགས་གཅིག་ནི། བསྟན་འཛིན་ལེགས་པའི་དོན་གྲུབ་ནས། ངག་དབང་འབྲུག་པ། ངག་དབང་རྒྱ་མཚོ། ཡོན་ཏན་མཐའ་ཡས། པད་ཕྲིན་བཞི་པ། པད་གླིང་དྲུག་པ་མན་གོང་བཞིན་ནོ། ༈ །མེ་འབར་མཚོ་ནས་སྤྱན་དྲངས་པའི་ཀློང་གསལ་གསང་བ་སྙིང་བཅུད་ཀྱི་སྐོར་ལ། སྟ་གོན་སྔོན་དུ་འགྲོ་བས་ཞི་ཁྲོའི་བུམ་གསང་ཤེར་ཚིག་ཐེག་དགུ་དང་བཅས་པའི་དབང་བཀའ་ལེ་ཚན་བརྒྱད་ཚུལ་བཞིན་ཐོབ་ནས། ལུང་ལ། ཅ་སྟོད་ཆ༽ ཐེམ་བྱང་པདྨའི་ཕྲེང་བ། དབང་གི་སྔོན་འགྲོ་པདྨའི་ལྗོན་ཤིང༌། དབང་བཞིའི་སྤྱི་ཆིངས་ཁྱུང་ཆེན་ལྡིང་བ། ཐེག་མཆོག་རིན་ཆེན་དབང་ཕྲེང་གི་སྔོན་འགྲོ་ལས་རིམ་བཅོ་བརྒྱད་པ། དེའི་ས་བཅད་ཁ་བྱང༌། དབང་མོ་ཉེར་བརྒྱད་ཀྱི་རྫས་དབང་འཁོར་བ་དོང་སྤྲུགས། ཁྲོ་བོའི་དབང་གི་སྒོ་འབྱེད་བར་དོ་རྩད་གཅོད། རྒྱབ་ཡིག་ཞི་བའི་དབང་གི་བསྐུར་ཐབས། ཞི་ཁྲོ་གཉིས་ཀྱི་དབང་གི་ཁ་བྱང་ཡང་བྱང་དང་བཅས་པ་མཚོ་རྒྱལ་གྱིས་མཛད་པ། ཐེག་མཆོག་རིན་ཆེན་དབང་ཕྲེང་གི་རྗེས་ཀྱི་ལས་རིམ་བཅོ་བརྒྱད་པ། དེའི་ཁ་བྱང་ཐེག་དགུའི་དབང་ཆོག་ཀུན་སྣང་ཟིལ་གནོན། ཞི་བའི་བུམ་དབང་ཐེག་མཆོག་རིན་ཆེན། ཁྲོ་བོའི་བུམ་དབང་རིན་ཆེན་ཐེམ་སྐས། སྤྲོས་མེད་གསང་དབང་རིན་ཆེན་འཁོར་ལོ། ཤེར་དབང་པདྨ་འབར་བ་ཡེ་ཤེས་བརྩེགས་པ། ཚིག་དབང་རིག་པའི་རྩལ་དབང་རང་རིག་གསལ་བའི་མེ་ལོང༌། ཞིབ་བྱང་ཆུབ་སེམས་ཀྱི་ལས་བྱང༌། ཁྲོ་བོ་རང་བཞིན་གྱི་ཕྲིན་གཞུང༌། སྔོན་འགྲོ་དོན་ཁྲིད་ལམ་རིམ་བརྩེགས་པ། ཅ་སྨད་ཆ༽ དངོས་གཞི་དོན་ཁྲིད་ལམ་གྱི་སྒྲོན་མ། མངོན་སུམ་ཚད་འབེབས་ཀྱི་གདམས་པ། ངོ་སྤྲོད་རིག་པ་གསལ་བྱེད་ཀྱི་རྒྱུད། བར་དོ་བཞི་སྦྱོར་གྱི་ངོ་སྤྲོད་ཆེན་མོ། གསོན་བུམ་ཡང་དག་ཐུགས་རྗེའི་གནས་ལུང༌། གཤིན་བུམ་ཡང་གསང་ཐུགས་རྗེའི་ལྕགས་ཀྱུ། དེའི་གཟུ་དཔང༌། ཞྭ་ཆོས་རིན་ཆེན་ཅོད་པན། སྲི་སྲུང་ཆེན་མོ། གནམ་ལྕགས་ཨུར་མོའི་མན་ངག་གཏད་ཟློག་སྦལ་པ་ཁ་སྦྱོར་མ། སྨན་དཔྱད་བདུད་རྩིའི་བུམ་པ། རྟོག་མེད་མཚོན་ཆའི་འཁོར་ལོ། ཁྱི་སྨྱོན་གྱིས་རྨུག་པ་བཅོས་ཐབས། སྒྲིབ་ཤིང་ཟབ་པའི་མཐར་ཐུག །རྐང་མགྱོགས་སྒྲུབ་ཐབས། མཚོན་སྲུང༌། ཟ་ཡིག་ཀྲོང་སྡོམ་མ། ལུང་བསྟན་གསལ་བའི་སྒྲོན་མེ། སྦས་ཡུལ་འབྲས་མོ་ལྗོངས་དང་མཁན་པ་ལྗོངས་ཀྱི་གནས་ཡིག །ཡང་མཁན་པ་ལྗོངས་ཀྱི་གནས་ཡིག་ཟུར་བཀོལ། ཆོས་སྤྱོད་གཏེར་སྟོན་གྱིས་མཛད་པ་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། ཤྲཱི་སིངྷ། ཨོ་རྒྱན། མཚོ་རྒྱལ། གཏེར་སྟོན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས་མན་དགོངས་འདུས་བཞིན་ནོ། ༈ །བུམ་ཐང་སེང་གེ་བྲག་རི་མོ་ཅན་ནས་གཏེར་སྟོན་ཤེས་རབ་མེ་འབར་གྱིས་བཏོན་པ་པད་གླིང་གི་ཆོས་སྐལ་ཡིན་སྟབས་ཡང་གཏེར་དུ་སྤེལ་བར་མཛད་པ་རྒྱུད་བུ་ཆུང་གི་སྐོར་ལ། སྟ་གོན་སྔོན་དུ་འགྲོ་བས་དབང་བཞི་ལེགས་པར་ནོས་ནས། ལུང་ལ། ཆ༽ སྙིང་ཐིག་གསང་བའི་རྒྱུད་ཀྱི་ཁ་བྱང༌། འོད་ཟེར་ཅན་གྱི་རྒྱུད། དེའི་འགྲེལ་པ་དྲི་མེད་དམ་པའི་ཕྲེང་བ། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད། དེའི་འགྲེལ་པ་ཐེག་དགུའི་སྤྱི་ཁྲིད། རིག་པ་རང་ཤར་ཆེན་པོའི་སྤྱི་རྒྱུད། དེའི་གསང་འགྲེལ་གསེར་གྱི་ཐེམ་སྐས། སྤྲོས་མེད་གསང་དབང་རིག་པ་རང་གྲོལ་གྱི་རྒྱུད། དེའི་འགྲེལ་པ་ཐོད་རྒལ་གྱི་ལམ་ཁྲིད་ནོར་བུའི་ཕྲེང་བ། ཤེར་དབང་ཆེ་མཆོག་དགོངས་པའི་རྒྱུད། དེའི་གསང་འགྲེལ་ལམ་འབྲས་རྩ་རླུང་འདོད་ཆགས་ལམ་ཁྱེར། ཚིག་དབང་སེང་གེ་རྩལ་རྫོགས་ཀྱི་རྒྱུད། དེའི་འགྲེལ་པ་ཁྲེགས་ཆོད་ལམ་ཁྲིད། དེའི་རྒྱབ་སྐོར་དཔལ་ཡི་གེ་མེད་པའི་རྒྱུད། འགྲེལ་པ་ཁྱུང་ཆེན་གཤོག་རྫོགས། སྒྲོན་མ་འབར་བའི་རྒྱུད། དེའི་འགྲེལ་པ་ལུང་ལམ་གྱི་ཕྲེང་བ། བར་དོ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད། དེའི་འགྲེལ་པ་ངོ་སྤྲོད་རིན་ཆེན་སྤྲས་པ། དེའི་ཡང་འགྲེལ་བར་དོ་ལམ་སྦྱོར། བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད། དེའི་བུ་ཡིག་ཉི་ཟླ་ཁ་སྦྱོར། སངས་རྒྱས་སྲས་གཅིག་གསང་བ་གཅོད་པ་ས་བོན་གྱི་རྒྱུད། སྐུ་གདུང་འབར་བའི་རྒྱུད། བུ་ཡིག་ལུང་ནས་དྲངས་པའི་འགྲེལ་ཆུང༌། མུ་ཏིག་ཕྲེང་བའི་རིན་པོ་ཆེའི་རྒྱུད། དེའི་འགྲེལ་པ་གསེར་གྱི་ཕྲེང་བ་རྒྱབ་སྐོར་དང་བཅས་པ། །ནོར་བུ་ཕྲ་བཀོད་ཀྱི་རྒྱུད། འགྲེལ་པ་དུས་བཞི་སངས་རྒྱས་མཉམ་སྦྱོར། དེའི་འགྲེལ་པ་རིན་ཆེན་སྤུངས་པ། འགྲེལ་ཆུང་ཡོན་ཏན་རིན་པོ་ཆེའི་རྒྱུད། ཀུན་བཟང་ཐུགས་ཀྱི་མེ་ལོང་གི་རྒྱུད། དེའི་དོན་འགྲེལ་ཀ་ཐོའི་སྡོམ་བྱང་དང་བཅས་པ། ཞུས་ལེན་མེ་ལྕེ་ཕྲེང་བའི་རྒྱུད། སྔགས་སྲུང་ཤ་ཟ་ཧོར་མོའི་སྒྲུབ་ཐབས་ཆོ་འཕྲུལ་དང་བཅས་པ། ཁྲིད་ཀྱི་ཆོས་སྤྱོད་གཏེར་སྟོན་གྱིས་མཛད་པ་བཅས། དེ་ལྟར་རྩ་བ་བུ་ཡིག་དང་བཅས་པས་ཆོས་སྡེ་ཞེ་གཅིག །ཞུས་ལེན་དང་བཀའ་སྲུང་བསྣན་པས་ཞེ་གསུམ་མོ། །དེ་དག་གི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། རྡོ་རྗེ་འཆང༌། གཞོན་ནུ་དཔའ་བོ་སྟོབས་ལྡན། དགའ་རབ་རྡོ་རྗེ། ཨོ་རྒྱན་ཆེན་པོ། མ་གཅིག་མཚོ་རྒྱལ། གཏེར་སྟོན་ཆེན་པོ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས་མན་གོང་བཞིན་ནོ། ༈ །བུམ་ཐང་སྟང་གི་བྲག་རི་མོ་ཅན་ཟངས་ཕུག་རྡོ་རྗེའི་ར་བ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་སྐོར་ལ། དབང་ཆོག་རེག་པ་དོན་ལྡན་ལྷན་ཐབས་དང་བཅས་པའི་སྟེང་ནས་ནོས་ཏེ། ལུང་ལ། ཇ༽ ལོ་རྒྱུས་སྟོང་ཐུན་རིན་པོ་ཆེའི་ཕྲེང་བ། རྒྱལ་སྲས་མི་ཏྲ་ཛྭ་ཀིའི་རྣམ་ཐར། རྒྱལ་བུ་དྲི་མེད་ཀུན་ལྡན་ཀྱི་སྐྱེས་རབས་རྣམ་ཐར། ཐུགས་རྗེ་ཆེན་པོ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལེའུ་བདུན་པ། དབང་ཆོག་རེག་པ་དོན་ལྡན། གཏེར་སྟོན་གྱིས་མཛད་པའི་དབང་བཤད་པུཎྜ་རི་ཀའི་ཕྲེང་བ་དང་གསོལ་འདེབས་མ་ཎི་མ་ལྷན་ཐབས་ཏེ་གསུམ། དབང་ཙཀ་རྒྱབ་ཡིག །རིག་པའི་རྩལ་དབང༌། བསྙེན་སྒྲུབ་གཞུང་སྲོང་ལས་བྱང་གི་རིམ་པ། སྨན་རཀ་གཏོར་གསུམ་བྱིན་རློབ་མན་ངག་ཤོག་གཅིག་མ། རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ། ཀུན་འགེབས་གཏོར་མ་ཆ་གསུམ། ཁྲོམ་ཆོས་འགྲོ་དོན་ཀུན་ཁྱབ། སྔོན་འགྲོ་ཆོས་སྤྱོད། ཡང་སྙིང་འདུས་པའི་ཐུགས་ཁྲིད་ཆེན་མོ། ཁྲིད་རྒྱབ་རྣལ་འབྱོར་ཉི་ཤུ་པ། བསླབ་བཏུས་ལེའུ་བརྒྱད་པ་དང༌། སྤྱན་རས་གཟིགས་ཕྱག་བཞི་པའི་སྒོམ་རིམ་གཏེར་སྟོན་གྱིས་མཛད་པ། མན་ངག་འཕྲུལ་ཚོའི་སྐོར་དགོས་པ་ཀུན་འབྱུང་ལས་ཕྲན་བཅུ་གསུམ་པ། སྐྱེ་བདུན་ཨ་མའི་ལོ་རྒྱུས། ཤ་རིལ་བྱིན་འབེབས། རིག་འཛིན་བསྐུལ་བ་གཏེར་སྟོན་གྱིས་མཛད་པའི་སྐྱེ་བདུན་ཕན་ཡོན་དང་སྦྱར་ཐབས། དེའི་ཕྱག་ལེན་རྒྱལ་བ་དོན་གྲུབ་ཀྱི་ཟིན་བྲིས། རྒྱལ་བ་དོན་གྲུབ་ཀྱི་དྲིས་ལེན། སྲེག་པ་གསུམ། སྲུང་བ་གསུམ། འབེབས་པ་གསུམ། སྒྲུབ་པ་གསུམ། བམ་སྒྲུབ་གསུམ། མིག་སྨན་གྱི་གདམས་པ། མནན་པ་གསུམ། བསད་པ་གསུམ། བཀའ་སྲུང་བལ་མོ་སྲོག་རླུང་དམར་ནག་གི་སྒྲུབ་ཐབས་མངོན་སྤྱོད། བདུད་བཙན་ཁྱུང་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས། རིན་ཆེན་གཏེར་བདག་ཟོ་ར་ར་སྐྱེས་ཀྱི་སྒྲུབ་ཐབས་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཆེན་པོ། མཁའ་འགྲོ་མཚོ་རྒྱལ། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། འགྱུར་མེད་རྡོ་རྗེ། ཀུན་བཟང་རྡོ་རྗེ། མཆོག་གྲུབ་དཔལ་འབར། གྲུབ་མཆོག་རྡོ་རྗེ། པདྨ་ཁྱབ་བདག །སྲིད་ཞི་རྣམ་རྒྱལ། བདེ་ཆེན་རྡོ་རྗེ། རིག་འཛིན་རྡོ་རྗེ། བསྟན་པའི་ཉི་མ། ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན། གྲུབ་མཆོག་རྡོ་རྗེ་ནས། སློབ་དཔོན་སྔགས་རམ་པ་པདྨ་ཆོས་དབང༌། བསྟན་འཛིན་ཆོས་ཀྱི་ཉི་མ། པད་གླིང་དྲུག་པ་མན་གོང་བཞིན་ནོ། ༈ །སྨན་མདོའི་གཏེར་མ་རྟ་མགྲིན་དམར་པོ་དྲེགས་པ་ཟིལ་གནོན་གྱི་སྐོར་ལ། སྨིན་བྱེད་ནོར་བུ་རྒྱ་མཚོའི་རྟ་མགྲིན་གྱི་དབང་བསྐུར་ཉིད་ལ་ལས་ཚོགས་ཉེར་གཅིག་པའི་གཏོར་དབང་སྦྱོར་བ་ཙམ་ཁྱད་པར་དུ་བྱས་པས་ཁྱབ་པར་མཛད་ནས། ལུང་ལ། ན༽ རྟ་མགྲིན་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལོ་རྒྱུས་མདོར་བསྡུས། རྟ་ཐོད་ལྷ་ཞལ་ལ་བརྟེན་པའི་ཕྱི་སྒྲུབ། དྲེད་ཐོད་ལྷ་ཞལ་ལ་བརྟེན་པའི་ནང་སྒྲུབ། འཁོར་ལོ་ལྷ་ཞལ་ལ་བརྟེན་པའི་གསང་སྒྲུབ། ཡང་གསང་དྲེགས་པ་ཟིལ་གནོན་དུ་སྒྲུབ་པ། བསད་ཐབས་དགུའི་མན་ངག །དཔལ་གྱི་ཕོ་ཉ་ལས་བྱེད་བསྐུལ་བ། སྔགས་སྲུང་ལྕམ་དྲལ་གྱི་ལས་ཀྱི་མདེའུ་ཁ་ཉེར་གཅིག་པ། བར་ཆད་མེད་པ་གཏོར་མའི་ལས་ཚོགས་ཉི་ཤུ་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཁྲི་སྲོང༌། རྒྱལ་བ་མཆོག་དབྱངས། གཏེར་སྟོན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས་མན་གོང་བཞིན་ནོ། ༈ །བྲག་དམར་དོ་བོའི་གཏེར་མ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྐོར་ལ། སྨིན་བྱེད་དྲེགས་པ་སྲོག་འཕྲོག་དབང་གི་ཆོ་ག་བཞིན་ནོས་ནས། ལུང་ལ། ན༽ དྲེགས་པ་སྲོག་འཕྲོག་ལྷ་ལྔའི་ལོ་རྒྱུས། ལས་བྱང༌། དབང་ཆོག །རྩ་སྒྲུབ། ལས་ཚོགས་སྲིའུ་གསོ་བ་ནས་རྦོད་གཏོང་ཟློག་པའི་བར་ནང་ཚན་ཉེར་བཞི་པ་རྣམས་དང༌། སྨན་མདོའི་གཏེར་མ་རྟ་ནག་དཔའ་བོ་གཅིག་པའི་སྒྲུབ་ཐབས། བཀའ་སྲུང་བསེ་མདོང་དམར་མོའི་སྒྲུབ་ཐབས་བསྐུལ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། དཔའ་བོ་སྟོབས་ལྡན། དགའ་རབ། ཨོ་རྒྱན་ཡབ་ཡུམ། གཏེར་ཆེན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ་ནས་གོང་བཞིན་ནོ། །འདིར་སྨན་མདོའི་གཏེར་མ་རྟ་མགྲིན་གྱི་སྒྲུབ་ཐབས་ཙིཏྟའི་ཡང་ཞུན་ཞེས་པ་སྨིན་གཏེར་གསན་ཡིག་ཏུ་སྣང་ཡང་ད་ལྟ་དཔེ་ལུང་གི་རྒྱུན་མ་རྙེད་དོ། ༈ །སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་སྤྱན་དྲངས་པའི་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་སྐོར་ལ། རྩ་དབང་རྡོ་རྗེ་རྒྱས་འདེབས་ལ་འགྲོ་དོན་ཀུན་ཕན་སྦྱར་བའི་རྒྱས་པ་དང༌། ཚེ་དབང་གསུང་རྒྱུན་མར་གྲགས་པ་བཅས་ཐོབ་ཅིང༌། ཁྲིད་གཞུང་གསལ་སྒྲོན་སྙན་བརྒྱུད་ཀྱིས་བརྒྱན་པ་ལེགས་པར་ནོས་ནས། ལུང་ལ། ཉ༽ ཁ་བྱང་དོན་གསལ་མེ་ལོང༌། བརྒྱུད་པའི་ལོ་རྒྱུས་རིན་ཆེན་སྤུངས་པ། ཚེའི་ཁོག་དབུབ་ཆེན་མོ། ལས་བྱང་དགོས་འདོད་ཀུན་འབྱུང༌། བུམ་སྒྲུབ་རིན་ཆེན་ཕྲེང་བ། མངོན་རྟོགས་རྡོ་རྗེའི་སྲོག་འཁོར། ཚེའི་ཕོ་ཉ་འགུགས་བྱེད་རྡོ་རྗེའི་ཕྲེང་བ། བྱིན་འབེབས་འོད་ཀྱི་དྲྭ་བ། དབང་ཆོག་རྡོ་རྗེ་རྒྱས་འདེབས། ཚེ་གཏའ་སྡོམ་པའི་མན་ངག །འཆི་མེད་རྡོ་རྗེའི་རྒྱ་མདུད། པྲ་བརྟག་གསལ་བའི་མེ་ལོང༌། ཁྲིད་གཞུང་དོན་གསལ་མེ་ལོང༌། ཚེ་ལྷ་སྐུ་ལྔའི་སྒྲུབ་ཐབས། བཏགས་གྲོལ་རྒྱུད་ཀྱི་སྙིང་པོ་ལེའུ་ལྔ་པ། འཆི་བརྟགས་ཐབས་ཉི་མ་ལྟ་བུ། འཆི་བསླུའི་རིམ་པ། འཆི་མེད་རིལ་བུའི་བཅུད་ལེན། ཚེའི་འཁོར་ལོ་བྲི་ཐབས། ལས་བཞིའི་སྦྱིན་སྲེག །སྲོག་རྩོལ་རླུང་གི་གདམས་པ། ཁྲུས་ལུང་ཉོན་མོངས་ནད་སེལ། འཆི་མེད་རིན་ཆེན་གསང་རྒྱུད་ལེའུ་ཉེར་གསུམ་པ་རྣམས་དང༌། གཏེར་སྟོན་གྱིས་མཛད་པ་དབང་ཆོག་འགྲོ་དོན་ཀུན་ཕན། སྒྲུབ་ཆེན་ལྷན་ཐབས་དཀྱིལ་འཁོར་རྒྱན་བཀོད་ནོར་བུ་དགོས་འདོད་ཀུན་འབྱུང༌། དབང་བཤད་ནོར་བུའི་ཕྲེང་བ། དབང་ཆོག་བསྡུས་པ་གསུང་རྒྱུན་མ། སྔོན་འགྲོ་ཆོས་སྤྱོད་བཅས་ཚང་པར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་ལྷ་རིགས་ལྔ ་ཨོ་རྒྱན་ཆེན་པོ། མཁའ་འགྲོ་མཚོ་རྒྱལ། གཏེར་ཆེན་པད་གླིང༌། སྲས་ཟླ་བ་རྒྱལ་མཚན། རྒྱལ་དབང་བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་ལེགས་པའི་དོན་གྲུབ། ངག་དབང་འགྱུར་མེད་རྡོ་རྗེ། དེ་གཉིས་ཀས་འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། ཀུན་བཟང་བསྟན་པའི་ཉི་མ། འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན་གཏེར་སྟོན་ནས། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་རྡོར་མན་གོང་བཞིན་ནོ། །ཡང་ཁྲིད་བརྒྱུད་གཅིག་ནི། བསྟན་འཛིན་འགྱུར་མེད་རྡོ་རྗེ་ནས། མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ། ལྕགས་ཟམ་བསྟན་འཛིན་བདུན་པ པད་གླིང་དྲུག་པ་མན་འདྲའོ། ༈ སྐུ་རྗེས་རྡོ་རྗེ་བརྩེགས་པའི་བྲག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་སྐོར་ལ། དབང་གསང་རྒྱུད་ལེའུ་བཅུ་བཞི་པ་དང་གཏེར་སྟོན་གྱིས་མཛད་པའི་ལྷན་ཐབས་སྦྱར་བའི་སྟེང་ནས་ནོས་ཏེ། ལུང་ལ། ན༽ གསང་རྒྱུད་ནོར་བུ་ལམ་ཁྱེར། ལོ་རྒྱུས་དབང་གི་བཤད་པ། འཆི་བ་བརྟགས་པ་ཉི་ཟླའི་རྒྱ་ཅན། སྣང་བ་གསུམ་ལ་བརྟེན་ནས་ནང་གི་འཆི་བརྟགས། གསང་བ་སེམས་ཀྱི་འཆི་བརྟགས། འཆི་བསླུའི་གདམས་པ་མུ་ཏིག་ཕྲེང་བ། ནང་སྒྲུབ་ཟབ་པའི་མཐར་ཐུག །ཚེའི་ཉམས་ལེན་རྒྱུན་ཁྱེར། བླ་མ་དང་ཚེ་དཔག་མེད་སྦྲག་པར་སྒྲུབ་པ། ཚེ་འགུགས་ཀྱི་རིམ་པ། དབང་ཆོག་གཏེར་སྟོན་གྱིས་མཛད་པ། རྡོ་རྗེའི་ཚེ་འཁོར་ཆེན་མོ་བྲི་ཐབས། ཆོས་སྤྱོད། དབང་གི་ཕྱག་བཞེས་ཟིན་བྲིས་བཅས་ཐོབ་པའི་ལུང་གི་བརྒྱུད་པ་ནི་གོང་བཞིན་དང་དབང་རྒྱུན་བར་ལམ་ཆད་པ་ཕྱིས་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད་དུ་བབས་པའི་རྒྱུན་མཁྱེན་བརྩེ་ནས་རྦ་ཁ་རིག་འཛིན་ཁམས་གསུམ་ཡོངས་གྲོལ། བླ་མ་ཕུན་ཚོགས་རབ་རྒྱས། སློབ་དཔོན་རྒྱལ་མཚན། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། ༈ །མཚལ་མདོའི་ཁྲ་རིང་བྲག་ནས་སྤྱན་དྲངས་པའི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་སྐོར་ལ། དབང་བཀའ་རིན་ཆེན་ཕྲེང་བའི་སྟེང་ནས་ལེགས་པར་ནོས་ཏེ། ལུང་ལ། ཏ༽ ཐེམ་བྱང༌། ནཱ་ག་བདུད་འདུལ་ནག་པོའི་རྒྱུད་ལེའུ་བཅུ་གཅིག་པ། ཕྱི་སྒྲུབ་མན་ངག་སྒྲུབ་པ་པདྨའི་ཁོངས་སྙིང༌། དེའི་ལས་མཐའ་ཁྱད་པར་ཅན་གྱི་ལས་ཚོགས་གསུམ། ཐུན་མོང་གི་ལས་ཚོགས་བཅུ་གཅིག །གཏུམ་པོའི་ནང་སྒྲུབ་གསང་བ་སྙིང་གི་དུམ་བུ། དེའི་ལས་ཚོགས་བུམ་ཁྲུས། བད་གསོ། གཏོར་དབང་སྟེ་ཕན་བྱ་གསུམ། ཁྱད་པར་གྱི་ལས་ཚོགས་སྤུ་གྲི་རེག་གཅོད་སྤྱི་དོན་བཅུ་བཞི་པ། གཟའ་འཇིག་རྟེན་པའི་སྒྲུབ་པ་སྤྱི་དོན་དྲུག་པ། སྡེ་བརྒྱད་ཝ་ཐོད་ནག་པོ་གཅེས་པའི་བཀའ་རྒྱ་དྲུག་པ་གོང་གནོན་སོགས་ཚང་བ། བསྐྲད་པ་ཕྲ་མེན་དོམ་ལག་མ། ཉེ་འབྱེད་བསེ་ཤིང་མ། ཛམ་དམར་ཐུགས་སྒྲུབ་ལས་ཚོགས་དང་བཅས་པ། འགོམ་ཆོག་ཕྲ་མེན་འཁོར་ལོ་གསུམ་པ་ཞལ་ཁྲིད་དང་བཅས་པ། ཁང་སེར་ར་དོམ་ནག་པོ། ངག་གནོན་རང་འོག་མ། རང་གཤེད་སྡེ་བརྒྱད་གནད་འཁོར། གསང་བདག་ཆེན་པོའི་གསང་སྒྲུབ། ལས་བཞིའི་སྦྱིན་སྲེག །བསྟོད་པ། གཏུམ་པོའི་སྐུ་སྒྲུབ། དེའི་ལས་བྱང༌། དེའི་ལས་མཐའ་སེང་ཕུར་ཉེར་གཅིག་མ། ཀླུ་གཏེར་གཞུག་པ། ཀླུ་རྟེན་སྤོ་བ། ཀླུའི་བྱད་གྲོལ། ཀླུ་གཏའ་སྡོམ་པ། ཆར་ཆོག །ཀླུའི་གདོན་འགྲོལ་རྒྱས་པ། གཏུམ་པོ་གསུང་གི་སྒྲུབ་ཐབས། དེའི་ལས་མཐའ། ཐུན། ཡུངས་ཀར། ཕུར་པ། རལ་གྲི། རྫས་སྦྱོར། ཙཀྲ། ངན་ཐབས། གཏད་ཁྲམ་རྣམས། གཏུམ་པོ་ཧཱུྃ་གི་ཐུགས་སྒྲུབ། གཏུམ་པོ་ཁྲོ་བཅུའི་ལས་བྱང༌། དེའི་ལས་ཚོགས་གསང་བ་ཐུགས་ཀྱི་ཕུར་གཅིག་གདབ་ལས་བཅས། ཐུགས་སྒྲུབ་ལས་བྱང་ཚོགས་མཆོད། ཕྱག་རྡོར་ཡོན་ཏན་གྱི་སྒྲུབ་པ། དྲེགས་པ་ཕྲིན་ལས་ཀྱི་སྒྲུབ་པ། སྤྱི་ཁོག་སྒྲུབ་གཞུང་ཆེན་མོ། དབང་ཆོག་རིན་ཆེན་ཕྲེང་བ། ཁྱུང་གཅིག་མའི་སྒྲུབ་པ། ཀུན་འདུལ་ཁྲོ་བོའི་དྲིལ་སྒྲུབ། དབང་གི་ལས་བྱང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། རྡོར་སེམས། ཕྱག་རྡོར། དགའ་རབ། ཨོ་རྒྱན་ཡབ་ཡུམ། ཁྲི་སྲོང༌། པདྨ་གླིང་པ། གྲུབ་པ་ཀུན་འདུས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། དེས་བླ་མ་པདྨ་ཁྱབ་བདག་དང༌། སློབ་དཔོན་པདྨ་ཆོས་དབང་ལ སྔ་མ་ལས་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ཕྱི་མས་ཐུགས་སྲས་བསྟན་འཛིན་ཆོས་ཀྱི་ཉི་མ། དེས་གཉིས་ཀས་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། གསུང་སྤྲུལ་བསྟན་པའི་ཉི་མ། གཏེར་སྲས་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། ༈ །གཏེར་གནས་གསུམ་ནས་སྤྱན་དྲངས་པའི་ཕྱག་རྡོར་གཏུམ་པོའི་སྐོར་ལ། དབང་མེ་ལྕེ་ཕྲེང་བའི་སྟེང་ནས་ནོས་ཏེ། ལུང་ལ། ཏ༽ ལས་བྱང་གནམ་ལྕགས་འོད་ཀྱི་དྲྭ་བ་ག་དང་བྲག་གི་གཏེར་མ། དབང་བཤད་དང་དབང་ཆོག་མེ་ལྕེ་ཕྲེང་བ་སྨན་མདོའི་གཏེར་མ། ཁྲུས་གསོལ་དུག་དབྱུང་དང་བཅས་པ་བྲག་དམར་དོ་བོའི་གཏེར་བྱོན་ཐུགས་ནས་བསྒྱུར་བ་བཅས་ཐོབ་པའི་བརྒྱུད་པ་དྲེགས་འདུལ་དང་འདྲའོ། ༈ །སྨན་མདོའི་སེང་གདོང་བྲག་ནས་སྤྱན་དྲངས་པའི་ཕུར་བ་ཡང་གསང་སྲོག་གི་སྤུ་གྲིའི་སྐོར་ལ། མ༽ སྨིན་བྱེད་སྒྲུབ་འབུམ་དང་དབང་ཆུ་སྦྱར་བའི་སྟེང་ནས་ནོས་ཏེ། ལུང་ལ། རྩ་བའི་རྒྱུད་རྡོ་རྗེ་གཞོན་ནུ་ཕུར་པ་ཀུན་འདུས་ཡང་སྙིང་ཕུར་གཅིག་མ། དེའི་འགྲེལ་པ་རྒྱ་ཆེར་བཤད་པ། རྩ་བའི་རྒྱུད་ཀྱི་བསྡུས་དོན། ཨོ་རྒྱན་སྙིང་གཏམ་ཡང་དག་ཕུར་པའི་སྤྱི་སྡོམས་མཐའ་རྒྱས་མཚོ་རྒྱལ་གྱི་ཞུ་ལེན། སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཕུར་པའི་ལྡེ་མིག་ཉེར་གཅིག །ཕུར་པའི་སྤྱི་ཁོག་ཡང་དག་འབྲས་བུའི་འཕྱོང༌། དབང་ཆོག་ཆེན་མོ། དབང་གི་ཏི་ཀ །དབང་གི་སྔོན་འགྲོ་ཡན་ལག་བདུན་པ། ཕྱི་སྙིང་ཐིག་སྤུ་གྲི་འབར་བའི་སྒྲུབ་ཐབས་རང་དོན་བྱང་ཆུབ་ནར་མར་སྒྲུབ་པ། ནང་དབང་སྡུད་ཁྲོ་བོ་ཉེ་བར་སྒྲུབ་པ། གསང་བ་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས། སྤུ་གྲིའི་བུ་ཡིག །སྤུ་གྲིའི་སྲོག་འཁོར་ལིངྒ། །སྤུ་གྲིའི་ཚོགས་སྒྲུབ་སྒྲུབ་འབུམ་ཆེན་མོ། དངོས་གྲུབ་ལེན་ཆོག །ཚེ་འགུགས་པའི་ཆོ་ག །ཕུར་པའི་ལས་དགུ་བཀོལ་བ། སྤུ་གྲིར་འབྲེལ་བ་ཡང་སྙིང་གསང་སྒྲུབ་ཀྱི་ལས་བྱང༌། དེའི་སྡོམས་བྱང༌། མཚམས་གཅོད། ཁྲོ་བོ་བཅུའི་གསལ་འདེབས་ཆེ་ཆུང༌། ཕུར་པའི་བསྟོད་པ། རྟགས་བསྟོད། ལས་བྱང་ཁ་སྐོང༌། ལྷག་ཆོག །རྒྱུན་གཏོར། གཏེར་སྟོན་གྱིས་མཛད་པའི་ལས་བྱང་ནོར་བུའི་ཕྲེང་བ། དབང་མོ་ཉེར་བརྒྱད་ཀྱི་བསྐུལ། གློ་བུར་ཅོག་རྡུང་ལས་སྦྱོར་གྱི་སྒྲུབ་པ། ཕུར་སྲུང་བཅུ་གཉིས་ཕོ་ཉའི་བསྐུལ་དང་བཅས་པ། འཆམས་བཤད་སྟོང་ཐུན། སྲོག་འཆམས་ཀྱི་རྩ་ཚིག་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། རྡོར་སེམས། དགའ་རབ། ཤྲཱི་སིངྷ། པྲ་ཧསྟི། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། མུ་ཏིག་བཙན་པོ། གཏེར་སྟོན་པདྨ་གླིང་པ། རྒྱལ་བ་དོན་གྲུབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཡང་ན། གཏེར་སྟོན་ནས། གྲུབ་པ་ཀུན་འདུས། བསྟན་འཛིན་གྲགས་པ། དེས་གཉིས་ཀ་ལས་པདྨ་ཕྲིན་ལས། པད་གླིང་གསུམ་པ། ཐུགས་སྲས་བཞི་པ། པད་གླིང་བཞི་པ། ཐུགས་སྲས་ལྔ་པ། གསུང་སྤྲུལ་ལྔ་པ། པདྨ་ཁྱབ་བདག །པད་ཕྲིན་བཞི་པ། པད་གླིང་དྲུག་པ། རྦ་སྤྲུལ་བདུན་པ། པད་གླིང་བརྒྱད་པ། ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་ན་བརྒྱུད་པ་གཅིག་ལ། ཐུགས་སྲས་བཞི་པ་ནས། མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ། ཕུར་པའི་སྔགས་འཆང་ཆེན་པོ་གནུབས་རིགས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། པད་གླིང་དྲུག་པ་མན་གོང་བཞིན་ནོ། ༈ །བུམ་ཐང་རྩེ་ལུང་ལྷ་ཁང་གི་རྒྱབ་ནས་སྤྱང་དྲངས་པའི་བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་སྐོར་ལ། དབང་གི་སྟ་གོན་ཁྲུས་ལུང་དབང་ཕྲེང༌། སྒྲུབ་ཁོག །རྣལ་འབྱོར་རྒྱུན་དབང༌། དབང་ཆེན་རྡོ་རྗེ་ཕྲེང་བ་རྣམས་སྦྱར་བའི་སྟེང་ནས་སྨིན་བྱེད་ལེགས་པར་ནོས་ཏེ། ལུང་ལ། ཐ༽ གཏེར་སྟོན་གྱིས་མཛད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ། མཆོག་ལྡན་མགོན་པོས་མཛད་པའི་བརྒྱུད་པ་བདུན་ལྡན་གྱི་ལོ་རྒྱུས། གསང་བ་སྒྲུབ་ཆེན་གྱི་རྩ་བ་ས་བཅད། སྒྲུབ་འབུམ་ཆེན་མོ་རིན་ཆེན་ཕྲེང་བ། སྒྲུབ་ཆེན་ཁོག་དབུབ་སྤྱི་ཆིངས་གསེར་གྱི་ཕྲེང་བ། དཀྱིལ་འཁོར་རྒྱན་བཀོད་ནོར་བུའི་ཕྲེང་བ། དབང་བཞིའི་རབ་དབྱེ་མན་ངག་གི་ལྡེ་མིག །སློབ་མ་སྟ་གོན་ཁྲུས་ལུང་དབང་གི་ཕྲེང་བ། རྣལ་འབྱོར་རྒྱུན་དབང་བླང་ཐབས་མགྱོགས་དབང་སྒོ་འབྱེད་བུམ་རྒྱ་ཅན། དབང་ཆོག་རྡོ་རྗེའི་ཕྲེང་བ། དེའི་ལྷན་ཐབས་རིགས་བཞིའི་ལྷ་དབང་བཀོལ་བ། ལས་བྱང་བར་ཆད་ཀུན་སེལ། གདབ་ལས་སྲོག་གཅོད་སྤུ་གྲི། གཟུ་དབང༌། ཆད་ཐོ་གཏོར་མནན་སོགས་ཟུར་བཀོལ། ཟོར་ལས་གླེང་གཞི་དང་བཅས་པ། ཟློག་གཞུང་ཆེན་མོ་ཁྱུང་ཟློག་རྩང་གྱེར་ལྟས་ངན་ཟློག་པ་དང་བཅས་པ། གིང་ཆེན་ཉི་ཤུའི་འཆམས་ཀྱི་རྩ་ཚིག །དཀྱིལ་འཁོར་ཐིག་རྩ་མཐོང་བ་དོན་ལྡན་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་འཆང༌། རྡོ་རྗེ་ཆོས། ལས་ཀྱི་དབང་མོ་ཆེ། རྒྱ་གར་རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། བོད་ཀྱི་གྲུབ་ཆེན་བརྒྱད། ཆོས་རྒྱལ་ཡབ་སྲས། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། འགྱུར་མེད་པདྨ་ཁྱབ་བདག །བསྟན་འཛིན་སྲིད་ཞི་རྣམ་རྒྱལ། རྗེ་པད་གླིང་དྲུག་པ། རྦ་ཁ་རིག་འཛིན་བདུན་པ། པད་གླིང་བརྒྱད་པ། གཏེར་སྲས་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། །ཡང་དབང་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྲས་ཟླ་བ། པདྨ་ཕྲིན་ལས་མན་གོང་བཞིན་དང༌། ཡང་ན། ཐུགས་སྲས་བཞི་པ་ནས་ལེགས་པའི་དོན་གྲུབ། སེམས་དཔའ་གསུང་དབང་སྤྲིན་དབྱངས། ངག་དབང་རྒྱ་མཚོ། ཡོན་ཏན་མཐའ་ཡས། པད་ཕྲིན་བཞི་པ། པད་གླིང་དྲུག་པ་མན་གོང་ལྟར་རོ། ༈ །བུམ་ཐང་རི་མོ་ཅན་ནས་སྤྱན་དྲངས་པའི་བདུད་རྩི་སྨན་སྒྲུབ་ཀྱི་སྐོར་ལ། འདིའི་དབང་སྒྲུབ་ཆེན་དང་འབྲེལ་བར་ཐོབ་དགོས་རྒྱུར་སྣང་ཞིང༌། སྨིན་གཏེར་གསན་ཡིག་ཏུ་ཡང་དེ་བཞིན་ཡོད་མོད། བར་ལམ་ཞིག་ནས་སྒྲུབ་དབང་གི་རྒྱུན་ཆད་དམ་པད་གླིང་བརྒྱད་པའི་གསན་ཡིག་ཏུ་ཞལ་གསལ་མ་བྱུང༌། འདིར་ད་ལྟའི་ཕྱག་རྒྱུན་བཞིན་གོང་གི་བཀའ་བརྒྱད་ཀྱི་དབང་གི་རྗེས་འབྲེལ་སྨན་དབང་ནོར་བུའི་བང་མཛོད་ཚང་བར་ནོས་ནས། ལུང་ལ། ཏ༽ ལུང་བསྟན་གསལ་བྱེད་སྒྲོན་མེ། རྩ་བརྒྱད་སྟོང་གི་རྣམ་དབྱེ། སྨན་གྱི་བབ་གཞུང་ཆེན་མོ། པྲ་ཁྲིད་ཡིག་ཆུང༌། དབང་ཆེན་ནོར་བུའི་བང་མཛོད། རིག་མ་འབུལ་བ་དང་སྨན་སྲུང་སྤྱན་འདྲེན་རྟོག་བསལ། ལྷ་ཚོགས་བསྐུལ་བྱང་དངོས་གྲུབ་བླང་བ་དང་བཅས་པ། སྨན་སྲུང་བསྐུལ་ཆོག་བར་ཆད་ཉུལ་ལེ་ཟློག་པ། སྨན་ཁྲོལ་བུའི་སྒྲུབ་ཐབས། ཕྱེ་མའི་སྒྲུབ་ཐབས། རིལ་བུའི་སྒྲུབ་ཐབས། བདུད་རྩི་འཆི་མེད་ཀྱི་སྒྲུབ་ཐབས། སྨན་ཆེ་བའི་ཡོན་ཏན་བརྗོད་པ། ལ་ཡག་ཆོས་རྗེའི་ཞུས་ལེན། ཕོ་བྲང་སྟེང་འོག་གི་བཅས་ཀྱི་ཞལ་གདམས། སྒྲུབ་ཆེན་གྱི་ཕྱག་ལེན་ཟིན་བྲིས་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། བི་མ་ལ། ཨོ་རྒྱན་ཆེན་པོ། གཉག་ཛྙཱ་ན་ཀུ་མ་ར། གཏེར་ཆེན་པད་གླིང༌། གྲུབ་པ་ཀུན་འདུས། བསྟན་པའི་འབྱུང་གནས། གཉིས་ཀས་པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ་མན་གོང་རྣམས་བཞིན་ནོ། ༈ །སྨན་མདོའི་གཏེར་མ་དཔལ་མགོན་མ་ནིང་གི་སྐོར་ལ། སྲོག་དབང་གི་ཡི་གེ་རྒྱས་བསྡུས་གཉིས་ཀྱི་སྟེང་ནས་རྩ་བའི་དབང་དང༌། གནམ་ལྕགས་ཕུར་གཅིག་མའི་སྟེང་ནས་སྡེ་དགུའི་སྲོག་དབང་བཅས་ནོས་ནས། ལུང་ལ། ད༽ མ་ནིང་གི་ལོ་རྒྱུས་རུ་ཏྲའི་བཤད་པ་ཆེན་པོ། མ་ནིང་ནག་པོ་གསང་བ་འཁོར་ལོའི་ལས་རྒྱུད་ལེའུ་ཉེར་ལྔ་པ། མ་ནིང་དྲེགས་པའི་སྲོག་དབང་སྲོག་གི་སྤུ་གྲི་ཞབས་ཡིག་ཞལ་གདམས་དང་བཅས་པ། ཆོས་སྐྱོང་སྡེ་དགུའི་སྲོག་དབང་གནམ་ལྕགས་ཕུར་གཅིག །སྲོག་བདུད་ནག་པོའི་སྒྲུབ་ཐབས་དྲག་སྔགས་སྤུ་གྲིའི་འཁོར་ལོ། མེ་དབལ་ནག་པོའི་སྒྲུབ་ཐབས་དང་ལས་ཚོགས་བཅོ་ལྔ་ཐེམ་བྱང་བཅས་པ། མ་ནིང་གསུང་གི་སྒྲུབ་པའི་ལས་ཚོགས་དགོས་འབྱུང་རིན་ཆེན་ལས་ཕྲེང་བཅུ་གཉིས་པ། ཕྲིན་ལས་ཏྲཀྴད་ཀྱི་སྒྲུབ་ཐབས། དེའི་ཞལ་གདམས། སྔགས་ཀྱི་འབྱིན་གཞུག །བསྐང་གསོ་དགྲ་བགེགས་ཚར་གཅོད། བསྟོད་པ་དང་བསྐུལ་གྱི་རིམ་པ། བདུད་མགོན་ལས་ཆས་ཀྱི་སྒྲུབ་ཐབས་གསང་བ་ཆིག་ཤུར། མ་ནིང་གསང་སྒྲུབ་སྲོག་གི་སྤུ་གྲི། ཡུམ་རེ་མ་ཏིའི་གསང་སྒྲུབ། ཕྲིན་ལས་བདུད་མགོན་སེང་གདོང་གི་སྒྲུབ་ཐབས། དེའི་ཞལ་ཤེས། ལས་མཐའ་ཆོ་འཕྲུལ་གཏོང་བ། བདུད་མགོན་བྱ་རོག་གདོང་ཅན་གྱི་སྒྲུབ་ཐབས། དམ་ཅན་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་ཆོ་འཕྲུལ་ཅོག་རྡུང༌། དམ་ཅན་སྡེ་དྲུག་གི་ཆོ་འཕྲུལ་ལྟས་ངན་གཏོང་ཐབས་རྣམས། འདི་ལ་སྨིན་གཏེར་གསན་ཡིག་ཏུ་གཏེར་བདག་གི་སྒྲུབ་ཐབས་ཆོ་འཕྲུལ་ཞེས་པ་ཞིག་འདུག་ཀྱང་ལྟ་དཔེ་ལུང་གི་རྒྱུན་མ་རྙེད། གཏེར་སྟོན་གྱིས་མཛད་པའི་བསྐང་གསོ་རྒྱས་པ་དགོས་འདོད་ཀུན་འབྱུང༌། འབྲིང་པོ་ཕྲིན་ལས་ཀུན་འགྲུབ། གསོལ་ཁ་ཕུད་སྐོང་དགོས་འདོད་ཀུན་འབྱུང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་ཆོས། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨོ་རྒྱན་ཡབ་ཡུམ། ལོ་ཆེན་བཻ་རོ། གཏེར་ཆེན་པད་གླིང༌། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཡང་ན། གྲུབ་པ་ཀུན་འདུས། བསྟན་པའི་འབྱུང་གནས། གཉིས་ཀས་པདྨ་ཕྲིན་ལས། དེ་ནས་ཀུན་མཁྱེན་ཚུལ་རྡོར་མན་གོང་བཞིན་ནོ། །སྨན་མདོའི་གཏེར་མ་མགུར་མགོན་ཕུར་ཞབས་མ་ཞིག་ཡོད་ཚུལ་སྨིན་གཏེར་གསན་ཡིག་ཏུ་སྣང་ཡང་དཔེ་ལུང་གི་རྒྱུན་མ་རྙེད་དོ། ༈ །བུམ་ཐང་རྩེ་ལུང་གི་སྒོ་སྲུང་མཆན་འོག་ནས་བཏོན་པའི་ནག་པོ་སྐོར་གསུམ་དུ་གྲགས་པ་ལས། གཤིན་རྗེ་ཁ་ཐུན་ནག་པོའི་སྐོར་ལ། ད༽ སྒྲུབ་ཐབས་གསང་མཆོག་དམ་པ། གསང་སྒྲུབ་ཆུང་བ། ལས་ཚོགས་བརྒྱད་ཅུ་པ། ལས་ཚན་ཐོར་བུ་ནང་ཚན་བཅུ་གཅིག་པ་རྣམས་དང༌། ཕྲ་མེན་ཕག་ཤ་ནག་པོའི་སྐོར་ལ། ལོ་རྒྱུས། ཆུ་ཟློག་ཟབ་མོ། དཔལ་བཤོས་ལ་བརྟེན་པའི་ཟློག་པ། རྒྱུད་ལེའུ་དྲུག་པ། འགོམ་ཆོག་རྩ་བ། ངག་འགྲོལ། མནན་པ། ཁང་སེལ། ཞིང་སེལ། ཕྲ་མེན་ཡབ་ཡུམ་གྱི་འགོམ་ཆོག་འཁོར་ལོ་མ་རིགས་གཉིས། ཡབ་ཡུམ་གྱི་འགོམ་ཆོག །བླ་ནག་བསྐལ་འཁྱིལ་མ། འགོམ་ཆོག་གསོ་བ། དགྲ་བསད་པ། བསོད་ནམས་བསྐྱུར་བ། ནུས་པ་ཕྱིར་ཟློག །ཁང་སེལ་དང་ཞིང་སེལ་གྱི་ཡིག་ཆུང༌། སེར་བསྲུང༌། བསད་པའི་ཡིག་ཆུང་ཞལ་ཤེས། བཅིང་གྲོལ་མན་ངག་རྣམས། ༈ །མུ་སྟེགས་གུ་ལང་ནག་པོའི་སྐོར་ལ། ད༽ དགྲ་མནན། ཁྱི་ཁར་ཟན་བསྒྱུར། དམག་ཟློག་སེ་གཞུ་མ། དགྲ་ཕུང་བའི་ཐབས། དགྲ་བོ་ཅོག་འགྱེལ། སྨྱོ་ཞིང་བརྒྱལ་དུ་འཇུག་པ། རྐུན་མ་ཆམ་ལ་འབེབས་པ། མཛེ་ཤུ་གཏོང་བ། སྒྲིབ་ཤིང་རིགས་གཉིས། ཟ་ཡིག་བཅས་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་པད་གླིང༌། ནང་སོ་རྒྱལ་བ་དོན་གྲུབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཡང་ན། གཏེར་སྟོན་ནས། གྲུབ་པ་ཀུན་འདུས། བསྟན་པའི་འབྱུང་གནས། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ་མན་གོང་བཞིན་ནོ། ༈ །གཏེར་གནས་སྣ་ཚོགས་ནས་བྱུང་བའི་མན་ངག་ལས་ཕྲན་སྐོར་ལ། ད༽ གསོན་འདྲེ་ཁ་བཅིང་བརྡུང་ཐབས་དང་བཅས་པ་མཆི་མས་ཕུ་མ། རྒྱལ་ཁྲམ་སྒོ་གཅོད། དུག་སྲུང་རྨ་བྱ་མ། ཀེག་སྲུང༌། འཇུར་སྡོམ། གཟའ་སྲུང༌། རང་སྲུང་ཕྱག་ནའི་ལུགས། ཚེ་རིང་མའི་གསང་སྒྲུབ་དབང་སྡུད་མངོན་ཤེས་བཅས། འཇམ་དཔལ་དམར་པོའི་དྲག་སྔགས་ཝ་ཐོད་མ། སྡེ་བརྒྱད་ཡོངས་དྲིལ་བསེ་སྒྲོམ་མ། རླུང་དམར་གྱི་དྲག་སྔགས་སྲོག་གི་ཇག་པ། ཧལ་ཁྱི་ནག་པོའི་གཏད་གྲོམ། དེའི་བསྐུལ་ལས་མཐའ་བཅས། བུམ་ཐང་སྲོག་མཆན་རླུང་གི་འཁོར་ལོ། དེའི་མན་ངག་ཤོག་དྲིལ་དྲུག་པ། དེའི་ལག་ལེན་དྲག་སྔགས་བཅུད་བོར། ཚེ་སྤེལ་འཁོར་ལོ། སྲི་སྲུང༌། སྐེག་སྲུང༌། ས་བདག་སྲུང་བ། ཇག་ཆིངས། ནད་བརྒྱ་སྔགས་གཅིག་བདུད་དྲུག་འཇོམས་པའི་ཐོ་བ། བསམ་གཏན་ཉལ་ཆོག་གི་འཁོར་ལོ་བཅས་ཚང་བར་ཐོབ་པའི་བརྒྱུད་པ་ནི། གཏེར་ཆེན་པད་གླིང་ནས། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཀུན་མཁྱེན་ཚུལ་རྡོར་མན་གོང་བཞིན་ནོ། །འདིར་མན་ངག་རྐྱལ་བུ་ཕུས་འདེབས་ཞེས་པ་སྨིན་གཏེར་གསན་ཡིག་ཏུ་སྣང་ཡང་དཔེ་ལུང་གི་རྒྱུན་མ་རྙེད། ༈ ཞ༽ བསམ་ཡས་ཇོ་བོ་བྱང་ཆུབ་ཆེན་པོའི་སྐྱིལ་ཀྲུང་བསྣོལ་མཚམས་ནས་སྤྱན་དྲངས་པའི་པདྨ་བཀའ་ཐང་དོན་གསལ་གྱི་ལུང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཁའ་འགྲོ་མཚོ་རྒྱལ། མུ་ཏིག་བཙན་པོ། གཏེར་སྟོན་པད་གླིང༌། མཁའ་སྤྱོད་རྣམ་རྒྱལ་གྲགས་པ། ཟུར་ལྷུན་གྲུབ་རྡོ་རྗེ། སྣང་གསལ་སྒང་པ་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། འབྲི་གུང་ཆོས་ཀྱི་གྲགས་པ། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། རབ་འབྱམས་ཀུན་མཁྱེན་གསུམ་པ། དཔོན་ཁང་པ་བི་ཛཱ་ཀྵ་ར། པད་གླིང་དྲུག་པ་ཡབ་སྲས། པད་གླིང་བརྒྱད་པ། སློབ་དཔོན་དམ་ཆོས་དཔལ་འབར། འཇིགས་མེད་ཀུན་ཁྱབ་རྡོ་རྗེ་བདུད་འཇོམས། འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལའོ། ༈ །པདྨ་གླིང་པའི་རྣམ་ཐར་གཏེར་སྟོན་རང་གི་ཞལ་གསུང་མ་རྒྱལ་བ་དོན་གྲུབ་ཀྱིས་ཁ་བསྐང་བ་འོད་ཟེར་ཀུན་མཛེས་སུ་གྲགས་པའི་ལུང་བརྒྱུད་ནི། ཕ༽ གཏེར་སྟོན་ཆེན་པོ། དཔལ་ལྡན་དོན་གྲུབ། རྒྱལ་དབང་བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། འགྱུར་མེད་རྣམ་རྒྱལ། པད་གླིང་དྲུག་པ། རྦ་ཁ་བདུན་པ། པད་གླིང་བརྒྱད་པ། གཏེར་སྲས་འཇིགས་མེད་ཚེ་དབང་ནོར་བུ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དེའི་ཞལ་ནས་བདག་མངྒ་ལ་ལ་དགྱེས་པར་བསྩལ་བའི་སྐལ་བཟང་ཉམས་སུ་མྱོང་བར་གྱུར་ཏོ། །བཀའ་འབུམ་ཡིད་བཞིན་གཏེར་མཛོད་ཀྱི་ལུང་རྒྱུན་ནི་ཆད་དམ་མ་རྙེད་དོ།། །།}} | ||
</onlyinclude> | </onlyinclude> |
Revision as of 13:08, 14 December 2022
🚧 This website is under continued development. We appreciate your patience!
གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་ཐོབ་ཡིག་སྐལ་བཟང་ཕན་བདེའི་ཤིང་རྟ།
Wylie title | gter chen pad+ma gling pa'i zab gter yongs rdzogs kyi thob yig skal bzang phan bde'i shing rta | |
---|---|---|
Location | dil mgo mkhyen brtse bka' 'bum Volume 25, Text 7, Pages 82-104 (Folios 1a to 23a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Gter chen pad+ma gling pa'i zab gter yongs rdzogs kyi thob yig skal bzang phan bde'i shing rta. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 82-104. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig |