DKR-KABUM-25-RA-003: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀུན་གཟིགས་བློ་གྲོས་མཐའ་ཡས་པའི་སྡེའི་རྒྱ་ཆེན་བཀའ་ཡི་མཛོད་ཆེན་པོ་ལེགས་པར་ཐོབ་པའི་གཏམ་ཟབ་རྒྱས་རྒྱ་མཚོ་མི་ཟད་དཔལ་གྱི་སྣང་བ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: . Delhi: Shechen Publications, 1994. | |fulltitle='jam mgon chos kyi rgyal po kun gzigs blo gros mtha' yas pa'i sde'i rgya chen bka' yi mdzod chen po legs par thob pa'i gtam zab rgyas rgya mtsho mi zad dpal gyi snang ba | ||
|citation=[[Khyentse, Dilgo]]. '''jam mgon chos kyi rgyal po kun gzigs blo gros mtha' yas pa'i sde'i rgya chen bka' yi mdzod chen po legs par thob pa'i gtam zab rgyas rgya mtsho mi zad dpal gyi snang ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: 30-55. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
Line 16: | Line 17: | ||
|volyigtib=ར་ | |volyigtib=ར་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=003 | |||
|pagenumbers=30-55 | |||
|totalpages=51 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=26a6 | ||
|totalfolios=26 | |||
|multivolumework=No | |||
|rectonotes=gsan yig | |||
|versonotes=kong sprul bka' 'bum | |||
|pdflink=File:DKR-KABUM-25-RA-003.pdf | |pdflink=File:DKR-KABUM-25-RA-003.pdf | ||
}} | }} | ||
Line 23: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀུན་གཟིགས་བློ་གྲོས་མཐའ་ཡས་པའི་སྡེའི་རྒྱ་ཆེན་བཀའ་ཡི་མཛོད་ཆེན་པོ་ལེགས་པར་ཐོབ་པའི་གཏམ་ཟབ་རྒྱས་རྒྱ་མཚོ་མི་ཟད་དཔལ་གྱི་སྣང་བ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀུན་གཟིགས་བློ་གྲོས་མཐའ་ཡས་པའི་སྡེའི་རྒྱ་ཆེན་བཀའ་ཡི་མཛོད་ཆེན་པོ་ལེགས་པར་ཐོབ་པའི་གཏམ་ཟབ་རྒྱས་རྒྱ་མཚོ་མི་ཟད་དཔལ་གྱི་སྣང་བ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། ངྃག་གི་དབྃང་ཕྱུགྃ་འཇམ་པའི་རྡོ་རྗེའི་ཀུན་ཕན་ཐུགས་རྗེའི་སྒྱུ་འཕྲུལ་ལས། །ཡོྃན་ཏནྃ་རྒྱྃ་མཚོྃའི་དབུས་ན་བརྗིད་པའི་མཁས་གྲུབ་རིན་ཆེན་ལྷུན་པོའི་དཔལ། །རྨད་བྱུང་ཕྲིྃན་ལྃས་ས་གསུམ་སྒྲེང་མཛད་ཕྱོགས་དུས་ཞིང་ཀུནྃ་རབ་ཁྱབྃ་དཔལ། །ཐུབ་བསྟན་ཡོངས་རྫོགས་ཤིང་རྟ་ཆེན་པོ་པྃདྨྃྃ་གརྃ་གྱི་དབྃང་ཕྱུག་རྒྱལ། །གང་ཐུགས་བློྃ་གྲོསྃ་སྤོབས་པ་མཐྃའ་ཡྃས་པའི། །སྐབས་གསུམ་ལམ་ལས་བྱུང་བའི་ལེགས་པར་བཤད། །རྒྱ་ཆེན་བཀའ་ཡི་གསང་མཛོད་ཆར་སྤྲིན་ལས། །སྨིན་གྲོལ་སྦྲང་ཆར་འབེབས་པའི་གཏམ་སྙན་སྤྲོ། །དེ་ཡང་སྙིགས་དུས་ཀྱི་སངས་རྒྱས་ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ལ་བཀའ་བབ་མཛོད་ཆེན་ལྔ་འབྱུང་བ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་ལྟར་རིས་སུ་མ་ཆད་པའི་བསྟན་པ་ཡོངས་རྫོགས་ཀྱི་མཛེས་པའི་རྒྱན་དུ་གྲུབ་པའི་བྱེ་བྲག་མཛོད་ཆེན་ཐུན་མོང་གི་རྒྱབ་ཆོས། རྒྱ་ཆེན་བཀའ་ཡི་མཛོད་ཅེས་ནོར་བུ་རིན་པོ་ཆེ་འབྱུང་བའི་རྒྱ་མཚོ་ལྟ་བུར་གྱུར་པ་སྐལ་བཟང་གི་གསོས་སུ་ཇི་ལྟར་ཐོབ་པའི་ཚུལ་ལ། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཀར་པོའི་ཚེས་ཀྱི་འཁྱུད་པའི་ཟླ་བ་ཉ་བའི་གྲངས་ཀྱི་ས་བཅད་རྒྱ་མཚོ་མཐའ་ཡས་པའི་བཅོ་ལྔས་གྲངས་སུ་བསྡམས་པའི་ས་བཅད་ལྟར་བཀོད་པ་ལ། ༈ དང་པོ་ཡུལ་ཁྱད་པར་ཅན་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་ཀྱི་སྐོར་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། སྟོན་པ་དོན་ཀུན་གྲུབ་པའི་ཚུལ་ལ་བསྔགས་པ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ། འཇམ་དཔལ་བསྟོད་པ་ཡེ་ཤེས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར། སྤྱན་རས་གཟིགས་ལ་བསྟོད་པ་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱ་མཚོ་གྲངས་པ་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར། རྡོ་རྗེ་འཛིན་པ་ལ་བསྟོད་པ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར། བྱམས་མགོན་ལ་བསྟོད་པ་ཕར་ཕྱིན་རྒྱ་མཚོ་གྲངས་མེད་པ་སྒྲོགས་པའི་སྤྲིན་གྱི་ཆར། ས་ཡི་སྙིང་པོ་ལ་བསྟོད་པ་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་སྒྲོགས་པའི་སྤྲིན་གྱི་ཆར། སྒྲིབ་པ་རྣམ་སེལ་ལ་བསྟོད་པ་ཏིང་འཛིན་རྒྱ་མཚོ་གྲངས་མེད་པ་སྒྲོགས་པ་སྤྲིན་གྱི་ཆར། ནམ་མཁའི་སྙིང་པོ་ལ་བསྟོད་པ་བསམ་སྤྱོད་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པ་སྤྲིན་གྱི་ཆར། ཀུན་ཏུ་བཟང་པོ་ལ་བསྟོད་པ་རྣམ་ཐར་རྒྱ་མཚོ་མཐའ་ཡས་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར་ཞེས་སྤྲིན་ཆེན་རྣམ་པ་བརྒྱད། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཙྪིནྡ་ཙཀྲ་ཡ། ཐུགས་བསྐྱེད་སྨོན་ལམ་སོགས་སྒྲོལ་བསྟོད། ལྷག་པའི་ལྷ་ཡིད་བཞིན་འཁོར་ལོའི་བསྟོད་ཚོགས་བཻཌཱུརྻའི་ཕྲེང་བ་ལ་ནང་གསེས། བདུད་རྩིའི་ལྗོན་ཤིང༌། འཆི་མེད་གྲུབ་པའི་ལྗོན་ཤིང༌། གྲུབ་པའི་ངག །འཆི་མེད་རྡོ་རྗེའི་གླུ། སྙིང་གི་མེ་ཏོག་ཁ་བྱེ་བ། མོས་གུས་ཀྱི་ཏམྦུ་ར། སྦྲང་རྩིའི་རླབས་ཕྲེང༌། སྐྱ་རེངས་ཀྱི་འཕྲིན་པ། བདུད་རྩིའི་ཐིག་པ། འཆི་བདག་གཡུལ་རྒྱལ། དཔག་བསམ་གྲིབ་བསིལ། བསམ་དོན་ལྷུན་གྲུབ་བར་ཆད་ཀུན་སེལ། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ལ་བསྟོད་ཕྱག་བདེ་ཆེན་རོལ་པ། སྒྲོལ་དཀར་ལ་བསྟོད་པ་བྱིན་རླབས་ཀྱི་སྣང་བ། སློབ་དཔོན་ཆེན་པོ་ཟླ་བའི་ཞབས་ཡན་ལག་ཀྱི་རྟོགས་པ་བརྗོད་པ་དབྱངས་ཀྱི་བརྒྱད་ལྡན། ཕ་དམ་པ་སངས་རྒྱས་ལ་བསྔགས་པ་དཔའ་བོའི་རོལ་མོ། རྗེ་རས་ཆུང་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མང༌། ཁྱུང་པོ་རྣལ་འབྱོར་ལ་བསྔགས་པ་ཨུ་དུམ་ཝ་རའི་འཛུམ་ཟེར། ཕག་མོ་གྲུ་པ་ལ་བསྔགས་པ་སངས་རྒྱས་དགྱེས་པའི་རོལ་མོ། ས་ཆེན་བསྟོད་པ་ངོ་མཚར་མེ་ཏོག །གསང་ཆེན་བསྟན་པའི་བདག་པོ་ཁུ་དབོན་བརྒྱུད་པར་བཅས་པ་ལ་བསྔགས་པ་གཟི་བརྗིད་མཐའ་ཡས། ས་སྐྱ་པཎྜི་ཏ་ལ་བསྔགས་པ་མཚོ་བྱུང་མགྲིན་གླུ། ཀུན་མཁྱེན་དོལ་པོ། བུ་སྟོན་ཐམས་ཅད་མཁྱེན་པ། རྒྱལ་བ་བོ་དོང་པ། གྲུབ་ཆེན་བརྩོན་འགྲུས་བཟང་པོ། རྗེ་བཙུན་ཏཱ་ར་ནཱ་ཐ་ལ་བསྟོད་པ། དྷརྨཱ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ། དཔལ་ཀརྨ་པ་ལ་བསྟོད་པ་རྒྱལ་ཀུན་ཕྲིན་ལས་གཟུགས་ཅན། སི་ཏུ་པདྨ་ཉིན་བྱེད་ལ་བསྔགས་པ་དཔལ་ལྡན་འགྱུར་མེད། འགྲོ་མགོན་རས་ཆེན། སངས་རྒྱས་མཉན་པ། དཔལ་ཀརྨ་པ་ཆེན་པོར་བསྔགས་པ་བྱ་དཀའི་རེའུ་མིག་རེ་རེ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་ཆེད་དུ་བརྗོད་པ། དཔལ་ཀརྨ་པ་བཅུ་བཞི་པའི་ཞབས་ཀྱི་པདྨོར་བསྔགས་པ་ཀུན་བཟང་འཁོར་ལོའི་རེའུ་མིག །རྡོ་རྗེ་སེམས་དཔའ་ལ་བྱ་དཀའི་རྣམ་འགྱུར་ལ་བསྔགས་པ་སྣང་བྱེད་ཉི་ཟླའི་རོལ་རྩེད་ཨེ་ཝཾ་འཕྲུལ་གྱི་རོལ་མོ། བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལ་བསྟོད་པ། གསང་སྔགས་རྙིང་མའི་ཡུལ་དམ་པ་ལ་བསྔགས་པ། ཀློང་ཆེན་རབ་འབྱམས། གཏེར་ཆེན་ཤེས་རབ་འོད་ཟེར། རྩེ་ལེ་པདྨ་ལེགས་གྲུབ། གཏེར་བདག་གླིང་པ། ཀརྨ་ཆགས་མེད་རྣམས་ལ་བསྔགས་པ་རེ་རེ། ལྷ་ལྡན་སྤྲུལ་པའི་གནས། བསམ་ཡས། ཁྲ་འབྲུག །འུ་ཤང་རྡོ་དཔེ་མེད། ཟུར་མཁར་རྡོའི་མཆོད་རྟེན་རྣམས་ལ་ཆེད་དུ་བརྗོད་པ་རེ་རེ། གུང་ཐང་གི་གཙུག་ལག་ཁང༌། འོག་མིན་མཚུར་ཕུ། ཨོ་རྒྱན་སྨིན་གྲོལ་གླིང༌། གྲྭ་ནང་བྱམས་གླིང་གི་ཆེད་དུ་བརྗོད་པ་རེ་རེ་བཅས། ༈ གཉིས་པ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ་ལ་ནང་གསེས་སུ། གསུང་གི་དབང་ཕྱུག་སྤྲུལ་པའི་སྐུ་རྡོ་རྗེའི་རིགས་ལྡན་བླ་མའི་ངོ་བོར་མཆོད་ཅིང་གསོལ་བ་གདབ་པ་བདེ་ཆེན་ལྷན་སྐྱེས་རོལ་མོ། རིག་འཛིན་བི་མ་མི་ཏྲའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་བ་སྒྲོན་མ་འཕྲུལ་འབྱེད། འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་གཙོ་བོར་གྱུར་པའི་བླ་མཆོད་ངེས་དོན་ལམ་འཇུག །མངའ་བདག་མར་པ་ལོ་ཙཱ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་སྒྲུབ་སྨིན་བྱེད་དང་བཅས་པ་ཟབ་གསང་སྒོ་འབྱེད། དེའི་གསང་སྒྲུབ་ཀྱི་དབང་ཆོག་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འབྱེད། རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར། དབང་བསྐུར་བྱིན་རླབས་དང་འབྲེལ་བ་ཡེ་ཤེས་བཅུད་སྦྱིན། མར་པ་དང༌། མི་ལ། དྭགས་པོའི་གསང་ལམ་བླ་སྒྲུབ་བཅས་དབང་ལུང་ཚང་མ་འཇམ་མགོན་བློ་གྲོས་མཐའ་ཡས། སྒྲུབ་བླ་ཀརྨ་ཆོས་དབྱིངས། དྲུང་རམས་རྒྱལ་སྤྲུལ་རིན་པོ་ཆེ་ཀརྨ་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་ལས་བཀའ་དྲིན་ཐོབ། ཡང་མི་ལའི་བླ་སྒྲུབ་དབང་ལུང་སྐོར་འཇམ་མགོན་བློ་གྲོས་མཐའ་ཡས། བླ་མ་བསྟན་འཛིན་ཆོས་རྒྱལ། སངས་རྒྱས་མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་ཐོབ་པའོ། །ཡང་ན་འཇམ་མགོན་ཀོང་སྤྲུལ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག་ལས་སོ། །ཤྲཱི་རྫོགས་ཆེན་མན་ངག་སྙིང་ཐིག་གི་བླ་མཆོད་ཀུན་བཟང་རྣམ་པར་རོལ་པའི་རྒྱན། དེའི་ཟིན་བྲིས། ཀརྨ་པ་སྐུ་ཕྲེང་བཅུ་བཞི་པའི་བླ་རྣལ་ཟུང་འཇུག་ལམ་བཟང༌། གྲུབ་ཆེན་ཀརྨ་པཀྴིའི་བླ་རྣལ་དོན་གཉིས་འདོད་འཇོ། རྒྱལ་དབང་བཅུ་བཞི་པའི་བླ་མའི་རྣལ་འབྱོར། བླ་མའི་རྣལ་འབྱོར་འོད་གསལ་གཅེར་མཐོང༌། བྱམས་མགོན་བླ་མ་དབྱེར་མེད་དུ་སྒྲུབ་ཐབས་བྱམས་ཆེན་དགྱེས་པའི་སྣང་བ། བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་རིགས་འདུས་མཆོག་གསང་བདེ་བར་སྒྲུབ་པའི་མན་ངག །ཤྲཱི། ཤངས་པ་བཀའ་བརྒྱུད་ཀྱི་བླ་མཆོད་ཡིད་བཞིན་ནོར་བུ། བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར། བློ་ལྡན་མཆོག་སྲེད་ཀྱི་བླ་མའི་རྣལ་འབྱོར། ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས། སྒྲོལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་གཏེར་བུམ། རྣམ་སྣང་ལོ་ཙཱ་ལ་བརྟེན་པའི་བླ་རྣལ་ཡེ་ཤེས་རང་ཤར། རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ། རྡོ་རྗེ་འཛིན་པ་ལུས་ཀྱི་དཀྱིལ་འཁོར་དུ་གྲུབ་པའི་ཚུལ་ཐུན་མིན་ཡེ་ཤེས་སྟོབས་བསྐྱེད། གུ་རུ་གཙོ་འཁོར་གྱི་བླ་མའི་རྣལ་འབྱོར་སྡེ་དགེའི་མཛོད་པ་ཚེ་དོན་ངོར་གནང་བ། བླ་མ་ཚེ་དཔག་མེད་ཀྱི་རྣལ་འབྱོར་ཚེ་དབང་དངོས་གྲུབ་དཔལ་སྟེར། བརྒྱུད་པ་ཀུན་འདུས་ཀྱི་བླ་མཆོད་ཚོགས་དང་བཅས་པ་སྣ་ཚོགས་ནོར་བུའི་རྒྱལ་པོ་བཅས། ༈ གསུམ་པ་ཡུལ་དམ་པ་རྣམས་ལ་གསོལ་འདེབས་དང་ཞབས་བརྟན་གྱི་སྐོར་བསོད་ནམས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་འཇོའི་བུམ་བཟང་ལ་ནང་གསེས་སུ། དྲིན་ལྡན་དང་འབྲེལ་ཐོགས་ཀྱི་བླ་མ་རྣམས་ལ་གུས་པའི་ཚིགས་རྡོ་རྗེ་གཉུག་མའི་གསང་ལམ། གསུང་རབ་ཡན་ལག་བཅུ་གཉིས་ལ་གསོལ་འདེབས་སྨོན་ལམ་ཀུན་ཏུ་དགེ་བ། འཇམ་དཔལ་གྱི་གསོལ་འདེབས་ཡེ་ཤེས་དཔལ་བསྐྱེད། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཐུགས་རྗེ་བསྐུལ་བ། འཕགས་མཆོག་མཁྱེན་ནོ་སོགས། ནམ་མཁའི་རྒྱལ་པོའི་གསོལ་འདེབས། དུས་འཁོར་བརྒྱུད་པའི་གསོལ་འདེབས། མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྗེ་བསྐུལ་བའི་བསྟོད་དབྱངས་ནོར་བུ་སྣང་ཡངས་ཀྱི་རྒྱན། ཨོ་རྒྱན་རྗེ་འབངས་བཅས་པའི་གསོལ་འདེབས་རྡོ་རྗེའི་ཚིགས་རྐང་བྱིན་རླབས་ཆར་འབེབས། མ་ཧཱ་གུ་རུར་མི་ཕྱེད་དད་པའི་གདུང་དབྱངས་རིགས་མཆོག་གྲུབ་པའི་ཕྱག་རྒྱ། སངས་རྒྱས་གཉིས་པའི་མཚན་གྱི་བྱེ་བྲག་ལ་བསྟོད་སྨོན་འདོད་འཇོའི་གཏེར་བུམ། མཚོ་སྐྱེས་རྡོ་རྗེ་ལ་བསྐུལ་བསྟོད་འདོད་དགུ་ཡོངས་འདུས། པདྨ་འབྱུང་གནས་ལ་གསོལ་འདེབས་བྱིན་རླབས་ཆར་འབེབས་ནོར་བུའི་རྒྱལ་པོ་བདུད་རྩིའི་སྙིང་པོ། པདྨ་སཾ་བྷ་ཝའི་གསོལ་འདེབས་ནོར་བུའི་རྒྱལ་པོ་བཅུད་ཀྱི་སྙིང་པོ། པདྨ་རྒྱལ་པོའི་གསོལ་འདེབས་དགོས་འདོད་ཀུན་འབྱུང་ནོར་བུའི་རྒྱལ་པོ་དབྱིག་གི་སྙིང་པོ། བློ་ལྡན་མཆོག་སྲེད་གསོལ་འདེབས་བསམ་དོན་ཀུན་འགྲུབ་ནོར་བུའི་རྒྱལ་པོ་ཡེ་ཤེས་སྙིང་པོ། ཉི་མ་འོད་ཟེར་གསོལ་འདེབས་ཕན་བདེ་ཀུན་སྩོལ་ནོར་བུའི་རྒྱལ་པོ་ཉི་མའི་སྙིང་པོ། ཤཱཀྱ་སེང་གེ་གསོལ་འདེབས་དགེ་ལེགས་ཀུན་འབྱུང་ནོར་བུའི་རྒྱལ་པོ་ཟླ་བའི་སྙིང་པོ། སེང་གེའི་སྒྲ་སྒྲོགས་གསོལ་འདེབས་ཕྱོགས་ལས་རྣམ་རྒྱལ་ནོར་བུའི་རྒྱལ་པོ་སྟོབས་ཀྱི་སྙིང་པོ། རྡོ་རྗེ་གྲོ་ལོད་གསོལ་འདེབས་ཕྲིན་ལས་ཡོངས་གྲུབ་ནོར་བུའི་རྒྱལ་པོ་འབར་བའི་སྙིང་པོ། གསོལ་འདེབས་བར་ཆད་ཀུན་སེལ། མཚོ་རྒྱལ་གསོལ་འདེབས་ཡིད་ཀྱི་གདུང་སེལ། རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེའི་རྟའི་མགྲིན་གླུ། ཚེ་སྒྲུབ་གསང་འདུས་བརྒྱུད་འདེབས། གསང་འདུས་ནང་སྒྲུབ་སྐབས་མཛད་པའི་གསོལ་འདེབས། རྫོགས་ཆེན་བརྒྱུད་པའི་གསོལ་འདེབས། བཀའ་འདུས་ཀྱི་ལྷ་དང་གྲུབ་པའི་རིག་འཛིན་ལ་གསོལ་འདེབས་དཔལ་ཆེན་དགྱེས་གླུ། འཇམ་དཔལ་སྐུའི་དཀྱིལ་འཁོར་དང་བཀའ་བབ་སློབ་དཔོན་རྣམས་ཀྱི་གསོལ་འདེབས་འཁོར་ལོ་མཐར་ཕྱིན། གསང་འདུས་མི་བསྐྱོད་པ་འགོས་ལུགས་བརྒྱུད་འདེབས། གཞན་སྟོང་དབུ་མའི་བརྒྱུད་འདེབས། སྟོད་འདུལ་ཁ་ཆེ་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ། གནམ་ཆོས་འོད་ཆོག་བརྒྱུད་འདེབས། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་སྤྱིའི་གསོལ་འདེབས་སྨོན་ལམ། ཀརྨ་པའི་གཙོས་བླ་མ་རྣམས་ལ་གསོལ་འདེབས། བསྟན་པ་སྤྱིའི་གསོལ་འདེབས་བཀྲ་ཤིས་འབྱུང་བ། ཀུན་འདུས་ཕྱག་འཚལ་མཆོག་དགའི་འདོད་འཇོ། པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས། རྗེ་ལྷོ་བྲག་པ་ཆེན་པོ་ལ་གསོལ་བ་འདེབས་པ་དགྱེས་མཛད་དགྱེས་གླུ། རྗེ་བཙུན་མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པ་བདེ་ཆེན་སྙིང་པོ། རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ། མཉམ་མེད་སྒམ་པོ་བ་ཆེན་པོ་ལ་གསོལ་བ་འདེབས་པ་ཡེ་ཤེས་སྙིང་པོ། ཇོ་ནང་ཆོས་སྤྱོད་ཀྱི་ཁ་སྐོང་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསོལ་འདེབས། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་སྐྱེ་ཕྲེང་གསོལ་འདེབས། རྩེ་ལེ་རིན་པོ་ཆེ་པདྨ་ལེགས་གྲུབ་རྩལ་གྱི་གསོལ་འདེབས་སྙིང་པོ་གྲུབ་པ། རིག་འཛིན་མི་འགྱུར་རྡོ་རྗེ་ཡབ་སྲས་གསུམ་ལ་གསོལ་བ་འདེབས་པ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ། ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ། ཀམ་ཚང་ཆོས་སྤྱོད་ཞལ་སྐོང་རྒྱལ་དབང་བཅུ་བཞི་པའི་གསོལ་འདེབས། པདྨ་ཉིན་བྱེད་དབང་པོར་གསོལ་འདེབས། འབེ་ལོ་ཚེ་དབང་ཀུན་ཁྱབ་ལ་གསོལ་འདེབས། ཀུན་མཁྱེན་དོལ་པོ་པར་གསོལ་འདེབས། རིག་གསུམ་མགོན་པོར་གསོལ་འདེབས། ཀརྨ་བདེ་གསལ་ལ་གསོལ་འདེབས། ངག་དབང་ཆོས་འཕེལ་རྒྱ་མཚོ་ལ་གསོལ་འདེབས། ཀརྨ་བསྟན་འཛིན་ལ་གསོལ་འདེབས། མཁན་ཆེན་བླ་མ་བྱང་སེམས་ཟླ་བ་བཟང་པོ་ལ་གསོལ་བ་འདེབས་པ་མ་ལ་ཡའི་དྲི་བསུང༌། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་ངོ་མཚར་དཔལ་སྐྱེད། དཔལ་སྤྲུལ་ལ་གསོལ་འདེབས་ཤློ་ཀ །རྗེ་ཉིད་ཀྱི་གསོལ་འདེབས། ཡང་རྗེ་ཉིད་ཀྱི་གསོལ་འདེབས། འཕགས་ཆེན་སྤྱི་ལ་གསོལ་འདེབས་ཞབས་བརྟན། ཡང་རྗེ་ཉིད་ཀྱི་གསོལ་འདེབས་ངོ་བོ་སྤྲོས་དང་སོགས། ཡང་རྗེ་ཉིད་ཀྱི་གསོལ་འདེབས་ཕྱོགས་མེད་དགེ་བའི་སོགས། འཕགས་མ་དང་བླ་མ་དབྱེར་མེད་ཀྱི་གསོལ་འདེབས། ཡང་རྗེ་ཉིད་ཀྱི་གསོལ་འདེབས་སྐྱེས་ཆེན་ཡོངས་འཛིན་སོགས། ཡང་རྗེ་ཉིད་ཀྱི་གསོལ་འདེབས་ཀ་དག་ལྟ་བ་སོགས། ཡང་གསོལ་འདེབས་གདོད་ནས་སྤྲོས་བྲལ་སོགས། བླ་མའི་གསོལ་འདེབས་རྣམ་སྣང་རྡོ་རྗེ་སོགས། རྗེ་ཉིད་ཀྱི་གསོལ་འདེབས་རང་བྱུང་ཡེ་ཤེས་སོགས། ཡང་གསོལ་འདེབས་སངས་རྒྱས་ཀུན་འདུས་སོགས། མཁན་ཆེན་བཀྲ་ཤིས་འོད་ཟེར་ལ་གསོལ་འདེབས། གསོལ་འདེབས་ན་མོ་གུ་རུ་བུདྡྷ་སོགས། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གསོལ་འདེབས། དཔལ་འཁོར་ལོ་སྡོམས་པའི་དཀྱིལ་འཁོར་ཙཱ་རི་ཏྲ་ལ་གསོལ་འདེབས། ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་གི་གསོལ་འདེབས་རྒྱས་པ་མཁའ་སྤྱོད་རོལ་མོ། གསོལ་འདེབས་བསྡུས་པ། རྫོགས་ཆེན་ཁམ་ཕུག་གསོལ་འདེབས། ཨ་ལོའི་དཔལ་དེའུ་གསོལ་འདེབས། གསས་མཁར་གཉིས་པ་གཡུང་དྲུང་བཀོད་པའི་གསོལ་འདེབས། ཁྱུང་པོའི་གདུང་རབས་རགས་བསྡུས་ཀྱི་གསོལ་འདེབས་བཀྲ་ཤིས་དབྱངས་སྙན། སྨོན་རྒྱལ་པད་སྤྲུལ་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། གྲུབ་དབང་གཡུང་དྲུང་ཕུན་ཚོགས་ལ་གསོལ་འདེབས། བོན་གཏེར་ཚེ་དབང་གྲགས་པའི་ཞབས་བརྟན་གསོལ་འདེབས། སྨོན་ལམ་མཆོག་གསུམ་རྩ་བ་སོགས། ༈ ༼ཁ༽ བཞི་པ་སྔ་ཕྱིའི་འགྱུར་གཉིས་ལས་བྱུང་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབས་ཐབས་དང་ཟིན་བྲིས་ཀྱི་སྐོར་དངོས་གྲུབ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྙིང་མའི་སྐོར་དང་གསར་མའི་སྐོར་གཉིས་ལས། དང་པོ་རྙིང་མ་ལ་བཀའ་གཏེར་གཉིས་ཀྱི་དང་པོ་ལ། དྷཱིཿ འཁོན་ལུགས་དཔལ་ཆེན་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་སྒྲུབས་ཐབས། ཁྲག་འཐུང་མངོན་པར་རོལ་པ། དྷཱིཿ དེའི་དབང་བསྐུར་བའི་ཆོ་ག་ཁྲག་འཐུང་མངོན་པར་འབྱུང་བ། དྡྷཱིཿ བསྙེན་པ་དང་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ། དྷཱིཿ ཞི་བའི་སྦྱིན་སྲེག་ཉེས་པ་ཀུན་སྦྱོང༌། རྡོ་རྗེ་ཕུར་པ་བདུད་འཇོམས་རོལ་པའི་པུཔྟིཀའི་བཞུགས་བྱང་དང་བརྒྱུད་པའི་ཡི་གེ་ཟླ་ཤེལ་མེ་ལོང༌། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་ས་སྐྱ་པཎ་ཆེན་གྱིས་ཤངས་སྲེག་ཤིང་དུ་བསྒྱུར་བ། རྗེ་བཙུན་གྲགས་པས་མཛད་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སོགས་མན་ངག་རྙིང་པ་ཕྱོགས་བསྡུས་རྡོ་རྗེ་ཕུར་པའི་སྒྲུབ་སྐོར། ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་རིམ་ཐར་པའི་སྒོ་གཅིག་པྲཛྙཱ་རསྨའི་བཀའ་འབུམ་ལས་ཁོལ་དུ་ཕྱུང་སྟེ་ལེ་ཚན་གསུམ་ནི་འབྱུང་ཁུངས་ཡིག་རྙིང་གི་སྐོར་དང༌། དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་པ། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་འདི་གཉིས་བཀའ་འབུམ་ནང་ལས་ཀྱང་ཐོབ། སློབ་མ་ལ་དབང་བསྐུར་ཚུལ་ཏེ་ལེ་ཚན་གཉིས་ནི་རྗེ་བཙུན་རིན་པོ་ཆེའི་གསུང་རབས་གཞུང་འདིའི་རྩ་བ་དང༌། ཁ་སྐོང་ཡིག་ཆ་གསར་མཛད་ལ། དྷཱིཿ འཁོན་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་བཻཌཱུརྻའི་ཕྲེང་མཛེས། དྷཱིཿ སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བྱེད་བདུད་རྩིའི་དོ་ཤལ། དྷཱིཿ གཏོར་དབང་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ། དྷཱིཿ སྨད་ལས་དྲག་པོ་སྒྲོལ་བའི་རྗེས་སུ་གནང་བའི་ཡི་གེ་བདུད་བཞི་གཡུལ་འཇོམས། དྷཱིཿ བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་བཅས་པ་མཁྱེན་བརྩེའི་གསུངས། བསྙེན་ཡིག་དཔལ་ཆེན་ཐུགས་ཐིག །བསྐྱེད་རྫོགས་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད། སྒྲུབ་རྟེན་གྱི་གནད་དང་མངོན་སྤྱོད་གཟེར་ཁའི་བཅས་ཀྱི་རིམ་པ་རྣམ་གསལ་ཐོས་ཆུང་ཡིད་ཀྱི་བཅུད་འཛིན། རྒྱུན་གྱི་ཉམས་ལེན་ཐུགས་ཀྱི་ཐིག་ལེ། སྨད་ལས་གཏོར་བཟློག་གི་ལག་ལེན་གསལ་བར་བཀོད་པ་རྡོ་རྗེ་གནམ་ལྕགས་འཕྲུལ་འཁོར། བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ། བསྙེན་སྒྲུབ་ལས་གསུམ་ལ་ཉེ་བར་མཁོ་བའི་ཡིག་སྣ་ཕྲན་ཚེགས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་རྒུའི་བང་མཛོད། གསེར་སྐྱེམས་སྤྱི་འགྲོ་འདིར་མཐུན་ཁ་བསྒྱུར་བ། མངོན་སྤྱོད་ལས་ལ་ཉེ་བར་མཁོ་བའི་ཡིག་ཆུང་སྦས་པ་མིག་འབྱེད། ལས་བཞིའི་སྦྱིན་སྲེག་ཕྲིན་ལས་གཟི་བརྗིད་དཔལ་འབར། དགྲ་དུར་ཕུང་གསུམ་མནན་པའི་མན་ངག་རྡོ་རྗེ་ཐོག་བརྩེགས། ལིང་ཁྲུས་ནོར་བུ་ཆུ་དྭངས། ཚེ་འགུགས་ཀྱི་ཕྲིན་ལས་དྭངས་མ་བཅུད་བསྡུས། གཏོར་བཟློག་གི་འདོན་འགྲི་གས་མཐོང་བས་གོ་འབྱེད། དྷཱིཿ རྒྱུད་འགྲེལ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང༌། འཇམ་མགོན་རྡོ་རྗེ་འཆང་པདྨ་གར་དབང་ལས། ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་དང༌། མཁས་དབང་བླ་མ་བཀྲ་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཆར་ལས་འཇམ་དཔལ་རྡོ་རྗེ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པ་ནས་ལྗགས་བཤད་རྒྱས་པར་བཀའ་དྲིན་དུ་ཐོབ་པ་དང༌། ཡང་བཀའ་འབུམ་སྤྱི་ལྟར་བླ་མ་ཀརྨ་འོད་གསལ་ལྷུན་གྲུབ་ལས་སོ། ཤྲཱི།དྷཱིཿ སྙན་བརྒྱུད་ཕུར་པའི་བསྙེན་ཟིན་བཅས། ༼ག༽ དྷཱིཿ རྡོ་རྗེ་རྣམ་འཇོམས་ཁྲོ་དཀར་གྱི་གཟུངས་ཆོག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང༌། དྷཱིཿ རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔའི་སྒྲུབ་ཐབས་གཟུངས་ཆོག་དང་བཅས་པ་སྦྱོང་བྱེད་རྡོ་རྗེའི་བུམ་པ། དེའི་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ་བཅས། བཀའ་མ་གཤིན་རྗེ་གདོང་དྲུག་གི་སྒྲུབ་དཀྱིལ་དང༌། དབང་ཆོག དྷཱིཿ །གནུབས་ལུགས་གཤིན་རྗེ་རུ་མཚོན་དམར་པོའི་སྒྲུབ་དཀྱིལ་དང༌། དྷཱིཿ དབང་ཆོག་བཅས་ཀྱང་ཐོབ། གཉིས་པ་གཏེར་མའི་སྐོར་ལ། ཐུགས་གསང་སྐོར་བཀའ་འབུམ་ལྡེབ་སུ་མི་བཞུགས། རད་གླིང་ཐུགས་ཆེན་གསང་འདུས་ཀྱི་སྒྲུབ་ཁོག་ལག་ལེན་གཞན་ཕན་གཏེར་མཛོད། དེའི་སྒྲུབ་ཆེན་དཀྱུས་མ་དང་བུམ་སྒྲུབ་གཉིས་ཀའི་ཐུན་བཟུང་ཛཔ་དགོངས་ཀྱི་རིམ་པ། སྐྱེ་བདུན་སྒྲུབ་པའི་དམིགས་པ་རྒྱ་ཅན་གྱི་སྔགས་ཤམ་གུད་སྦས། ལས་བཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་དཔལ་འབར། རིགས་དྲུག་གནས་འདྲེན་གྱི་ཆོ་ག་ཐར་པའི་སྒོ་འབྱེད། དྷཱིཿ རྣལ་འབྱོར་རྒྱུན་གྱི་ཐུགས་གསང་རྣལ་འབྱོར་རྒྱུན། སྒྲུབ་དབང་གཅིག་འཇམ་མགོན་གུ་ཎ། ཡོན་དགེ་གཏེར་སྤྲུལ་ལྔ་པ། དྲུང་རམ་རྒྱལ་སྤྲུལ་རིན་པོ་ཆེ་ཀརྨ་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་ལས་སོ། །ཐུགས་གསང་རྣལ་འབྱོར་རྒྱུན་དབང་འདི་སྒྲུབ་ཆེན་འབྲུལ་པར་ཐོབ་པའི་བརྒྱུད་པ་འཇམ་མགོན་པདྨ་གར་དབང༌། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། རྒྱས་སྲས་འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ལས་བཀའ་དྲིན་དུ་ཐོན་པའོ། དབང་བཤད་རྒྱས་བསྡུས། བཀའ་བརྒྱད་བདེ་འདུས་ཀྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ། དྷཱིཿ རྩ་གསུམ་སྙིང་བཅུད་བླ་མ་དགོངས་པ་འདུས་པའི་དབང་བསྐུར་ཡོངས་རྫོགས་ཀྱི་ལག་ལེན་དངོས་གྲུབ་རྒྱ་མཚོའི་ཆུ་རྒྱུན། དེའི་དཔའ་བོ་རྐྱང་སྒྲུབ་དང་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་ཀྱི་ཡི་གེ་བདུད་རྩི་སྟོང་གི་ཟབ་བཅུད། དེའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུག་བསྡུས་པ་ཟླ་བའི་སྣང་བ། དེའི་སྒྲིབ་སྦྱོང་ཡེ་ཤེས་འོད་འཕྲོའི་ལག་ལེན་གསལ་བྱེད་འཁྲུལ་མེད་གནད་ཀྱི་གཟེར་བུ། དེའི་སྐོང་ཆོག་ཆེན་མོའི་ཟིན་བྲིས་གྲུབ་པའི་ངག་གི་མེ་ལོང༌། སྒྲུབ་ཆེན་གྱི་ལག་ལེན་གསང་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ། སྨན་སྒྲུབ་ཀྱི་ལག་ལེན་རྣལ་འབྱོར་འཇུག་པའི་བདེ་ལམ། རཏ་གླིང་ཕུར་པའི་སྐོར་འདི་བཀའ་འབུམ་སྡེབས་སུ་མི་བཞུགས། ཕུར་པ་བཀའ་གཏེར་སྤྱི་འགྲོའི་གསོལ་འདེབས་བདུད་འཇོམས་རྡོ་རྗེའི་གླུ་དབྱངས། རཏ་ཕུར་ཡང་གསང་བླ་མེད་ཀྱི་ལས་བྱང་ལ་ཉེར་མཁོའི་ཟུར་འདེབས་ཨིནྡྲ་ནཱི་ལའི་དོ་ཤལ། དེའི་སྟོད་ལས་ཀྱི་སྒྲུབ་ཁོག་ཕྲིན་ལས་མངོན་པར་འབྱུང་བ། སྨད་ལས་དུག་ཕུར་ནག་པོའི་སྒྲུབ་ཁོག་གཅིག་ཤུར་ལས་ཀྱི་སྤུ་གྲི། ཕན་འདོགས་མེའི་སྦྱོར་བ་བྱ་གྲུབ་འབར་བ་འཁྱིལ་བ། ཚར་གཅོད་མེའི་ལས་སྦྱོར་བལྟས་ཆོག་ཏུ་བཀོད་པ་གདུག་པ་ཀུན་བསྲེག །བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གསལ་བར་བྱེད་པའི་ཡི་གེ་ལས་རིགས་གྲུབ་པའི་ཤིང་རྟ། དཔལ་ཆེན་ཕུར་པའི་སྐོང་བ་བདུད་འདུལ་སྔགས་གླིང་མ། གཏོར་བཟློག་དང་དབལ་མདོས་གཉིས་ཀྱི་ཕྱག་ལེན་ཁྲག་འཐུང་དཔུང་གནོན། གདབ་ཁའི་འདོན་འགྲིགས་འཕྲུལ་བྲལ་རྡོ་རྗེའི་ཐོག་ཟེར། མིང་ཁྲུས་ནོར་བུ་ཆུ་དྭངས། རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ། དྲག་པོའི་སྦྱིན་སྲེག་གི་ལག་ལེན། གསང་བདག་རྡོ་རྗེའི་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚ་ཚ། ཐུགས་སྒྲུབ་ཡང་འདུས་ཀྱི་སྒྲུབ་ཁོག །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བླ་བརྒྱུད་ཕྱག་འཚལ་ཉེས་ལྟུང་རང་གྲོལ། བརྒྱུད་པའི་དོན་བཟང་འབྲེལ་ཚད་རང་གྲོལ། གནས་འདྲེན་འགྲོ་དྲུག་རང་གྲོལ་བཀླགས་ཆོག་ཏུ་བསྡེབས་པ་ཡིད་གཉིས་རང་གྲོལ། གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཁྱེར་བདེར་བཀོད་པ། པད་གླིང་ཐུགས་སྒྲུབ་ནོར་རྒྱལ་ཟིན་བྲིས་རིན་ཆེན་སྒྲོན་མེ། འཇའ་ཚོན་དཀོན་སྤྱིའི་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུ། དཀོན་སྤྱི་དང་ཞི་ཁྲོ་ངེས་དོན་སྙིང་པོའི་ཕྱག་ལེན་ཆོག་བསྒྲིགས་འཇའ་ཚོན་དགོངས་རྒྱན། བསྙེན་ཡིག་པདྨའི་ཞལ་ལུང༌། རྫོགས་རིམ་ཁྲིད་ཡིག་ཁམས་གསུམ་ཡོངས་གྲོལ། ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་ཟེར། ཐུགས་ཆེན་ངན་སོང་རང་གྲོལ་གྱི་བརྒྱུད་འདེབས་ཐུགས་རྗེའི་ཆུ་རྒྱུན། དེའི་ནང་སྒྲུབ་རྒྱུན་ཁྱེར་བྱིན་རླབས་རྒྱ་མཚོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་དངོས་གྲུབ་ཀུན་འདུས་ཀྱི་བསྐང་བ་འཆི་མེད་འདོད་འཇོའི་རྔ་སྒྲ། རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་ཟུང་འཇུག་རོལ་མོ། དགོངས་གཏེར་བསམ་ལྷུན་བརྒྱུད་འདེབས་དངོས་གྲུབ་ཆར་འབེབས། སྟག་ཤམ་ཡི་དམ་དགོངས་འདུས་སྤྱི་བསྡོམས་སྤྲོས་བཅས་དབང་ཆེན་སྨིན་གྲོལ་རྒྱ་མཚོ་དབང་རྐྱང་ལུགས་སུ་བསྐུར་བའི་ཟིན་ཐོ། ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག །ཆོས་གླིང་ཟབ་ལམ་ཐུགས་ནོར་རྩ་བའི་སྒྲུབ་ཆེན་དང་བདུད་རྩིའི་སྨན་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་ཟུང་འབྲེལ་དུ་བཀོད་པ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག །ཐུགས་ནོར་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ལག་ལེན་འདུས་གསལ་དུ་བཀོད་པ་ནོར་བུ་སྣ་ཚོགས་མདོག་ཅན། ༼ང༽ དྷཱིཿ གཏེར་གསར་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་དབང་བསྐུར་གྲུབ་གཉིས་བདུད་རྩིའི་བཅུད་འབེབས། དྷཱིཿ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་དབང་ཆོག་ཁྲིགས་མུ་ཏིག་ཆུན་པོ། གཏེར་གསར་སྒྲོལ་མ་འཇིགས་པ་ཀུན་སེལ་ལས་སའི་འཇིགས་སྐྱོབས་སྒོམ་བཟླས། ཐུགས་སྒྲུབ་ཆ་ལག་སྨེ་བརྩེགས་སྒྲུབ་ཐབས་ཁྱེར་བདེ། རྡོར་སེམས་སྒོམ་བཟླས་རྒྱུད་སྡེ་བཞི་བ་སྒྲགས། མདོ་ཆོག་དང་གསར་མའི་སྐོར་ལ། སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས། སྒྲོལ་མ་རྣལ་འབྱོར་མའི་རྒྱུན་ཁྱེར་དམ་ཚིག་ངེས་པའི་ཐིག་ལེ། དྷཱིཿ དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བསྐུར་ཡེ་ཤེས་རྒྱ་མཚོའི་བཅུད་འདྲེན། སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་ཨུཏྤལ་ལྗོན་ཤིང༌། གནས་ནང་དཔའ་བོ་རིན་པོ་ཆེ་དང༌། རོལ་རྡོར་གཏེར་སྤྲུལ་ལྔ་པ་ལས་བཀའ་དྲིན་དུ་ཐོབ་ཚུལ་ལོགས་སུ་གསལ། དེའི་རིག་གཏད་ཡེ་ཤེས་སྒོ་འབྱེད། མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད། དྷཱིཿ བཅོམ་ལྡན་འདས་འོད་དཔག་མེད་འཁོར་བཅས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་ཐར་པའི་ཤིང་རྟ། རྗེ་བཙུན་འཇམ་དབྱངས་དཀར་པོའི་བསྒོམས་བཟླས་སྙིང་གི་མུན་སེལ། སྨྲ་བའི་སེང་གེའི་སྒོམས་བཟླས་བློ་གྲོས་ཁ་འབྱེད། ནམ་མཁའ་དྲི་མེད་གསུང་དབང་གི་བསྙེན་པའི་ཆོ་ག་བསྡུས་པ་ཟབ་མོའི་ཡེ་ཤེས་ལ་འཇུག་པ། འཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར། དེའི་བརྒྱུད་འདེབས་སྨོན་ལམ་བྱིན་རླབས་བདུད་རྩིའི་སྣང་གཏེར་མཁྱེན་བརྩེའི་གསུང༌། སངས་རྒྱས་དཔའ་བོ་བདུན་སྒྲུབ་ཅིང་མཆོད་པའི་ཆོ་ག་ཚོགས་གཉིས་བདུད་རྩིའི་ཆུ་གཏེར་རབ་ཏུ་རྒྱས་པ། ཐར་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ། མདོ་ཆོག་རྣམས་ལ་སྦྱར་བར་བྱ་བའི་གཤིན་པོ་རྗེས་འཛིན་ཐར་ལམ་སྣང་བྱེད། སྟོན་པ་ཉེ་བའི་སྲས་བརྒྱད་འཁོར་བཅས་ཀྱི་མཆོད་མཆོག་རྒྱལ་སྲས་དགྱེས་པའི་ལམ་འཇུག །ཐུབ་དབང་ཉེ་སྲས་བརྒྱད་ཀྱི་མཚན་བརྒྱའི་བསྟོད་པ། དྷཱིཿ དེའི་སྒོམ་ལུང་འབོགས་ཚུལ་བྱང་ཆུབ་སྤྱོད་པའི་ཤིང་རྟ། ནམ་སྙིང་ལྟུང་བཤགས་བརྒྱུད་འདེབས་ཨིནྡྲ་ནི་ལའི་ཕྲེང་བ། དྷཱིཿ འཕགས་པ་ནམ་མཁའི་སྙིང་པོའི་བཟླས་ལུང་སྒྲུབ་ཐབས་ལྟུང་བཤགས་དང་བཅས་པ་འཕགས་པའི་ལམ་གྱི་ཤིང་རྟ། སྟོན་པ་གནས་བརྟན་ཆེན་པོ་འཁོར་བཅས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་འཕགས་པ་དགྱེས་པའི་ལམ་འཇུག །འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ། མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག །གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང༌། བཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བའི་སྨྱུང་གནས་ཆོ་ག་གཞན་ཕན་ཀུན་ཁྱབ། དྷཱིཿ དེའི་རྗེས་གནང་དང༌། དྷཱིཿ ཡན་ལག་བརྒྱད་པའི་སྡོམས་པ་འབོག་ཆོག་གཞན་ཕན་རབ་འབྱམས། སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ། ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ། སྨན་བླའི་མདོ་ཆོག་གི་བཤམ་བཀོད་ཟིན་བྲིས་སྨན་བླའི་སྟོང་མཆོད་ལག་ལེན། དཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ། བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་མངོན་དགའི་ཞིང་གི་རྒྱན། མཛེས་བྱེད་ལྷན་ཐབས་ཨིནྡྲ་ནི་ལའི་ཆུན་འཕྱངས། ཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་རིང་འདོན་པའི་གདམས་ངག་ཚིགས་བཅད་མ། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་མདོར་བསྡུས། བཅོམ་ལྡན་འདས་གདུགས་དཀར་མོའི་བསྐྱེད་བཟླས་རྒྱུན་ཁྱེར་རྡོ་རྗེ་འབར་བ། ལྷ་མོ་འོད་ཟེར་ཅན་གྱི་སྒོམ་བཟླས་བཅས། ༼ཅ༽ ༈ ལྔ་པ་མདོ་སྔགས་ཀྱི་དགོངས་བཅུད་སྙིང་པོར་དྲིལ་བའི་ཁྲིད་ཡིག་གི་སྐོར་ཟབ་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་དང་དངོས་གཞིའི་ཁྲིད་རིམ་མདོར་བསྡུས་ངེས་དོན་སྒྲོན་མེ། ཤྲཱི། རྫོགས་པ་ཆེན་པོའི་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང༌། ཤྲཱི། དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་འདེབས་རྡོ་རྗེ་འབེབས་པ་ཆེན་པོ། ཤྲཱི། སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ། ཤྲཱི། དུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་དམིགས་སྡོམས་ལྷན་སྐྱེས་གྲུབ་སྟེར། ཤྲཱི། རྒྱུད་སྡེ་ལྔ་གཙོ་བསྡུས་ལ་བརྟེན་པའི་དཀྱིལ་འཁོར་མཆོད་ཆོག་བདག་འཇུག་དང་བཅས་པ་སྨིན་གྲོལ་སྙིང་པོ། དེའི་བསྙེན་ཡིག་ཟབ་དོན་སྙིང་པོ། ཤྲཱི། ནི་གུ་ཆོས་དྲུག་ཁྲིད་བསྡུས་སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀའི་ཞལ་ལུང༌། མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ། ཤྲཱི། ལྷ་བཞིའི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ། ཤྲཱི། དེའི་ཁྲིད་ཡིག་ཡེ་ཤེས་འོད་འཕྲོ། ཤྲཱི། ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་གཏོར་འབུལ། བཀའ་བབ་དྲུག་ལྡན་གྱི་བརྒྱུད་འདེབས་མུ་ཏིག་ཕྲེང་བ། ཤྲཱི། ལྕགས་ཟམ་ལུགས་ཀྱི་ཡིག་དྲུག་ཉམས་ལེན་གཞུང་གསལ་བྱེད་དང་བཅས་པ། ཤྲཱི། དེའི་སྒོམས་བཟླས་ཀྱི་ངག་འདོན་མདོ་སྔགས་ཡང་བཅུད། རྗེས་དྲན་གྱི་གསོལ་འདེབས་རྡོ་རྗེའི་གསུང༌། ཤྲཱི། ཡིག་དྲུག་གི་སྒོམ་ལུང་འབོགས་ཚུན་གཞན་ཕན་མཁའ་ཁྱབ། དྷཱིཿ བདེ་མཆོག་དཀར་པོའི་རྫོགས་རིམ་དང་ཚེ་ཁྲིད་བདུད་རྩིའི་གོང་བུ། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཟབ་ཁྲིད་འཆི་མེད་བདུད་རྩིའི་ཆུ་གཏེར། ཤྲཱི། ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ། ཤྲཱི། བློ་སྦྱོང་བརྒྱུད་འདེབས་དད་པའི་གདུང་སེལ། ཤྲཱི། བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བྱང་ཆུབ་གཞུང་ལམ། ཤྲཱི། བློ་སྦྱོང་སྨོན་ལམ་བྱང་སེམས་རྒྱ་མཚོའི་འཇུག་ངོགས། ཤྲཱི། གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར། སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་ས་ལིའི་བདུད་རྩིའི་བཅས། ༈ དྲུག་པ་རྣམ་བཤད་དང་འབེལ་གཏམ་དྲིས་ལན་གྱི་སྐོར་ལུང་རིག་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྣམ་བཤད་སྐོར་ལ་རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་བཤད་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ། བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན་གཏོང་ཐུན་གདོང་ལྔའི་གད་མོ། ཚོམ་བུ་ཚོགས་སྒྲུབ་ཀྱི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ། ཐུགས་གསང་དགོངས་འདུས་གཏོང་ཐུན་བསྒྱུར་སོ་ཅན། ཚོགས་མཆོད་ཀྱི་དེ་ཉིད་མདོར་བསྡུས་སྨོས་པ་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ། འབེལ་གཏམ་སྐོར་ལ། ལྟ་བ་གཏན་ལ་འབེབས་པ་ལས་འཕྲོས་པའི་གཏམ་སྐབས་ལྔ་པ། ལུང་དང་རིགས་པའི་མེ་ཏོག་རབ་ཏུ་དགོད་པ། རིས་མེད་ཆོས་ཀྱི་འབྱུང་གནས་མདོ་ཙམ་སྨོས་པ་བློ་གསལ་མགྲིན་པའི་མཛེས་རྒྱན། ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་པ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་པ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན། རང་གཞན་ལ་ཉེར་མཁོའི་འབེལ་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན་ལེའུ་ཚན་ལྔ་པ། ཆོས་རྒྱལ་སེ་ན་ཤུ་བྷའི་གཉེན་སྟོན་སྐབས་ཀྱི་འབེལ་གཏམ་ཡིད་ཅན་ཀུན་ཏུ་དགའ་བའི་རྣ་རྒྱན། ཤུ་བྷ་འབྲུག་དགུ་གླིང་སོགས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད། སི་ཏུ་སྤྲུལ་སྐུ་པདྨ་ཀུན་བཟང་ཁྲིར་ཕེབས་སྐབས་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན། དུས་དེར་རྗེ་ཉིད་ཀྱིས་གསང་སྙིང་སྤྱི་དོན་གསུངས་སྐབས་མཛད་པའི་དེའི་སྤྱི་དོན། གཏན་ནས་མ་བྱུང༌། མཐོང་གྲོལ་ཞྭ་དམར་ལོ་རྒྱུས། དཔའ་བོའི་དབུ་ཞྭའི་བཤད་པ་མདོར་བསྡུས། དབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ། ངེས་དོན་དབུ་མའི་འཁྲུལ་རྟོག་འབུར་འཇོམས་ལེགས་བཤད་གསེར་གྱི་ཐོ་བ། དྲིས་ལན་སྐོར་ལ། ཚེ་སྒྲུབ་ཏིང་འཛིན་དོགས་སེལ་འོད་ཀྱི་ཐུར་མ། དྲིས་ལན་རྣ་བའི་བདུད་རྩི། པད་ནོར་དྲིས་ལན། བསོད་སྤྲུལ་དྲིས་ལན། བཀྲ་འཕེལ་དྲིས་ལན། རྡོར་བྲག་སྤྲུལ་སྐུའི་དྲིས་ལན། ཀར་དགའི་དྲིས་ལན། འཇིགས་བྱེད་སྟ་གོན་ཟིན་བྲིས། ༼ཆ༽ བདུན་པ་རྡོ་རྗེའི་གླུ་ཡི་སྐོར་ངེས་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད་དང༌། བརྒྱད་པ་སྐལ་པ་བཟང་པོའི་ཚོགས་ལ་གཙོ་བོར་དགོངས་ཏེ་ཞལ་གདམས་སུ་གནང་བ་བསྟན་པ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རང་གཞན་ལ་གཏན་གྲོས་སུ་གདམས་པའི་སྙིང་གི་བདུད་རྩི་ཞེས་བྱ་བ་ལ། ནང་གསེས་སུ་རང་ཉིད་ཀྱིས་དམ་བཅའ་བདུན་དུ་མཛད་པ་ཚིག་ལྷུག་བཅད་སྤེལ་མ་རྗེས་སུ་རང་དྲན་གསོ་བའི་མགུར་བཞི་ཚན་སུམ་ཅུ་པ། རང་ལ་གྲོས་འདེབས་དང་ལྷག་པའི་ལྷ་ཡི་ཐུགས་རྗེ་བསྐུལ་བའི་སྨོན་ཚིག །བཀའ་རྒྱུད་བླ་མ་སོགས་ཚུལ་ཁྲིམས་རྒྱ་མཚོར་གནང་བ། སངས་རྒྱས་ཀུན་དངོས་སོགས་ཚིག་ལྷུག་མ། ཀརྨ་ཕན་བདེར་གནང་བ་མཆོག་གསུམ་ཀུན་འདུས་སོགས་ཚིགས་བཅད་ལྷུག་མ། བསྟན་འཛིན་བཟང་པོར་གནང་བ་དྲན་ཆོག་མགོན་པོ་སོགས། མོས་ལྡན་འགའི་དགེ་སྦྱོར་གསལ་འདེབས་སུ་གནང་བ་ཚིགས་བཅད་ལྷུག་སྤེལ་མ་རྩ་གསུམ་ཀུན་འདུས་སོགས། བླ་མ་འོད་འཕྲོར་གནང་བ་ཚིགས་བཅད་ལྷུག་སྤེལ་མ་ཡེ་ཤེས་ཀློང་ནས་སོགས། གུ་རུ་བྷཻ་ཥཛྱེར་གནང་བ་བཀའ་བརྒྱུད་གདུང་འཚོབ་སོགས། རྣལ་འབྱོར་མངྒ་ལར་གནང་བ་སྐྱབས་དུས་གསུམ་སོགས། རྡོར་སློབ་རཏྣ་གནང་བ་བླ་མ་ཡི་དམ་སོགས། དགེ་འདུན་ཕུན་ཚོགས་ལ་གནང་བ་ཕ་རྗེ་བཙུན་སོགས། རྗེ་དབོན་དམ་ཆོས་ལ་གནང་བ་སངས་རྒྱས་ཀུན་འདུས་སོགས། རྟ་རྣ་དགོན་དམར་སྤྲུལ་སྐུར་གནང་བ་རྗེ་དཔལ་ལྡན་སོགས། པདྨ་ཆོས་འཕེལ་ལ་གནང་བ་ན་མོ་གུ་རུ་ལྟ་སྒོམ་སོགས། དུས་ངན་བླ་སློབ་འབྲེལ་ཚུལ་ལ་སྐྱོ་བའི་གླུ་མཚན་ལྡན་གྱི་སོགས། སྙིགས་དུས་ཀྱི་འགྱུར་བར་སྐྱོ་བའི་གླུ་དུས་དེང་སང་སོགས། རང་གཞན་སྙིགས་དུས་ཀྱི་སྤྱོད་པ་ལ་སྐྱོ་བའི་གླུ་ཁྱེད་མདོ་མེད་སོགས། འཇམ་རྡོར་སློབ་དཔོན་རིགས་དབོན་ལ་གནང་བ་ཕ་རྗེ་བཙུན་སོགས། ནཱ་ཐ་ལཀྵྨཱི་ལ་གནང་བ་རྗེ་འགྲན་ཟླ་སོགས། ཚེ་མཚམས་དགེ་འདུན་ལ་གནང་བ་ན་མོ་གུ་ར་བེ། ཐོག་མར་སོགས། གཤེན་བཙུན་དྲུང་མུར་གནང་བ་རྒྱལ་བ་ཀུན་འདུས་སོགས། བླ་མ་ཆོས་གྲགས་ལ་གནང་བ་ན་མོ་གུ་རུ་ཞི་གནས་སོགས་དང༌། རྡོ་རྗེ་འཆང་དངོས་སོགས་ལེའུ་ཚན་གཉིས། ཀརྨ་འཆི་མེད་ལ་གནང་བ་ན་མོ་གུ་རུ་རྩ་བའི་བླ་མ་སོགས། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ངེས་པ་ཆ་ཙམ་རྙེད་པའི་གླུ་གཉུག་མ་རང་ཤར། ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསང་དོན་ངེས་པས་དྲངས་པའི་གླུ་ཟབ་དོན་རྒྱན་གྱི་མེ་ཏོག །ཟབ་ལམ་ནི་གུ་ཆོས་དྲུག་གི་རྡོ་རྗེའི་གནས་ངེས་པའི་མགྲིན་གླུ་ཀ་ལ་པིངྐའི་སྒྲ་དབྱངས། བླ་ན་མེད་པའི་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་གནས་ལ་དད་པའི་པདྨོ་མཆོག་ཏུ་རྒྱས་པའི་དབྱངས་ཚིག་རིགས་ལྡན་དགྱེས་གླུ། བྲག་དམར་གཡའ་མ་ལུང་དུ་བཞེངས་པའི་མགུར་ཨ་ཧོ་བསིལ་ལྡན་སོགས། བསམ་ཡས་མཆིམས་ཕུར་གསུངས་པའི་མགུར་ཨེ་མ་ལ་ཨ་ཧོ་སོགས། ཡར་ལུང་ཤེལ་བྲག་ཏུ་གསུངས་པའི་མགུར་གནས་མཆོག་ཁྱད་འཕགས་སོགས། མ་ཁར་ཆུ་ལྕགས་ཕུར་ཅན་དུ་གསུངས་པའི་མགུར་ཁྱབ་བདག་མཚོ་སྐྱེས་སོགས། ལྷོ་གྲོ་བོ་ལུང་དུ་གསུངས་པའི་མགུར་ཆུ་འབབ་པ་སོགས། གཉའ་ལུང་བསྟན་ཕུག་ཏུ་གསུངས་པའི་མགུར་བོད་ཁ་བ་ཅན་སོགས། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་གསུངས་པའི་མགུར་མ་རྗེ་ངོ་མཚར་སོགས། སྒྲུབ་མཚོ་པདྨ་གླིང་དུ་གསུངས་པའི་མགུར་སྐྱབས་རྒྱལ་བ་སོགས། གཉུག་མའི་དེ་ཉིད་གསལ་བར་སྟོན་པ་ཐོལ་བྱུང་དོ་ཧའི་གླུ་ཕྲེང་རྡོ་རྗེ་ཕ་ལམ་གྱི་ཕྲེང་བ་ལ་ནང་གསེས་སུ། འཆི་མེད་གྲུབ་པའི་རྒྱལ་བ་བཀའ་དྲིན་ཅན་རྣམ་གཉིས་ལ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་དཔྱིད་ཀྱི་དབྱངས་སྙན། གྲུབ་ཐོབ་རྒྱ་མཚོའི་ཆུ་འགོ་བཀའ་བརྒྱུད་ཀྱི་སྟོན་པ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེ་མངོན་པར་བསྐུལ་བའི་གླུ་དབྱངས་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས། གཏན་སྐྱབས་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་མངོན་པར་དྲན་པའི་མོས་གུས་ཀྱི་དབྱངས་ལྷར་བཅས་རྣ་བའི་བཅུད་ལེན། ཐུན་མོང་སྔོན་འགྲོའི་མགུར་དཔལ་རྡོ་རྗེའི་འཆང་སོགས། སྐྱབས་འགྲོའི་མགུར་སྐྱབས་དཀོན་མཆོག་སོགས། སེམས་བསྐྱེད་ཀྱི་མགུར་རྗེ་དམིགས་པ་སོགས། ཀརྨ་བདེ་ལེགས་ཡེ་ཤེས་བཟང་པོ་ལ་གནང་བ་རྗེ་པདྨའི་མཚན་གྱི་སོགས། རྗེ་རང་གིས་རང་ལ་དཔའ་བཀོང་པའི་མགུར་ཆོས་ཉིད་ཀྱི་བདེན་པ་སོགས། བློ་སྦྱོང་གི་མགུར་རྗེ་བླ་མ་སོགས། རྗེ་རང་ལ་སེམས་གསོའི་ཚུལ་གྱི་མགུར་ཕ་བླ་མ་སོགས། ཡུལ་སྣང་ལ་ཞེ་ཁྲེལ་བའི་མགུར་དཔལ་རྫོགས་པའི་སོགས། རྗེ་རང་གི་ཐུགས་བློ་འགྱུར་ལྡོག་མེད་པའི་གསལ་འདེབས་ཀྱི་མགུར་ང་སྤྲང་པོ་ཟ་ཉལ་སོགས། ཐུགས་སྣང་དྭངས་སྐབས་གསུངས་པའི་མགུར་ཕ་དྲན་ཆོག་གི་རྒྱལ་པོ་སོགས། ཚེ་དབང་གིས་དྲིས་ལན་ཆོས་རྒྱལ་ཟླ་འོད་སོགས། ཀརྨ་དབང་ལྡན་ལ་གནང་བའི་རྗེ་པདྨའི་སོགས། པྲཛྙཱ་ལ་གནང་བའི་སངས་རྒྱས་ཀུན་དངོས་སོགས། གདམས་པའི་མགུར་ཆུང་བཞི་པད་འབྱུང་བླ་མ་སོགས། བཀའ་བརྒྱུད་གྲུབ་པའི་སོགས། རྗེ་དྲིན་ལྡན་སོགས། དཔལ་ལྡན་བླ་མའི་སོགས་བཅས། ཉམས་ཀྱི་གླུ་རྗེ་འཆི་མེད་སོགས། ཉམས་མགུར་ན་མོ་གུ་རུ་གངས་ཅན་སོགས། གཞི་མེད་ཀློང་གྲོལ་གྱི་མགུར་གཞི་མེད་སོགས། ཐོལ་བྱུང་ཉམས་སྣང་གི་མགུར་རྩེ་མོ་བྱུང་རྒྱལ་སོགས། རྒྱལ་མཆོག་བཅོ་ལྔ་བས་དྲིས་ལན་བཀའ་བརྒྱུད་གྲུབ་ཐོབ་སོགས། དྷརྨ་ཏཱ་རར་གནང་བ་སྐྱབས་གནས་ཀུན་འདུས་སོགས། བདེ་ལྡན་ལ་གནང་བ་ན་མོ་གུ་ར་བེ། ཕྱག་ཆེན་སོགས། དཀོན་མཆོག་བསྟན་སྐྱོང་ལ་གནང་བ་ན་མོ་གུ་རུ་ལས་དང་པོ་པའི་སོགས། དགེ་སློང་དམ་ཆོས་ལ་གནང་བ་ན་མོ་གུ་ར་བེ་སོ་སོར་སྡུད་པའི་སོགས། དེ་བེནྡྲེར་གནང་བ་གུ་རུ་པདྨར་སོགས། གནས་སྒོ་དྲུང་པ་སྤྲུལ་སྐུར་གནང་བ་རིགས་དྲུག་ཁྱབ་བདག་སོགས། མོས་ལྡན་འགའི་གསལ་འདེབས་སུ་གསུངས་པ་ན་མོ་གུ་རུ་བསྒོམས་པས་སོགས། རི་ནང་མཁའ་འགྲོར་གནང་བ་ན་མོ་གུ་རུ་ཆོས་སྔོན་འགྲོ་སོགས། དྷྭ་ཛར་གནང་བ་ན་མོ་གུ་ར་བེ་ལུང་དང་སོགས། དགེ་ལེགས་རབ་རྒྱས་ལ་གནང་བ་བཀའ་བརྒྱུད་བླ་མ་སོགས། ཚེའི་མིང་ལ་གནང་བ་རྗེ་བཀའ་བརྒྱུད་སོགས། དགེ་མང་སྤྲུལ་སྐུར་གནང་བ་མ་ཧཱ་གུ་རུ་སོགས། ལམ་ཞུགས་ཀྱི་གང་ཟག་ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གནད་བསྡུས། བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་བ། ཐུན་མོང་བསླབ་བྱ་མདོར་བསྡུས་མཚུངས་བྲལ་བླ་མ་སོགས་བཅས། འབྲས་ལྗོངས་བླ་མར་གནང་བ་དལ་འབྱོར་སོགས། གཏེར་སྟོན་ཞིག་གི་དྲིས་ལན་རྗེ་བཙུན་སོགས། ༈ དགུ་པ་བརྡ་སྤྲོད་པ་ཡན་ལག་དང་བཅས་པའི་གཞུང་རིག་པའི་སྐོར་ལེགས་སྦྱར་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། སྐད་གཉིས་ཤན་སྦྱར་ལ་ཉེ་བར་མཁོ་བའི་ཟིན་བྲིས་ལས་དང་པོ་པ་འཇུག་པའི་རོལ་མཚོ། ཚེ་དཔག་མེད་ལ་སོགས་པའི་གཟུངས་ཀྱི་སྒྲ་བསྒྲུབ་ནོར་བུ་སྐར་མདོག་གི་ཕྲེང་བ། བརྡ་སྤྲོད་པ་མཚོ་ལྡན་མའི་གཞུང་གི་རབ་བྱེད། བརྡ་སྤྲོད་པ་ཙནྡྲ་པའི་སྐབས་སུ་ཉེ་བར་མཁོ་བའི་ཏིང་མཐའི་དཔེར་བརྗོད་ཉུང་ངུ་རྣམ་གསལ། ལུང་སྟོན་པ་ཀཱ་ལ་པའི་རྣམ་བཤད་ཟླ་བའི་འོད་ཟེར་ལས་ཀུན་བཤད་ཀྱི་འགྲེལ་པ་སྟོན་ཀའི་ཟླ་འོད། བརྡ་སྤྲོད་གཞུང་ལུགས་ཀྱི་མཚན་གྱི་མངོན་བརྗོད་ཕྲེང་བ་བསྟར་བ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ལ་ནང་གསེས་སུ། དཔལ་ཀརྨ་པ་ཐེག་མཆོག་རྡོ་རྗེ། རྗེ་དབོན་སྤྲུལ་སྐུ་ཐེག་མཆོག་བསྟན་འཕེལ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ། ཀརྨ་ཆོས་ཀྱི་དབང་ཕྱུག །ཀརྨ་ཤེས་རབ་རྒྱ་མཚོ། ཀརྨ་ངེས་དོན་བཅས་སོ་སོར་མཚན་རྟགས་སྨོན་ཚིགས་སྐད་གཉིས་ཤན་སྦྱར་སུམ་འབིད་ཅན་བཅས། ༈ བཅུ་པ་མཆོད་འབུལ་དང་ཆབ་ཤོག་གི་སྐོར། ལེགས་སྤྱད་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལས་ནང་གསེས་སུ། འཇིག་རྟེན་དབང་ཕྱུག་ཀརྨ་པར་མཆོད་སྤྲིན་ཆེན་པོ་སྤྲོས་ཚིགས་སུ་བཅད་པ་རིགས་གསུམ། སྐྱབས་མགོན་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོར་མཆོད་སྤྲིན་སྤྲོས་པའི་ཚིགས་སུ་བཅད་པ་རིགས་ལྔ། དཔལ་ལྡན་དཔའ་བོའི་འབུལ་ཡིག་རིགས་གཉིས། གཏེར་ཆེན་མཆོག་གླིང་ལ་འབུལ་ཡིག་ཚན་གཉིས་བཅས། རང་དང་གཞན་བསྐུལ་ངོར་བསྐུལ་ཡིག་ཚིགས་བཅད་མཚོ་ཆུང་མགྲིན་པའི་རོལ་རྩེད་ལས་ནང་གསེས་སུ། དཔལ་ཀརྨ་ཐེག་མཆོག་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པ། རྒྱལ་དབང་བཅོ་ལྔ་བ། ཞེ་ཆེན་དབོན་སྤྲུལ། གཏེར་ཆེན་མཆོག་གླིང་རྣམས་ལ་ཕུལ་བའི་ཆབ་ཤོག །མཁས་དབང་སྒྲུབ་པ་པོ་ཞིག་གི་མཆིད་ལེན། རྗེ་པདྨ་ཉིན་བྱེད་ཞལ་སྔ་ནས་ལྕང་སྐྱ་སྤྲུལ་སྐུར་ཕུལ་བའི་གསུང་ཚབ། འགུ་ལོག་གི་ལིང་ཐུགས་རྡོར་ལ་ཕུལ་བ། རྗེ་པདྨ་ཉིན་བྱེད་ཞལ་སྔ་ནས་འབྲུག་པ་རྒྱལ་དབང་ཆོས་རྗེ་དང་ཨ་མཆོག་དགེ་བཤེས་གཉིས་ལ་གནང་བའི་གསུང་ཚབ་རེ་རེ་དང༌། འཕེལ་ཚ་བླ་མ་བསོད་རྒྱལ་ལ་ཕུལ་བ། རྫོགས་ཆེན་རྡོར་རབ་ལ་སྤྲིངས་པ། ཨ་མཆོག་སྤྲུལ་སྐུ་དང༌། དགེ་བཤེས་ལ་གསུང་ལན་རེ་རེ། ཧོར་དགོན་གསར་ཆོས་རྗེ་ལ་ཕུལ་བ། ནང་ཆེན་རྒྱལ་སྲས་སྤྲུལ་སྐུ་ཨ་བདེ་ལ་ཕུལ་བ། སྦྱང་ཡོན་བློ་གྲོས་སྙིང་པོའི་རིང་ལུགས། རྣམ་ཐར་བཞིར་འཇུག་བཅས་གསུམ་པོ་དབོན་རྒན་མཆོག་སྤྲུལ་གསུང་ཚབ། མཚུར་གྲྭ་སྦྱིན་པ་མཐར་ཕྱིན། དཀོན་མཆོག་ཐུབ་བསྟན་རྒྱ་མཚོ། ཀུན་གཟིགས་མཁྱེན་བརྩེ། དྲུང་ཆེན་རིག་འཛིན། སྡེ་དགེ་ལྷ་སྲས། སྡེ་དྲུང་ཕྲིན་ལས་རྒྱ་མཚོ། ལྷ་ལྡན་པའི་ཚངས་པ་མཆེད་ཟུང་རྣམས་ལ་གནང་བའི་ཆབ་ཤོག་བཅས། ༈ བཅུ་གཅིག་པ་དཀར་ཆག་ལོ་རྒྱུས་དང་ཞལ་བྱང་གི་སྐོར་ངོ་མཚར་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག །དྲན་པ་ཡེ་ཤེས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ། ཕོ་བྲང་ལྷུན་གྲུབ་སྟེང་གི་ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་ཛམ་གླིང་བཀྲ་ཤིས་འོད་འབར་གྱི་ཀར་ཆག་རྫོགས་ལྡན་དཔྱིད་ཀྱི་དབྱངས་སྙན། རྩ་གསུམ་མཆོད་སྡོང་ཆེན་པོ་བྱིན་རླབས་དཔལ་འབར་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག །ཤངས་པའི་གསེར་ཆོས་རིན་པོ་ཆེའི་དཀར་ཆག་བཻ་ཌཱུརྻའི་ལྡེའི་མིག །རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི་དཀར་ཆག །ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་བ་ངོ་མཚར་རབ་དགའི་སྣང་བ། དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཞིང་ཁམས་ཀུན་ཏུ་ཁྱབ་པའི་སྒྲ་སྙན། རྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད་བཅས། ༼ཇ༽ འཛི་སྒར་སྤྲུལ་སྐུའི་གདུང་རྟེན་དཀར་ཆག །མཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག །གཏེར་དབོན་ངག་གི་རྡོ་རྗེ་འཆང་ཆེན་པོའི་གདུང་རྟེན་དཀར་ཆག །རིང་སྲེལ་རྣམ་བཞི་བདུད་རྩི་ལྔ། མྱང་གྲོལ་རྟེན་འདུས། ཉེར་མཁོའི་རྫས་རྣམས་གཅིག་དྲིལ་གྱི་དཀར་ཆག་དེའི་ཁ་སྐོང༌། ཁྱད་པར་བཅུ་གསུམ་དང་ལྡན་པའི་རྩ་བརྒྱད་སྟོང་སྦྱར་གྱི་རྟོགས་བརྗོད་ཡོངས་འདུས་མེ་ཏོག་གསར་པའི་ཕྲེང་བ་དཔྱོད་ལྡན་རྣ་རྒྱན། བདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ། དབེན་པ་ཟླ་མཛེས་ཀྱི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག །དཔལ་གྱི་ཙཱ་རི་ཏྲའི་བསྔགས་བརྗོད་མདོར་བསྡུས་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས། སྒྲུབ་གནས་པདྨ་ཤེལ་ཕུག་ལ་ཆེད་དུ་བརྗོད་པ་ཨེ་མ་སྔོན་ཚེ་སོགས། རོང་རྨེ་དཀར་མོ་སྟག་ཚང་ལ་ཆེད་དུ་བརྗོད་པ་ཨ་ཧོ་སྟོབས་བཅུ་སོགས། ཙཱ་འདྲ་རིན་ཆེན་རྟོགས་བརྗོད་ཡིད་ཀྱི་རྒྱ་མཚོའི་རོལ་མོ། དེའི་གནས་འདུས་དགེ་སྐུལ་སྒོ་བྱང་སྔ་ཕྱི་གསུམ། རྫོགས་ཆེན་ཁམ་ཕུག་འོད་གསལ་གྲུབ་པའི་རྩེ་མོའི་དཀར་ཆག་གཏེར་བྱོན་ཟུར་འདེབས་དད་པའི་མེ་ལོང༌། གཡུང་དྲུང་རྣམ་པར་བཀོད་པའི་གནས་མཆོག་ཆེན་པོའི་མདོ་བྱང་གསལ་བྱེད་སྙིང་པོ་བསྡུས་པ། སྤར་བྱང་སྐོར་ལ། རྣམ་ཐར་ཟངས་གླིང་མ། བླ་མ་དགོངས་འདུས། བཀའ་བརྒྱད་དང་རྡོར་སེམས། ཐུགས་རྗེ་གསང་འདུས། དཀོན་མཆོག་སྤྱི་འདུས། གསོལ་འདེབས་ལེའུ་བདུན་མ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། རྒྱལ་བ་ཀུན་འདུས། ཕྱག་བཞི་པའི་སྐོང་ཟློག་སོགས། སྨན་བླའི་ཆོ་ག །ཀར་རབས་རིན་བྱོན་མཆོད་ཆོག །མདོ་སྡེ་རྒྱན་འགྲེལ་ཐོགས་ཊིཀ །མཁའ་སྤྱོད་དབང་པོ་སོགས་དང༌། ཐུབ་བསྟན་སྙིང་པོ་མ་གཉིས་བྱང་ཆུབ་ཆོས་སེང་ངོར་གནང་བ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང༌། བརྒྱད་སྟོང་པ་བཅས་ཀྱི་སྤར་བྱང་སྨོན་ཚིག །བླ་མ་དགོངས་འདུས་ཞལ་ཐང་གྲ་ཚར་བཅུ་གཅིག་གི་རྒྱབ་བྱང༌། བཀའ་བརྒྱད་གྲ་ཐང་སོ་སོའི་ཞལ་བྱང༌། ཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་རྒྱབ་བྱང༌། རྫོགས་ཆེན་བརྒྱུད་པའི་ཞལ་ཐང་རྒྱབ་བྱང༌། ༈ བཅུ་གཉིས་པ་ཉེར་མཁོ་སྣ་ཚོགས་ཀྱི་སྐོར་ཕན་བདེ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ། འཇམ་དཔལ་བྱིན་རླབས་སོགས་གསོལ་འདེབས་སྨོན་ལམ། པད་གླིང་རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་སྨིན་གྲོལ་འབོགས་ཚུལ། ཚོགས་བདག་རྒྱུན་གཏོར། ཆོས་དབང་བླ་མ་གསང་འདུས་ཀྱི་དབང་བསྐུར་ལག་ལེན་གསལ་བྱེད། ལྷ་རྩེའི་བཅའ་ཡིག །མཆོག་གླིང་ཐུགས་སྒྲུབ་རྣམ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང༌། རྟེན་ལ་ནང་གཞུག་འབུལ་བའི་ལག་ལེན་ལུགས་སྲོལ་ཀུན་གསལ་དྲི་བྲལ་ནོར་བུ་ཆུ་ཤེལ་གྱི་མེ་ལོང༌། གཙུག་ལག་ཁང་གི་གཉྫིར་གསེར་འཕྲུའི་གཟུངས་འབུལ་ལག་ལེན། གནོད་སྦྱིན་ལྷ་མང་གི་འཕྲུལ་འཁོར་བཅའ་སྒྲུབ། དྷཱིཿ འདིའི་རྗེས་གནང་ཀྱི་ལག་ལེན་རིན་ཆེན་རྫིང་བུ། དམ་པའི་ཆོས་འཆད་བྱ་བའི་སྐབས་སུ་ཉེར་མཁོའི་མཚམས་སྦྱོར་མཆོག་དམན་ཀུན་དགའ། མི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་སྐལ་ལྡན་ཡིད་ཀྱི་ངལ་གསོ། སྨན་ཆོག་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི། སྨན་མཆོག་གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ། དབྱར་གནས་དང་དགག་དབྱེའི་ལས་ཆོག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ། སྡོམ་གསུམ་གསོ་སྦྱོང་རྒྱས་བསྡུས་ཐར་པའི་ཐེམས་སྐས། སོ་ཐར་གྱི་བཤགས་སྡོམས་ཞི་གནས་གསོ་སྦྱོང་དང་འབྲེལ་བ་ཉེས་ལྟུང་དག་བྱེད་གང་གའི་ཆུ་རྒྱུན། ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་བྱང་སྡོམས་ཉེས་བཤགས་ནོར་བུ་ཀེ་ཏ་ཀའི་ཕྲེང་བ། གསང་སྔགས་གསར་རྙིང་རྡོ་རྗེ་ཐེག་པའི་དམ་ཚིག་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ཁ་སྐོང་བཅས། རྡོ་རྗེ་ཐེག་པའི་ཉེས་ལྟུང་ཕྱིར་བཅོས་ཆོ་ག་རིག་འཛིན་དབུགས་དབྱུང་གི་ཐིག་ལེ། ཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཟེགས་མ། ཐུན་མཚམས་ཉེར་མཁོ་གསར་རྙིང་གི་གདམས་ངག་སྙིང་པོ་བསྡུས་པ་དགོས་པ་ཀུན་ཚང༌། སངས་རྒྱས་སྲས་གཅིག་གི་རྒྱུད་ཟབ་མོ་རྒྱུན་ཁྱེར་དུ་བྱ་བའི་ཡན་ལག་མདོར་བསྡུས་འཁྲུལ་སྣང་རང་གྲོལ། བཅོམ་ལྡན་འདས་རིག་བྱེད་མའི་བསྐང་བ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། རྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི། གཅོད་ཡུལ་རྒྱ་མཚོའི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཟབ་མོའི་ཡང་ཞུན། གསུར་མཆོད་འདོད་ཡོན་སྤྲིན་ཕུང༌། རི་ཁྲུས་ཁྱིམ་ཁྲུས་གང་གའི་ཟེགས་མ། ཤེར་སྙིང་བདུད་བཟློག་བར་ཆད་ཀུན་སེལ་ལག་ལེན་བལྟས་ཆོག་ཏུ་བཀོད་པ་རྣམ་ཐར་སྟོབས་བསྐྱེད། ཀླུ་སྒྲུབ་ནས་བརྒྱུད་པའི་སྒྲོལ་མའི་གཡུལ་མདོ་ས་བལྟས་ཆོག་ཏུ་བཀོད་པ་བདེན་འབྲས་མྱུར་སྟོན། བཅའ་གཏོ་གཞུང་ཡན་ལག་བཅས་ཚན་གཉིས། རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ། བསང་ཡིག་སྐོར་ལ། རྒྱུན་གྱི་བསང་མཆོད་དགེ་ལེགས་སྤྲིན་ཕུང༌། འཇའ་ཚོན་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསང་མཆོད་ཞིང་ཁམས་ཀུན་ཁྱབ། ཕུར་པ་སྲུང་མར་བཅས་པ་ལ་རྒྱུན་བསང་སྲེག་བླུག་འབུལ་ཆོག་བདེ་ཆེན་རོལ་པ། མཆོག་གླིང་བླ་མ་ནོར་ལྷའི་བསང་མཆོད་དགོས་འདོད་སྤྲིན་ཕུང༌། གེ་སར་བསང་མཆོད་དགོས་འདོད་ཆར་འབེབས། འབའ་ལུགས་གངས་མཚོ་གཉན་པོའི་བསང་མཆོད། རྫོང་ཤོད་ཀྱི་གནས་གཏེར་སྲུང་མའི་བསང་གསོལ་དཔལ་ཆེན་ཐུགས་སྤྲུལ་སོགས་དང༌། སྔོན་ཚེ་དཔལ་ཆེན་སོགས། གནས་མཆོག་འབུར་མོ་བྲག་དཀར་གྱི་གསོལ་མཆོད། རྒྱུན་གྱི་བསང་མཆོད། དཔལ་སྤུངས་ཡུལ་ལྷའི་བསང་མཆོད། ཡུལ་བདག་ར་ཁྲིའི་བསང་མཆོད་དཔལ་འབྱོར་རབ་རྒྱས། ཡུལ་བདག་དིས་ར་གཉན་པོའི་བསང་མཆོད། རྨ་ཐམ་གཉན་པོའི་བསང་མཆོད། དཔའ་འོག་ཡུལ་ལྷ་སྤྱི་བསྡུས་ཀྱི་བསང་མཆོད། གནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུ་ར། ཞི་མཛད་རྡོ་རྗེའི་གནས་ཀྱི་ཡང་མཛོད་དཔལ་དེའུའི་བསང་མཆོད། ལྡན་ཡུལ་གཞི་བདག་རྣམས་ཀྱི་བསང་དང་གསེར་སྐྱེམས། ཟླ་ཀླུང་གཞི་བདག་བསང་མཆོད། མདོ་སྨད་ཐང་ལྷའི་ཡུལ་སྐྱོང་གི་བསང་གསོལ། ཁྲ་འབོའི་ཡུལ་བདག་བསང་མཆོད། ཨ་རབ་ཡུལ་ལྷ་རག་ཉག་གཉན་པའི་བསང་མཆོད། འབྱུང་སྤྱིའི་ཉེས་སེལ་གྱེར་གཏོའི་ལག་ལེན་གསེར་གྱི་ཐུར་མ་བཅས། ༈ བཅུ་གསུམ་པ་ཆོས་སྲུང་དང་ནོར་ལྷ་གཞི་བདག་གི་གསོལ་མཆོད་སྐོར་ཕྲིན་ལས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྡོ་རྗེའི་ཆོས་སྲུང་ལ་ཕྲིན་ལས་སུ་གསོལ་བ་དོན་གཉིས་གྲུབ་པའི་དཔྱིད། མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ། མ་མགོན་ཞལ་སྦྱོར་གྱི་བསྙེན་པ་བཏང་བའི་འདོན་ཟིན། བེར་ཅན་ལྕམ་དྲལ་མདོས་ཀྱི་སྐོང་ཆོག་སྒྲུབ་བརྒྱུད་བསྟན་པའི་བ་དན། ཀར་ལུགས་མ་མགོན་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གསོལ་ཁ་དམ་ཅན་དགྱེས་རོལ། སྐོང་བ་མཉེས་པ་གསུམ་ལྡན། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་སྒྲུབ་ཆེན་མོའི་ལག་ལེན་བལྟས་ཆོག་ཏུ་བཀོད་པ་དངོས་གྲུབ་རྫིང་བུ། མགོན་པོའི་སྤོས་སྦྱོར་རྒྱས་བསྡུས་ཀྱི་ལག་ལེན། ༼ཉ༽ མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་དཀར་གཉིས་ཀྱི་མངའ་གསོལ་དགེ་ལེགས་སྤྲིན་ཕུང༌། གཏོར་ཆོག་ཕྲིན་ལས་གཏེར་མཛོད་ཀྱི་ཁ་སྐོང༌། མགོན་དཀར་ལགས་གཞུང་རཏྣའི་བང་མཛོད། བཀའ་ཆེན་བཅུ་གསུམ་གྱི་དབང་ཆོག །དཔལ་ལྡན་སྔགས་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ། དུད་སོལ་མ་གཙོ་བོར་གྱུར་པའི་ལྷ་མོ་སྤྱིའི་མཆོད་གསོལ་སྐྱེ་བ་ལྔ་པའི་སྒྲ་དབྱངས། བཀའ་དྲིན་ལྷ་མོའི་གསོལ་མཆོད་བསམ་དོན་ལྷུན་གྲུབ། ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ། ཛམ་དཀར་བསྟོད་པ་དངོས་གྲུབ་ཆར་འབེབས། རྨུགས་འཛིན་དམར་པོའི་སྐོང་བ་ལོངས་སྤྱོད་ཆར་འབེབས། ཛམ་དམར་ཆ་ལག་གཡང་འགུགས་པདྨ་རཱ་གའི་ལྕགས་ཀྱུ། རྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས། གཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས། རྩ་གསུམ་ཆོས་སྐྱོང་གཏོར་འབུལ་རིག་འཛིན་དགའ་སྟོན། གཅོད་ཡུལ་གཏོར་འབུལ་སྙིང་པོའི་བཅུད་ལྡན། དམ་ཅན་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་བསྡུས་ལེགས་པ་ཀུན་ཚང༌། དེའི་མངའ་གསོལ་དགོས་འདོད་ཀུན་སྩོལ། ཞིང་སྐྱོང་གསོལ་སྐོང་ཉུང་བསྡུས། སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ། དཔལ་ཆེན་མོའི་གཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིག །གཡང་ཆོག་ཟུར་འདེབས། དྷཱིཿ འདིའི་རྗེས་གནང་ཡོངས་འདུས་སྙེ་མ། བསང་མཆོད་ནོར་བུའི་ཆར་སྤྲིན། གཏོར་འབུལ་དངོས་གྲུབ་གཡང་འཁྱིལ། མཇུག་ཆོག་དགེ་ལེགས་ཆར་འབེབས། དུར་བདག་གཏོར་འབུལ། ནོར་བསྙགས་དང་མཁའ་རིའི་གསོལ་མཆོད། རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་གི་མཆོད་སྤྲིན་འདོད་འཇོའི་བ་མོ་བཅས། ༈ བཅུ་བཞི་པ་ཐུན་མོང་རིག་པའི་གནས་ཀྱི་བསྟན་བཅོས་ཀྱི་སྐོར་ལེགས་བཤད་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། འདུལ་བ་མདོ་རྩ་ལས་བྱུང་བའི་རི་མོ་བྲི་ཡིག་ཚངས་པའི་པ་ཏྲ། བྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ། པདྨ་བཛྲའི་གནས་འདྲེན་ཙཀླིའི་བཀོད་ཡིག །དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བ་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་ལྕགས་བརྒྱད་ཁམས་བརྒྱད་ཀྱི་དུག་འདོན་ཐལ་སྨན་གྱི་ཆོ་ག །ནད་སྨན་སྤྲད་པའི་ལག་ལེན། འཚོ་བྱེད་ལས་དང་པོ་པ་ལ་ཉེར་མཁོའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིག་པ། ཟླ་ཤེལ་རིལ་བུ་སྤྱི་དང་ཁྱད་པར་བ་སྦྱོར་ཚུལ་བདུད་རྩིའི་མྱུ་གུ་བཅས་སོ། ༼ཏ༽ །སྐར་རྩིས་ཀྱི་ལག་ལེན་ལེགས་བཤད་ཀུན་བཏུས། རབ་ཡིད་ཤིང་མོ་སྦྲུལ་ལོའི་ལེ་ཐུའི་མགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན། ཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང༌། ཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང༌། ཙི་ནའི་ས་དཔྱད་གསར་འགྱུར་ལུགས་ཀྱི་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག །བག་མར་དགེ་བའི་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད། མདའ་དར་འཛུགས་པའི་འབེལ་གཏམ། ཡིག་བསྐུར་རྣམ་བཞག་དབྱངས་ཅན་རྒྱུད་མང་བཅས། ༈ བཅོ་ལྔ་བ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཡིད་བཞིན་འདོད་འཇོ་དགེ་ལེགས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོ་སྤེལ་བའི་ཚིག་གི་ཕྲེང་བ་ཟླ་འོད་བདུད་རྩིའི་ཆར་པ་ལ་ནང་གསེས་སུ། མཆོག་གསུམ་ཀུན་འདུས་སོགས། ངེས་པར་ལེགས་པའི་སོགས། ཨོཾ་སྭ་སྟི་སིདྡྷི་རསྟུ། ཚེ་འོད་དཔག་མེད་སོགས། བདག་གཞན་དུས་གསུམ་སོགས། རྟག་བརྟན་ཡོངས་སུ་སོགས། སྤྱི་འགྲོ་ཁྱེར་བདེའི་བསྔོ་བ་ཡོན་བཤད་དང་བཅས་པ་སཱ་ལ་ཆེན་པོའི་ས་བོན། གསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ་ལ་ནང་གསེས་སུ། ཚད་མེད་བཞི་དང་སོགས། དུས་གསུམ་རྒྱལ་བ་སོགས། ཁ་སྦྱོར་སྐུ་ནི་སོགས། སྒྲིབ་བྲལ་རྣམས་ལ་སོགས། མཚན་ཙམ་ཐོས་པས་སོགས། ཞེན་ལོག་ངེས་འབྱུང་སོགས། སྨོན་ལམ་ཆེན་མོ་སོགས། རྒྱལ་བ་ཀུན་ལས་སོགས། སྲས་བཅས་རྒྱལ་བ་སོགས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་བོན། ལྟ་ན་སྡུག་པའི་ཞིང་གི་སྨོན་ལམ་རྣམ་པར་རྒྱལ་བའི་ལྗོན་ཤིང༌། ཇོ་ནང་བསྟན་འབར་མ། ཤམྦྷལའི་སྨོན་ལམ། ཡན་ལག་བདུན་པ་ཚིགས་སུ་བཅད་པ་བླ་མ་ལྔ་བཅུ་བའི་བསྡུས་དོན་སྨོན་ལམ་མདོ་སྔགས་ཀུན་གྱི་ཡང་སྙིང༌། བསྟན་པ་སྤྱིའི་སྨོན་ལམ་ཐར་པའི་གྲུ་ཆེན། རྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད། བདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ། སྐྱབས་གནས་དཀོན་མཆོག་སོགས། རྩ་གསུམ་ཀུན་འདུས་སོགས་ཁྱེད་ནི་རང་བྱུང་སོགས། རྒྱལ་ཀུན་སྤྱི་གཟུགས། ཐེག་ཆེན་རིགས་སད་སོགས། བསླུ་མེད་དཀོན་མཆོག་སོགས། བདག་ནི་འདི་བཟུང་སོགས། འདུན་དང་སྨོན་ལམ་སོགས། གཏེར་ཆེན་མཆོག་གླིང་ནས་གཏེར་ཚབ་འབུལ་རྒྱུའི་འདོད་གསོལ་སྨོན་ཚིག །ཏཱའི་སི་ཏུའི་སྐྱེས་རབས་དང་སྦྱར་བའི་ཤིས་བརྗོད་ཉིན་བྱེད་སྣང་བ། ཤིས་པ་བརྗོད་པའི་ཚིག་ཕྲེང་སེང་གེའི་སྒྲ་བཅས། ༼ཨ༽ རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་ཐར་རྒྱས་པ་ནོར་བུ་སྣ་ཚོགས་མདོག་ཅན། རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི། འདས་རྗེས་ཀྱི་རྣམ་ཐར་ངོ་མཚར་ནོར་བུའི་སྣང་བ་དང༌། རྒྱ་ཆེན་བཀའི་མཛོད་ཀྱི་དཀར་ཆག་མདོར་བསྡུས་ཟབ་རྒྱས་རྒྱ་མཚོ་མཐའ་ཡས་ལ་འཇུག་པའི་གྲུ་བོ། བླ་མ་བཀྲ་ཤིས་ཆོས་འཕེལ་གྱིས་མཛད་པ་བཅས་གླེགས་བམ་གྱི་ཕྲེང་བ་ཕྱོགས་ཀྱི་གྲངས་དང་ལྡན་པའི་བཀླག་ལུང་ཟབ་མོ་ལེགས་པར་ནོས་པའི་བརྒྱུད་པ་ལ་འདི་དག་ཏུ་བཞུགས་པའི་དབང་དང་རྗེས་གནང་རྒྱ་ཆེ་བའི་སྐོར་སྔ་འགྱུར་བཀའ་མ་དང༌། སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པར་བཞུགས་པས་དེ་རིགས་རྩ་བའི་ཐོབ་ཡུལ་འདིར། དྷཱིཿ རྟགས་ཅན་རྣམས་ལྟར་འཇམ་མགོན་མཁྱེན་བརྩེའི་རྣམ་རོལ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ་པས་བརྒྱུད་ཚུལ་རྒྱས་པ་དེ་དག་གི་ཐོབ་ཡིག་ཏུ་གསལ་ཞིང༌། དབང་ཕྲད་ཚེགས་སོ་སོར་མཆན་གསལ་ལྟར་དང༌། ཤྲཱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར། རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་ལས་བཀའ་དྲིན་དུ་ཐོབ། ཡང་ན་ཤྲཱི་རྟགས་ཅན་རྣམས་འཇམ་མགོན་གུ་ཎ་ས་མུདྲ། མཁན་ཆེན་མངྒལ་རསྨི། ཏཱ་ཡི་སི་ཏུ་ས་མནྟ་བྷདྲ། འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་ཞལ་སྔ་ནས་ཐོབ་པ་དང༌། གཞན་རྟགས་མེད་ཐམས་ཅད་ཤེས་བྱ་ཀུན་གཟིགས་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། བསླབ་གསུམ་མངའ་བདག་བླ་མ་རིན་པོ་ཆེ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་དུ་ཐོབ་པའོ། །འདས་བྱུང་རྣམ་ཐར་ངོ་མཚར་ནོར་བུའི་སྣང་བ་དང༌། དཀར་ཆག་ཟབ་རྒྱས་རྒྱ་མཚོ་མཐའ་ཡས་པར་འཇུག་པའི་གྲུ་བོ་གཉིས་ནི་མཛད་པ་པོ་མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ། དྲུང་རིན་པོ་ཆེ་ཆོས་ཀྱི་ཉིན་བྱེད། བླ་མ་རིན་པོ་ཆེ་ཀརྨ་འོད་གསལ་ལྷུན་གྲུབ་ལས་ཐོབ་པའོ། །ཟབ་རྒྱས་ཆོས་ཚུལ་ཡངས་པའི་ཆུ་གཏེར་གྱི། ཉིང་ཁུ་ལུང་རྟོགས་གདེང་ཅན་དབྱིག་གི་མཛོད། །དད་དང་ཐོས་བསམ་སྒོམ་པས་སྲུང་བྱས་ནས། །བསྟན་འགྲོའི་ལེགས་དགུའི་འདོད་པ་འཇོ་གྱུར་ཅིག །སརྦ་དཱ་མངྒ་ལམ། ༈ ན་མོ་མཉྫུ་ཤྲཱི་ཡེ། འདིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟེགས་ལྟ་བུ་མཛོད་ལྔའི་ཐོག་མ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་རྩ་བ་དང་འགྲེལ་ཆེན་གཉིས་ཏེ། རྩ་བའི་སྤྱི་དོན་ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་ཀྱི་མཚན་དང་མཆོད་བརྗོད་བརྩམ་པར་དམ་བཅའ་སྔོན་དུ་འགྲོ་བས། བར་དུ་དགེ་བ་གཞུང་གི་དོན་ལ་གདུལ་ཞིང་འཇིག་རྟེན་ཁམས། འདུལ་བྱེད་སྟོན་པ་སངས་རྒྱས། འདུལ་ཐབས་ཆོས་ཀྱི་འཁོར་ལོ། དེ་ཉིད་འཕགས་བོད་རྣམས་སུ་དར་ཚུལ། གཞི་རྟེན་ཚུལ་ཁྲིམས་རྣམ་གསུམ། དང་པོར་ཐོས་པ། བར་དུ་བསམ་པ། ཐ་མ་སྒོམ་པའི་རྣམ་བཞག །དེ་ལ་བརྟེན་ནས་ས་ལམ་བགྲོད་པ། མཐར་འབྲས་བུ་ལ་སྦྱོར་ཚུལ་བཅས་རྡོ་རྗེའི་གནས་ཆེན་པོ་བཅུ། དེ་རེ་རེ་ལའང་ནང་གསེས་ཀྱི་དབྱེ་བས་རྐང་པ་བཞི་བཞིར་ཡོད་པས་ཐེག་པ་ཆེ་ཆུང༌། སྔ་འགྱུར་འོད་གསལ་རྡོ་རྗེ་རྩེ་མོའི་དགོངས་པ་ཁྱད་པར་བ་རྣམས་ཀྱང་ཞར་ལ་རྟོགས་པར་བྱས་ཤིང༌། དེ་དག་བསྡུ་ན་གནས་ལྔ་པས་ལྷག་པ་ཚུལ་ཁྲིམས། དྲུག་པ་དང་བདུན་པས་ཤེས་རབ། བརྒྱད་པས་ཏིང་ངེ་འཛིན་གྱི་བསླབ་པ་གཙོར་བཏོན་ཞིང་གཞན་རྣམས་ནི་དེ་དག་གི་རྒྱུ་དང་འབྲས་བུའི་ཡན་ལག་ཏུ་འགྱུར། ཐ་མར་དགེ་བ་མཇུག་གི་དོན་ལ་བསྟན་བཅོས་ཀྱི་རང་བཞིན། དགོས་པ། བརྩམ་ཚུལ་སྨོན་ལམ་ཤིས་བརྗོད་ཀྱིས་རྩོམ་པ་མཐར་ཕྱིན་པ་རྩ་བའི་སྐོར། མདོར་བསྟན་དོན་བསྡུ། ཚིག་འགྲེལ་བཅས་ཀྱིས་རིམ་པ་བསྟན་པའི་དོན་རྒྱས་པར་བཀྲོལ་བ་འགྲེལ་ཆེན་ལ་པོད་གསུམ་བཞུགས་པ་རྩ་བའི་སྟེང་ནས་བཤད་ཁྲིད་ཞིབ་རྒྱས་སུ་བཀའ་དྲིན་ཐོབ་པ་ནི། མཛད་པ་པོ་ཤེས་བྱ་ཀུན་གཟིགས་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། ཐུགས་སྲས་མཁས་པའི་དབང་པོ་བླ་མ་བཀྲ་ཤིས་ཆོས་འཕེལ། འཇམ་པའི་རྡོ་རྗེ་བདག་ཅག་གི་འདྲེན་པར་བྱོན་པ་འཇམ་མགོན་ཆོས་ཀྱི་བློ་གྲོས་དཔལ་བཟང་པོའི་ཤྲཱི་ན་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཙུག་ལག་ཁང་གི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ལས་བརྩེ་བས་རྗེས་སུ་བཟུང་སྟེ་ལྗགས་བཤད་དུ་བཀའ་དྲིན་ཐོབ། ཡང་ན་རྩ་བ་དང༌། འགྲེལ་ཆེན་པོད་གསུམ་བཅས་མཛད་པ་པོ་འཇམ་མགོན་ཆོས་ཀྱི་རྒྱལ་པོ། མཁས་དབང་བཀྲ་ཤིས་ཆོས་འཕེལ། དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། སྒྲུབ་བརྩོན་དབང་པོ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་དུ་ཐོབ་པའོ། །དགེ་ལེགས་འཕེལ།། །།}} | ༄༅། ངྃག་གི་དབྃང་ཕྱུགྃ་འཇམ་པའི་རྡོ་རྗེའི་ཀུན་ཕན་ཐུགས་རྗེའི་སྒྱུ་འཕྲུལ་ལས། །ཡོྃན་ཏནྃ་རྒྱྃ་མཚོྃའི་དབུས་ན་བརྗིད་པའི་མཁས་གྲུབ་རིན་ཆེན་ལྷུན་པོའི་དཔལ། །རྨད་བྱུང་ཕྲིྃན་ལྃས་ས་གསུམ་སྒྲེང་མཛད་ཕྱོགས་དུས་ཞིང་ཀུནྃ་རབ་ཁྱབྃ་དཔལ། །ཐུབ་བསྟན་ཡོངས་རྫོགས་ཤིང་རྟ་ཆེན་པོ་པྃདྨྃྃ་གརྃ་གྱི་དབྃང་ཕྱུག་རྒྱལ། །གང་ཐུགས་བློྃ་གྲོསྃ་སྤོབས་པ་མཐྃའ་ཡྃས་པའི། །སྐབས་གསུམ་ལམ་ལས་བྱུང་བའི་ལེགས་པར་བཤད། །རྒྱ་ཆེན་བཀའ་ཡི་གསང་མཛོད་ཆར་སྤྲིན་ལས། །སྨིན་གྲོལ་སྦྲང་ཆར་འབེབས་པའི་གཏམ་སྙན་སྤྲོ། །དེ་ཡང་སྙིགས་དུས་ཀྱི་སངས་རྒྱས་ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ལ་བཀའ་བབ་མཛོད་ཆེན་ལྔ་འབྱུང་བ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་ལྟར་རིས་སུ་མ་ཆད་པའི་བསྟན་པ་ཡོངས་རྫོགས་ཀྱི་མཛེས་པའི་རྒྱན་དུ་གྲུབ་པའི་བྱེ་བྲག་མཛོད་ཆེན་ཐུན་མོང་གི་རྒྱབ་ཆོས། རྒྱ་ཆེན་བཀའ་ཡི་མཛོད་ཅེས་ནོར་བུ་རིན་པོ་ཆེ་འབྱུང་བའི་རྒྱ་མཚོ་ལྟ་བུར་གྱུར་པ་སྐལ་བཟང་གི་གསོས་སུ་ཇི་ལྟར་ཐོབ་པའི་ཚུལ་ལ། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཀར་པོའི་ཚེས་ཀྱི་འཁྱུད་པའི་ཟླ་བ་ཉ་བའི་གྲངས་ཀྱི་ས་བཅད་རྒྱ་མཚོ་མཐའ་ཡས་པའི་བཅོ་ལྔས་གྲངས་སུ་བསྡམས་པའི་ས་བཅད་ལྟར་བཀོད་པ་ལ། ༈ དང་པོ་ཡུལ་ཁྱད་པར་ཅན་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་ཀྱི་སྐོར་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། སྟོན་པ་དོན་ཀུན་གྲུབ་པའི་ཚུལ་ལ་བསྔགས་པ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ། འཇམ་དཔལ་བསྟོད་པ་ཡེ་ཤེས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར། སྤྱན་རས་གཟིགས་ལ་བསྟོད་པ་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱ་མཚོ་གྲངས་པ་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར། རྡོ་རྗེ་འཛིན་པ་ལ་བསྟོད་པ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར། བྱམས་མགོན་ལ་བསྟོད་པ་ཕར་ཕྱིན་རྒྱ་མཚོ་གྲངས་མེད་པ་སྒྲོགས་པའི་སྤྲིན་གྱི་ཆར། ས་ཡི་སྙིང་པོ་ལ་བསྟོད་པ་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་སྒྲོགས་པའི་སྤྲིན་གྱི་ཆར། སྒྲིབ་པ་རྣམ་སེལ་ལ་བསྟོད་པ་ཏིང་འཛིན་རྒྱ་མཚོ་གྲངས་མེད་པ་སྒྲོགས་པ་སྤྲིན་གྱི་ཆར། ནམ་མཁའི་སྙིང་པོ་ལ་བསྟོད་པ་བསམ་སྤྱོད་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པ་སྤྲིན་གྱི་ཆར། ཀུན་ཏུ་བཟང་པོ་ལ་བསྟོད་པ་རྣམ་ཐར་རྒྱ་མཚོ་མཐའ་ཡས་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར་ཞེས་སྤྲིན་ཆེན་རྣམ་པ་བརྒྱད། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཙྪིནྡ་ཙཀྲ་ཡ། ཐུགས་བསྐྱེད་སྨོན་ལམ་སོགས་སྒྲོལ་བསྟོད། ལྷག་པའི་ལྷ་ཡིད་བཞིན་འཁོར་ལོའི་བསྟོད་ཚོགས་བཻཌཱུརྻའི་ཕྲེང་བ་ལ་ནང་གསེས། བདུད་རྩིའི་ལྗོན་ཤིང༌། འཆི་མེད་གྲུབ་པའི་ལྗོན་ཤིང༌། གྲུབ་པའི་ངག །འཆི་མེད་རྡོ་རྗེའི་གླུ། སྙིང་གི་མེ་ཏོག་ཁ་བྱེ་བ། མོས་གུས་ཀྱི་ཏམྦུ་ར། སྦྲང་རྩིའི་རླབས་ཕྲེང༌། སྐྱ་རེངས་ཀྱི་འཕྲིན་པ། བདུད་རྩིའི་ཐིག་པ། འཆི་བདག་གཡུལ་རྒྱལ། དཔག་བསམ་གྲིབ་བསིལ། བསམ་དོན་ལྷུན་གྲུབ་བར་ཆད་ཀུན་སེལ། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ལ་བསྟོད་ཕྱག་བདེ་ཆེན་རོལ་པ། སྒྲོལ་དཀར་ལ་བསྟོད་པ་བྱིན་རླབས་ཀྱི་སྣང་བ། སློབ་དཔོན་ཆེན་པོ་ཟླ་བའི་ཞབས་ཡན་ལག་ཀྱི་རྟོགས་པ་བརྗོད་པ་དབྱངས་ཀྱི་བརྒྱད་ལྡན། ཕ་དམ་པ་སངས་རྒྱས་ལ་བསྔགས་པ་དཔའ་བོའི་རོལ་མོ། རྗེ་རས་ཆུང་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མང༌། ཁྱུང་པོ་རྣལ་འབྱོར་ལ་བསྔགས་པ་ཨུ་དུམ་ཝ་རའི་འཛུམ་ཟེར། ཕག་མོ་གྲུ་པ་ལ་བསྔགས་པ་སངས་རྒྱས་དགྱེས་པའི་རོལ་མོ། ས་ཆེན་བསྟོད་པ་ངོ་མཚར་མེ་ཏོག །གསང་ཆེན་བསྟན་པའི་བདག་པོ་ཁུ་དབོན་བརྒྱུད་པར་བཅས་པ་ལ་བསྔགས་པ་གཟི་བརྗིད་མཐའ་ཡས། ས་སྐྱ་པཎྜི་ཏ་ལ་བསྔགས་པ་མཚོ་བྱུང་མགྲིན་གླུ། ཀུན་མཁྱེན་དོལ་པོ། བུ་སྟོན་ཐམས་ཅད་མཁྱེན་པ། རྒྱལ་བ་བོ་དོང་པ། གྲུབ་ཆེན་བརྩོན་འགྲུས་བཟང་པོ། རྗེ་བཙུན་ཏཱ་ར་ནཱ་ཐ་ལ་བསྟོད་པ། དྷརྨཱ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ། དཔལ་ཀརྨ་པ་ལ་བསྟོད་པ་རྒྱལ་ཀུན་ཕྲིན་ལས་གཟུགས་ཅན། སི་ཏུ་པདྨ་ཉིན་བྱེད་ལ་བསྔགས་པ་དཔལ་ལྡན་འགྱུར་མེད། འགྲོ་མགོན་རས་ཆེན། སངས་རྒྱས་མཉན་པ། དཔལ་ཀརྨ་པ་ཆེན་པོར་བསྔགས་པ་བྱ་དཀའི་རེའུ་མིག་རེ་རེ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་ཆེད་དུ་བརྗོད་པ། དཔལ་ཀརྨ་པ་བཅུ་བཞི་པའི་ཞབས་ཀྱི་པདྨོར་བསྔགས་པ་ཀུན་བཟང་འཁོར་ལོའི་རེའུ་མིག །རྡོ་རྗེ་སེམས་དཔའ་ལ་བྱ་དཀའི་རྣམ་འགྱུར་ལ་བསྔགས་པ་སྣང་བྱེད་ཉི་ཟླའི་རོལ་རྩེད་ཨེ་ཝཾ་འཕྲུལ་གྱི་རོལ་མོ། བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལ་བསྟོད་པ། གསང་སྔགས་རྙིང་མའི་ཡུལ་དམ་པ་ལ་བསྔགས་པ། ཀློང་ཆེན་རབ་འབྱམས། གཏེར་ཆེན་ཤེས་རབ་འོད་ཟེར། རྩེ་ལེ་པདྨ་ལེགས་གྲུབ། གཏེར་བདག་གླིང་པ། ཀརྨ་ཆགས་མེད་རྣམས་ལ་བསྔགས་པ་རེ་རེ། ལྷ་ལྡན་སྤྲུལ་པའི་གནས། བསམ་ཡས། ཁྲ་འབྲུག །འུ་ཤང་རྡོ་དཔེ་མེད། ཟུར་མཁར་རྡོའི་མཆོད་རྟེན་རྣམས་ལ་ཆེད་དུ་བརྗོད་པ་རེ་རེ། གུང་ཐང་གི་གཙུག་ལག་ཁང༌། འོག་མིན་མཚུར་ཕུ། ཨོ་རྒྱན་སྨིན་གྲོལ་གླིང༌། གྲྭ་ནང་བྱམས་གླིང་གི་ཆེད་དུ་བརྗོད་པ་རེ་རེ་བཅས། ༈ གཉིས་པ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ་ལ་ནང་གསེས་སུ། གསུང་གི་དབང་ཕྱུག་སྤྲུལ་པའི་སྐུ་རྡོ་རྗེའི་རིགས་ལྡན་བླ་མའི་ངོ་བོར་མཆོད་ཅིང་གསོལ་བ་གདབ་པ་བདེ་ཆེན་ལྷན་སྐྱེས་རོལ་མོ། རིག་འཛིན་བི་མ་མི་ཏྲའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་བ་སྒྲོན་མ་འཕྲུལ་འབྱེད། འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་གཙོ་བོར་གྱུར་པའི་བླ་མཆོད་ངེས་དོན་ལམ་འཇུག །མངའ་བདག་མར་པ་ལོ་ཙཱ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་སྒྲུབ་སྨིན་བྱེད་དང་བཅས་པ་ཟབ་གསང་སྒོ་འབྱེད། དེའི་གསང་སྒྲུབ་ཀྱི་དབང་ཆོག་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འབྱེད། རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར། དབང་བསྐུར་བྱིན་རླབས་དང་འབྲེལ་བ་ཡེ་ཤེས་བཅུད་སྦྱིན། མར་པ་དང༌། མི་ལ། དྭགས་པོའི་གསང་ལམ་བླ་སྒྲུབ་བཅས་དབང་ལུང་ཚང་མ་འཇམ་མགོན་བློ་གྲོས་མཐའ་ཡས། སྒྲུབ་བླ་ཀརྨ་ཆོས་དབྱིངས། དྲུང་རམས་རྒྱལ་སྤྲུལ་རིན་པོ་ཆེ་ཀརྨ་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་ལས་བཀའ་དྲིན་ཐོབ། ཡང་མི་ལའི་བླ་སྒྲུབ་དབང་ལུང་སྐོར་འཇམ་མགོན་བློ་གྲོས་མཐའ་ཡས། བླ་མ་བསྟན་འཛིན་ཆོས་རྒྱལ། སངས་རྒྱས་མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་ཐོབ་པའོ། །ཡང་ན་འཇམ་མགོན་ཀོང་སྤྲུལ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག་ལས་སོ། །ཤྲཱི་རྫོགས་ཆེན་མན་ངག་སྙིང་ཐིག་གི་བླ་མཆོད་ཀུན་བཟང་རྣམ་པར་རོལ་པའི་རྒྱན། དེའི་ཟིན་བྲིས། ཀརྨ་པ་སྐུ་ཕྲེང་བཅུ་བཞི་པའི་བླ་རྣལ་ཟུང་འཇུག་ལམ་བཟང༌། གྲུབ་ཆེན་ཀརྨ་པཀྴིའི་བླ་རྣལ་དོན་གཉིས་འདོད་འཇོ། རྒྱལ་དབང་བཅུ་བཞི་པའི་བླ་མའི་རྣལ་འབྱོར། བླ་མའི་རྣལ་འབྱོར་འོད་གསལ་གཅེར་མཐོང༌། བྱམས་མགོན་བླ་མ་དབྱེར་མེད་དུ་སྒྲུབ་ཐབས་བྱམས་ཆེན་དགྱེས་པའི་སྣང་བ། བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་རིགས་འདུས་མཆོག་གསང་བདེ་བར་སྒྲུབ་པའི་མན་ངག །ཤྲཱི། ཤངས་པ་བཀའ་བརྒྱུད་ཀྱི་བླ་མཆོད་ཡིད་བཞིན་ནོར་བུ། བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར། བློ་ལྡན་མཆོག་སྲེད་ཀྱི་བླ་མའི་རྣལ་འབྱོར། ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས། སྒྲོལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་གཏེར་བུམ། རྣམ་སྣང་ལོ་ཙཱ་ལ་བརྟེན་པའི་བླ་རྣལ་ཡེ་ཤེས་རང་ཤར། རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ། རྡོ་རྗེ་འཛིན་པ་ལུས་ཀྱི་དཀྱིལ་འཁོར་དུ་གྲུབ་པའི་ཚུལ་ཐུན་མིན་ཡེ་ཤེས་སྟོབས་བསྐྱེད། གུ་རུ་གཙོ་འཁོར་གྱི་བླ་མའི་རྣལ་འབྱོར་སྡེ་དགེའི་མཛོད་པ་ཚེ་དོན་ངོར་གནང་བ། བླ་མ་ཚེ་དཔག་མེད་ཀྱི་རྣལ་འབྱོར་ཚེ་དབང་དངོས་གྲུབ་དཔལ་སྟེར། བརྒྱུད་པ་ཀུན་འདུས་ཀྱི་བླ་མཆོད་ཚོགས་དང་བཅས་པ་སྣ་ཚོགས་ནོར་བུའི་རྒྱལ་པོ་བཅས། ༈ གསུམ་པ་ཡུལ་དམ་པ་རྣམས་ལ་གསོལ་འདེབས་དང་ཞབས་བརྟན་གྱི་སྐོར་བསོད་ནམས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་འཇོའི་བུམ་བཟང་ལ་ནང་གསེས་སུ། དྲིན་ལྡན་དང་འབྲེལ་ཐོགས་ཀྱི་བླ་མ་རྣམས་ལ་གུས་པའི་ཚིགས་རྡོ་རྗེ་གཉུག་མའི་གསང་ལམ། གསུང་རབ་ཡན་ལག་བཅུ་གཉིས་ལ་གསོལ་འདེབས་སྨོན་ལམ་ཀུན་ཏུ་དགེ་བ། འཇམ་དཔལ་གྱི་གསོལ་འདེབས་ཡེ་ཤེས་དཔལ་བསྐྱེད། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཐུགས་རྗེ་བསྐུལ་བ། འཕགས་མཆོག་མཁྱེན་ནོ་སོགས། ནམ་མཁའི་རྒྱལ་པོའི་གསོལ་འདེབས། དུས་འཁོར་བརྒྱུད་པའི་གསོལ་འདེབས། མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྗེ་བསྐུལ་བའི་བསྟོད་དབྱངས་ནོར་བུ་སྣང་ཡངས་ཀྱི་རྒྱན། ཨོ་རྒྱན་རྗེ་འབངས་བཅས་པའི་གསོལ་འདེབས་རྡོ་རྗེའི་ཚིགས་རྐང་བྱིན་རླབས་ཆར་འབེབས། མ་ཧཱ་གུ་རུར་མི་ཕྱེད་དད་པའི་གདུང་དབྱངས་རིགས་མཆོག་གྲུབ་པའི་ཕྱག་རྒྱ། སངས་རྒྱས་གཉིས་པའི་མཚན་གྱི་བྱེ་བྲག་ལ་བསྟོད་སྨོན་འདོད་འཇོའི་གཏེར་བུམ། མཚོ་སྐྱེས་རྡོ་རྗེ་ལ་བསྐུལ་བསྟོད་འདོད་དགུ་ཡོངས་འདུས། པདྨ་འབྱུང་གནས་ལ་གསོལ་འདེབས་བྱིན་རླབས་ཆར་འབེབས་ནོར་བུའི་རྒྱལ་པོ་བདུད་རྩིའི་སྙིང་པོ། པདྨ་སཾ་བྷ་ཝའི་གསོལ་འདེབས་ནོར་བུའི་རྒྱལ་པོ་བཅུད་ཀྱི་སྙིང་པོ། པདྨ་རྒྱལ་པོའི་གསོལ་འདེབས་དགོས་འདོད་ཀུན་འབྱུང་ནོར་བུའི་རྒྱལ་པོ་དབྱིག་གི་སྙིང་པོ། བློ་ལྡན་མཆོག་སྲེད་གསོལ་འདེབས་བསམ་དོན་ཀུན་འགྲུབ་ནོར་བུའི་རྒྱལ་པོ་ཡེ་ཤེས་སྙིང་པོ། ཉི་མ་འོད་ཟེར་གསོལ་འདེབས་ཕན་བདེ་ཀུན་སྩོལ་ནོར་བུའི་རྒྱལ་པོ་ཉི་མའི་སྙིང་པོ། ཤཱཀྱ་སེང་གེ་གསོལ་འདེབས་དགེ་ལེགས་ཀུན་འབྱུང་ནོར་བུའི་རྒྱལ་པོ་ཟླ་བའི་སྙིང་པོ། སེང་གེའི་སྒྲ་སྒྲོགས་གསོལ་འདེབས་ཕྱོགས་ལས་རྣམ་རྒྱལ་ནོར་བུའི་རྒྱལ་པོ་སྟོབས་ཀྱི་སྙིང་པོ། རྡོ་རྗེ་གྲོ་ལོད་གསོལ་འདེབས་ཕྲིན་ལས་ཡོངས་གྲུབ་ནོར་བུའི་རྒྱལ་པོ་འབར་བའི་སྙིང་པོ། གསོལ་འདེབས་བར་ཆད་ཀུན་སེལ། མཚོ་རྒྱལ་གསོལ་འདེབས་ཡིད་ཀྱི་གདུང་སེལ། རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེའི་རྟའི་མགྲིན་གླུ། ཚེ་སྒྲུབ་གསང་འདུས་བརྒྱུད་འདེབས། གསང་འདུས་ནང་སྒྲུབ་སྐབས་མཛད་པའི་གསོལ་འདེབས། རྫོགས་ཆེན་བརྒྱུད་པའི་གསོལ་འདེབས། བཀའ་འདུས་ཀྱི་ལྷ་དང་གྲུབ་པའི་རིག་འཛིན་ལ་གསོལ་འདེབས་དཔལ་ཆེན་དགྱེས་གླུ། འཇམ་དཔལ་སྐུའི་དཀྱིལ་འཁོར་དང་བཀའ་བབ་སློབ་དཔོན་རྣམས་ཀྱི་གསོལ་འདེབས་འཁོར་ལོ་མཐར་ཕྱིན། གསང་འདུས་མི་བསྐྱོད་པ་འགོས་ལུགས་བརྒྱུད་འདེབས། གཞན་སྟོང་དབུ་མའི་བརྒྱུད་འདེབས། སྟོད་འདུལ་ཁ་ཆེ་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ། གནམ་ཆོས་འོད་ཆོག་བརྒྱུད་འདེབས། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་སྤྱིའི་གསོལ་འདེབས་སྨོན་ལམ། ཀརྨ་པའི་གཙོས་བླ་མ་རྣམས་ལ་གསོལ་འདེབས། བསྟན་པ་སྤྱིའི་གསོལ་འདེབས་བཀྲ་ཤིས་འབྱུང་བ། ཀུན་འདུས་ཕྱག་འཚལ་མཆོག་དགའི་འདོད་འཇོ། པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས། རྗེ་ལྷོ་བྲག་པ་ཆེན་པོ་ལ་གསོལ་བ་འདེབས་པ་དགྱེས་མཛད་དགྱེས་གླུ། རྗེ་བཙུན་མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པ་བདེ་ཆེན་སྙིང་པོ། རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ། མཉམ་མེད་སྒམ་པོ་བ་ཆེན་པོ་ལ་གསོལ་བ་འདེབས་པ་ཡེ་ཤེས་སྙིང་པོ། ཇོ་ནང་ཆོས་སྤྱོད་ཀྱི་ཁ་སྐོང་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསོལ་འདེབས། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་སྐྱེ་ཕྲེང་གསོལ་འདེབས། རྩེ་ལེ་རིན་པོ་ཆེ་པདྨ་ལེགས་གྲུབ་རྩལ་གྱི་གསོལ་འདེབས་སྙིང་པོ་གྲུབ་པ། རིག་འཛིན་མི་འགྱུར་རྡོ་རྗེ་ཡབ་སྲས་གསུམ་ལ་གསོལ་བ་འདེབས་པ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ། ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ། ཀམ་ཚང་ཆོས་སྤྱོད་ཞལ་སྐོང་རྒྱལ་དབང་བཅུ་བཞི་པའི་གསོལ་འདེབས། པདྨ་ཉིན་བྱེད་དབང་པོར་གསོལ་འདེབས། འབེ་ལོ་ཚེ་དབང་ཀུན་ཁྱབ་ལ་གསོལ་འདེབས། ཀུན་མཁྱེན་དོལ་པོ་པར་གསོལ་འདེབས། རིག་གསུམ་མགོན་པོར་གསོལ་འདེབས། ཀརྨ་བདེ་གསལ་ལ་གསོལ་འདེབས། ངག་དབང་ཆོས་འཕེལ་རྒྱ་མཚོ་ལ་གསོལ་འདེབས། ཀརྨ་བསྟན་འཛིན་ལ་གསོལ་འདེབས། མཁན་ཆེན་བླ་མ་བྱང་སེམས་ཟླ་བ་བཟང་པོ་ལ་གསོལ་བ་འདེབས་པ་མ་ལ་ཡའི་དྲི་བསུང༌། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་ངོ་མཚར་དཔལ་སྐྱེད། དཔལ་སྤྲུལ་ལ་གསོལ་འདེབས་ཤློ་ཀ །རྗེ་ཉིད་ཀྱི་གསོལ་འདེབས། ཡང་རྗེ་ཉིད་ཀྱི་གསོལ་འདེབས། འཕགས་ཆེན་སྤྱི་ལ་གསོལ་འདེབས་ཞབས་བརྟན། ཡང་རྗེ་ཉིད་ཀྱི་གསོལ་འདེབས་ངོ་བོ་སྤྲོས་དང་སོགས། ཡང་རྗེ་ཉིད་ཀྱི་གསོལ་འདེབས་ཕྱོགས་མེད་དགེ་བའི་སོགས། འཕགས་མ་དང་བླ་མ་དབྱེར་མེད་ཀྱི་གསོལ་འདེབས། ཡང་རྗེ་ཉིད་ཀྱི་གསོལ་འདེབས་སྐྱེས་ཆེན་ཡོངས་འཛིན་སོགས། ཡང་རྗེ་ཉིད་ཀྱི་གསོལ་འདེབས་ཀ་དག་ལྟ་བ་སོགས། ཡང་གསོལ་འདེབས་གདོད་ནས་སྤྲོས་བྲལ་སོགས། བླ་མའི་གསོལ་འདེབས་རྣམ་སྣང་རྡོ་རྗེ་སོགས། རྗེ་ཉིད་ཀྱི་གསོལ་འདེབས་རང་བྱུང་ཡེ་ཤེས་སོགས། ཡང་གསོལ་འདེབས་སངས་རྒྱས་ཀུན་འདུས་སོགས། མཁན་ཆེན་བཀྲ་ཤིས་འོད་ཟེར་ལ་གསོལ་འདེབས། གསོལ་འདེབས་ན་མོ་གུ་རུ་བུདྡྷ་སོགས། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གསོལ་འདེབས། དཔལ་འཁོར་ལོ་སྡོམས་པའི་དཀྱིལ་འཁོར་ཙཱ་རི་ཏྲ་ལ་གསོལ་འདེབས། ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་གི་གསོལ་འདེབས་རྒྱས་པ་མཁའ་སྤྱོད་རོལ་མོ། གསོལ་འདེབས་བསྡུས་པ། རྫོགས་ཆེན་ཁམ་ཕུག་གསོལ་འདེབས། ཨ་ལོའི་དཔལ་དེའུ་གསོལ་འདེབས། གསས་མཁར་གཉིས་པ་གཡུང་དྲུང་བཀོད་པའི་གསོལ་འདེབས། ཁྱུང་པོའི་གདུང་རབས་རགས་བསྡུས་ཀྱི་གསོལ་འདེབས་བཀྲ་ཤིས་དབྱངས་སྙན། སྨོན་རྒྱལ་པད་སྤྲུལ་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། གྲུབ་དབང་གཡུང་དྲུང་ཕུན་ཚོགས་ལ་གསོལ་འདེབས། བོན་གཏེར་ཚེ་དབང་གྲགས་པའི་ཞབས་བརྟན་གསོལ་འདེབས། སྨོན་ལམ་མཆོག་གསུམ་རྩ་བ་སོགས། ༈ ༼ཁ༽ བཞི་པ་སྔ་ཕྱིའི་འགྱུར་གཉིས་ལས་བྱུང་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབས་ཐབས་དང་ཟིན་བྲིས་ཀྱི་སྐོར་དངོས་གྲུབ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྙིང་མའི་སྐོར་དང་གསར་མའི་སྐོར་གཉིས་ལས། དང་པོ་རྙིང་མ་ལ་བཀའ་གཏེར་གཉིས་ཀྱི་དང་པོ་ལ། དྷཱིཿ འཁོན་ལུགས་དཔལ་ཆེན་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་སྒྲུབས་ཐབས། ཁྲག་འཐུང་མངོན་པར་རོལ་པ། དྷཱིཿ དེའི་དབང་བསྐུར་བའི་ཆོ་ག་ཁྲག་འཐུང་མངོན་པར་འབྱུང་བ། དྡྷཱིཿ བསྙེན་པ་དང་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ། དྷཱིཿ ཞི་བའི་སྦྱིན་སྲེག་ཉེས་པ་ཀུན་སྦྱོང༌། རྡོ་རྗེ་ཕུར་པ་བདུད་འཇོམས་རོལ་པའི་པུཔྟིཀའི་བཞུགས་བྱང་དང་བརྒྱུད་པའི་ཡི་གེ་ཟླ་ཤེལ་མེ་ལོང༌། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་ས་སྐྱ་པཎ་ཆེན་གྱིས་ཤངས་སྲེག་ཤིང་དུ་བསྒྱུར་བ། རྗེ་བཙུན་གྲགས་པས་མཛད་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སོགས་མན་ངག་རྙིང་པ་ཕྱོགས་བསྡུས་རྡོ་རྗེ་ཕུར་པའི་སྒྲུབ་སྐོར། ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་རིམ་ཐར་པའི་སྒོ་གཅིག་པྲཛྙཱ་རསྨའི་བཀའ་འབུམ་ལས་ཁོལ་དུ་ཕྱུང་སྟེ་ལེ་ཚན་གསུམ་ནི་འབྱུང་ཁུངས་ཡིག་རྙིང་གི་སྐོར་དང༌། དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་པ། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་འདི་གཉིས་བཀའ་འབུམ་ནང་ལས་ཀྱང་ཐོབ། སློབ་མ་ལ་དབང་བསྐུར་ཚུལ་ཏེ་ལེ་ཚན་གཉིས་ནི་རྗེ་བཙུན་རིན་པོ་ཆེའི་གསུང་རབས་གཞུང་འདིའི་རྩ་བ་དང༌། ཁ་སྐོང་ཡིག་ཆ་གསར་མཛད་ལ། དྷཱིཿ འཁོན་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་བཻཌཱུརྻའི་ཕྲེང་མཛེས། དྷཱིཿ སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བྱེད་བདུད་རྩིའི་དོ་ཤལ། དྷཱིཿ གཏོར་དབང་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ། དྷཱིཿ སྨད་ལས་དྲག་པོ་སྒྲོལ་བའི་རྗེས་སུ་གནང་བའི་ཡི་གེ་བདུད་བཞི་གཡུལ་འཇོམས། དྷཱིཿ བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་བཅས་པ་མཁྱེན་བརྩེའི་གསུངས། བསྙེན་ཡིག་དཔལ་ཆེན་ཐུགས་ཐིག །བསྐྱེད་རྫོགས་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད། སྒྲུབ་རྟེན་གྱི་གནད་དང་མངོན་སྤྱོད་གཟེར་ཁའི་བཅས་ཀྱི་རིམ་པ་རྣམ་གསལ་ཐོས་ཆུང་ཡིད་ཀྱི་བཅུད་འཛིན། རྒྱུན་གྱི་ཉམས་ལེན་ཐུགས་ཀྱི་ཐིག་ལེ། སྨད་ལས་གཏོར་བཟློག་གི་ལག་ལེན་གསལ་བར་བཀོད་པ་རྡོ་རྗེ་གནམ་ལྕགས་འཕྲུལ་འཁོར། བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ། བསྙེན་སྒྲུབ་ལས་གསུམ་ལ་ཉེ་བར་མཁོ་བའི་ཡིག་སྣ་ཕྲན་ཚེགས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་རྒུའི་བང་མཛོད། གསེར་སྐྱེམས་སྤྱི་འགྲོ་འདིར་མཐུན་ཁ་བསྒྱུར་བ། མངོན་སྤྱོད་ལས་ལ་ཉེ་བར་མཁོ་བའི་ཡིག་ཆུང་སྦས་པ་མིག་འབྱེད། ལས་བཞིའི་སྦྱིན་སྲེག་ཕྲིན་ལས་གཟི་བརྗིད་དཔལ་འབར། དགྲ་དུར་ཕུང་གསུམ་མནན་པའི་མན་ངག་རྡོ་རྗེ་ཐོག་བརྩེགས། ལིང་ཁྲུས་ནོར་བུ་ཆུ་དྭངས། ཚེ་འགུགས་ཀྱི་ཕྲིན་ལས་དྭངས་མ་བཅུད་བསྡུས། གཏོར་བཟློག་གི་འདོན་འགྲི་གས་མཐོང་བས་གོ་འབྱེད། དྷཱིཿ རྒྱུད་འགྲེལ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང༌། འཇམ་མགོན་རྡོ་རྗེ་འཆང་པདྨ་གར་དབང་ལས། ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་དང༌། མཁས་དབང་བླ་མ་བཀྲ་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཆར་ལས་འཇམ་དཔལ་རྡོ་རྗེ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པ་ནས་ལྗགས་བཤད་རྒྱས་པར་བཀའ་དྲིན་དུ་ཐོབ་པ་དང༌། ཡང་བཀའ་འབུམ་སྤྱི་ལྟར་བླ་མ་ཀརྨ་འོད་གསལ་ལྷུན་གྲུབ་ལས་སོ། ཤྲཱི།དྷཱིཿ སྙན་བརྒྱུད་ཕུར་པའི་བསྙེན་ཟིན་བཅས། ༼ག༽ དྷཱིཿ རྡོ་རྗེ་རྣམ་འཇོམས་ཁྲོ་དཀར་གྱི་གཟུངས་ཆོག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང༌། དྷཱིཿ རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔའི་སྒྲུབ་ཐབས་གཟུངས་ཆོག་དང་བཅས་པ་སྦྱོང་བྱེད་རྡོ་རྗེའི་བུམ་པ། དེའི་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ་བཅས། བཀའ་མ་གཤིན་རྗེ་གདོང་དྲུག་གི་སྒྲུབ་དཀྱིལ་དང༌། དབང་ཆོག དྷཱིཿ །གནུབས་ལུགས་གཤིན་རྗེ་རུ་མཚོན་དམར་པོའི་སྒྲུབ་དཀྱིལ་དང༌། དྷཱིཿ དབང་ཆོག་བཅས་ཀྱང་ཐོབ། གཉིས་པ་གཏེར་མའི་སྐོར་ལ། ཐུགས་གསང་སྐོར་བཀའ་འབུམ་ལྡེབ་སུ་མི་བཞུགས། རད་གླིང་ཐུགས་ཆེན་གསང་འདུས་ཀྱི་སྒྲུབ་ཁོག་ལག་ལེན་གཞན་ཕན་གཏེར་མཛོད། དེའི་སྒྲུབ་ཆེན་དཀྱུས་མ་དང་བུམ་སྒྲུབ་གཉིས་ཀའི་ཐུན་བཟུང་ཛཔ་དགོངས་ཀྱི་རིམ་པ། སྐྱེ་བདུན་སྒྲུབ་པའི་དམིགས་པ་རྒྱ་ཅན་གྱི་སྔགས་ཤམ་གུད་སྦས། ལས་བཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་དཔལ་འབར། རིགས་དྲུག་གནས་འདྲེན་གྱི་ཆོ་ག་ཐར་པའི་སྒོ་འབྱེད། དྷཱིཿ རྣལ་འབྱོར་རྒྱུན་གྱི་ཐུགས་གསང་རྣལ་འབྱོར་རྒྱུན། སྒྲུབ་དབང་གཅིག་འཇམ་མགོན་གུ་ཎ། ཡོན་དགེ་གཏེར་སྤྲུལ་ལྔ་པ། དྲུང་རམ་རྒྱལ་སྤྲུལ་རིན་པོ་ཆེ་ཀརྨ་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་ལས་སོ། །ཐུགས་གསང་རྣལ་འབྱོར་རྒྱུན་དབང་འདི་སྒྲུབ་ཆེན་འབྲུལ་པར་ཐོབ་པའི་བརྒྱུད་པ་འཇམ་མགོན་པདྨ་གར་དབང༌། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། རྒྱས་སྲས་འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ལས་བཀའ་དྲིན་དུ་ཐོན་པའོ། དབང་བཤད་རྒྱས་བསྡུས། བཀའ་བརྒྱད་བདེ་འདུས་ཀྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ། དྷཱིཿ རྩ་གསུམ་སྙིང་བཅུད་བླ་མ་དགོངས་པ་འདུས་པའི་དབང་བསྐུར་ཡོངས་རྫོགས་ཀྱི་ལག་ལེན་དངོས་གྲུབ་རྒྱ་མཚོའི་ཆུ་རྒྱུན། དེའི་དཔའ་བོ་རྐྱང་སྒྲུབ་དང་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་ཀྱི་ཡི་གེ་བདུད་རྩི་སྟོང་གི་ཟབ་བཅུད། དེའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུག་བསྡུས་པ་ཟླ་བའི་སྣང་བ། དེའི་སྒྲིབ་སྦྱོང་ཡེ་ཤེས་འོད་འཕྲོའི་ལག་ལེན་གསལ་བྱེད་འཁྲུལ་མེད་གནད་ཀྱི་གཟེར་བུ། དེའི་སྐོང་ཆོག་ཆེན་མོའི་ཟིན་བྲིས་གྲུབ་པའི་ངག་གི་མེ་ལོང༌། སྒྲུབ་ཆེན་གྱི་ལག་ལེན་གསང་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ། སྨན་སྒྲུབ་ཀྱི་ལག་ལེན་རྣལ་འབྱོར་འཇུག་པའི་བདེ་ལམ། རཏ་གླིང་ཕུར་པའི་སྐོར་འདི་བཀའ་འབུམ་སྡེབས་སུ་མི་བཞུགས། ཕུར་པ་བཀའ་གཏེར་སྤྱི་འགྲོའི་གསོལ་འདེབས་བདུད་འཇོམས་རྡོ་རྗེའི་གླུ་དབྱངས། རཏ་ཕུར་ཡང་གསང་བླ་མེད་ཀྱི་ལས་བྱང་ལ་ཉེར་མཁོའི་ཟུར་འདེབས་ཨིནྡྲ་ནཱི་ལའི་དོ་ཤལ། དེའི་སྟོད་ལས་ཀྱི་སྒྲུབ་ཁོག་ཕྲིན་ལས་མངོན་པར་འབྱུང་བ། སྨད་ལས་དུག་ཕུར་ནག་པོའི་སྒྲུབ་ཁོག་གཅིག་ཤུར་ལས་ཀྱི་སྤུ་གྲི། ཕན་འདོགས་མེའི་སྦྱོར་བ་བྱ་གྲུབ་འབར་བ་འཁྱིལ་བ། ཚར་གཅོད་མེའི་ལས་སྦྱོར་བལྟས་ཆོག་ཏུ་བཀོད་པ་གདུག་པ་ཀུན་བསྲེག །བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གསལ་བར་བྱེད་པའི་ཡི་གེ་ལས་རིགས་གྲུབ་པའི་ཤིང་རྟ། དཔལ་ཆེན་ཕུར་པའི་སྐོང་བ་བདུད་འདུལ་སྔགས་གླིང་མ། གཏོར་བཟློག་དང་དབལ་མདོས་གཉིས་ཀྱི་ཕྱག་ལེན་ཁྲག་འཐུང་དཔུང་གནོན། གདབ་ཁའི་འདོན་འགྲིགས་འཕྲུལ་བྲལ་རྡོ་རྗེའི་ཐོག་ཟེར། མིང་ཁྲུས་ནོར་བུ་ཆུ་དྭངས། རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ། དྲག་པོའི་སྦྱིན་སྲེག་གི་ལག་ལེན། གསང་བདག་རྡོ་རྗེའི་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚ་ཚ། ཐུགས་སྒྲུབ་ཡང་འདུས་ཀྱི་སྒྲུབ་ཁོག །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བླ་བརྒྱུད་ཕྱག་འཚལ་ཉེས་ལྟུང་རང་གྲོལ། བརྒྱུད་པའི་དོན་བཟང་འབྲེལ་ཚད་རང་གྲོལ། གནས་འདྲེན་འགྲོ་དྲུག་རང་གྲོལ་བཀླགས་ཆོག་ཏུ་བསྡེབས་པ་ཡིད་གཉིས་རང་གྲོལ། གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཁྱེར་བདེར་བཀོད་པ། པད་གླིང་ཐུགས་སྒྲུབ་ནོར་རྒྱལ་ཟིན་བྲིས་རིན་ཆེན་སྒྲོན་མེ། འཇའ་ཚོན་དཀོན་སྤྱིའི་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུ། དཀོན་སྤྱི་དང་ཞི་ཁྲོ་ངེས་དོན་སྙིང་པོའི་ཕྱག་ལེན་ཆོག་བསྒྲིགས་འཇའ་ཚོན་དགོངས་རྒྱན། བསྙེན་ཡིག་པདྨའི་ཞལ་ལུང༌། རྫོགས་རིམ་ཁྲིད་ཡིག་ཁམས་གསུམ་ཡོངས་གྲོལ། ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་ཟེར། ཐུགས་ཆེན་ངན་སོང་རང་གྲོལ་གྱི་བརྒྱུད་འདེབས་ཐུགས་རྗེའི་ཆུ་རྒྱུན། དེའི་ནང་སྒྲུབ་རྒྱུན་ཁྱེར་བྱིན་རླབས་རྒྱ་མཚོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་དངོས་གྲུབ་ཀུན་འདུས་ཀྱི་བསྐང་བ་འཆི་མེད་འདོད་འཇོའི་རྔ་སྒྲ། རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་ཟུང་འཇུག་རོལ་མོ། དགོངས་གཏེར་བསམ་ལྷུན་བརྒྱུད་འདེབས་དངོས་གྲུབ་ཆར་འབེབས། སྟག་ཤམ་ཡི་དམ་དགོངས་འདུས་སྤྱི་བསྡོམས་སྤྲོས་བཅས་དབང་ཆེན་སྨིན་གྲོལ་རྒྱ་མཚོ་དབང་རྐྱང་ལུགས་སུ་བསྐུར་བའི་ཟིན་ཐོ། ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག །ཆོས་གླིང་ཟབ་ལམ་ཐུགས་ནོར་རྩ་བའི་སྒྲུབ་ཆེན་དང་བདུད་རྩིའི་སྨན་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་ཟུང་འབྲེལ་དུ་བཀོད་པ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག །ཐུགས་ནོར་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ལག་ལེན་འདུས་གསལ་དུ་བཀོད་པ་ནོར་བུ་སྣ་ཚོགས་མདོག་ཅན། ༼ང༽ དྷཱིཿ གཏེར་གསར་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་དབང་བསྐུར་གྲུབ་གཉིས་བདུད་རྩིའི་བཅུད་འབེབས། དྷཱིཿ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་དབང་ཆོག་ཁྲིགས་མུ་ཏིག་ཆུན་པོ། གཏེར་གསར་སྒྲོལ་མ་འཇིགས་པ་ཀུན་སེལ་ལས་སའི་འཇིགས་སྐྱོབས་སྒོམ་བཟླས། ཐུགས་སྒྲུབ་ཆ་ལག་སྨེ་བརྩེགས་སྒྲུབ་ཐབས་ཁྱེར་བདེ། རྡོར་སེམས་སྒོམ་བཟླས་རྒྱུད་སྡེ་བཞི་བ་སྒྲགས། མདོ་ཆོག་དང་གསར་མའི་སྐོར་ལ། སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས། སྒྲོལ་མ་རྣལ་འབྱོར་མའི་རྒྱུན་ཁྱེར་དམ་ཚིག་ངེས་པའི་ཐིག་ལེ། དྷཱིཿ དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བསྐུར་ཡེ་ཤེས་རྒྱ་མཚོའི་བཅུད་འདྲེན། སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་ཨུཏྤལ་ལྗོན་ཤིང༌། གནས་ནང་དཔའ་བོ་རིན་པོ་ཆེ་དང༌། རོལ་རྡོར་གཏེར་སྤྲུལ་ལྔ་པ་ལས་བཀའ་དྲིན་དུ་ཐོབ་ཚུལ་ལོགས་སུ་གསལ། དེའི་རིག་གཏད་ཡེ་ཤེས་སྒོ་འབྱེད། མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད། དྷཱིཿ བཅོམ་ལྡན་འདས་འོད་དཔག་མེད་འཁོར་བཅས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་ཐར་པའི་ཤིང་རྟ། རྗེ་བཙུན་འཇམ་དབྱངས་དཀར་པོའི་བསྒོམས་བཟླས་སྙིང་གི་མུན་སེལ། སྨྲ་བའི་སེང་གེའི་སྒོམས་བཟླས་བློ་གྲོས་ཁ་འབྱེད། ནམ་མཁའ་དྲི་མེད་གསུང་དབང་གི་བསྙེན་པའི་ཆོ་ག་བསྡུས་པ་ཟབ་མོའི་ཡེ་ཤེས་ལ་འཇུག་པ། འཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར། དེའི་བརྒྱུད་འདེབས་སྨོན་ལམ་བྱིན་རླབས་བདུད་རྩིའི་སྣང་གཏེར་མཁྱེན་བརྩེའི་གསུང༌། སངས་རྒྱས་དཔའ་བོ་བདུན་སྒྲུབ་ཅིང་མཆོད་པའི་ཆོ་ག་ཚོགས་གཉིས་བདུད་རྩིའི་ཆུ་གཏེར་རབ་ཏུ་རྒྱས་པ། ཐར་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ། མདོ་ཆོག་རྣམས་ལ་སྦྱར་བར་བྱ་བའི་གཤིན་པོ་རྗེས་འཛིན་ཐར་ལམ་སྣང་བྱེད། སྟོན་པ་ཉེ་བའི་སྲས་བརྒྱད་འཁོར་བཅས་ཀྱི་མཆོད་མཆོག་རྒྱལ་སྲས་དགྱེས་པའི་ལམ་འཇུག །ཐུབ་དབང་ཉེ་སྲས་བརྒྱད་ཀྱི་མཚན་བརྒྱའི་བསྟོད་པ། དྷཱིཿ དེའི་སྒོམ་ལུང་འབོགས་ཚུལ་བྱང་ཆུབ་སྤྱོད་པའི་ཤིང་རྟ། ནམ་སྙིང་ལྟུང་བཤགས་བརྒྱུད་འདེབས་ཨིནྡྲ་ནི་ལའི་ཕྲེང་བ། དྷཱིཿ འཕགས་པ་ནམ་མཁའི་སྙིང་པོའི་བཟླས་ལུང་སྒྲུབ་ཐབས་ལྟུང་བཤགས་དང་བཅས་པ་འཕགས་པའི་ལམ་གྱི་ཤིང་རྟ། སྟོན་པ་གནས་བརྟན་ཆེན་པོ་འཁོར་བཅས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་འཕགས་པ་དགྱེས་པའི་ལམ་འཇུག །འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ། མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག །གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང༌། བཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བའི་སྨྱུང་གནས་ཆོ་ག་གཞན་ཕན་ཀུན་ཁྱབ། དྷཱིཿ དེའི་རྗེས་གནང་དང༌། དྷཱིཿ ཡན་ལག་བརྒྱད་པའི་སྡོམས་པ་འབོག་ཆོག་གཞན་ཕན་རབ་འབྱམས། སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ། ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ། སྨན་བླའི་མདོ་ཆོག་གི་བཤམ་བཀོད་ཟིན་བྲིས་སྨན་བླའི་སྟོང་མཆོད་ལག་ལེན། དཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ། བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་མངོན་དགའི་ཞིང་གི་རྒྱན། མཛེས་བྱེད་ལྷན་ཐབས་ཨིནྡྲ་ནི་ལའི་ཆུན་འཕྱངས། ཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་རིང་འདོན་པའི་གདམས་ངག་ཚིགས་བཅད་མ། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་མདོར་བསྡུས། བཅོམ་ལྡན་འདས་གདུགས་དཀར་མོའི་བསྐྱེད་བཟླས་རྒྱུན་ཁྱེར་རྡོ་རྗེ་འབར་བ། ལྷ་མོ་འོད་ཟེར་ཅན་གྱི་སྒོམ་བཟླས་བཅས། ༼ཅ༽ ༈ ལྔ་པ་མདོ་སྔགས་ཀྱི་དགོངས་བཅུད་སྙིང་པོར་དྲིལ་བའི་ཁྲིད་ཡིག་གི་སྐོར་ཟབ་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་དང་དངོས་གཞིའི་ཁྲིད་རིམ་མདོར་བསྡུས་ངེས་དོན་སྒྲོན་མེ། ཤྲཱི། རྫོགས་པ་ཆེན་པོའི་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང༌། ཤྲཱི། དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་འདེབས་རྡོ་རྗེ་འབེབས་པ་ཆེན་པོ། ཤྲཱི། སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ། ཤྲཱི། དུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་དམིགས་སྡོམས་ལྷན་སྐྱེས་གྲུབ་སྟེར། ཤྲཱི། རྒྱུད་སྡེ་ལྔ་གཙོ་བསྡུས་ལ་བརྟེན་པའི་དཀྱིལ་འཁོར་མཆོད་ཆོག་བདག་འཇུག་དང་བཅས་པ་སྨིན་གྲོལ་སྙིང་པོ། དེའི་བསྙེན་ཡིག་ཟབ་དོན་སྙིང་པོ། ཤྲཱི། ནི་གུ་ཆོས་དྲུག་ཁྲིད་བསྡུས་སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀའི་ཞལ་ལུང༌། མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ། ཤྲཱི། ལྷ་བཞིའི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ། ཤྲཱི། དེའི་ཁྲིད་ཡིག་ཡེ་ཤེས་འོད་འཕྲོ། ཤྲཱི། ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་གཏོར་འབུལ། བཀའ་བབ་དྲུག་ལྡན་གྱི་བརྒྱུད་འདེབས་མུ་ཏིག་ཕྲེང་བ། ཤྲཱི། ལྕགས་ཟམ་ལུགས་ཀྱི་ཡིག་དྲུག་ཉམས་ལེན་གཞུང་གསལ་བྱེད་དང་བཅས་པ། ཤྲཱི། དེའི་སྒོམས་བཟླས་ཀྱི་ངག་འདོན་མདོ་སྔགས་ཡང་བཅུད། རྗེས་དྲན་གྱི་གསོལ་འདེབས་རྡོ་རྗེའི་གསུང༌། ཤྲཱི། ཡིག་དྲུག་གི་སྒོམ་ལུང་འབོགས་ཚུན་གཞན་ཕན་མཁའ་ཁྱབ། དྷཱིཿ བདེ་མཆོག་དཀར་པོའི་རྫོགས་རིམ་དང་ཚེ་ཁྲིད་བདུད་རྩིའི་གོང་བུ། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཟབ་ཁྲིད་འཆི་མེད་བདུད་རྩིའི་ཆུ་གཏེར། ཤྲཱི། ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ། ཤྲཱི། བློ་སྦྱོང་བརྒྱུད་འདེབས་དད་པའི་གདུང་སེལ། ཤྲཱི། བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བྱང་ཆུབ་གཞུང་ལམ། ཤྲཱི། བློ་སྦྱོང་སྨོན་ལམ་བྱང་སེམས་རྒྱ་མཚོའི་འཇུག་ངོགས། ཤྲཱི། གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར། སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་ས་ལིའི་བདུད་རྩིའི་བཅས། ༈ དྲུག་པ་རྣམ་བཤད་དང་འབེལ་གཏམ་དྲིས་ལན་གྱི་སྐོར་ལུང་རིག་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྣམ་བཤད་སྐོར་ལ་རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་བཤད་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ། བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན་གཏོང་ཐུན་གདོང་ལྔའི་གད་མོ། ཚོམ་བུ་ཚོགས་སྒྲུབ་ཀྱི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ། ཐུགས་གསང་དགོངས་འདུས་གཏོང་ཐུན་བསྒྱུར་སོ་ཅན། ཚོགས་མཆོད་ཀྱི་དེ་ཉིད་མདོར་བསྡུས་སྨོས་པ་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ། འབེལ་གཏམ་སྐོར་ལ། ལྟ་བ་གཏན་ལ་འབེབས་པ་ལས་འཕྲོས་པའི་གཏམ་སྐབས་ལྔ་པ། ལུང་དང་རིགས་པའི་མེ་ཏོག་རབ་ཏུ་དགོད་པ། རིས་མེད་ཆོས་ཀྱི་འབྱུང་གནས་མདོ་ཙམ་སྨོས་པ་བློ་གསལ་མགྲིན་པའི་མཛེས་རྒྱན། ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་པ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་པ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན། རང་གཞན་ལ་ཉེར་མཁོའི་འབེལ་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན་ལེའུ་ཚན་ལྔ་པ། ཆོས་རྒྱལ་སེ་ན་ཤུ་བྷའི་གཉེན་སྟོན་སྐབས་ཀྱི་འབེལ་གཏམ་ཡིད་ཅན་ཀུན་ཏུ་དགའ་བའི་རྣ་རྒྱན། ཤུ་བྷ་འབྲུག་དགུ་གླིང་སོགས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད། སི་ཏུ་སྤྲུལ་སྐུ་པདྨ་ཀུན་བཟང་ཁྲིར་ཕེབས་སྐབས་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན། དུས་དེར་རྗེ་ཉིད་ཀྱིས་གསང་སྙིང་སྤྱི་དོན་གསུངས་སྐབས་མཛད་པའི་དེའི་སྤྱི་དོན། གཏན་ནས་མ་བྱུང༌། མཐོང་གྲོལ་ཞྭ་དམར་ལོ་རྒྱུས། དཔའ་བོའི་དབུ་ཞྭའི་བཤད་པ་མདོར་བསྡུས། དབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ། ངེས་དོན་དབུ་མའི་འཁྲུལ་རྟོག་འབུར་འཇོམས་ལེགས་བཤད་གསེར་གྱི་ཐོ་བ། དྲིས་ལན་སྐོར་ལ། ཚེ་སྒྲུབ་ཏིང་འཛིན་དོགས་སེལ་འོད་ཀྱི་ཐུར་མ། དྲིས་ལན་རྣ་བའི་བདུད་རྩི། པད་ནོར་དྲིས་ལན། བསོད་སྤྲུལ་དྲིས་ལན། བཀྲ་འཕེལ་དྲིས་ལན། རྡོར་བྲག་སྤྲུལ་སྐུའི་དྲིས་ལན། ཀར་དགའི་དྲིས་ལན། འཇིགས་བྱེད་སྟ་གོན་ཟིན་བྲིས། ༼ཆ༽ བདུན་པ་རྡོ་རྗེའི་གླུ་ཡི་སྐོར་ངེས་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད་དང༌། བརྒྱད་པ་སྐལ་པ་བཟང་པོའི་ཚོགས་ལ་གཙོ་བོར་དགོངས་ཏེ་ཞལ་གདམས་སུ་གནང་བ་བསྟན་པ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རང་གཞན་ལ་གཏན་གྲོས་སུ་གདམས་པའི་སྙིང་གི་བདུད་རྩི་ཞེས་བྱ་བ་ལ། ནང་གསེས་སུ་རང་ཉིད་ཀྱིས་དམ་བཅའ་བདུན་དུ་མཛད་པ་ཚིག་ལྷུག་བཅད་སྤེལ་མ་རྗེས་སུ་རང་དྲན་གསོ་བའི་མགུར་བཞི་ཚན་སུམ་ཅུ་པ། རང་ལ་གྲོས་འདེབས་དང་ལྷག་པའི་ལྷ་ཡི་ཐུགས་རྗེ་བསྐུལ་བའི་སྨོན་ཚིག །བཀའ་རྒྱུད་བླ་མ་སོགས་ཚུལ་ཁྲིམས་རྒྱ་མཚོར་གནང་བ། སངས་རྒྱས་ཀུན་དངོས་སོགས་ཚིག་ལྷུག་མ། ཀརྨ་ཕན་བདེར་གནང་བ་མཆོག་གསུམ་ཀུན་འདུས་སོགས་ཚིགས་བཅད་ལྷུག་མ། བསྟན་འཛིན་བཟང་པོར་གནང་བ་དྲན་ཆོག་མགོན་པོ་སོགས། མོས་ལྡན་འགའི་དགེ་སྦྱོར་གསལ་འདེབས་སུ་གནང་བ་ཚིགས་བཅད་ལྷུག་སྤེལ་མ་རྩ་གསུམ་ཀུན་འདུས་སོགས། བླ་མ་འོད་འཕྲོར་གནང་བ་ཚིགས་བཅད་ལྷུག་སྤེལ་མ་ཡེ་ཤེས་ཀློང་ནས་སོགས། གུ་རུ་བྷཻ་ཥཛྱེར་གནང་བ་བཀའ་བརྒྱུད་གདུང་འཚོབ་སོགས། རྣལ་འབྱོར་མངྒ་ལར་གནང་བ་སྐྱབས་དུས་གསུམ་སོགས། རྡོར་སློབ་རཏྣ་གནང་བ་བླ་མ་ཡི་དམ་སོགས། དགེ་འདུན་ཕུན་ཚོགས་ལ་གནང་བ་ཕ་རྗེ་བཙུན་སོགས། རྗེ་དབོན་དམ་ཆོས་ལ་གནང་བ་སངས་རྒྱས་ཀུན་འདུས་སོགས། རྟ་རྣ་དགོན་དམར་སྤྲུལ་སྐུར་གནང་བ་རྗེ་དཔལ་ལྡན་སོགས། པདྨ་ཆོས་འཕེལ་ལ་གནང་བ་ན་མོ་གུ་རུ་ལྟ་སྒོམ་སོགས། དུས་ངན་བླ་སློབ་འབྲེལ་ཚུལ་ལ་སྐྱོ་བའི་གླུ་མཚན་ལྡན་གྱི་སོགས། སྙིགས་དུས་ཀྱི་འགྱུར་བར་སྐྱོ་བའི་གླུ་དུས་དེང་སང་སོགས། རང་གཞན་སྙིགས་དུས་ཀྱི་སྤྱོད་པ་ལ་སྐྱོ་བའི་གླུ་ཁྱེད་མདོ་མེད་སོགས། འཇམ་རྡོར་སློབ་དཔོན་རིགས་དབོན་ལ་གནང་བ་ཕ་རྗེ་བཙུན་སོགས། ནཱ་ཐ་ལཀྵྨཱི་ལ་གནང་བ་རྗེ་འགྲན་ཟླ་སོགས། ཚེ་མཚམས་དགེ་འདུན་ལ་གནང་བ་ན་མོ་གུ་ར་བེ། ཐོག་མར་སོགས། གཤེན་བཙུན་དྲུང་མུར་གནང་བ་རྒྱལ་བ་ཀུན་འདུས་སོགས། བླ་མ་ཆོས་གྲགས་ལ་གནང་བ་ན་མོ་གུ་རུ་ཞི་གནས་སོགས་དང༌། རྡོ་རྗེ་འཆང་དངོས་སོགས་ལེའུ་ཚན་གཉིས། ཀརྨ་འཆི་མེད་ལ་གནང་བ་ན་མོ་གུ་རུ་རྩ་བའི་བླ་མ་སོགས། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ངེས་པ་ཆ་ཙམ་རྙེད་པའི་གླུ་གཉུག་མ་རང་ཤར། ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསང་དོན་ངེས་པས་དྲངས་པའི་གླུ་ཟབ་དོན་རྒྱན་གྱི་མེ་ཏོག །ཟབ་ལམ་ནི་གུ་ཆོས་དྲུག་གི་རྡོ་རྗེའི་གནས་ངེས་པའི་མགྲིན་གླུ་ཀ་ལ་པིངྐའི་སྒྲ་དབྱངས། བླ་ན་མེད་པའི་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་གནས་ལ་དད་པའི་པདྨོ་མཆོག་ཏུ་རྒྱས་པའི་དབྱངས་ཚིག་རིགས་ལྡན་དགྱེས་གླུ། བྲག་དམར་གཡའ་མ་ལུང་དུ་བཞེངས་པའི་མགུར་ཨ་ཧོ་བསིལ་ལྡན་སོགས། བསམ་ཡས་མཆིམས་ཕུར་གསུངས་པའི་མགུར་ཨེ་མ་ལ་ཨ་ཧོ་སོགས། ཡར་ལུང་ཤེལ་བྲག་ཏུ་གསུངས་པའི་མགུར་གནས་མཆོག་ཁྱད་འཕགས་སོགས། མ་ཁར་ཆུ་ལྕགས་ཕུར་ཅན་དུ་གསུངས་པའི་མགུར་ཁྱབ་བདག་མཚོ་སྐྱེས་སོགས། ལྷོ་གྲོ་བོ་ལུང་དུ་གསུངས་པའི་མགུར་ཆུ་འབབ་པ་སོགས། གཉའ་ལུང་བསྟན་ཕུག་ཏུ་གསུངས་པའི་མགུར་བོད་ཁ་བ་ཅན་སོགས། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་གསུངས་པའི་མགུར་མ་རྗེ་ངོ་མཚར་སོགས། སྒྲུབ་མཚོ་པདྨ་གླིང་དུ་གསུངས་པའི་མགུར་སྐྱབས་རྒྱལ་བ་སོགས། གཉུག་མའི་དེ་ཉིད་གསལ་བར་སྟོན་པ་ཐོལ་བྱུང་དོ་ཧའི་གླུ་ཕྲེང་རྡོ་རྗེ་ཕ་ལམ་གྱི་ཕྲེང་བ་ལ་ནང་གསེས་སུ། འཆི་མེད་གྲུབ་པའི་རྒྱལ་བ་བཀའ་དྲིན་ཅན་རྣམ་གཉིས་ལ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་དཔྱིད་ཀྱི་དབྱངས་སྙན། གྲུབ་ཐོབ་རྒྱ་མཚོའི་ཆུ་འགོ་བཀའ་བརྒྱུད་ཀྱི་སྟོན་པ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེ་མངོན་པར་བསྐུལ་བའི་གླུ་དབྱངས་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས། གཏན་སྐྱབས་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་མངོན་པར་དྲན་པའི་མོས་གུས་ཀྱི་དབྱངས་ལྷར་བཅས་རྣ་བའི་བཅུད་ལེན། ཐུན་མོང་སྔོན་འགྲོའི་མགུར་དཔལ་རྡོ་རྗེའི་འཆང་སོགས། སྐྱབས་འགྲོའི་མགུར་སྐྱབས་དཀོན་མཆོག་སོགས། སེམས་བསྐྱེད་ཀྱི་མགུར་རྗེ་དམིགས་པ་སོགས། ཀརྨ་བདེ་ལེགས་ཡེ་ཤེས་བཟང་པོ་ལ་གནང་བ་རྗེ་པདྨའི་མཚན་གྱི་སོགས། རྗེ་རང་གིས་རང་ལ་དཔའ་བཀོང་པའི་མགུར་ཆོས་ཉིད་ཀྱི་བདེན་པ་སོགས། བློ་སྦྱོང་གི་མགུར་རྗེ་བླ་མ་སོགས། རྗེ་རང་ལ་སེམས་གསོའི་ཚུལ་གྱི་མགུར་ཕ་བླ་མ་སོགས། ཡུལ་སྣང་ལ་ཞེ་ཁྲེལ་བའི་མགུར་དཔལ་རྫོགས་པའི་སོགས། རྗེ་རང་གི་ཐུགས་བློ་འགྱུར་ལྡོག་མེད་པའི་གསལ་འདེབས་ཀྱི་མགུར་ང་སྤྲང་པོ་ཟ་ཉལ་སོགས། ཐུགས་སྣང་དྭངས་སྐབས་གསུངས་པའི་མགུར་ཕ་དྲན་ཆོག་གི་རྒྱལ་པོ་སོགས། ཚེ་དབང་གིས་དྲིས་ལན་ཆོས་རྒྱལ་ཟླ་འོད་སོགས། ཀརྨ་དབང་ལྡན་ལ་གནང་བའི་རྗེ་པདྨའི་སོགས། པྲཛྙཱ་ལ་གནང་བའི་སངས་རྒྱས་ཀུན་དངོས་སོགས། གདམས་པའི་མགུར་ཆུང་བཞི་པད་འབྱུང་བླ་མ་སོགས། བཀའ་བརྒྱུད་གྲུབ་པའི་སོགས། རྗེ་དྲིན་ལྡན་སོགས། དཔལ་ལྡན་བླ་མའི་སོགས་བཅས། ཉམས་ཀྱི་གླུ་རྗེ་འཆི་མེད་སོགས། ཉམས་མགུར་ན་མོ་གུ་རུ་གངས་ཅན་སོགས། གཞི་མེད་ཀློང་གྲོལ་གྱི་མགུར་གཞི་མེད་སོགས། ཐོལ་བྱུང་ཉམས་སྣང་གི་མགུར་རྩེ་མོ་བྱུང་རྒྱལ་སོགས། རྒྱལ་མཆོག་བཅོ་ལྔ་བས་དྲིས་ལན་བཀའ་བརྒྱུད་གྲུབ་ཐོབ་སོགས། དྷརྨ་ཏཱ་རར་གནང་བ་སྐྱབས་གནས་ཀུན་འདུས་སོགས། བདེ་ལྡན་ལ་གནང་བ་ན་མོ་གུ་ར་བེ། ཕྱག་ཆེན་སོགས། དཀོན་མཆོག་བསྟན་སྐྱོང་ལ་གནང་བ་ན་མོ་གུ་རུ་ལས་དང་པོ་པའི་སོགས། དགེ་སློང་དམ་ཆོས་ལ་གནང་བ་ན་མོ་གུ་ར་བེ་སོ་སོར་སྡུད་པའི་སོགས། དེ་བེནྡྲེར་གནང་བ་གུ་རུ་པདྨར་སོགས། གནས་སྒོ་དྲུང་པ་སྤྲུལ་སྐུར་གནང་བ་རིགས་དྲུག་ཁྱབ་བདག་སོགས། མོས་ལྡན་འགའི་གསལ་འདེབས་སུ་གསུངས་པ་ན་མོ་གུ་རུ་བསྒོམས་པས་སོགས། རི་ནང་མཁའ་འགྲོར་གནང་བ་ན་མོ་གུ་རུ་ཆོས་སྔོན་འགྲོ་སོགས། དྷྭ་ཛར་གནང་བ་ན་མོ་གུ་ར་བེ་ལུང་དང་སོགས། དགེ་ལེགས་རབ་རྒྱས་ལ་གནང་བ་བཀའ་བརྒྱུད་བླ་མ་སོགས། ཚེའི་མིང་ལ་གནང་བ་རྗེ་བཀའ་བརྒྱུད་སོགས། དགེ་མང་སྤྲུལ་སྐུར་གནང་བ་མ་ཧཱ་གུ་རུ་སོགས། ལམ་ཞུགས་ཀྱི་གང་ཟག་ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གནད་བསྡུས། བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་བ། ཐུན་མོང་བསླབ་བྱ་མདོར་བསྡུས་མཚུངས་བྲལ་བླ་མ་སོགས་བཅས། འབྲས་ལྗོངས་བླ་མར་གནང་བ་དལ་འབྱོར་སོགས། གཏེར་སྟོན་ཞིག་གི་དྲིས་ལན་རྗེ་བཙུན་སོགས། ༈ དགུ་པ་བརྡ་སྤྲོད་པ་ཡན་ལག་དང་བཅས་པའི་གཞུང་རིག་པའི་སྐོར་ལེགས་སྦྱར་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། སྐད་གཉིས་ཤན་སྦྱར་ལ་ཉེ་བར་མཁོ་བའི་ཟིན་བྲིས་ལས་དང་པོ་པ་འཇུག་པའི་རོལ་མཚོ། ཚེ་དཔག་མེད་ལ་སོགས་པའི་གཟུངས་ཀྱི་སྒྲ་བསྒྲུབ་ནོར་བུ་སྐར་མདོག་གི་ཕྲེང་བ། བརྡ་སྤྲོད་པ་མཚོ་ལྡན་མའི་གཞུང་གི་རབ་བྱེད། བརྡ་སྤྲོད་པ་ཙནྡྲ་པའི་སྐབས་སུ་ཉེ་བར་མཁོ་བའི་ཏིང་མཐའི་དཔེར་བརྗོད་ཉུང་ངུ་རྣམ་གསལ། ལུང་སྟོན་པ་ཀཱ་ལ་པའི་རྣམ་བཤད་ཟླ་བའི་འོད་ཟེར་ལས་ཀུན་བཤད་ཀྱི་འགྲེལ་པ་སྟོན་ཀའི་ཟླ་འོད། བརྡ་སྤྲོད་གཞུང་ལུགས་ཀྱི་མཚན་གྱི་མངོན་བརྗོད་ཕྲེང་བ་བསྟར་བ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ལ་ནང་གསེས་སུ། དཔལ་ཀརྨ་པ་ཐེག་མཆོག་རྡོ་རྗེ། རྗེ་དབོན་སྤྲུལ་སྐུ་ཐེག་མཆོག་བསྟན་འཕེལ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ། ཀརྨ་ཆོས་ཀྱི་དབང་ཕྱུག །ཀརྨ་ཤེས་རབ་རྒྱ་མཚོ། ཀརྨ་ངེས་དོན་བཅས་སོ་སོར་མཚན་རྟགས་སྨོན་ཚིགས་སྐད་གཉིས་ཤན་སྦྱར་སུམ་འབིད་ཅན་བཅས། ༈ བཅུ་པ་མཆོད་འབུལ་དང་ཆབ་ཤོག་གི་སྐོར། ལེགས་སྤྱད་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལས་ནང་གསེས་སུ། འཇིག་རྟེན་དབང་ཕྱུག་ཀརྨ་པར་མཆོད་སྤྲིན་ཆེན་པོ་སྤྲོས་ཚིགས་སུ་བཅད་པ་རིགས་གསུམ། སྐྱབས་མགོན་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོར་མཆོད་སྤྲིན་སྤྲོས་པའི་ཚིགས་སུ་བཅད་པ་རིགས་ལྔ། དཔལ་ལྡན་དཔའ་བོའི་འབུལ་ཡིག་རིགས་གཉིས། གཏེར་ཆེན་མཆོག་གླིང་ལ་འབུལ་ཡིག་ཚན་གཉིས་བཅས། རང་དང་གཞན་བསྐུལ་ངོར་བསྐུལ་ཡིག་ཚིགས་བཅད་མཚོ་ཆུང་མགྲིན་པའི་རོལ་རྩེད་ལས་ནང་གསེས་སུ། དཔལ་ཀརྨ་ཐེག་མཆོག་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པ། རྒྱལ་དབང་བཅོ་ལྔ་བ། ཞེ་ཆེན་དབོན་སྤྲུལ། གཏེར་ཆེན་མཆོག་གླིང་རྣམས་ལ་ཕུལ་བའི་ཆབ་ཤོག །མཁས་དབང་སྒྲུབ་པ་པོ་ཞིག་གི་མཆིད་ལེན། རྗེ་པདྨ་ཉིན་བྱེད་ཞལ་སྔ་ནས་ལྕང་སྐྱ་སྤྲུལ་སྐུར་ཕུལ་བའི་གསུང་ཚབ། འགུ་ལོག་གི་ལིང་ཐུགས་རྡོར་ལ་ཕུལ་བ། རྗེ་པདྨ་ཉིན་བྱེད་ཞལ་སྔ་ནས་འབྲུག་པ་རྒྱལ་དབང་ཆོས་རྗེ་དང་ཨ་མཆོག་དགེ་བཤེས་གཉིས་ལ་གནང་བའི་གསུང་ཚབ་རེ་རེ་དང༌། འཕེལ་ཚ་བླ་མ་བསོད་རྒྱལ་ལ་ཕུལ་བ། རྫོགས་ཆེན་རྡོར་རབ་ལ་སྤྲིངས་པ། ཨ་མཆོག་སྤྲུལ་སྐུ་དང༌། དགེ་བཤེས་ལ་གསུང་ལན་རེ་རེ། ཧོར་དགོན་གསར་ཆོས་རྗེ་ལ་ཕུལ་བ། ནང་ཆེན་རྒྱལ་སྲས་སྤྲུལ་སྐུ་ཨ་བདེ་ལ་ཕུལ་བ། སྦྱང་ཡོན་བློ་གྲོས་སྙིང་པོའི་རིང་ལུགས། རྣམ་ཐར་བཞིར་འཇུག་བཅས་གསུམ་པོ་དབོན་རྒན་མཆོག་སྤྲུལ་གསུང་ཚབ། མཚུར་གྲྭ་སྦྱིན་པ་མཐར་ཕྱིན། དཀོན་མཆོག་ཐུབ་བསྟན་རྒྱ་མཚོ། ཀུན་གཟིགས་མཁྱེན་བརྩེ། དྲུང་ཆེན་རིག་འཛིན། སྡེ་དགེ་ལྷ་སྲས། སྡེ་དྲུང་ཕྲིན་ལས་རྒྱ་མཚོ། ལྷ་ལྡན་པའི་ཚངས་པ་མཆེད་ཟུང་རྣམས་ལ་གནང་བའི་ཆབ་ཤོག་བཅས། ༈ བཅུ་གཅིག་པ་དཀར་ཆག་ལོ་རྒྱུས་དང་ཞལ་བྱང་གི་སྐོར་ངོ་མཚར་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག །དྲན་པ་ཡེ་ཤེས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ། ཕོ་བྲང་ལྷུན་གྲུབ་སྟེང་གི་ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་ཛམ་གླིང་བཀྲ་ཤིས་འོད་འབར་གྱི་ཀར་ཆག་རྫོགས་ལྡན་དཔྱིད་ཀྱི་དབྱངས་སྙན། རྩ་གསུམ་མཆོད་སྡོང་ཆེན་པོ་བྱིན་རླབས་དཔལ་འབར་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག །ཤངས་པའི་གསེར་ཆོས་རིན་པོ་ཆེའི་དཀར་ཆག་བཻ་ཌཱུརྻའི་ལྡེའི་མིག །རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི་དཀར་ཆག །ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་བ་ངོ་མཚར་རབ་དགའི་སྣང་བ། དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཞིང་ཁམས་ཀུན་ཏུ་ཁྱབ་པའི་སྒྲ་སྙན། རྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད་བཅས། ༼ཇ༽ འཛི་སྒར་སྤྲུལ་སྐུའི་གདུང་རྟེན་དཀར་ཆག །མཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག །གཏེར་དབོན་ངག་གི་རྡོ་རྗེ་འཆང་ཆེན་པོའི་གདུང་རྟེན་དཀར་ཆག །རིང་སྲེལ་རྣམ་བཞི་བདུད་རྩི་ལྔ། མྱང་གྲོལ་རྟེན་འདུས། ཉེར་མཁོའི་རྫས་རྣམས་གཅིག་དྲིལ་གྱི་དཀར་ཆག་དེའི་ཁ་སྐོང༌། ཁྱད་པར་བཅུ་གསུམ་དང་ལྡན་པའི་རྩ་བརྒྱད་སྟོང་སྦྱར་གྱི་རྟོགས་བརྗོད་ཡོངས་འདུས་མེ་ཏོག་གསར་པའི་ཕྲེང་བ་དཔྱོད་ལྡན་རྣ་རྒྱན། བདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ། དབེན་པ་ཟླ་མཛེས་ཀྱི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག །དཔལ་གྱི་ཙཱ་རི་ཏྲའི་བསྔགས་བརྗོད་མདོར་བསྡུས་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས། སྒྲུབ་གནས་པདྨ་ཤེལ་ཕུག་ལ་ཆེད་དུ་བརྗོད་པ་ཨེ་མ་སྔོན་ཚེ་སོགས། རོང་རྨེ་དཀར་མོ་སྟག་ཚང་ལ་ཆེད་དུ་བརྗོད་པ་ཨ་ཧོ་སྟོབས་བཅུ་སོགས། ཙཱ་འདྲ་རིན་ཆེན་རྟོགས་བརྗོད་ཡིད་ཀྱི་རྒྱ་མཚོའི་རོལ་མོ། དེའི་གནས་འདུས་དགེ་སྐུལ་སྒོ་བྱང་སྔ་ཕྱི་གསུམ། རྫོགས་ཆེན་ཁམ་ཕུག་འོད་གསལ་གྲུབ་པའི་རྩེ་མོའི་དཀར་ཆག་གཏེར་བྱོན་ཟུར་འདེབས་དད་པའི་མེ་ལོང༌། གཡུང་དྲུང་རྣམ་པར་བཀོད་པའི་གནས་མཆོག་ཆེན་པོའི་མདོ་བྱང་གསལ་བྱེད་སྙིང་པོ་བསྡུས་པ། སྤར་བྱང་སྐོར་ལ། རྣམ་ཐར་ཟངས་གླིང་མ། བླ་མ་དགོངས་འདུས། བཀའ་བརྒྱད་དང་རྡོར་སེམས། ཐུགས་རྗེ་གསང་འདུས། དཀོན་མཆོག་སྤྱི་འདུས། གསོལ་འདེབས་ལེའུ་བདུན་མ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། རྒྱལ་བ་ཀུན་འདུས། ཕྱག་བཞི་པའི་སྐོང་ཟློག་སོགས། སྨན་བླའི་ཆོ་ག །ཀར་རབས་རིན་བྱོན་མཆོད་ཆོག །མདོ་སྡེ་རྒྱན་འགྲེལ་ཐོགས་ཊིཀ །མཁའ་སྤྱོད་དབང་པོ་སོགས་དང༌། ཐུབ་བསྟན་སྙིང་པོ་མ་གཉིས་བྱང་ཆུབ་ཆོས་སེང་ངོར་གནང་བ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང༌། བརྒྱད་སྟོང་པ་བཅས་ཀྱི་སྤར་བྱང་སྨོན་ཚིག །བླ་མ་དགོངས་འདུས་ཞལ་ཐང་གྲ་ཚར་བཅུ་གཅིག་གི་རྒྱབ་བྱང༌། བཀའ་བརྒྱད་གྲ་ཐང་སོ་སོའི་ཞལ་བྱང༌། ཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་རྒྱབ་བྱང༌། རྫོགས་ཆེན་བརྒྱུད་པའི་ཞལ་ཐང་རྒྱབ་བྱང༌། ༈ བཅུ་གཉིས་པ་ཉེར་མཁོ་སྣ་ཚོགས་ཀྱི་སྐོར་ཕན་བདེ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ། འཇམ་དཔལ་བྱིན་རླབས་སོགས་གསོལ་འདེབས་སྨོན་ལམ། པད་གླིང་རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་སྨིན་གྲོལ་འབོགས་ཚུལ། ཚོགས་བདག་རྒྱུན་གཏོར། ཆོས་དབང་བླ་མ་གསང་འདུས་ཀྱི་དབང་བསྐུར་ལག་ལེན་གསལ་བྱེད། ལྷ་རྩེའི་བཅའ་ཡིག །མཆོག་གླིང་ཐུགས་སྒྲུབ་རྣམ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང༌། རྟེན་ལ་ནང་གཞུག་འབུལ་བའི་ལག་ལེན་ལུགས་སྲོལ་ཀུན་གསལ་དྲི་བྲལ་ནོར་བུ་ཆུ་ཤེལ་གྱི་མེ་ལོང༌། གཙུག་ལག་ཁང་གི་གཉྫིར་གསེར་འཕྲུའི་གཟུངས་འབུལ་ལག་ལེན། གནོད་སྦྱིན་ལྷ་མང་གི་འཕྲུལ་འཁོར་བཅའ་སྒྲུབ། དྷཱིཿ འདིའི་རྗེས་གནང་ཀྱི་ལག་ལེན་རིན་ཆེན་རྫིང་བུ། དམ་པའི་ཆོས་འཆད་བྱ་བའི་སྐབས་སུ་ཉེར་མཁོའི་མཚམས་སྦྱོར་མཆོག་དམན་ཀུན་དགའ། མི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་སྐལ་ལྡན་ཡིད་ཀྱི་ངལ་གསོ། སྨན་ཆོག་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི། སྨན་མཆོག་གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ། དབྱར་གནས་དང་དགག་དབྱེའི་ལས་ཆོག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ། སྡོམ་གསུམ་གསོ་སྦྱོང་རྒྱས་བསྡུས་ཐར་པའི་ཐེམས་སྐས། སོ་ཐར་གྱི་བཤགས་སྡོམས་ཞི་གནས་གསོ་སྦྱོང་དང་འབྲེལ་བ་ཉེས་ལྟུང་དག་བྱེད་གང་གའི་ཆུ་རྒྱུན། ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་བྱང་སྡོམས་ཉེས་བཤགས་ནོར་བུ་ཀེ་ཏ་ཀའི་ཕྲེང་བ། གསང་སྔགས་གསར་རྙིང་རྡོ་རྗེ་ཐེག་པའི་དམ་ཚིག་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ཁ་སྐོང་བཅས། རྡོ་རྗེ་ཐེག་པའི་ཉེས་ལྟུང་ཕྱིར་བཅོས་ཆོ་ག་རིག་འཛིན་དབུགས་དབྱུང་གི་ཐིག་ལེ། ཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཟེགས་མ། ཐུན་མཚམས་ཉེར་མཁོ་གསར་རྙིང་གི་གདམས་ངག་སྙིང་པོ་བསྡུས་པ་དགོས་པ་ཀུན་ཚང༌། སངས་རྒྱས་སྲས་གཅིག་གི་རྒྱུད་ཟབ་མོ་རྒྱུན་ཁྱེར་དུ་བྱ་བའི་ཡན་ལག་མདོར་བསྡུས་འཁྲུལ་སྣང་རང་གྲོལ། བཅོམ་ལྡན་འདས་རིག་བྱེད་མའི་བསྐང་བ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། རྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི། གཅོད་ཡུལ་རྒྱ་མཚོའི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཟབ་མོའི་ཡང་ཞུན། གསུར་མཆོད་འདོད་ཡོན་སྤྲིན་ཕུང༌། རི་ཁྲུས་ཁྱིམ་ཁྲུས་གང་གའི་ཟེགས་མ། ཤེར་སྙིང་བདུད་བཟློག་བར་ཆད་ཀུན་སེལ་ལག་ལེན་བལྟས་ཆོག་ཏུ་བཀོད་པ་རྣམ་ཐར་སྟོབས་བསྐྱེད། ཀླུ་སྒྲུབ་ནས་བརྒྱུད་པའི་སྒྲོལ་མའི་གཡུལ་མདོ་ས་བལྟས་ཆོག་ཏུ་བཀོད་པ་བདེན་འབྲས་མྱུར་སྟོན། བཅའ་གཏོ་གཞུང་ཡན་ལག་བཅས་ཚན་གཉིས། རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ། བསང་ཡིག་སྐོར་ལ། རྒྱུན་གྱི་བསང་མཆོད་དགེ་ལེགས་སྤྲིན་ཕུང༌། འཇའ་ཚོན་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསང་མཆོད་ཞིང་ཁམས་ཀུན་ཁྱབ། ཕུར་པ་སྲུང་མར་བཅས་པ་ལ་རྒྱུན་བསང་སྲེག་བླུག་འབུལ་ཆོག་བདེ་ཆེན་རོལ་པ། མཆོག་གླིང་བླ་མ་ནོར་ལྷའི་བསང་མཆོད་དགོས་འདོད་སྤྲིན་ཕུང༌། གེ་སར་བསང་མཆོད་དགོས་འདོད་ཆར་འབེབས། འབའ་ལུགས་གངས་མཚོ་གཉན་པོའི་བསང་མཆོད། རྫོང་ཤོད་ཀྱི་གནས་གཏེར་སྲུང་མའི་བསང་གསོལ་དཔལ་ཆེན་ཐུགས་སྤྲུལ་སོགས་དང༌། སྔོན་ཚེ་དཔལ་ཆེན་སོགས། གནས་མཆོག་འབུར་མོ་བྲག་དཀར་གྱི་གསོལ་མཆོད། རྒྱུན་གྱི་བསང་མཆོད། དཔལ་སྤུངས་ཡུལ་ལྷའི་བསང་མཆོད། ཡུལ་བདག་ར་ཁྲིའི་བསང་མཆོད་དཔལ་འབྱོར་རབ་རྒྱས། ཡུལ་བདག་དིས་ར་གཉན་པོའི་བསང་མཆོད། རྨ་ཐམ་གཉན་པོའི་བསང་མཆོད། དཔའ་འོག་ཡུལ་ལྷ་སྤྱི་བསྡུས་ཀྱི་བསང་མཆོད། གནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུ་ར། ཞི་མཛད་རྡོ་རྗེའི་གནས་ཀྱི་ཡང་མཛོད་དཔལ་དེའུའི་བསང་མཆོད། ལྡན་ཡུལ་གཞི་བདག་རྣམས་ཀྱི་བསང་དང་གསེར་སྐྱེམས། ཟླ་ཀླུང་གཞི་བདག་བསང་མཆོད། མདོ་སྨད་ཐང་ལྷའི་ཡུལ་སྐྱོང་གི་བསང་གསོལ། ཁྲ་འབོའི་ཡུལ་བདག་བསང་མཆོད། ཨ་རབ་ཡུལ་ལྷ་རག་ཉག་གཉན་པའི་བསང་མཆོད། འབྱུང་སྤྱིའི་ཉེས་སེལ་གྱེར་གཏོའི་ལག་ལེན་གསེར་གྱི་ཐུར་མ་བཅས། ༈ བཅུ་གསུམ་པ་ཆོས་སྲུང་དང་ནོར་ལྷ་གཞི་བདག་གི་གསོལ་མཆོད་སྐོར་ཕྲིན་ལས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། རྡོ་རྗེའི་ཆོས་སྲུང་ལ་ཕྲིན་ལས་སུ་གསོལ་བ་དོན་གཉིས་གྲུབ་པའི་དཔྱིད། མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ། མ་མགོན་ཞལ་སྦྱོར་གྱི་བསྙེན་པ་བཏང་བའི་འདོན་ཟིན། བེར་ཅན་ལྕམ་དྲལ་མདོས་ཀྱི་སྐོང་ཆོག་སྒྲུབ་བརྒྱུད་བསྟན་པའི་བ་དན། ཀར་ལུགས་མ་མགོན་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གསོལ་ཁ་དམ་ཅན་དགྱེས་རོལ། སྐོང་བ་མཉེས་པ་གསུམ་ལྡན། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་སྒྲུབ་ཆེན་མོའི་ལག་ལེན་བལྟས་ཆོག་ཏུ་བཀོད་པ་དངོས་གྲུབ་རྫིང་བུ། མགོན་པོའི་སྤོས་སྦྱོར་རྒྱས་བསྡུས་ཀྱི་ལག་ལེན། ༼ཉ༽ མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་དཀར་གཉིས་ཀྱི་མངའ་གསོལ་དགེ་ལེགས་སྤྲིན་ཕུང༌། གཏོར་ཆོག་ཕྲིན་ལས་གཏེར་མཛོད་ཀྱི་ཁ་སྐོང༌། མགོན་དཀར་ལགས་གཞུང་རཏྣའི་བང་མཛོད། བཀའ་ཆེན་བཅུ་གསུམ་གྱི་དབང་ཆོག །དཔལ་ལྡན་སྔགས་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ། དུད་སོལ་མ་གཙོ་བོར་གྱུར་པའི་ལྷ་མོ་སྤྱིའི་མཆོད་གསོལ་སྐྱེ་བ་ལྔ་པའི་སྒྲ་དབྱངས། བཀའ་དྲིན་ལྷ་མོའི་གསོལ་མཆོད་བསམ་དོན་ལྷུན་གྲུབ། ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ། ཛམ་དཀར་བསྟོད་པ་དངོས་གྲུབ་ཆར་འབེབས། རྨུགས་འཛིན་དམར་པོའི་སྐོང་བ་ལོངས་སྤྱོད་ཆར་འབེབས། ཛམ་དམར་ཆ་ལག་གཡང་འགུགས་པདྨ་རཱ་གའི་ལྕགས་ཀྱུ། རྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས། གཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས། རྩ་གསུམ་ཆོས་སྐྱོང་གཏོར་འབུལ་རིག་འཛིན་དགའ་སྟོན། གཅོད་ཡུལ་གཏོར་འབུལ་སྙིང་པོའི་བཅུད་ལྡན། དམ་ཅན་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་བསྡུས་ལེགས་པ་ཀུན་ཚང༌། དེའི་མངའ་གསོལ་དགོས་འདོད་ཀུན་སྩོལ། ཞིང་སྐྱོང་གསོལ་སྐོང་ཉུང་བསྡུས། སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ། དཔལ་ཆེན་མོའི་གཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིག །གཡང་ཆོག་ཟུར་འདེབས། དྷཱིཿ འདིའི་རྗེས་གནང་ཡོངས་འདུས་སྙེ་མ། བསང་མཆོད་ནོར་བུའི་ཆར་སྤྲིན། གཏོར་འབུལ་དངོས་གྲུབ་གཡང་འཁྱིལ། མཇུག་ཆོག་དགེ་ལེགས་ཆར་འབེབས། དུར་བདག་གཏོར་འབུལ། ནོར་བསྙགས་དང་མཁའ་རིའི་གསོལ་མཆོད། རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་གི་མཆོད་སྤྲིན་འདོད་འཇོའི་བ་མོ་བཅས། ༈ བཅུ་བཞི་པ་ཐུན་མོང་རིག་པའི་གནས་ཀྱི་བསྟན་བཅོས་ཀྱི་སྐོར་ལེགས་བཤད་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། འདུལ་བ་མདོ་རྩ་ལས་བྱུང་བའི་རི་མོ་བྲི་ཡིག་ཚངས་པའི་པ་ཏྲ། བྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ། པདྨ་བཛྲའི་གནས་འདྲེན་ཙཀླིའི་བཀོད་ཡིག །དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བ་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་ལྕགས་བརྒྱད་ཁམས་བརྒྱད་ཀྱི་དུག་འདོན་ཐལ་སྨན་གྱི་ཆོ་ག །ནད་སྨན་སྤྲད་པའི་ལག་ལེན། འཚོ་བྱེད་ལས་དང་པོ་པ་ལ་ཉེར་མཁོའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིག་པ། ཟླ་ཤེལ་རིལ་བུ་སྤྱི་དང་ཁྱད་པར་བ་སྦྱོར་ཚུལ་བདུད་རྩིའི་མྱུ་གུ་བཅས་སོ། ༼ཏ༽ །སྐར་རྩིས་ཀྱི་ལག་ལེན་ལེགས་བཤད་ཀུན་བཏུས། རབ་ཡིད་ཤིང་མོ་སྦྲུལ་ལོའི་ལེ་ཐུའི་མགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན། ཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང༌། ཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང༌། ཙི་ནའི་ས་དཔྱད་གསར་འགྱུར་ལུགས་ཀྱི་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག །བག་མར་དགེ་བའི་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད། མདའ་དར་འཛུགས་པའི་འབེལ་གཏམ། ཡིག་བསྐུར་རྣམ་བཞག་དབྱངས་ཅན་རྒྱུད་མང་བཅས། ༈ བཅོ་ལྔ་བ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཡིད་བཞིན་འདོད་འཇོ་དགེ་ལེགས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོ་སྤེལ་བའི་ཚིག་གི་ཕྲེང་བ་ཟླ་འོད་བདུད་རྩིའི་ཆར་པ་ལ་ནང་གསེས་སུ། མཆོག་གསུམ་ཀུན་འདུས་སོགས། ངེས་པར་ལེགས་པའི་སོགས། ཨོཾ་སྭ་སྟི་སིདྡྷི་རསྟུ། ཚེ་འོད་དཔག་མེད་སོགས། བདག་གཞན་དུས་གསུམ་སོགས། རྟག་བརྟན་ཡོངས་སུ་སོགས། སྤྱི་འགྲོ་ཁྱེར་བདེའི་བསྔོ་བ་ཡོན་བཤད་དང་བཅས་པ་སཱ་ལ་ཆེན་པོའི་ས་བོན། གསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ་ལ་ནང་གསེས་སུ། ཚད་མེད་བཞི་དང་སོགས། དུས་གསུམ་རྒྱལ་བ་སོགས། ཁ་སྦྱོར་སྐུ་ནི་སོགས། སྒྲིབ་བྲལ་རྣམས་ལ་སོགས། མཚན་ཙམ་ཐོས་པས་སོགས། ཞེན་ལོག་ངེས་འབྱུང་སོགས། སྨོན་ལམ་ཆེན་མོ་སོགས། རྒྱལ་བ་ཀུན་ལས་སོགས། སྲས་བཅས་རྒྱལ་བ་སོགས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་བོན། ལྟ་ན་སྡུག་པའི་ཞིང་གི་སྨོན་ལམ་རྣམ་པར་རྒྱལ་བའི་ལྗོན་ཤིང༌། ཇོ་ནང་བསྟན་འབར་མ། ཤམྦྷལའི་སྨོན་ལམ། ཡན་ལག་བདུན་པ་ཚིགས་སུ་བཅད་པ་བླ་མ་ལྔ་བཅུ་བའི་བསྡུས་དོན་སྨོན་ལམ་མདོ་སྔགས་ཀུན་གྱི་ཡང་སྙིང༌། བསྟན་པ་སྤྱིའི་སྨོན་ལམ་ཐར་པའི་གྲུ་ཆེན། རྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད། བདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ། སྐྱབས་གནས་དཀོན་མཆོག་སོགས། རྩ་གསུམ་ཀུན་འདུས་སོགས་ཁྱེད་ནི་རང་བྱུང་སོགས། རྒྱལ་ཀུན་སྤྱི་གཟུགས། ཐེག་ཆེན་རིགས་སད་སོགས། བསླུ་མེད་དཀོན་མཆོག་སོགས། བདག་ནི་འདི་བཟུང་སོགས། འདུན་དང་སྨོན་ལམ་སོགས། གཏེར་ཆེན་མཆོག་གླིང་ནས་གཏེར་ཚབ་འབུལ་རྒྱུའི་འདོད་གསོལ་སྨོན་ཚིག །ཏཱའི་སི་ཏུའི་སྐྱེས་རབས་དང་སྦྱར་བའི་ཤིས་བརྗོད་ཉིན་བྱེད་སྣང་བ། ཤིས་པ་བརྗོད་པའི་ཚིག་ཕྲེང་སེང་གེའི་སྒྲ་བཅས། ༼ཨ༽ རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་ཐར་རྒྱས་པ་ནོར་བུ་སྣ་ཚོགས་མདོག་ཅན། རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི། འདས་རྗེས་ཀྱི་རྣམ་ཐར་ངོ་མཚར་ནོར་བུའི་སྣང་བ་དང༌། རྒྱ་ཆེན་བཀའི་མཛོད་ཀྱི་དཀར་ཆག་མདོར་བསྡུས་ཟབ་རྒྱས་རྒྱ་མཚོ་མཐའ་ཡས་ལ་འཇུག་པའི་གྲུ་བོ། བླ་མ་བཀྲ་ཤིས་ཆོས་འཕེལ་གྱིས་མཛད་པ་བཅས་གླེགས་བམ་གྱི་ཕྲེང་བ་ཕྱོགས་ཀྱི་གྲངས་དང་ལྡན་པའི་བཀླག་ལུང་ཟབ་མོ་ལེགས་པར་ནོས་པའི་བརྒྱུད་པ་ལ་འདི་དག་ཏུ་བཞུགས་པའི་དབང་དང་རྗེས་གནང་རྒྱ་ཆེ་བའི་སྐོར་སྔ་འགྱུར་བཀའ་མ་དང༌། སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པར་བཞུགས་པས་དེ་རིགས་རྩ་བའི་ཐོབ་ཡུལ་འདིར། དྷཱིཿ རྟགས་ཅན་རྣམས་ལྟར་འཇམ་མགོན་མཁྱེན་བརྩེའི་རྣམ་རོལ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ་པས་བརྒྱུད་ཚུལ་རྒྱས་པ་དེ་དག་གི་ཐོབ་ཡིག་ཏུ་གསལ་ཞིང༌། དབང་ཕྲད་ཚེགས་སོ་སོར་མཆན་གསལ་ལྟར་དང༌། ཤྲཱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར། རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་ལས་བཀའ་དྲིན་དུ་ཐོབ། ཡང་ན་ཤྲཱི་རྟགས་ཅན་རྣམས་འཇམ་མགོན་གུ་ཎ་ས་མུདྲ། མཁན་ཆེན་མངྒལ་རསྨི། ཏཱ་ཡི་སི་ཏུ་ས་མནྟ་བྷདྲ། འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་ཞལ་སྔ་ནས་ཐོབ་པ་དང༌། གཞན་རྟགས་མེད་ཐམས་ཅད་ཤེས་བྱ་ཀུན་གཟིགས་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། བསླབ་གསུམ་མངའ་བདག་བླ་མ་རིན་པོ་ཆེ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་དུ་ཐོབ་པའོ། །འདས་བྱུང་རྣམ་ཐར་ངོ་མཚར་ནོར་བུའི་སྣང་བ་དང༌། དཀར་ཆག་ཟབ་རྒྱས་རྒྱ་མཚོ་མཐའ་ཡས་པར་འཇུག་པའི་གྲུ་བོ་གཉིས་ནི་མཛད་པ་པོ་མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ། དྲུང་རིན་པོ་ཆེ་ཆོས་ཀྱི་ཉིན་བྱེད། བླ་མ་རིན་པོ་ཆེ་ཀརྨ་འོད་གསལ་ལྷུན་གྲུབ་ལས་ཐོབ་པའོ། །ཟབ་རྒྱས་ཆོས་ཚུལ་ཡངས་པའི་ཆུ་གཏེར་གྱི། ཉིང་ཁུ་ལུང་རྟོགས་གདེང་ཅན་དབྱིག་གི་མཛོད། །དད་དང་ཐོས་བསམ་སྒོམ་པས་སྲུང་བྱས་ནས། །བསྟན་འགྲོའི་ལེགས་དགུའི་འདོད་པ་འཇོ་གྱུར་ཅིག །སརྦ་དཱ་མངྒ་ལམ། ༈ ན་མོ་མཉྫུ་ཤྲཱི་ཡེ། འདིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟེགས་ལྟ་བུ་མཛོད་ལྔའི་ཐོག་མ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་རྩ་བ་དང་འགྲེལ་ཆེན་གཉིས་ཏེ། རྩ་བའི་སྤྱི་དོན་ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་ཀྱི་མཚན་དང་མཆོད་བརྗོད་བརྩམ་པར་དམ་བཅའ་སྔོན་དུ་འགྲོ་བས། བར་དུ་དགེ་བ་གཞུང་གི་དོན་ལ་གདུལ་ཞིང་འཇིག་རྟེན་ཁམས། འདུལ་བྱེད་སྟོན་པ་སངས་རྒྱས། འདུལ་ཐབས་ཆོས་ཀྱི་འཁོར་ལོ། དེ་ཉིད་འཕགས་བོད་རྣམས་སུ་དར་ཚུལ། གཞི་རྟེན་ཚུལ་ཁྲིམས་རྣམ་གསུམ། དང་པོར་ཐོས་པ། བར་དུ་བསམ་པ། ཐ་མ་སྒོམ་པའི་རྣམ་བཞག །དེ་ལ་བརྟེན་ནས་ས་ལམ་བགྲོད་པ། མཐར་འབྲས་བུ་ལ་སྦྱོར་ཚུལ་བཅས་རྡོ་རྗེའི་གནས་ཆེན་པོ་བཅུ། དེ་རེ་རེ་ལའང་ནང་གསེས་ཀྱི་དབྱེ་བས་རྐང་པ་བཞི་བཞིར་ཡོད་པས་ཐེག་པ་ཆེ་ཆུང༌། སྔ་འགྱུར་འོད་གསལ་རྡོ་རྗེ་རྩེ་མོའི་དགོངས་པ་ཁྱད་པར་བ་རྣམས་ཀྱང་ཞར་ལ་རྟོགས་པར་བྱས་ཤིང༌། དེ་དག་བསྡུ་ན་གནས་ལྔ་པས་ལྷག་པ་ཚུལ་ཁྲིམས། དྲུག་པ་དང་བདུན་པས་ཤེས་རབ། བརྒྱད་པས་ཏིང་ངེ་འཛིན་གྱི་བསླབ་པ་གཙོར་བཏོན་ཞིང་གཞན་རྣམས་ནི་དེ་དག་གི་རྒྱུ་དང་འབྲས་བུའི་ཡན་ལག་ཏུ་འགྱུར། ཐ་མར་དགེ་བ་མཇུག་གི་དོན་ལ་བསྟན་བཅོས་ཀྱི་རང་བཞིན། དགོས་པ། བརྩམ་ཚུལ་སྨོན་ལམ་ཤིས་བརྗོད་ཀྱིས་རྩོམ་པ་མཐར་ཕྱིན་པ་རྩ་བའི་སྐོར། མདོར་བསྟན་དོན་བསྡུ། ཚིག་འགྲེལ་བཅས་ཀྱིས་རིམ་པ་བསྟན་པའི་དོན་རྒྱས་པར་བཀྲོལ་བ་འགྲེལ་ཆེན་ལ་པོད་གསུམ་བཞུགས་པ་རྩ་བའི་སྟེང་ནས་བཤད་ཁྲིད་ཞིབ་རྒྱས་སུ་བཀའ་དྲིན་ཐོབ་པ་ནི། མཛད་པ་པོ་ཤེས་བྱ་ཀུན་གཟིགས་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། ཐུགས་སྲས་མཁས་པའི་དབང་པོ་བླ་མ་བཀྲ་ཤིས་ཆོས་འཕེལ། འཇམ་པའི་རྡོ་རྗེ་བདག་ཅག་གི་འདྲེན་པར་བྱོན་པ་འཇམ་མགོན་ཆོས་ཀྱི་བློ་གྲོས་དཔལ་བཟང་པོའི་ཤྲཱི་ན་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཙུག་ལག་ཁང་གི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ལས་བརྩེ་བས་རྗེས་སུ་བཟུང་སྟེ་ལྗགས་བཤད་དུ་བཀའ་དྲིན་ཐོབ། ཡང་ན་རྩ་བ་དང༌། འགྲེལ་ཆེན་པོད་གསུམ་བཅས་མཛད་པ་པོ་འཇམ་མགོན་ཆོས་ཀྱི་རྒྱལ་པོ། མཁས་དབང་བཀྲ་ཤིས་ཆོས་འཕེལ། དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། སྒྲུབ་བརྩོན་དབང་པོ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་དུ་ཐོབ་པའོ། །དགེ་ལེགས་འཕེལ།། །།}} | ||
</onlyinclude> | </onlyinclude> |
Revision as of 13:40, 14 December 2022
འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀུན་གཟིགས་བློ་གྲོས་མཐའ་ཡས་པའི་སྡེའི་རྒྱ་ཆེན་བཀའ་ཡི་མཛོད་ཆེན་པོ་ལེགས་པར་ཐོབ་པའི་གཏམ་ཟབ་རྒྱས་རྒྱ་མཚོ་མི་ཟད་དཔལ་གྱི་སྣང་བ།
Wylie title | 'jam mgon chos kyi rgyal po kun gzigs blo gros mtha' yas pa'i sde'i rgya chen bka' yi mdzod chen po legs par thob pa'i gtam zab rgyas rgya mtsho mi zad dpal gyi snang ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 25, Text 3, Pages 30-55 (Folios 1a to 26a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. 'jam mgon chos kyi rgyal po kun gzigs blo gros mtha' yas pa'i sde'i rgya chen bka' yi mdzod chen po legs par thob pa'i gtam zab rgyas rgya mtsho mi zad dpal gyi snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 30-55. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig |