DKR-KABUM-22-ZA-021: Difference between revisions
No edit summary |
No edit summary |
||
Line 24: | Line 24: | ||
|rectonotes=mdo byang | |rectonotes=mdo byang | ||
|versonotes=gnas yig | |versonotes=gnas yig | ||
|colophontib=ཅེས་པའང་རང་བྱུང་སངས་རྒྱས་དཔལ་ལྡན་པདྨ་ལས་འཁྲུངས་ཁྱབ་བདག་ འཇམ་དཔལ་རྡོ་རྗེའི་སྒྱུ་འཕྲུལ་བཀོད་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མས་དགྱེས་པའི་གསུང་གི་སྐབས་ཕྱེ་ཞིང་། ཉེ་གནས་འབྲོང་སྤྲུལ་ངག་དབང་བློ་གྲོས་ཕྲིན་ལས་མཆོག་གྲུབ་དང་། སྒྲུབ་བརྩོན་རྟོགས་ལྡན་ཕྲིན་ལས་བློ་གྲོས་ཟུངནས། རྟེན་འབྲེལ་ལྷ་རྫས་ཀྱི་སྐྱེས་དང་བཅས་བསྐུལ་ངོར་སྔགས་བཙུན་པདྨ་མདོ་སྔགས་གླིང་པས་བྲིས་པ་ཕན་བདེའི་དགེ་མཚན་དཔལ་དུ་འབྱུང་བས་འཇིག་རྟེན་གསུམན་མཛེས་པའི་རྟེན་འབྱུང་གི་དཔལ་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། | |||
|colophonwylie=ces pa'ang rang byung sangs rgyas dpal ldan pad+ma las 'khrungs khyab bdag _'jam dpal rdo rje'i sgyu 'phrul bkod pa'i mchog gi sprul pa'i sku rin po che mdo khams pa skal bzang don brgyud nyi mas dgyes pa'i gsung gi skabs phye zhing /_nye gnas 'brong sprul ngag dbang blo gros phrin las mchog grub dang /_sgrub brtson rtogs ldan phrin las blo gros zunganas/_rten 'brel lha rdzas kyi skyes dang bcas bskul ngor sngags btsun pad+ma mdo sngags gling pas bris pa phan bde'i dge mtshan dpal du 'byung bas 'jig rten gsuman mdzes pa'i rten 'byung gi dpal du smon pa bzhin 'grub par gyur cig | |||
|pdflink=File:DKR-KABUM-22-ZA-021.pdf | |pdflink=File:DKR-KABUM-22-ZA-021.pdf | ||
}} | }} | ||
Line 29: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ འོད་གསལ་རང་བྱུང་བདེ་ཆེན་རྩལ༔ སྐུ་གསུམ་ཞིང་གི་རྟེན་བརྟེན་པ༔ ཆོས་ཀྱི་དབྱིངས་དང་མཉམ་པ་ནི༔ ༉ ཀུན་ཏུ་སྣང་ཞིང་བཀོད་པ་ནི༔ བྱེ་བྲག་འཛམ་གླིང་ཡུལ་གྱི་ཆར༔ གསང་སྔགས་བསྟན་པ་འབྱུང་བའི་གནས༔ ཉེར་བཞིའི་ཡུལ་དང་སོ་གཉིས་ཞིང་༔ དུར་ཁྲོད་ཆེན་པོ་བརྒྱད་ལ་ སོགས༔ བཀོད་པའི་ཞིང་དང་དེར་གནས་པའི༔ དཔའ་བོ་ཌཱཀི་གཙོ་དང་འཁོར༔ འབུམ་ཕྲག་ཡངས་པའི་བཀོད་པ་ནི༔ རི་རབ་སོ་གཉིས་རྡུལ་མཉམ་པ༔ རྟག་ཏུ་བཞུགས་ ནས་དུས་སུ་འདུ༔ ཚོགས་ཀྱི་འཁོར་ལོ་ལོངས་སྤྱོད་པའི༔ — བཀོད་པ་ཆེན་པོའི་ཆོ་འཕྲུལ་ནི༔ སྣ་ཚོགས་ཉིད་དུ་སྣང་བ་ཡིན༔ — གདུལ་བྱའི་དབང་པོའི་ཁྱད་པར་བཞིན༔ རང་བྱུང་ཉིད་དུ་སྣང་བ་ཡིན༔ ཐུན་མོང་ཁྱད་པར་ཕྲིན་ལས་ཀྱིས༔ ཐར་གྲོལ་ཕན་བདེའི་དཔལ་སྟེར་བ༔ སངས་རྒྱས་ཉིད་ཀྱི་ཁྱད་ཆོས་ཕྱིར༔ འཕགས་པའི་ཡུལ་དབུས་དབང་གི་ # ཕྱོགས༔ སྨན་ཤིང་རི་བྲག་བཀོད་པ་ཡི༔ ཡུལ་གྱི་དགེ་བཅུ་ལྷུན་གྲུབ་པའི༔ དཔལ་དང་ལྡན་པའི་གནས་འདི་ཡང་༔ བདེ་བ་ཆེན་པོ་ཧེ་རུ་ཀ༔ རྒྱལ་བ་རྟག་པའི་རིགས་ཆེན་པོའི༔ ཞི་ཁྲོ་རྣམ་པར་རོལ་པའི་ལྷ༔ འཇམ་དཔལ་དབྱངས་ཀྱི་དཀྱིལ་འཁོར་ཏེ༔ སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི༔ ཆོས་དབྱིངས་གསུང་གི་དབང་ཕྱུག་ཆེའི༔ འཁོར་ལོ་ལྷུན་ གྱིས་རྫོགས་པ་ཡིས༔ ཡེ་ཤེས་ཆེན་པོའི་ཞིང་དུ་གྲུབ༔ རང་བྱུང་ཧེ་རུ་ཀ་ཆེན་པོའི༔ སྐུ་གསུང་ཐུགས་དང་ཡོན་ཏན་གྱི༔ ཕྲིན་ལས་གནས་ལྔའི་འཁོར་ལོ་ལྔར༔ སྐུ་ཡི་དབང་ ཕྱག་གསུང་རྡོ་རྗེ༔ ཡེ་ཤེས་སེམས་དཔའ་རིན་ཆེན་ཉི༔ དོན་ཡོད་རྟ་ཡི་རྒྱལ་པོ་ཡི༔ རིགས་ཀྱི་ཚོམ་བུ་སྤྲོ་བསྡུའི་དལ༔ ལྷུན་གྱིས་གྲུབ་པའི་ཆོ་འཕྲུལ་ལས༔ རང་བྱུང་རང་ ཤར་བཀོད་པ་ཆེའི༔ ཇི་སྙེད་སངས་རྒྱས་བྱང་སེམས་དང༔ ཡི་དམ་དཔའ་བོ་རྣལ་འབྱོར་མ༔ — རྡོ་རྗེའི་ཆོས་སྲུང་རབ་འབྱམས་ཀྱི༔ གྲོང་ཁྱེར་གདོད་ནས་ལྷུན་གྲུབ་པ༔ དད་མོས་གུས་པའི་རྟེན་འབྱུང་གིས༔ རྗེས་སུ་བསྐུལ་བས་ཆུ་ཟླ་བཞིན༔ མ་འགག་རོལ་པ་སྣ་ཚོགས་སྟོན༔ སངས་རྒྱས་ཕྲིན་ལས་རྨད་པོ་ཆེ༔ གདུལ་བྱའི་ཆེད་དུ་སྣང་བ་ཡིན༔ ཐུགས་རྗེ་ཡུལ་ལ་འཇུག་པའི་མཐུ༔ ཤེས་པས་དད་མོས་ངེས་ཤེས་ཀྱིས༔ ཕྱག་བསྐོར་མཆོད་པའི་གནས་བཟུང་ན༔ གནས་སྐབས་ནད་གདོན་བར་ཆད་སེལ༔ ཚེ་འཕྲང་བྱད་ཕུར་རྦོད་གཏོང་ཞི༔ བསོད་ནམས་དཔལ་འབྱོར་སྙན་དང་གྲགས༔ མངའ་ཐང་སྟོབས་འབྱོར་རླུང་རྟ་དར༔ བཀྲ་ཤིས་བདེ་ལེགས་དཔལ་ཡོན་ཀུན༔ དབང་འབྱོར་ཕྲིན་ལས་འབད་མེད་འགྲུབ༔ བདུད་དགྲ་དམ་སྲིའི་སྟོབས་བཅོམ་སྟེ༔ ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་འགྱུར༔ མཐར་ཐུག་འཇམ་དཔལ་དཔའ་བོ་ཡི༔ གོ་འཕང་བརྙེས་པ་གདོན་མི་ཟ༔ རྩེ་གཅིག་བསྒྲབས་པས་ཉམས་རྟོགས་འཕེལ༔ དངོས་གྲུབ་དཀའ་བ་མེད་ཐོབ་འགྱུར༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེའི་ ཞིང་དང་སྐའི༔ ཁྱབ་བདག་མཉྫུ་ཤྲཱི་ཆེའི༔ བྱིན་རླབས་རིག་པའི་རྩལ་ཤར་བཞིན༔ བྲིས་འདི་ཕན་བདེའི་བཙས་གྱུར་ཅིག༔ ཅེས་པའང་རང་བྱུང་སངས་རྒྱས་དཔལ་ལྡན་པདྨ་ལས་འཁྲུངས་ཁྱབ་བདག་ འཇམ་དཔལ་རྡོ་རྗེའི་སྒྱུ་འཕྲུལ་བཀོད་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མས་དགྱེས་པའི་གསུང་གི་སྐབས་ཕྱེ་ཞིང་། ཉེ་གནས་འབྲོང་སྤྲུལ་ངག་དབང་བློ་གྲོས་ཕྲིན་ལས་མཆོག་གྲུབ་དང་། སྒྲུབ་བརྩོན་རྟོགས་ལྡན་ཕྲིན་ལས་བློ་གྲོས་ཟུངནས། རྟེན་འབྲེལ་ལྷ་རྫས་ཀྱི་སྐྱེས་དང་བཅས་བསྐུལ་ངོར་སྔགས་བཙུན་པདྨ་མདོ་སྔགས་གླིང་པས་བྲིས་པ་ཕན་བདེའི་དགེ་མཚན་དཔལ་དུ་འབྱུང་བས་འཇིག་རྟེན་གསུམན་མཛེས་པའི་རྟེན་འབྱུང་གི་དཔལ་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། །། }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 17:52, 13 December 2022
Wylie title | bkra shis ljongs kyi gnas yig /rtsa gsum lha la phyag 'tshal sogs | |
---|---|---|
Location | dil mgo mkhyen brtse bka' 'bum Volume ', Text 21', Pages 189-190 (Folios 1a1 to 2a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ག་གྱུར་གླིང་པ་ (Khyentse, Dilgo) | |
Citation | Khyentse, Dilgo. Bkra shis ljongs kyi gnas yig rtsa gsum lha la phyag 'tshal sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 189-190. Delhi: Shechen Publications, 1994. | |
Genre | Pilgrimage Guides - gnas yig | |
Karchag page | <ul><li>"]]dkarchagpage::+" is not a number.</li> <!--br--><li>Some use of "" in your query was not closed by a matching "".</li></ul> | |
Colophon |
ཅེས་པའང་རང་བྱུང་སངས་རྒྱས་དཔལ་ལྡན་པདྨ་ལས་འཁྲུངས་ཁྱབ་བདག་ འཇམ་དཔལ་རྡོ་རྗེའི་སྒྱུ་འཕྲུལ་བཀོད་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མས་དགྱེས་པའི་གསུང་གི་སྐབས་ཕྱེ་ཞིང་། ཉེ་གནས་འབྲོང་སྤྲུལ་ངག་དབང་བློ་གྲོས་ཕྲིན་ལས་མཆོག་གྲུབ་དང་། སྒྲུབ་བརྩོན་རྟོགས་ལྡན་ཕྲིན་ལས་བློ་གྲོས་ཟུངནས། རྟེན་འབྲེལ་ལྷ་རྫས་ཀྱི་སྐྱེས་དང་བཅས་བསྐུལ་ངོར་སྔགས་བཙུན་པདྨ་མདོ་སྔགས་གླིང་པས་བྲིས་པ་ཕན་བདེའི་དགེ་མཚན་དཔལ་དུ་འབྱུང་བས་འཇིག་རྟེན་གསུམན་མཛེས་པའི་རྟེན་འབྱུང་གི་དཔལ་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། | |
ces pa'ang rang byung sangs rgyas dpal ldan pad+ma las 'khrungs khyab bdag _'jam dpal rdo rje'i sgyu 'phrul bkod pa'i mchog gi sprul pa'i sku rin po che mdo khams pa skal bzang don brgyud nyi mas dgyes pa'i gsung gi skabs phye zhing /_nye gnas 'brong sprul ngag dbang blo gros phrin las mchog grub dang /_sgrub brtson rtogs ldan phrin las blo gros zunganas/_rten 'brel lha rdzas kyi skyes dang bcas bskul ngor sngags btsun pad+ma mdo sngags gling pas bris pa phan bde'i dge mtshan dpal du 'byung bas 'jig rten gsuman mdzes pa'i rten 'byung gi dpal du smon pa bzhin 'grub par gyur cig |