DKR-KABUM-15-BA-008: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྔ་འགྱུར་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་བསྟན་པ་རྒྱས་པའི་སྨོན་ལམ་རྡོ་རྗེའི་གསུང་གི་འགྲེལ་པ་དགེ་མཚན་ལྷ་ཡི་རྔ་ཆེན། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 15: . Delhi: Shechen Publications, 1994. | |fulltitle=snga 'gyur bka' gter shing rta'i lam srol chos kyi rgyal po smin gling pa'i bstan pa rgyas pa'i smon lam rdo rje'i gsung gi 'grel pa dge mtshan lha yi rnga chen | ||
|citation=[[Khyentse, Dilgo]]. ''Snga 'gyur bka' gter shing rta'i lam srol chos kyi rgyal po smin gling pa'i bstan pa rgyas pa'i smon lam rdo rje'i gsung gi 'grel pa dge mtshan lha yi rnga chen''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 15: 312-320. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |sourceauthor=Gter bdag gling pa 'gyur med rdo rje | ||
|sourceauthortib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ | |||
| | |tibgenre=Commentaries - 'grel pa, Prayers - smon lam | ||
|tibgenre= | |||
|terma=No | |terma=No | ||
|dkroutline=Five | |dkroutline=Five | ||
|language=Tibetan | |language=Tibetan | ||
|volumenumber=015 | |volumenumber=015 | ||
|volnumtib=༡༥ | |volnumtib=༡༥ | ||
|volyigtib=བ་ | |volyigtib=བ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=008 | |||
|pagenumbers=312-320 | |||
|totalpages=17 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=9a4 | ||
|totalfolios=9 | |||
|multivolumework=No | |||
|rectonotes='grel pa | |||
|versonotes=smin gling bstan rgyas smon lam | |||
|colophontib=།ཅེས་པའང་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁོ་ཆེན་སྤྲུལ་པའི་སྐུ་འགྱུར་མེད་མདོ་རྒྱུད་རྒྱ་མཚོས་ལྷ་རྫས་རབ་དཀར་རིན་ཆེན་གཉིས་པའི་འཁོར་ལོ་བཅུ་ཕྲག་ལམ་ལྔའི་གྲངས་ལྡན་གྱི་རྟེན་བཅས་བཀའི་གླིང་བུས་བསྐུལ་བ་བཞིན་མདོ་ཁམས་ཞེ་ཆེན་པའི་སློབ་གྲལ་གྱི་ཐ་ཆུང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་འབྲུག་ཆོས་རྒྱལ་ཆེན་པོའི་མངའ་རིས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་གི་ཞོལ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་དད་དང་ལྷག་བསམ་བཟང་པོས་བྲིས་པས་ངེས་གསང་བསྟན་པའི་རྒྱལ་མཚན་ནམ་ཡང་མི་ནུབ་པར་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག །། | |||
|colophonwylie=/ces pa'ang gangs ri'i khrod kyi pad+ma 'od 'og min o rgyan smin grol gling gi mkho chen sprul pa'i sku 'gyur med mdo rgyud rgya mtshos lha rdzas rab dkar rin chen gnyis pa'i 'khor lo bcu phrag lam lnga'i grangs ldan gyi rten bcas bka'i gling bus bskul ba bzhin mdo khams zhe chen pa'i slob gral gyi tha chung 'gyur med theg mchog bstan pa'i rgyal mtshan gyis lho 'brug chos rgyal chen po'i mnga' ris spa gro skyer chu'i gtsug lag khang gi zhol phun tshogs bkra shis dga' 'khyil du dad dang lhag bsam bzang pos bris pas nges gsang bstan pa'i rgyal mtshan nam yang mi nub par brtan pa'i rten 'byung du gyur cig_// | |||
|pdflink=File:DKR-KABUM-15-BA-008.pdf | |pdflink=File:DKR-KABUM-15-BA-008.pdf | ||
}} | }} | ||
Line 34: | Line 37: | ||
<onlyinclude> | <onlyinclude> | ||
{{TibP|༄༅། སྔ་འགྱུར་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་བསྟན་པ་རྒྱས་པའི་སྨོན་ལམ་རྡོ་རྗེའི་གསུང་གི་འགྲེལ་པ་དགེ་མཚན་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། སྔ་འགྱུར་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་བསྟན་པ་རྒྱས་པའི་སྨོན་ལམ་རྡོ་རྗེའི་གསུང་གི་འགྲེལ་པ་དགེ་མཚན་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། ཨོཾ་སྭསྟི། །འགྱུརྃ་མེདྃ་བདེ་ཆེན་སྒྱུ་འཕྲུལ་རྡོྃ་རྗེྃ་སེམས། །ཀུན་ཁྱབ་ཐུགས་རྗེ་བདུད་རྩིའི་སྤྲིན་གཡོས་པས། །བཀའ་གཏེར་རྒྱ་མཚོའི་གཉེན་གཅིག་གཏེར་ཆེན་རྗེ། །ཚེ་རབས་ཀུན་ཏུ་སྙིང་གི་ཟེའུ་འབྲུར་བསྙེན། །མཁས་པའི་རྣམ་དཔྱོད་གྲུབ་པའི་དགོངས་རྩལ་གྱིས། །གསང་དོན་འབྱེད་པའི་སྤོབས་པ་ཕྲ་ན་ཡང༌། །དད་བརྒྱས་ཉེ་བར་ལེན་པས་རྡོ་རྗེའི་གསུང༌། །ཆ་ཙམ་འཆད་ལ་སྤྲོ་བའི་པདྨོ་འཛུམ། །ཞེས་མཆོད་པར་བརྗོད་པས་ལམ་ཡངས་པོར་བྱས་ཏེ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཞེས་ཁམས་གསུམ་སྐྱེ་དགུའི་མཆོད་སྡོང་ཕྱག་ན་པདྨོ་རྒྱལ་དབང་ལྔ་པ་ཆེན་པོའི་མཚན་གྱིས་དྲིལ་བསྒྲགས་པའི་ངེས་གསང་ཆོས་ཀྱི་ཆུ་གཏེར་ཆེན་པོ་དེ་དར་རྒྱས་འབྱུང་བའི་རྡོ་རྗེའི་བདེན་སྨོན་གྱི་དོན་ཅུང་ཟད་འཆད་པ་ལ། དེ་ཡང་སངས་རྒྱས་རྣམས་མི་སློབ་འབྲས་བུའི་གོ་འཕང་མངོན་དུ་མཛད་པའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྒྲོན་མེའི་སྤྲིན་ཕུན་ཚོགས་ངེས་པ་ལྔ་ལྡན་དུ་བཀོད་པ་ལས་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སྤྲུལ་གཞི་ནི་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཡེ་ཤེས་གངས་ཆེན་མཚོ་སྐུའི་བ་སྤུའི་ཁུང་བུ་རེ་རེའང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ཀྱི་བཀོད་པ་དང་ལྡན་ན་གཞན་ལྟ་ཅི་སྨོས་ཏེ་ཞིང་ཁམས་རབ་འབྱམས་སྐུ་གཅིག་ལ་རྫོགས་པ་དང༌། རྡུལ་གཅིག་གི་སྟེང་ན་རྡུལ་གྲངས་མེད་སྙེད་ཀྱི་ཞིང་ཡང་སྣང་ཞིང༌། སྐུ་གཅིག་ལ་སྐུ་རབ་འབྱམས་རྒྱ་མཚོ་འདུ་བ་དང༌། སྐུ་རེ་རེས་ཀྱང་སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོར་ཁྱབ་པར་སྣང་བ་སོགས་སྤྱོད་ཡུལ་ལས་འདས་པའི་ཆོ་འཕྲུལ་ཆེན་པོར་བཞུགས་ཏེ་དེ་དག་གི་རྣམ་ཐར་བཀོད་པའི་དཔལ་གྱི་ཡོན་ཏན་ནི་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལས་ས་བཅུའི་དབང་ཕྱུག་གིས་འཆད་པར་མི་ནུས་ཀྱང༌། མདོ་རྒྱུད་ཀྱི་ཁུངས་ཀྱི་རྗེས་སུ་འབྲངས་ནས་འཆད་ན་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་དེའི་ཕྱག་མཐིལ་གྱི་རྡུལ་ཕྲན་གཅིག་གི་ནང་དུ་འཇིག་རྟེན་ཁམས་རྒྱ་མཚོ་དེ་བཞིན་གཤེགས་པའི་ཕྱག་མཐིལ་སྙིང་པོ་རབ་ཏུ་གནས་པ་ཞེས་བྱ་བར། སྟོན་པའང་ཡེ་ཤེས་གངས་ཆེན་མཚོ་ཉིད་དུ་བསྟན་ཏེ་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པ་གསུང་པ་དེའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་ཤིན་ཏུ་མང་པོའི་དབུས་སུ་སངས་རྒྱས་རྣམ་སྣང་སྤྲུལ་སྐུའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་དེའི་ཁོར་ཡུག་ནང་དུ་གངས་ཆེན་མཚོའི་དབྱིངས་ཀྱི་སྤོས་ཆུའི་རྒྱ་མཚོ་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ཀྱི་དབུས་སུ་སྤོས་ཆུའི་རྒྱ་མཚོའི་ཟེ་བ་ཡིད་འོང་ལ་གནས་པའི་ནོར་བུའི་པདྨ་ཆེན་པོ་ཡིས་བརྟེན་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པ་དེའི་བཅུ་གསུམ་པ་མི་མཇེད་ཅེས་གྲགས་པ་སྟོང་གསུམ་གྱི་འཇིག་རྟེན་འདི་ཡིན་ཞིང༌། འདི་ལའང་ཕྱོགས་མཚམས་སྟེང་འོག་ཏུ་ཁེབས་ལྡན་སོགས་སངས་རྒྱས་ཀྱི་ཞིང་རྡུལ་བཅུ་གསུམ་གྲངས་སྙེད་ཀྱིས་ཀུན་ནས་བསྐོར་ཞིང༌། ཞིང་དེ་དག་ཏུ་ལོངས་སྐུ་རྣམ་པར་སྣང་མཛད་ཆེན་པོ་ལས་སྤྲུལ་པ། གཙང་མའི་གནས་ཀྱི་འོག་མིན་དུ་ཁྱབ་པར་བཞུགས་ཤིང་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཆོས་སྟོན་པར་མཛད་པའི་སྤྲུལ་པ་རྒྱ་ཆེན་པོ་ཞིག་སྟེ། མི་མཇེད་དེའི་དབུས་སུ་ཚུད་པའི་གླིང་བཞི་པའི་འཇིག་རྟེན་འདི་བཅོམ་པ་དང་ལྡན་པ་ཞེས་གྲགས། འདི་ཁོ་ན་ལའང་འདབས་ཆག་པའི་ཤིན་ཏུ་སྲུང་ལེགས་དང་ཞིང་བཅུའི་བསྐོར་བ་ཆགས་འཇིག་དུས་མཉམ་དུ་བྱེད་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་སྤྱིར་སྨོས་པ་སྟེ། ཞིང་དེ་དག་ཏུ་འདུལ་བྱེད་ཀྱི་སྟོན་པ་དུ་མ་ཞིག་མཆིས་པ་ལས། ད་ལྟ་བདག་ཅག་གི་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་འདི་ཉིད་ལ། སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་སྐྱོང་བའི་སྐྱེས་བུ་བསམ་མི་ཁྱབ་པར་བྱོན་པའི་ནང་ནས། རྗེ་འདི་ནི་གབ་རྒྱ་ཅན་གྱི་ལུང་བསྟན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡང༔ ཁམས་གསུམ་འགྲོ་བ་འདྲེན་པའི་རྡོ་རྗེ་ཆོས༔ ཤཱཀ་ཐུབ་ཉེ་གནས་ཨཱནནྟ་ཞེས་དང༔ རྒྱལ་པོ་ཛཿདང་ཤནྟིཾ་གྷརྦྷ་དང༔ བོད་འདིར་སམྦྷོ་ཊ་སོགས་དག་པ་ཡི༔ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔ སྐྱེ་ཚུལ་བརྗོད་དུ་ཡོད་པའི་གནས་མ་ཡིན༔ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིས༔ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པས༔ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་བ་ཡིན༔ ཁྱོད་ཀྱང་ཤྲཱི་སེང་ཧ་ཡེ་ཤེས་མདོ༔ པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནས༔ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པས༔ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔ མཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔ དབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིང༔ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔ པདྨ་བདག་གི་ཟབ་གཏེར་བདག་པོ་དང༔ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ན༔ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ ཞེས་གསུངས་པ་ལྟར་གསང་བདག་རྡོ་རྗེ་ཆོས་ནས་སྲིན་པོ་ཆོས་ཀྱི་གོ་ཆའི་བར་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ གསུམ་མཛད་པ་ལ་མཁས་བཙུན་བཟང་གྲུབ་ཀྱི་རྣམ་ཐར་མཚུངས་ཟླ་མེད་པར་བྱོན་ནས་བཀའ་གཏེར་སྨིན་གྲོལ་རྒྱ་མཚོའི་ཤིང་རྟ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ཞེས་མཚན་མཆོག་ལྷ་ཡི་རྔ་སྒྲ་འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་དེའི་མཚན་དཔེའི་ཉིན་བྱེད་གཡོ་རུ་གྲྭ་ཡི་གནས་སུ་བཞད། ཐུགས་བསྐྱེད་དོན་ཡོད་ཞགས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཀུན་ནས་འཁྱུད་པས་གངས་ཅན་རྫོགས་ལྡན་དང་པོའི་སྐལ་བཟང་ལ་བཀོད་པའི་ཚེ། སངས་རྒྱས་པདྨའི་སྙིང་པོ་དགྱེས་པའི་འཛུམ་ཟེར་གྱིས་རིག་པ་འཛིན་དབང་མཆོག་གི་མཁྱེན་བརྩེའི་ཡེ་ཤེས་ཀྱི་འདབ་རྒྱ་མཛེས་པར་གྲོལ་བའི་ཕྲིན་ལས་ཀྱི་གཙོ་བོ་ནི་ཟབ་གཏེར་ལུང་བྱང་ལས། ཁྱད་པར་གཡོ་རུ་གཙང་མའི་སར༔ ཚོམ་བུ་གཅིག་ཏུ་འདུས་པའི་སྡེ༔ མ་འོངས་བསྟན་པ་ཆེས་འཕེལ་ནས༔ བོད་ཀྱི་བདེ་སྐྱིད་དགུང་དུ་འདེགས༔ ཞེས་གསལ་བར་ལུང་བསྟན་པ་བཞིན། བོད་ཡུལ་དབུས་ཀྱི་འཛིན་མའི་ཐིག་ལེའི་སྃ་ཡི་བྱེ་བྲག་ལྃ། འོག་མིན་གསང་མཆོག་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བཀོད་ནས་སྔ་འགྱུར་ཆུ་བོ་བཞི་ཡི་བགྲོད་པ་རྒྱུན་མི་ཆད་པས་གཡས་སུ་བསྐོར་ཞིང༌། ལུང་རྟོགས་མ་དྲོས་པའི་ཆུ་གཏེར་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་འཁྱིལ་ནས། མཁས་གྲུབ་རིག་འཛིན་གྱི་སྐྱེས་བུ་ཀླུ་དབང་དུ་མས་ཅི་དགར་རྩེན་པའི་གནས་གང་ནི། འཛམ་གླིང་བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་ཕན་བདེ་མི་ཟད་པའི་ཉེར་འཚོར་གྲུབ་པས། ནང་གི་ཡེ་ཤེས་ཟབ་མོ་མངོན་སུམ་གཟིགས་པའི་རྡོ་རྗེའི་སྤྱན་དང་ལྡན་པའི་དག་པའི་སྣང་ཆར་རང་སྣང་ཡེ་ཤེས་ཀྱི་འཁོར་ལོར་ལོངས་སུ་སྤྱོད་པའི་རྡོ་རྗེའི་འོྃག་མིནྃ་ཆེན་པོ་སྟེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཞིང་བྱང་ཆུབ་སེམས་དཔའ་ཚངས་པ་རལ་པ་ཅན་གྱི་སྣོད་བཅུད་དག་པར་གཟིགས་པ་དོན་གྱི་གནས་སྣང་གཉིས་ཀ་དེ་བཞིན་ཡིན་པ་དེ་བཞིན་གཤེགས་པས་ཤཱ་རིའི་བུ་ལ་བཀའ་བསྩལ་བ་ལྟར་ཏེ། རྡོ་རྗེ་ཐེག་པ་ལྟ་སྒོམ་ཟབ་མོའི་དབང་དུ་བྱས་ན་སྣོད་བཅུད་ཐམས་ཅད་མཁའ་མཉམ་རྡོ་རྗེ་སྙིང་པོའི་ཞིང་དུ་གསུངས་པས་གཙུག་ལག་ཁང་འདི་ལ་འོག་མིན་གྱི་སྒྲ་སྦྱར་ན་ཁྱད་པར་གྱི་ཆོས་སུ་ཅི་འགྱུར་སྙམ་ན་ཁྱད་པར་ཆེ་སྟེ། གོང་དུ་སྨོས་པ་ལྟར་ལོ་ཙཱ་ཆེན་པོ་འཇིག་རྟེན་མིག་གཅིག་གིས་བོད་ཡུལ་གྱི་གདུལ་བྱ་དུས་གསུམ་ཀུན་ཏུ་ཡལ་བར་མི་འདོར་བས་བསམ་བཞིན་སྲིད་པར་བཟུང་བའི་རྡོ་རྗེ་རིག་འཛིན་ཆེན་པོ་གང༌། རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་མེ་རོ་གསོ་བའི་ཐུགས་བསྐྱེད་དུས་སུ་བབ་སྟེ་བཀའ་གཏེར་རིས་མེད་ཀྱི་ཡོངས་འཛིན་ཉི་ཤུ་རྩ་ལྔ་བསྟེན་ནས། སྡོམ་པ་གསུམ་གྱི་བཅས་ཁྲིམས། གསན་བསམ་སྒོམ་གསུམ་གྱི་རྣམ་ཐར་ཡོངས་སུ་རྫོགས་པའི་མཐུས་སློབ་དཔོན་སངས་རྒྱས་གཉིས་པས་ལུང་བསྟན་པའི་གནས་མཆོག་ཏུ་ཞབས་ཀྱི་པདྨོ་བཀོད་པ་དང་ཆབས་ཅིག་གནས་དེའི་ལྷོ་ནུབ་ནས་མཚོ་སྐྱེས་རིག་འཛིན་དབང་པོའི་དགྱེས་པའི་འཛུམ་ཞལ་མངོན་སུམ་དུ་བསྟན་ཅིང༌། གཡས་གཡོན་གྱི་ཕྱོགས་སུ་ཌཱ་ཀི་དཀར་སྔོན་གཉིས་དང་བཅས་པས་བརྡ་ཡིས་ལུང་བསྟན་པ་བཞིན་དབུས་ཀྱི་ས་འཛིན་དུ་དགེ་འདུན་འདུས་པའི་སྡེ་ས་ལ་སྤྱོད་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཉིད་བཙུགས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་གི་རྒྱུན་བཤད་སྒྲུབ་ལས་གསུམ་གྱིས་སྤེལ་བ་དང༌། ཌཱ་ཀི་དཀར་སྔོན་བཞུགས་ཕྱོགས་སུ་བསྟན་སྲུང་ཞིང་སྐྱོང་མ་མོ་དང༌། བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་རྟེན་མདོས་བཙུགས་ནས་རྗེ་ཉིད་ཀྱི་ཁྲི་བརྒྱུད་རྡོ་རྗེ་འཛིན་པས་བཀའ་གཏེར་གྱི་བསྟན་པའི་རྒྱུན་བསྐྱངས། མཁན་ཆེན་ལོ་ཙཱ་བ་དྷརྨཱ་ཤྲཱིའི་བསྟན་རྩ་གཞི་གསུམ། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་སྲོལ་བཏོད་པས་སྐུ་གསུང་ཐུགས་ཀྱི་སྲས་བརྒྱུད་དང་སློབ་བརྒྱུད་ཀྱི་རིམ་པ། འགྲོ་དོན་ནུས་པ་སུམ་ཅུ་སོ་ལྔ། རང་དོན་ཐུབ་པ་བརྒྱ་རྩ་བརྒྱད། ཆོས་ཀྱི་འབྲེལ་བ་སྟོང་ཚོ། སྨོན་ལམ་གྱི་འབྲེལ་བ་ཁྲི་ཚོ་ལྔ། ལས་ཀྱི་འབྲེལ་བ་དྲུག་ཅུ་རྩ་བདུན། གདུགས་ཐོག་བདུན་དང་མི་ཆེན་གསུམ་གྱིས་ཕྲིན་ལས་ཀྱི་སྒོ་སྤེལ་བ་གཏེར་ལུང་ནས་གསུངས་པ་ལྟར་སྒྲ་ཇི་བཞིན་མངོན་དུ་གྱུར་ཏེ་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་རྒྱུད་བཤད་དང་བཅས་པ། གཏེར་ཁ་གོང་འོག་གིས་མཚོན་པའི་ཟབ་གཏེར་ལས་བྱོན་པའི་བླ་རྫོགས་ཐུགས་གསུམ་གྱི་སྨིན་གྲོལ་གྱི་རྒྱུན་དང་བསྙེན་སྒྲུབ་ལས་སྦྱོར་གྱི་ཕྱག་བཞེས་གཙོས་ངེས་གསང་བསྟན་པའི་སྲོག་ཤིང་སྙིང་ལྟ་བུ་རྣམས་ལ་གསན་བསམ་སྒོམ་གསུམ་གྱིས་དབང་བཞིའི་རྟོགས་པ་མངོན་དུ་གྱུར་ཏེ་སངས་རྒྱས་ཀུན་གྱི་གསང་བ་འཛིན་པའི་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དངོས་སུ་གྱུར་ཏེ། སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་བཤད་སྒྲུབ་ཀྱིས་དུས་འདའ་བའི་རིག་པ་འཛིན་པའི་དགེ་འདུན་སུམ་བརྒྱར་ཉེ་བ་ལ་གནས་མལ། རྟེན་གསུམ་མཆོད་ཆ་དུས་བཞིའི་སྒྲུབ་མཆོད་ཀྱི་ཡོ་བྱད། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་འཕགས། ཁྱད་པར་རྒྱུད་ལུང་མན་ངག་གི་ཟབ་གནད་གཅིག་ཏུ་དྲིལ། འཐོར་བ་བསྡུས། གཅུས་པ་བསྲངས། གབ་པ་མངོན་ཕྱུང་གི་རྡོ་རྗེའི་གསུང་གི་གསང་བ་པོད་བཅུ་བཞིར་ལོང་བ་རྒྱལ་སྲས་པད་འགྱུར་གྱི་དཀར་ཆག་ལྟར་དང༌། དུས་བབ་ཀྱི་ཟབ་ཆོས་རིག་འཛིན་ཐུགས་ཐིག །གཤིན་རྗེ་དྲེགས་འཇོམས། རྡོར་སེམས་ཨ་ཏིའི་སྐོར། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་རྩ་བ་ཡན་ལག་དང་བཅས་པ་སྤྱན་དྲངས་ནས་སྨིན་གྲོལ་ཟབ་མོའི་གསང་མཛོད་ཀྱི་སྒོ་འཕར་ཕྱེས་ནས་ལས་ཅན་དག་པའི་འཁོར་ཚོགས་རྗེས་སུ་བཟུང་སྟེ་བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་རྫོགས་ལྡན་དང་པོའི་དགའ་སྟོན་ལ་སྦྱར་བར་མཛད་ཅིང༌། གཞན་ཡང་ཇོ་ཤངས་ཞི་གཅོད་བོ་དོང་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་རྒྱུན་ཉག་ཕྲ་བ་ལ་འཛིན་སྐྱོང་སྤེལ་གསུམ་གྱིས་བཀའ་དྲིན་ཤིན་ཏུ་ཆེ་བས་ན་ཐུན་མོང་གི་གདུལ་བྱར་ཡང་རྒྱལ་བསྟན་གྱི་སྣང་བ་ལེགས་དགུས་འཁྱུད་པའི་དཔལ་འབྱོར་གྱིས་ཕྱུག་པས་དོན་རྟགས་གཉིས་ཀ་འོག་མིན་དུ་ངེས་པའི་གྲགས་སྙན་འཇིག་རྟེན་གསུམ་ན་གསལ་བ་སྟེ། མདོར་ན་སྔ་འགྱུར་བཀའ་གཏེར་མཚན་དོན་མཐུན་པའི་བསྟན་པ་ཡན་ལག་དང་བཅས་པ་མ་ཉམས་པར་ད་ལྟའང་སྤྱོད་དུ་ཡོད་པ་འདི་ནི་རྗེ་བླ་མ་གཏེར་ཆེན་སྐུ་མཆེད་གདུང་བརྒྱུད་དང་བཅས་པའི་ཕྲིན་ལས་ཁོ་ན་ལས་བྱུང་བར་གཟུར་གནས་མཁས་གྲུབ་རྣམས་ཀྱིས་རྒྱུ་མཚན་དཔྱད་པས་རྟོགས་ནུས་ལ། དེས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་གསང་བ་མཐའ་དག་གང་དུ་བཞུགས་པ་དེར་དེ་ཡི་གཉེར་འཛིན་པའི་མཁའ་འགྲོ་དང་ཆོས་སྐྱོང་ཡང་མེ་ཏོག་གི་དགའ་ཚལ་དུ་བུང་བ་བཞིན་ངང་གིས་འདུ་བས་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་ཉམས་པ་ཚར་གཅོད་དམ་ལྡན་རྗེས་སུ་འཛིན་པས་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ལེགས་ཚོགས་སྤེལ་བ་ཆོས་ཉིད་ཡིན་པས་འཛམ་གླིང་ནུབ་ཕྱོགས་ཨོྃ་རྒྱནྃ་མཁྃའ་འགྲོྃའི་གནྃས་ཀྱི་དྷརྨཱ་གཉྫའི་གསང་མཛོད་དང་དབྱེར་མི་ཕྱེད་པར་གྱུར་པ་ལ་གཅིག་ལས་གཉིྃས་སུ་འཕོས་པྃ་ལྟ་བུ་ཡིན་ཅིང༌། དེའི་ཚེ་རྗེ་བླ་མ་མཆོག་གི་ཕྲིན་ལས་ཀྱི་གྲོགས་སུ་གངས་རིའི་ཁྲོད་ཀྱི་མགོན་གཅིག་ཕྱག་ན་པདྨོ་ལྔ་པ་ཆེན་པོ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ། ས་སྐྱ་བ་བདག་ཆེན་ཀུན་དགའ་བཀྲ་ཤིས། ཆབ་མདོ་འཕགས་པ་ལྷ་སྟོན་འཁོར། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། སྟག་ལུང་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། འབྲུག་ཐམས་ཅད་མཁྱེན་པ། སྒམ་པོ་མཆོག་སྤྲུལ་གདུང་བརྒྱུད། མཚུར་ཕུའི་རྒྱལ་ཚབ་དང་ཏྲེ་ཧོ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། རོང་པ་དང་མདོ་ཁམས་རྫོགས་ཆེན་པ། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཞེ་ཆེན་རབ་འབྱམས་དང་པོ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐྱེས་སྦྱོར་གྱི་རྣམ་ཐར་རྨད་དུ་བྱུང་བ་རྣམས་ཀྱིས་གངས་ཅན་འཛིན་མའི་ཐིག་ལེ་མཛེས་པ་དང༌། སྔོན་སྦྱངས་ཀྱི་ལས་འཕྲོ་སད་པའི་སྐལ་བཟང་རྣམས་ཀྱིས་ཐོས་བསམ་སྒོམ་པའི་ན་ཚོད་དར་ལ་བབ་པའི་མཛེས་སྡུག་གི་བརྟན་པ་བཞད་ཅིང༌། དཀར་ཕྱོགས་རྣམ་པར་རྒྱལ་བའི་དྲི་བསུང་གིས་ཁམས་དབུས་གཙང་ཚུན་ཆད་དུ་ཁྱབ་པའི་ངོ་མཚར་ནི་ཕྱི་མའི་དུས་འདིར་སུས་ཀྱང་འགྲན་ཟླ་བྲལ་བས་མཁའ་ཁྱབ་ཀྱི་གདུལ་བྱ་མཐོང་ཐོས་དྲན་རེག་ཐམས་ཅད་རང་བཞིན་གནས་དང་རྒྱས་འགྱུར་གྱི་རིགས་ཁམས་ཟག་མེད་ཀྱི་ཡོན་ཏན་མ་ལུས་པའི་མཐུ་ནུས་རྫོགས་པས་སྨིནྃ་ཅིངྃ་གྲོལྃ་བསྃ་སྟོན་འཁོར་ཐམས་ཅད་མཐར་ཐུག་སྐལ་བཟང་འདྲེན་པ་སྟོང་གི་སྐུ་ཚེ་དང་ཕྲིན་ལས་རྫོགས་པའི་སངས་རྒྱས་མོས་པ་སྣང་མཛད་ཀྱི་ཡེ་ཤེས་ཟབ་མོའི་དབྱིངས་སུ་སྦྱོར་བའི་ཕྲིན་ལས་ཀྱི་ཉིན་བྱེད་འཆར་ཁའི་སྐྱ་རེངས་དང་པོར་སྐུ་ཚེ་འདིའི་ཐུགས་ཟིན་གྱི་སློབ་མ་ཐམས་ཅད་རང་བྱུང་ཡེ་ཤེས་དགོངས་ཀློང་དུ་ཐུགས་ཡིད་དབྱེར་མེད་མཛད་པའི་ཚུལ་རྗེ་བླ་མ་དང་དགོངས་པ་ཕྲིན་ལས་ཐམས་ཅད་མཉམ་པའི་གཅུང་ལོ་ཙཱ་བ་ཆེན་པོ་དྷརྨཱ་ཤྲཱི། གདོད་མའི་མགོན་པོ་སྒྲ་ཐལ་འགྱུར་རྩ་རྒྱུད་ལས་ལུང་བསྟན་པའི་རྗེ་བཙུན་མི་འགྱུར་དཔལ་སྒྲོན་སོགས་ཀུན་ཀྱང་འཕགས་པའི་ཡེ་ཤེས་མངོན་དུ་གྱུར་ཅིང་སྣང་བཞིའི་མཐར་སོན་པས་སྲས་བརྒྱུད་དང་སློབ་བརྒྱུད་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་མཐར་སོན་པ་ཤས་ཆེ་བའི་ཕྱིར་ཨྃ་ཏིྃའི་གླིངྃ་ཞེས་གངས་ཁྲོད་བསྟན་པའི་གཞི་མ་གཙུག་ལག་ཁང་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་སྟེ། དེས་ན་རབ་བརྟགས་དང་ཕུལ་བྱུང་གི་བརྗོད་པས་དག་སྣང་དང་ཕྱོགས་ཞེན་གྱི་བསམ་སྦྱོར་ཙམ་མ་ཡིན་པར་དོན་ལ་གནས་པའི་ཡོན་ཏན་མཆོག་གིས་ལྕི་བས་ན། རྒྱུ་མཚན་ཤེས་ཤིང་ཆོས་རྗེས་འབྲང་བའི་དབང་རྣོན་བློ་ལྡན་དག་གིས་སྟོན་དང་བསྟན་པ་འདིའི་ངང་ཚུལ་ལ་དཔྱད་པའི་ཚེ་འདི་ནི་ངེསྃ་པྃ་དོྃན་གྱིྃ་མཁས་གྲུབ་སྐྱེས་བུ་དམ་པའི་ཚོགས་ཀུན་ཏུ་དགྃའ་བའི་གར་གྱིས་འདུ་ཤིང་བརྩེ་བའིྃ་སྐྱེད་མོས་ཚལྃ་ཆེནྃ་པོྃ་འཕགས་པའི་ཡུལ་དུ་དཔལ་ན་ལེནྡྲ་དང༌། བི་ཀྲ་མ་ལ་ཤཱི་ལ། གངས་ཅན་དུ་ཆོས་འཁོར་གསུམ་དང་ཁྱད་པར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་སུ་ལོ་པཎ་བརྒྱ་རྩ་ཞལ་འཛོམ་པའི་སྙན་པ་ལྟ་བུ་ཞེས་སེམས་ཉིད་དད་པའི་ངེས་ཤེས་ཀྱིས་དེའི་རྣམ་ཐར་གྱི་རྗེས་སུ་རང་དགར་བརྟན་པ་དང་བྲལ་བར་བསླབས་པས་རང་ལུགས་སྔ་འགྱུར་གྱི་ཆོས་རྒྱུན་འཛིན་པ་ཀུན་དང༌། གསར་ཕྱོགས་ཀྱི་ཚད་མའི་སྐྱེས་ཆེན་རྣམས་ཀྱིས་ཀྱང་བསྟོད་བསྔགས་ཀྱི་གླིང་བུ་སྙན་པར་སྒྲོགས་པའི་ཞིང་དུ་གྱུར་པ་སྟེ། སྤྱིར་རྒྱལ་བ་སྲས་དང་བཅས་པས་ཆོས་རྒྱུན་གྱི་ཕྲིན་ལས་རྒྱུན་མི་འཆད་པའི་ཐུགས་སྐྱེད་ཀྱི་སྨོན་ལམ་དང༌། ཁྱད་པར་ལོ་ཆེན་བཻ་རོ་ཙཱ་ནའི་སྐུའི་སྐྱེ་བ་རིམ་བྱོན་གྱིས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དུས་གསུམ་ཀུན་ཏུ་འཕེལ་རྒྱས་བརྟན་པའི་སྨོན་ལམ་དང་ཕྲིན་ལས་ཀྱི་གོ་ཆ་ལ་རྗེ་འབངས་ཀུན་ལས་ལྷག་པས་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝས་ཀྱང་སློབ་དཔོན་ཉིད་དང་དགོངས་ཀློང་མཉམ་པར་ཡང་ཡང་བསྔགས་པས་གསང་སྔགས་རྙིང་མའི་བསྟན་པའི་མིག་གཅིག་པུའི་ཐུགས་ཀྱི་གཡར་དམ་ཆེན་པོའི་མཐུས་ཕྱོགྃས་བཅུ་དང་དུསྃ་བཞིའི་ཁྱོན་ཀུནྃ་ཏུྃ་དྃར་ཞིངྃ་རྒྱསྃ་པར་གྱུྃར་ཅིྃག་ཅེས་རྡོ་རྗེའི་གསུང་གི་བདེན་ཚིག་མཛད་པ་བཞིན་དུས་ངན་སྙིགས་མའི་རྒུད་པ་འདི་ལྟ་བུའི་སྐབས་སུ་ཡང་གང་གི་བཀའ་སྲོལ་འཆད་ཉན་སྒོམ་གསུམ་རྒྱུན་མི་ཆད་པར་བཞུགས་པ་བཞིན་སངས་རྒྱས་སྟོང་གི་ཕྲིན་ལས་ཇི་སྲིད་བར་རྟག་ཁྱབ་ལྷུན་གྲུབ་ཆེན་པོར་འབྱུང་བར་གསོལ་བ་འདེབས་བཞིན་པའོ། །ཆགས་སྡང་དུག་ཆུས་སེམས་རྒྱུད་མྱོས་པ་ཡི། །གནས་མིན་བསྟོད་པའི་གླིང་བུས་སྐྱེ་རྒུའི་ཡིད། །འཕྲོག་བྱེད་ཟོལ་སྦྱོར་ཙམ་མིན་དོན་གྱི་གནས། །ལུང་རིགས་ཚད་མས་གྲུབ་བཞིན་ཅུང་ཟད་སྤྲོས། །དེང་སང་བླུན་པོ་གྲགས་པའི་རྗེས་འབྲང་བ། །རྣམ་དཔྱོད་འདྲེན་བྱེད་ལྡོངས་བས་མཐོང་དཀའ་ཡང༌། །སྙིང་པོའི་གཏམ་འདི་དགྱེས་པའི་དགའ་སྟོན་དུ། །སེམས་དོན་ཡོད་ན་ད་དུང་སྤྲོས་པས་ཆོག །རབ་འབྱམས་སྐུ་དང་ཞིང་ཀུན་སྤྲོ་བསྡུའི་བདག །ཡེ་ཤེས་མཛོད་འཛིན་སྣང་མཛད་ལོ་ཙཱའི་དབྱིངས། །གཅིག་ཏུ་བསྡུས་ནས་རྒྱལ་ཀུན་ཕྲིན་ལས་བདག །བདག་གིས་འདྲེན་པའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་པའང་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁོ་ཆེན་སྤྲུལ་པའི་སྐུ་འགྱུར་མེད་མདོ་རྒྱུད་རྒྱ་མཚོས་ལྷ་རྫས་རབ་དཀར་རིན་ཆེན་གཉིས་པའི་འཁོར་ལོ་བཅུ་ཕྲག་ལམ་ལྔའི་གྲངས་ལྡན་གྱི་རྟེན་བཅས་བཀའི་གླིང་བུས་བསྐུལ་བ་བཞིན་མདོ་ཁམས་ཞེ་ཆེན་པའི་སློབ་གྲལ་གྱི་ཐ་ཆུང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་འབྲུག་ཆོས་རྒྱལ་ཆེན་པོའི་མངའ་རིས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་གི་ཞོལ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་དད་དང་ལྷག་བསམ་བཟང་པོས་བྲིས་པས་ངེས་གསང་བསྟན་པའི་རྒྱལ་མཚན་ནམ་ཡང་མི་ནུབ་པར་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག །།}} | ༄༅། ཨོཾ་སྭསྟི། །འགྱུརྃ་མེདྃ་བདེ་ཆེན་སྒྱུ་འཕྲུལ་རྡོྃ་རྗེྃ་སེམས། །ཀུན་ཁྱབ་ཐུགས་རྗེ་བདུད་རྩིའི་སྤྲིན་གཡོས་པས། །བཀའ་གཏེར་རྒྱ་མཚོའི་གཉེན་གཅིག་གཏེར་ཆེན་རྗེ། །ཚེ་རབས་ཀུན་ཏུ་སྙིང་གི་ཟེའུ་འབྲུར་བསྙེན། །མཁས་པའི་རྣམ་དཔྱོད་གྲུབ་པའི་དགོངས་རྩལ་གྱིས། །གསང་དོན་འབྱེད་པའི་སྤོབས་པ་ཕྲ་ན་ཡང༌། །དད་བརྒྱས་ཉེ་བར་ལེན་པས་རྡོ་རྗེའི་གསུང༌། །ཆ་ཙམ་འཆད་ལ་སྤྲོ་བའི་པདྨོ་འཛུམ། །ཞེས་མཆོད་པར་བརྗོད་པས་ལམ་ཡངས་པོར་བྱས་ཏེ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཞེས་ཁམས་གསུམ་སྐྱེ་དགུའི་མཆོད་སྡོང་ཕྱག་ན་པདྨོ་རྒྱལ་དབང་ལྔ་པ་ཆེན་པོའི་མཚན་གྱིས་དྲིལ་བསྒྲགས་པའི་ངེས་གསང་ཆོས་ཀྱི་ཆུ་གཏེར་ཆེན་པོ་དེ་དར་རྒྱས་འབྱུང་བའི་རྡོ་རྗེའི་བདེན་སྨོན་གྱི་དོན་ཅུང་ཟད་འཆད་པ་ལ། དེ་ཡང་སངས་རྒྱས་རྣམས་མི་སློབ་འབྲས་བུའི་གོ་འཕང་མངོན་དུ་མཛད་པའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྒྲོན་མེའི་སྤྲིན་ཕུན་ཚོགས་ངེས་པ་ལྔ་ལྡན་དུ་བཀོད་པ་ལས་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སྤྲུལ་གཞི་ནི་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཡེ་ཤེས་གངས་ཆེན་མཚོ་སྐུའི་བ་སྤུའི་ཁུང་བུ་རེ་རེའང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ཀྱི་བཀོད་པ་དང་ལྡན་ན་གཞན་ལྟ་ཅི་སྨོས་ཏེ་ཞིང་ཁམས་རབ་འབྱམས་སྐུ་གཅིག་ལ་རྫོགས་པ་དང༌། རྡུལ་གཅིག་གི་སྟེང་ན་རྡུལ་གྲངས་མེད་སྙེད་ཀྱི་ཞིང་ཡང་སྣང་ཞིང༌། སྐུ་གཅིག་ལ་སྐུ་རབ་འབྱམས་རྒྱ་མཚོ་འདུ་བ་དང༌། སྐུ་རེ་རེས་ཀྱང་སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོར་ཁྱབ་པར་སྣང་བ་སོགས་སྤྱོད་ཡུལ་ལས་འདས་པའི་ཆོ་འཕྲུལ་ཆེན་པོར་བཞུགས་ཏེ་དེ་དག་གི་རྣམ་ཐར་བཀོད་པའི་དཔལ་གྱི་ཡོན་ཏན་ནི་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལས་ས་བཅུའི་དབང་ཕྱུག་གིས་འཆད་པར་མི་ནུས་ཀྱང༌། མདོ་རྒྱུད་ཀྱི་ཁུངས་ཀྱི་རྗེས་སུ་འབྲངས་ནས་འཆད་ན་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་དེའི་ཕྱག་མཐིལ་གྱི་རྡུལ་ཕྲན་གཅིག་གི་ནང་དུ་འཇིག་རྟེན་ཁམས་རྒྱ་མཚོ་དེ་བཞིན་གཤེགས་པའི་ཕྱག་མཐིལ་སྙིང་པོ་རབ་ཏུ་གནས་པ་ཞེས་བྱ་བར། སྟོན་པའང་ཡེ་ཤེས་གངས་ཆེན་མཚོ་ཉིད་དུ་བསྟན་ཏེ་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པ་གསུང་པ་དེའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་ཤིན་ཏུ་མང་པོའི་དབུས་སུ་སངས་རྒྱས་རྣམ་སྣང་སྤྲུལ་སྐུའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་དེའི་ཁོར་ཡུག་ནང་དུ་གངས་ཆེན་མཚོའི་དབྱིངས་ཀྱི་སྤོས་ཆུའི་རྒྱ་མཚོ་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ཀྱི་དབུས་སུ་སྤོས་ཆུའི་རྒྱ་མཚོའི་ཟེ་བ་ཡིད་འོང་ལ་གནས་པའི་ནོར་བུའི་པདྨ་ཆེན་པོ་ཡིས་བརྟེན་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པ་དེའི་བཅུ་གསུམ་པ་མི་མཇེད་ཅེས་གྲགས་པ་སྟོང་གསུམ་གྱི་འཇིག་རྟེན་འདི་ཡིན་ཞིང༌། འདི་ལའང་ཕྱོགས་མཚམས་སྟེང་འོག་ཏུ་ཁེབས་ལྡན་སོགས་སངས་རྒྱས་ཀྱི་ཞིང་རྡུལ་བཅུ་གསུམ་གྲངས་སྙེད་ཀྱིས་ཀུན་ནས་བསྐོར་ཞིང༌། ཞིང་དེ་དག་ཏུ་ལོངས་སྐུ་རྣམ་པར་སྣང་མཛད་ཆེན་པོ་ལས་སྤྲུལ་པ། གཙང་མའི་གནས་ཀྱི་འོག་མིན་དུ་ཁྱབ་པར་བཞུགས་ཤིང་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཆོས་སྟོན་པར་མཛད་པའི་སྤྲུལ་པ་རྒྱ་ཆེན་པོ་ཞིག་སྟེ། མི་མཇེད་དེའི་དབུས་སུ་ཚུད་པའི་གླིང་བཞི་པའི་འཇིག་རྟེན་འདི་བཅོམ་པ་དང་ལྡན་པ་ཞེས་གྲགས། འདི་ཁོ་ན་ལའང་འདབས་ཆག་པའི་ཤིན་ཏུ་སྲུང་ལེགས་དང་ཞིང་བཅུའི་བསྐོར་བ་ཆགས་འཇིག་དུས་མཉམ་དུ་བྱེད་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་སྤྱིར་སྨོས་པ་སྟེ། ཞིང་དེ་དག་ཏུ་འདུལ་བྱེད་ཀྱི་སྟོན་པ་དུ་མ་ཞིག་མཆིས་པ་ལས། ད་ལྟ་བདག་ཅག་གི་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་འདི་ཉིད་ལ། སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་སྐྱོང་བའི་སྐྱེས་བུ་བསམ་མི་ཁྱབ་པར་བྱོན་པའི་ནང་ནས། རྗེ་འདི་ནི་གབ་རྒྱ་ཅན་གྱི་ལུང་བསྟན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡང༔ ཁམས་གསུམ་འགྲོ་བ་འདྲེན་པའི་རྡོ་རྗེ་ཆོས༔ ཤཱཀ་ཐུབ་ཉེ་གནས་ཨཱནནྟ་ཞེས་དང༔ རྒྱལ་པོ་ཛཿདང་ཤནྟིཾ་གྷརྦྷ་དང༔ བོད་འདིར་སམྦྷོ་ཊ་སོགས་དག་པ་ཡི༔ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔ སྐྱེ་ཚུལ་བརྗོད་དུ་ཡོད་པའི་གནས་མ་ཡིན༔ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིས༔ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པས༔ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་བ་ཡིན༔ ཁྱོད་ཀྱང་ཤྲཱི་སེང་ཧ་ཡེ་ཤེས་མདོ༔ པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནས༔ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པས༔ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔ མཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔ དབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིང༔ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔ པདྨ་བདག་གི་ཟབ་གཏེར་བདག་པོ་དང༔ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ན༔ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ ཞེས་གསུངས་པ་ལྟར་གསང་བདག་རྡོ་རྗེ་ཆོས་ནས་སྲིན་པོ་ཆོས་ཀྱི་གོ་ཆའི་བར་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ གསུམ་མཛད་པ་ལ་མཁས་བཙུན་བཟང་གྲུབ་ཀྱི་རྣམ་ཐར་མཚུངས་ཟླ་མེད་པར་བྱོན་ནས་བཀའ་གཏེར་སྨིན་གྲོལ་རྒྱ་མཚོའི་ཤིང་རྟ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ཞེས་མཚན་མཆོག་ལྷ་ཡི་རྔ་སྒྲ་འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་དེའི་མཚན་དཔེའི་ཉིན་བྱེད་གཡོ་རུ་གྲྭ་ཡི་གནས་སུ་བཞད། ཐུགས་བསྐྱེད་དོན་ཡོད་ཞགས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཀུན་ནས་འཁྱུད་པས་གངས་ཅན་རྫོགས་ལྡན་དང་པོའི་སྐལ་བཟང་ལ་བཀོད་པའི་ཚེ། སངས་རྒྱས་པདྨའི་སྙིང་པོ་དགྱེས་པའི་འཛུམ་ཟེར་གྱིས་རིག་པ་འཛིན་དབང་མཆོག་གི་མཁྱེན་བརྩེའི་ཡེ་ཤེས་ཀྱི་འདབ་རྒྱ་མཛེས་པར་གྲོལ་བའི་ཕྲིན་ལས་ཀྱི་གཙོ་བོ་ནི་ཟབ་གཏེར་ལུང་བྱང་ལས། ཁྱད་པར་གཡོ་རུ་གཙང་མའི་སར༔ ཚོམ་བུ་གཅིག་ཏུ་འདུས་པའི་སྡེ༔ མ་འོངས་བསྟན་པ་ཆེས་འཕེལ་ནས༔ བོད་ཀྱི་བདེ་སྐྱིད་དགུང་དུ་འདེགས༔ ཞེས་གསལ་བར་ལུང་བསྟན་པ་བཞིན། བོད་ཡུལ་དབུས་ཀྱི་འཛིན་མའི་ཐིག་ལེའི་སྃ་ཡི་བྱེ་བྲག་ལྃ། འོག་མིན་གསང་མཆོག་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བཀོད་ནས་སྔ་འགྱུར་ཆུ་བོ་བཞི་ཡི་བགྲོད་པ་རྒྱུན་མི་ཆད་པས་གཡས་སུ་བསྐོར་ཞིང༌། ལུང་རྟོགས་མ་དྲོས་པའི་ཆུ་གཏེར་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་འཁྱིལ་ནས། མཁས་གྲུབ་རིག་འཛིན་གྱི་སྐྱེས་བུ་ཀླུ་དབང་དུ་མས་ཅི་དགར་རྩེན་པའི་གནས་གང་ནི། འཛམ་གླིང་བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་ཕན་བདེ་མི་ཟད་པའི་ཉེར་འཚོར་གྲུབ་པས། ནང་གི་ཡེ་ཤེས་ཟབ་མོ་མངོན་སུམ་གཟིགས་པའི་རྡོ་རྗེའི་སྤྱན་དང་ལྡན་པའི་དག་པའི་སྣང་ཆར་རང་སྣང་ཡེ་ཤེས་ཀྱི་འཁོར་ལོར་ལོངས་སུ་སྤྱོད་པའི་རྡོ་རྗེའི་འོྃག་མིནྃ་ཆེན་པོ་སྟེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཞིང་བྱང་ཆུབ་སེམས་དཔའ་ཚངས་པ་རལ་པ་ཅན་གྱི་སྣོད་བཅུད་དག་པར་གཟིགས་པ་དོན་གྱི་གནས་སྣང་གཉིས་ཀ་དེ་བཞིན་ཡིན་པ་དེ་བཞིན་གཤེགས་པས་ཤཱ་རིའི་བུ་ལ་བཀའ་བསྩལ་བ་ལྟར་ཏེ། རྡོ་རྗེ་ཐེག་པ་ལྟ་སྒོམ་ཟབ་མོའི་དབང་དུ་བྱས་ན་སྣོད་བཅུད་ཐམས་ཅད་མཁའ་མཉམ་རྡོ་རྗེ་སྙིང་པོའི་ཞིང་དུ་གསུངས་པས་གཙུག་ལག་ཁང་འདི་ལ་འོག་མིན་གྱི་སྒྲ་སྦྱར་ན་ཁྱད་པར་གྱི་ཆོས་སུ་ཅི་འགྱུར་སྙམ་ན་ཁྱད་པར་ཆེ་སྟེ། གོང་དུ་སྨོས་པ་ལྟར་ལོ་ཙཱ་ཆེན་པོ་འཇིག་རྟེན་མིག་གཅིག་གིས་བོད་ཡུལ་གྱི་གདུལ་བྱ་དུས་གསུམ་ཀུན་ཏུ་ཡལ་བར་མི་འདོར་བས་བསམ་བཞིན་སྲིད་པར་བཟུང་བའི་རྡོ་རྗེ་རིག་འཛིན་ཆེན་པོ་གང༌། རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་མེ་རོ་གསོ་བའི་ཐུགས་བསྐྱེད་དུས་སུ་བབ་སྟེ་བཀའ་གཏེར་རིས་མེད་ཀྱི་ཡོངས་འཛིན་ཉི་ཤུ་རྩ་ལྔ་བསྟེན་ནས། སྡོམ་པ་གསུམ་གྱི་བཅས་ཁྲིམས། གསན་བསམ་སྒོམ་གསུམ་གྱི་རྣམ་ཐར་ཡོངས་སུ་རྫོགས་པའི་མཐུས་སློབ་དཔོན་སངས་རྒྱས་གཉིས་པས་ལུང་བསྟན་པའི་གནས་མཆོག་ཏུ་ཞབས་ཀྱི་པདྨོ་བཀོད་པ་དང་ཆབས་ཅིག་གནས་དེའི་ལྷོ་ནུབ་ནས་མཚོ་སྐྱེས་རིག་འཛིན་དབང་པོའི་དགྱེས་པའི་འཛུམ་ཞལ་མངོན་སུམ་དུ་བསྟན་ཅིང༌། གཡས་གཡོན་གྱི་ཕྱོགས་སུ་ཌཱ་ཀི་དཀར་སྔོན་གཉིས་དང་བཅས་པས་བརྡ་ཡིས་ལུང་བསྟན་པ་བཞིན་དབུས་ཀྱི་ས་འཛིན་དུ་དགེ་འདུན་འདུས་པའི་སྡེ་ས་ལ་སྤྱོད་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཉིད་བཙུགས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་གི་རྒྱུན་བཤད་སྒྲུབ་ལས་གསུམ་གྱིས་སྤེལ་བ་དང༌། ཌཱ་ཀི་དཀར་སྔོན་བཞུགས་ཕྱོགས་སུ་བསྟན་སྲུང་ཞིང་སྐྱོང་མ་མོ་དང༌། བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་རྟེན་མདོས་བཙུགས་ནས་རྗེ་ཉིད་ཀྱི་ཁྲི་བརྒྱུད་རྡོ་རྗེ་འཛིན་པས་བཀའ་གཏེར་གྱི་བསྟན་པའི་རྒྱུན་བསྐྱངས། མཁན་ཆེན་ལོ་ཙཱ་བ་དྷརྨཱ་ཤྲཱིའི་བསྟན་རྩ་གཞི་གསུམ། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་སྲོལ་བཏོད་པས་སྐུ་གསུང་ཐུགས་ཀྱི་སྲས་བརྒྱུད་དང་སློབ་བརྒྱུད་ཀྱི་རིམ་པ། འགྲོ་དོན་ནུས་པ་སུམ་ཅུ་སོ་ལྔ། རང་དོན་ཐུབ་པ་བརྒྱ་རྩ་བརྒྱད། ཆོས་ཀྱི་འབྲེལ་བ་སྟོང་ཚོ། སྨོན་ལམ་གྱི་འབྲེལ་བ་ཁྲི་ཚོ་ལྔ། ལས་ཀྱི་འབྲེལ་བ་དྲུག་ཅུ་རྩ་བདུན། གདུགས་ཐོག་བདུན་དང་མི་ཆེན་གསུམ་གྱིས་ཕྲིན་ལས་ཀྱི་སྒོ་སྤེལ་བ་གཏེར་ལུང་ནས་གསུངས་པ་ལྟར་སྒྲ་ཇི་བཞིན་མངོན་དུ་གྱུར་ཏེ་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་རྒྱུད་བཤད་དང་བཅས་པ། གཏེར་ཁ་གོང་འོག་གིས་མཚོན་པའི་ཟབ་གཏེར་ལས་བྱོན་པའི་བླ་རྫོགས་ཐུགས་གསུམ་གྱི་སྨིན་གྲོལ་གྱི་རྒྱུན་དང་བསྙེན་སྒྲུབ་ལས་སྦྱོར་གྱི་ཕྱག་བཞེས་གཙོས་ངེས་གསང་བསྟན་པའི་སྲོག་ཤིང་སྙིང་ལྟ་བུ་རྣམས་ལ་གསན་བསམ་སྒོམ་གསུམ་གྱིས་དབང་བཞིའི་རྟོགས་པ་མངོན་དུ་གྱུར་ཏེ་སངས་རྒྱས་ཀུན་གྱི་གསང་བ་འཛིན་པའི་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དངོས་སུ་གྱུར་ཏེ། སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་བཤད་སྒྲུབ་ཀྱིས་དུས་འདའ་བའི་རིག་པ་འཛིན་པའི་དགེ་འདུན་སུམ་བརྒྱར་ཉེ་བ་ལ་གནས་མལ། རྟེན་གསུམ་མཆོད་ཆ་དུས་བཞིའི་སྒྲུབ་མཆོད་ཀྱི་ཡོ་བྱད། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་འཕགས། ཁྱད་པར་རྒྱུད་ལུང་མན་ངག་གི་ཟབ་གནད་གཅིག་ཏུ་དྲིལ། འཐོར་བ་བསྡུས། གཅུས་པ་བསྲངས། གབ་པ་མངོན་ཕྱུང་གི་རྡོ་རྗེའི་གསུང་གི་གསང་བ་པོད་བཅུ་བཞིར་ལོང་བ་རྒྱལ་སྲས་པད་འགྱུར་གྱི་དཀར་ཆག་ལྟར་དང༌། དུས་བབ་ཀྱི་ཟབ་ཆོས་རིག་འཛིན་ཐུགས་ཐིག །གཤིན་རྗེ་དྲེགས་འཇོམས། རྡོར་སེམས་ཨ་ཏིའི་སྐོར། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་རྩ་བ་ཡན་ལག་དང་བཅས་པ་སྤྱན་དྲངས་ནས་སྨིན་གྲོལ་ཟབ་མོའི་གསང་མཛོད་ཀྱི་སྒོ་འཕར་ཕྱེས་ནས་ལས་ཅན་དག་པའི་འཁོར་ཚོགས་རྗེས་སུ་བཟུང་སྟེ་བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་རྫོགས་ལྡན་དང་པོའི་དགའ་སྟོན་ལ་སྦྱར་བར་མཛད་ཅིང༌། གཞན་ཡང་ཇོ་ཤངས་ཞི་གཅོད་བོ་དོང་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་རྒྱུན་ཉག་ཕྲ་བ་ལ་འཛིན་སྐྱོང་སྤེལ་གསུམ་གྱིས་བཀའ་དྲིན་ཤིན་ཏུ་ཆེ་བས་ན་ཐུན་མོང་གི་གདུལ་བྱར་ཡང་རྒྱལ་བསྟན་གྱི་སྣང་བ་ལེགས་དགུས་འཁྱུད་པའི་དཔལ་འབྱོར་གྱིས་ཕྱུག་པས་དོན་རྟགས་གཉིས་ཀ་འོག་མིན་དུ་ངེས་པའི་གྲགས་སྙན་འཇིག་རྟེན་གསུམ་ན་གསལ་བ་སྟེ། མདོར་ན་སྔ་འགྱུར་བཀའ་གཏེར་མཚན་དོན་མཐུན་པའི་བསྟན་པ་ཡན་ལག་དང་བཅས་པ་མ་ཉམས་པར་ད་ལྟའང་སྤྱོད་དུ་ཡོད་པ་འདི་ནི་རྗེ་བླ་མ་གཏེར་ཆེན་སྐུ་མཆེད་གདུང་བརྒྱུད་དང་བཅས་པའི་ཕྲིན་ལས་ཁོ་ན་ལས་བྱུང་བར་གཟུར་གནས་མཁས་གྲུབ་རྣམས་ཀྱིས་རྒྱུ་མཚན་དཔྱད་པས་རྟོགས་ནུས་ལ། དེས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་གསང་བ་མཐའ་དག་གང་དུ་བཞུགས་པ་དེར་དེ་ཡི་གཉེར་འཛིན་པའི་མཁའ་འགྲོ་དང་ཆོས་སྐྱོང་ཡང་མེ་ཏོག་གི་དགའ་ཚལ་དུ་བུང་བ་བཞིན་ངང་གིས་འདུ་བས་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་ཉམས་པ་ཚར་གཅོད་དམ་ལྡན་རྗེས་སུ་འཛིན་པས་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ལེགས་ཚོགས་སྤེལ་བ་ཆོས་ཉིད་ཡིན་པས་འཛམ་གླིང་ནུབ་ཕྱོགས་ཨོྃ་རྒྱནྃ་མཁྃའ་འགྲོྃའི་གནྃས་ཀྱི་དྷརྨཱ་གཉྫའི་གསང་མཛོད་དང་དབྱེར་མི་ཕྱེད་པར་གྱུར་པ་ལ་གཅིག་ལས་གཉིྃས་སུ་འཕོས་པྃ་ལྟ་བུ་ཡིན་ཅིང༌། དེའི་ཚེ་རྗེ་བླ་མ་མཆོག་གི་ཕྲིན་ལས་ཀྱི་གྲོགས་སུ་གངས་རིའི་ཁྲོད་ཀྱི་མགོན་གཅིག་ཕྱག་ན་པདྨོ་ལྔ་པ་ཆེན་པོ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ། ས་སྐྱ་བ་བདག་ཆེན་ཀུན་དགའ་བཀྲ་ཤིས། ཆབ་མདོ་འཕགས་པ་ལྷ་སྟོན་འཁོར། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། སྟག་ལུང་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། འབྲུག་ཐམས་ཅད་མཁྱེན་པ། སྒམ་པོ་མཆོག་སྤྲུལ་གདུང་བརྒྱུད། མཚུར་ཕུའི་རྒྱལ་ཚབ་དང་ཏྲེ་ཧོ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། རོང་པ་དང་མདོ་ཁམས་རྫོགས་ཆེན་པ། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཞེ་ཆེན་རབ་འབྱམས་དང་པོ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐྱེས་སྦྱོར་གྱི་རྣམ་ཐར་རྨད་དུ་བྱུང་བ་རྣམས་ཀྱིས་གངས་ཅན་འཛིན་མའི་ཐིག་ལེ་མཛེས་པ་དང༌། སྔོན་སྦྱངས་ཀྱི་ལས་འཕྲོ་སད་པའི་སྐལ་བཟང་རྣམས་ཀྱིས་ཐོས་བསམ་སྒོམ་པའི་ན་ཚོད་དར་ལ་བབ་པའི་མཛེས་སྡུག་གི་བརྟན་པ་བཞད་ཅིང༌། དཀར་ཕྱོགས་རྣམ་པར་རྒྱལ་བའི་དྲི་བསུང་གིས་ཁམས་དབུས་གཙང་ཚུན་ཆད་དུ་ཁྱབ་པའི་ངོ་མཚར་ནི་ཕྱི་མའི་དུས་འདིར་སུས་ཀྱང་འགྲན་ཟླ་བྲལ་བས་མཁའ་ཁྱབ་ཀྱི་གདུལ་བྱ་མཐོང་ཐོས་དྲན་རེག་ཐམས་ཅད་རང་བཞིན་གནས་དང་རྒྱས་འགྱུར་གྱི་རིགས་ཁམས་ཟག་མེད་ཀྱི་ཡོན་ཏན་མ་ལུས་པའི་མཐུ་ནུས་རྫོགས་པས་སྨིནྃ་ཅིངྃ་གྲོལྃ་བསྃ་སྟོན་འཁོར་ཐམས་ཅད་མཐར་ཐུག་སྐལ་བཟང་འདྲེན་པ་སྟོང་གི་སྐུ་ཚེ་དང་ཕྲིན་ལས་རྫོགས་པའི་སངས་རྒྱས་མོས་པ་སྣང་མཛད་ཀྱི་ཡེ་ཤེས་ཟབ་མོའི་དབྱིངས་སུ་སྦྱོར་བའི་ཕྲིན་ལས་ཀྱི་ཉིན་བྱེད་འཆར་ཁའི་སྐྱ་རེངས་དང་པོར་སྐུ་ཚེ་འདིའི་ཐུགས་ཟིན་གྱི་སློབ་མ་ཐམས་ཅད་རང་བྱུང་ཡེ་ཤེས་དགོངས་ཀློང་དུ་ཐུགས་ཡིད་དབྱེར་མེད་མཛད་པའི་ཚུལ་རྗེ་བླ་མ་དང་དགོངས་པ་ཕྲིན་ལས་ཐམས་ཅད་མཉམ་པའི་གཅུང་ལོ་ཙཱ་བ་ཆེན་པོ་དྷརྨཱ་ཤྲཱི། གདོད་མའི་མགོན་པོ་སྒྲ་ཐལ་འགྱུར་རྩ་རྒྱུད་ལས་ལུང་བསྟན་པའི་རྗེ་བཙུན་མི་འགྱུར་དཔལ་སྒྲོན་སོགས་ཀུན་ཀྱང་འཕགས་པའི་ཡེ་ཤེས་མངོན་དུ་གྱུར་ཅིང་སྣང་བཞིའི་མཐར་སོན་པས་སྲས་བརྒྱུད་དང་སློབ་བརྒྱུད་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་མཐར་སོན་པ་ཤས་ཆེ་བའི་ཕྱིར་ཨྃ་ཏིྃའི་གླིངྃ་ཞེས་གངས་ཁྲོད་བསྟན་པའི་གཞི་མ་གཙུག་ལག་ཁང་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་སྟེ། དེས་ན་རབ་བརྟགས་དང་ཕུལ་བྱུང་གི་བརྗོད་པས་དག་སྣང་དང་ཕྱོགས་ཞེན་གྱི་བསམ་སྦྱོར་ཙམ་མ་ཡིན་པར་དོན་ལ་གནས་པའི་ཡོན་ཏན་མཆོག་གིས་ལྕི་བས་ན། རྒྱུ་མཚན་ཤེས་ཤིང་ཆོས་རྗེས་འབྲང་བའི་དབང་རྣོན་བློ་ལྡན་དག་གིས་སྟོན་དང་བསྟན་པ་འདིའི་ངང་ཚུལ་ལ་དཔྱད་པའི་ཚེ་འདི་ནི་ངེསྃ་པྃ་དོྃན་གྱིྃ་མཁས་གྲུབ་སྐྱེས་བུ་དམ་པའི་ཚོགས་ཀུན་ཏུ་དགྃའ་བའི་གར་གྱིས་འདུ་ཤིང་བརྩེ་བའིྃ་སྐྱེད་མོས་ཚལྃ་ཆེནྃ་པོྃ་འཕགས་པའི་ཡུལ་དུ་དཔལ་ན་ལེནྡྲ་དང༌། བི་ཀྲ་མ་ལ་ཤཱི་ལ། གངས་ཅན་དུ་ཆོས་འཁོར་གསུམ་དང་ཁྱད་པར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་སུ་ལོ་པཎ་བརྒྱ་རྩ་ཞལ་འཛོམ་པའི་སྙན་པ་ལྟ་བུ་ཞེས་སེམས་ཉིད་དད་པའི་ངེས་ཤེས་ཀྱིས་དེའི་རྣམ་ཐར་གྱི་རྗེས་སུ་རང་དགར་བརྟན་པ་དང་བྲལ་བར་བསླབས་པས་རང་ལུགས་སྔ་འགྱུར་གྱི་ཆོས་རྒྱུན་འཛིན་པ་ཀུན་དང༌། གསར་ཕྱོགས་ཀྱི་ཚད་མའི་སྐྱེས་ཆེན་རྣམས་ཀྱིས་ཀྱང་བསྟོད་བསྔགས་ཀྱི་གླིང་བུ་སྙན་པར་སྒྲོགས་པའི་ཞིང་དུ་གྱུར་པ་སྟེ། སྤྱིར་རྒྱལ་བ་སྲས་དང་བཅས་པས་ཆོས་རྒྱུན་གྱི་ཕྲིན་ལས་རྒྱུན་མི་འཆད་པའི་ཐུགས་སྐྱེད་ཀྱི་སྨོན་ལམ་དང༌། ཁྱད་པར་ལོ་ཆེན་བཻ་རོ་ཙཱ་ནའི་སྐུའི་སྐྱེ་བ་རིམ་བྱོན་གྱིས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དུས་གསུམ་ཀུན་ཏུ་འཕེལ་རྒྱས་བརྟན་པའི་སྨོན་ལམ་དང་ཕྲིན་ལས་ཀྱི་གོ་ཆ་ལ་རྗེ་འབངས་ཀུན་ལས་ལྷག་པས་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝས་ཀྱང་སློབ་དཔོན་ཉིད་དང་དགོངས་ཀློང་མཉམ་པར་ཡང་ཡང་བསྔགས་པས་གསང་སྔགས་རྙིང་མའི་བསྟན་པའི་མིག་གཅིག་པུའི་ཐུགས་ཀྱི་གཡར་དམ་ཆེན་པོའི་མཐུས་ཕྱོགྃས་བཅུ་དང་དུསྃ་བཞིའི་ཁྱོན་ཀུནྃ་ཏུྃ་དྃར་ཞིངྃ་རྒྱསྃ་པར་གྱུྃར་ཅིྃག་ཅེས་རྡོ་རྗེའི་གསུང་གི་བདེན་ཚིག་མཛད་པ་བཞིན་དུས་ངན་སྙིགས་མའི་རྒུད་པ་འདི་ལྟ་བུའི་སྐབས་སུ་ཡང་གང་གི་བཀའ་སྲོལ་འཆད་ཉན་སྒོམ་གསུམ་རྒྱུན་མི་ཆད་པར་བཞུགས་པ་བཞིན་སངས་རྒྱས་སྟོང་གི་ཕྲིན་ལས་ཇི་སྲིད་བར་རྟག་ཁྱབ་ལྷུན་གྲུབ་ཆེན་པོར་འབྱུང་བར་གསོལ་བ་འདེབས་བཞིན་པའོ། །ཆགས་སྡང་དུག་ཆུས་སེམས་རྒྱུད་མྱོས་པ་ཡི། །གནས་མིན་བསྟོད་པའི་གླིང་བུས་སྐྱེ་རྒུའི་ཡིད། །འཕྲོག་བྱེད་ཟོལ་སྦྱོར་ཙམ་མིན་དོན་གྱི་གནས། །ལུང་རིགས་ཚད་མས་གྲུབ་བཞིན་ཅུང་ཟད་སྤྲོས། །དེང་སང་བླུན་པོ་གྲགས་པའི་རྗེས་འབྲང་བ། །རྣམ་དཔྱོད་འདྲེན་བྱེད་ལྡོངས་བས་མཐོང་དཀའ་ཡང༌། །སྙིང་པོའི་གཏམ་འདི་དགྱེས་པའི་དགའ་སྟོན་དུ། །སེམས་དོན་ཡོད་ན་ད་དུང་སྤྲོས་པས་ཆོག །རབ་འབྱམས་སྐུ་དང་ཞིང་ཀུན་སྤྲོ་བསྡུའི་བདག །ཡེ་ཤེས་མཛོད་འཛིན་སྣང་མཛད་ལོ་ཙཱའི་དབྱིངས། །གཅིག་ཏུ་བསྡུས་ནས་རྒྱལ་ཀུན་ཕྲིན་ལས་བདག །བདག་གིས་འདྲེན་པའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་པའང་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁོ་ཆེན་སྤྲུལ་པའི་སྐུ་འགྱུར་མེད་མདོ་རྒྱུད་རྒྱ་མཚོས་ལྷ་རྫས་རབ་དཀར་རིན་ཆེན་གཉིས་པའི་འཁོར་ལོ་བཅུ་ཕྲག་ལམ་ལྔའི་གྲངས་ལྡན་གྱི་རྟེན་བཅས་བཀའི་གླིང་བུས་བསྐུལ་བ་བཞིན་མདོ་ཁམས་ཞེ་ཆེན་པའི་སློབ་གྲལ་གྱི་ཐ་ཆུང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་འབྲུག་ཆོས་རྒྱལ་ཆེན་པོའི་མངའ་རིས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་གི་ཞོལ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་དད་དང་ལྷག་བསམ་བཟང་པོས་བྲིས་པས་ངེས་གསང་བསྟན་པའི་རྒྱལ་མཚན་ནམ་ཡང་མི་ནུབ་པར་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག །།}} | ||
</onlyinclude> | </onlyinclude> |
Revision as of 16:09, 6 December 2022
Wylie title | snga 'gyur bka' gter shing rta'i lam srol chos kyi rgyal po smin gling pa'i bstan pa rgyas pa'i smon lam rdo rje'i gsung gi 'grel pa dge mtshan lha yi rnga chen | |
---|---|---|
Location | dil mgo mkhyen brtse bka' 'bum Volume 15, Text 8, Pages 312-320 (Folios 1a to 9a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Source Author(s) | གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje) | |
Citation | Khyentse, Dilgo. Snga 'gyur bka' gter shing rta'i lam srol chos kyi rgyal po smin gling pa'i bstan pa rgyas pa'i smon lam rdo rje'i gsung gi 'grel pa dge mtshan lha yi rnga chen. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 15: 312-320. Delhi: Shechen Publications, 1994. | |
Genre | Commentaries - 'grel pa · Prayers - smon lam | |
Colophon |
།ཅེས་པའང་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁོ་ཆེན་སྤྲུལ་པའི་སྐུ་འགྱུར་མེད་མདོ་རྒྱུད་རྒྱ་མཚོས་ལྷ་རྫས་རབ་དཀར་རིན་ཆེན་གཉིས་པའི་འཁོར་ལོ་བཅུ་ཕྲག་ལམ་ལྔའི་གྲངས་ལྡན་གྱི་རྟེན་བཅས་བཀའི་གླིང་བུས་བསྐུལ་བ་བཞིན་མདོ་ཁམས་ཞེ་ཆེན་པའི་སློབ་གྲལ་གྱི་ཐ་ཆུང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་འབྲུག་ཆོས་རྒྱལ་ཆེན་པོའི་མངའ་རིས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་གི་ཞོལ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་དད་དང་ལྷག་བསམ་བཟང་པོས་བྲིས་པས་ངེས་གསང་བསྟན་པའི་རྒྱལ་མཚན་ནམ་ཡང་མི་ནུབ་པར་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག །། | |
/ces pa'ang gangs ri'i khrod kyi pad+ma 'od 'og min o rgyan smin grol gling gi mkho chen sprul pa'i sku 'gyur med mdo rgyud rgya mtshos lha rdzas rab dkar rin chen gnyis pa'i 'khor lo bcu phrag lam lnga'i grangs ldan gyi rten bcas bka'i gling bus bskul ba bzhin mdo khams zhe chen pa'i slob gral gyi tha chung 'gyur med theg mchog bstan pa'i rgyal mtshan gyis lho 'brug chos rgyal chen po'i mnga' ris spa gro skyer chu'i gtsug lag khang gi zhol phun tshogs bkra shis dga' 'khyil du dad dang lhag bsam bzang pos bris pas nges gsang bstan pa'i rgyal mtshan nam yang mi nub par brtan pa'i rten 'byung du gyur cig_// |