DKR-KABUM-14-PHA-002: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རྩ་གསུམ་འོད་གསལ་སྙིང་ཐིག་ལས། རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 14: . Delhi: Shechen Publications, 1994. | |fulltitle=rtsa gsum 'od gsal snying thig las/ rgyud lung man ngag gi dgongs don 'dus gsal du bshad pa 'od gsal ye shes nyin byed | ||
|citation=[[Khyentse, Dilgo]]. ''Rtsa gsum 'od gsal snying thig las rgyud lung man ngag gi dgongs don 'dus gsal du bshad pa 'od gsal ye shes nyin byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 14: 105-127. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jam dbyangs mkhyen brtse'i dbang po | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|tibgenre=Detailed Explanation - rnam bshad | |||
|tibgenre= | |||
|terma=No | |terma=No | ||
|dkroutline=Five | |dkroutline=Five | ||
|cycle=rtsa gsum 'od gsal snying tig | |||
|cycletib=རྩ་གསུམ་འོད་གསལ་སྙིང་ཏིག་ | |||
|language=Tibetan | |language=Tibetan | ||
|volumenumber=014 | |volumenumber=014 | ||
|volnumtib=༡༤ | |volnumtib=༡༤ | ||
|volyigtib=ཕ་ | |volyigtib=ཕ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=002 | |||
|pagenumbers=105-127 | |||
|totalpages=46 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=23b4 | ||
|totalfolios=23 | |||
|multivolumework=No | |||
|rectonotes=rnam bshad | |||
|versonotes=rtsa gsum 'od gsal snying thig | |||
|colophontib=།ཅེས་པའང་འོད་གསལ་རྡོ་རྗེའི་སྙིང་པོའི་བསྟན་པའི་མངའ་བདག་རིག་འཛིན་མཁས་དང་གྲུབ་བརྒྱའི་གཙུག་རྒྱན་ཀུན་མཁྱེན་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚུལ་འདིས་སྨིན་གྲོལ་ཟབ་མོའི་སྐལ་བཟང་ལ་སྦྱོར་བའི་ཚེ་མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་འདི་དགྱེས་པ་ཆེན་པོས་ལྗགས་བཤད་བཀའ་དྲིན་བསྩལ་བའི་སྐབས་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་དྲི་མེད་འོད་ཟེར་ནས་བླ་མའི་ཞལ་རྒྱུན་ཟིན་བྲིས་སུ་འགོད་པར་གལ་ཆེ་ཞེས་བཀའ་ནན་ཡང་ཡང་བསྩལ་བ་དང༌། ཁྲིད་རྒྱུན་མི་ཆད་པ་ལ་ཕན་ཕྱིར་འདི་ལྟར་བྲིས་ཞེས་འཁོར་ལོའི་མགོན་པོས་ཀྱང་རྟེན་དང་བཅས་བཀའ་ཡི་གནང་བ་ཐོབ་པ་བཞིན་འདུས་གསལ་སྙིང་པོ་མདོ་ཙམ་དུ་སྔགས་རིག་འཛིན་པའི་གཟུགས་བརྙན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས། འདན་ལྗོངས་ལྷ་དཀར་རི་ཁྲོད་གཡུ་ཤུག་ཟིལ་པ་མཐའ་ཡས་ཚལ་དུ་འཁྲིགས་པའི་དབེན་གནས་སུ་མིག་སྨན་ཐིག་ལེའི་ལྡིང་གུར་ལ་བསྟེན་པའི་སྐབས་བྲིས་པ་སླར་ཡང་གསལ་བར་བྱས་པས་ཟབ་གསང་རྡོ་རྗེ་སྙིང་པོའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག | |||
|colophonwylie=/ces pa'ang 'od gsal rdo rje'i snying po'i bstan pa'i mnga' bdag rig 'dzin mkhas dang grub brgya'i gtsug rgyan kun mkhyen 'jam pa'i dbyangs chos kyi blo gros rin po ches tshul 'dis smin grol zab mo'i skal bzang la sbyor ba'i tshe man ngag 'ja' lus rdo rje'i tshig rkang 'di dgyes pa chen pos ljags bshad bka' drin bstsal ba'i skabs gter chen rol pa'i rdo rje'i mchog sprul rin po che karma dri med 'od zer nas bla ma'i zhal rgyun zin bris su 'god par gal che zhes bka' nan yang yang bstsal ba dang*/_khrid rgyun mi chad pa la phan phyir 'di ltar bris zhes 'khor lo'i mgon pos kyang rten dang bcas bka' yi gnang ba thob pa bzhin 'dus gsal snying po mdo tsam du sngags rig 'dzin pa'i gzugs brnyan 'jigs med mkhyen brtse'i 'od zer bkra shis dpal 'byor du 'bod pas/_'dan ljongs lha dkar ri khrod g.yu shug zil pa mtha' yas tshal du 'khrigs pa'i dben gnas su mig sman thig le'i lding gur la bsten pa'i skabs bris pa slar yang gsal bar byas pas zab gsang rdo rje snying po'i bstan pa dar rgyas yun ring du gnas pa'i rgyur gyur cig | |||
|recensionlink=JKW-KABAB-16-MA-023 | |||
|pdflink=File:DKR-KABUM-14-PHA-002.pdf | |pdflink=File:DKR-KABUM-14-PHA-002.pdf | ||
}} | }} | ||
Line 33: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྩ་གསུམ་འོད་གསལ་སྙིང་ཐིག་ལས། རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །རྩ་གསུམ་འོད་གསལ་སྙིང་ཐིག་ལས། རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སིམ་ཀྱང༌། །འོད་གསལ་སྒྱུ་འཕྲུལ་དྲྭ་བའི་རོལ་སྒེག་ལས། །འོད་གསལ་རྩ་གསུམ་རྒྱ་མཚོའི་སྤྲིན་འཕྲོ་བའི། །འོད་གསལ་སྐུ་བརྙེས་པདྨ་ཐོད་ཕྲེང་རྒྱལ། །འོད་གསལ་ཡེ་ཤེས་དག་པའི་རང་རྩལ་ལས། །འོད་གསལ་སྙིང་གི་ཐིག་ལེའི་ཡི་གེའི་སྤྲིན། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་རྒྱན། །འོད་གསལ་དགོངས་དོན་འབྱེད་ལ་གནང་བ་སྩོལ། །འོད་གསལ་རྡོ་རྗེ་རྩེ་མོའི་གསེང་ལམ་ནས་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང༌། པཎ་ཆེན་བི་མ་ལ་དབྱེར་མེད་པའི་བདག་ཉིད་ཆེན་པོ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་སྒྲོན་མེར་བསམ་བཞིན་བྱོན་པའི་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་གསང་མཚན་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག་ཏུ་རྡོ་རྗེའི་ལུང་གིས་ཆེ་ཐང་དུ་བསྔགས་པའི་ངོ་མཚར་གྱི་རྣམ་ཐར་ཆེན་པོའི་གསང་མཛོད་ཀྱི་ཆ་ཤས་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པའི་བཞི་པ། ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ཟབ་ལ་རྒྱས་པར་བྱོན་པའི་འཕྲོ་གཞི་རྒྱུད་ལུང་མན་ངག་རྡོ་རྗེའི་ཚིག་གིས་ཇི་ལྟར་བསྟན་པའི་རྣམ་བཤད་འདུས་གསལ་དུ་བཀོད་པ་ལ། ཀློང་ཆེན་སྙིང་གི་ཐིག་ལེའི་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། དེ་ཡང་རྒྱུད་ལུང་མན་ངག་གིཿ ཁྱད་པར་འདི་ལྟར་ཤེས་བྱ་སྟེཿ སྟོན་པས་བཀའ་བསྩལ་རྒྱུད་ཡིན་ལཿ ཞུ་བ་པོ་ཡིས་བསྡུས་པ་ལུངཿ དེ་ལ་དཀྱུས་དང་དཀྲུགས་དང་གབཿ ཇི་བཞིན་གསལ་བ་མན་ངག་སྟེཿ ཞེས་གསུངས་པ་ལྟར་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་སྤྱི་མེས་སྟོན་པ་རིགས་ཀུན་ཁྱབ་བདག་གི་ཐུགས་རྒྱུད་དུ་ཆོས་ཉིད་རྡོ་རྗེའི་རང་སྒྲར་ཤར་བའི་རྩ་བཤད་མན་ངག་གི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་མཛོད་ལྟ་བུ་དང༌། དེའི་དགོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ལུང་གསང་དོན་རྣམ་པར་འབྱེད་པ། མཛོད་ཀྱི་ལྡེའུ་མིག་ལྟ་བུར་གྱུར་པ་གྲུབ་པ་སྡེ་བདུན་ལྟ་བུ། དེ་དག་གི་གནད་ཀྱི་མན་ངག་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་སྐལ་ལྡན་ཉམས་ལེན་དུ་དྲིལ་བ་རང་སྐལ་ལག་བཅངས་སུ་སྤྱོད་པའི་རྣམ་བཞག་གསུམ་དུ་མཛད་པ་ལྟར་འདིར་ཡང༌། རིག་འཛིན་རྩ་རྒྱུད་ཡེ་ཤེས་དྲྭ་བས་སྒྲུབ་གཞི་རྩ་བ་གསུམ་གྱི་འཕྲོ་གཞི། གཞི་ལམ་འབྲས་བུའི་དོན་གྱི་ངོ་བོ་མདོར་བསྟན། སྒྲུབ་ཐབས་ལུང་གི་དུམ་བུས་བསྒྲུབ་བྱའི་རྣམ་པ་རྩ་གསུམ་དེ་དག་སྤྱིར་སྒྲུབ་པའི་ཚུལ་བྱེ་བྲག་ཏུ་བཤད་པ། མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་གིས་སྒྲུབ་བྱེད་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པས་ཉམས་སུ་བླང་བྱའི་ལམ་རྒྱས་པར་བཤད་པའོ། །དང་པོ་ལའང༌། མཚན་དོན། རྒྱུ་གླེང་གཞི། རྐྱེན་གླེང་བསླང༌། འབྲས་བུ་རྒྱུད་དོན་དངོས། མཐར་གཏད་རྒྱ་དང་བཅས་ལྔ་ལས། དང་པོ་མཚན་གྱི་དོན་ནི། རྒྱ་གར་སྐད་དུ༔ ཤྲཱི་ཛྙཱ་ན་སོགས་ཏེ། རང་རྒྱུད་དུ་ཉེས་པའི་སྐྱོན་ཐམས་ཅད་ཟད། ཡོན་ཏན་གྱི་འབྱོར་པ་མཐར་ཕྱིན་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པས་དོན་གཉིས་མཐར་ཕྱིན་པའི་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་ནི་སངས་རྒྱས་ཏེ། དེ་ལ་མངའ་བའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐམས་ཅད་ཀྱི་སྙིང་པོ་ནི་ཡེ་ཤེས་ཏེ་རྫོགས་པ་ཆེན་པོའི་རྒྱུད་རང་ཤར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་སྐུ་ཉིད་ནི། །ཐུགས་ཀྱི་དཀྱིལ་ན་མ་བསྐྱེད་རྫོགས། །འགྱུར་བ་མེད་པའི་སྐུ་གཅིག་ནི། །ཀུན་ཏུ་ཁྱབ་པའི་ཚུལ་དུ་གནས། །ཞེས་སྐུ་ཡི་སྙིང་པོ་ཡེ་ཤེས་ཡིན་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཅན་ཏེ། དེ་ལ་དབྱེ་ན་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་མེ་ལོང་ལྟ་བུ་སོགས་ལྔ། སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་མཁྱེན་པ་གཉིས་སུ་འབྱེད། དྲྭ་བ་ནི་འབྲེལ་བའི་དོན་ཏེ་ལམ་པའི་སྣང་ཚུལ་གྱིས་མ་དག་པ། དག་མ་དག་འདྲེས་མ། ཤིན་ཏུ་དག་པའི་ཚུལ་གྱིས་གཞི་ལམ་འབྲས་བུ་གསུམ་དུ་དབྱེ་ཡང་ངོ་བོ་ཆོས་ཉིད་བདག་གཅིག་གིས་འབྲེལ་ཞིང༌། ཡེ་ཤེས་དེ་དག་ཀྱང་དབྱིངས་དང་རིག་པ་གཉིས་སུ་མེད་པའི་བདག་ཉིད་གཅིག་ཏུ་གྱུར་པ་ལས། ངོ་བོ་ནམ་ཡང་མཚན་ཉིད་ཐ་དད་མ་དམིགས་པས་མཚོན་བྱ་དོན་གྱི་རྒྱུད་ཅེས་བྱ་བ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བསམ་མི་ཁྱབ་པའི་རོལ་པ་རྩ་གསུམ་ཞི་ཁྲོ་གང་ལྟར་བཀོད་ཀྱང་འདི་ཁོ་ནའི་ཆོ་འཕྲུལ་ལས་བྱུང་ཞིང་སྣང་བའི་བདག་ཉིད་ཅན་ནི་དོན་གྱི་གནས་ཚུལ་ཏེ། དེ་ཉིད་གདུལ་བྱ་རྣམས་ལ་སྟོན་པའི་ཕྱིར་ཚིག་དང་ཡི་གེའི་རྣམ་པ་ཅིར་ཡང་འབྱུང་བ་ནི་སྒྲར་སྣང་བ་དང༌། སྒྲར་གྲགས་པ་དང༌། བརྡར་གྱུར་པ་ནི་མཚོན་བྱེད་ཚིག་གི་རྒྱུད་དེ། བརྗོད་བྱ་དང་རྗོད་བྱེད་ཐམས་ཅད་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་ཤེས་པར་བྱའོ། །གཉིས་པ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ལ། ཕྱག་གིས་མདོར་བསྟན་པ། གླེང་གཞི་དངོས་སོ། །དང་པོ་ནི། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ ཞེས་པ་སྟེ། དེ་ཡང་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །ཅེས་གསུངས་པ་ལྟར་ཆོས་ཉིད་ལྟ་བའི་གནས་ལུགས་དོན་དམ་བདེན་པ་ཆོས་དབྱིངས་ཟབ་གསལ་གཉིས་སུ་མེད་པ་ནི་འཁོར་འདས་ཀུན་ལ་ཁྱབ་ཀྱང་འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ཞིང༌། ཉེས་པས་མ་གོས་པས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཅན་ཏེ། ཡེ་ཤེས་དེའི་སྣང་བས་ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཅིང་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དེ་ཡི་རྩལ་ལས་འཕྲོ་བ་གང་ལ་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་ཡང་དག་པར་གཟིགས་པའི་མཁྱེན་པ་ལ་སོ་སོར་རྟོགས་པའི་ཡེ་ཤེས་གསུང་པདྨའི་རིགས་ཀྱི་ཁྱབ་བདག་གི་ཚུལ་དུ་སྟོན་པ་སྣང་བ་མཐའ་ཡས་ཏེ། དེ་ནི་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་མཐའ་གཉིས་ལས་འདས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་མངོན་སུམ་དུ་བརྙེས་པའི་སྟོན་པ་སྐུ་དང་ཡེ་ཤེས་བསམ་མི་ཁྱབ་པའི་རྡོ་རྗེའི་གསུང་གི་ཕྲིན་ལས་ཀྱི་ཆོས་ཀྱི་དབྱིངས་མཐའ་ཡས་པར་སྤྲོས་ཏེ་སྲིད་ཞིའི་ཕན་བདེའི་དཔལ་ཀུན་སྩོལ་བའི་བྱེད་པོ་གང་ལ། ཡེ་ཤེས་རང་སྣང་གི་འཁོར་དུས་ཆོས་གནས་བཅས་ཉིད་ལས་མི་གཞན་པའི་བདག་ཉིད་དུ་ལྷུན་གྱིས་གྲུབ་ཅིང༌། ཟབ་གསལ་གཉིས་སུ་མེད་པའི་ཆོས་ཀྱི་སྣང་བ་ལ་འདུ་འབྲལ་དང་འཕེལ་སྒྲིབ་མེད་པར་ལོངས་སྤྱོད་པའི་ཕྱིར་ཚུལ་དེའི་གནས་ལུགས་ལ་ཡིད་ཆེས་ཤིང་ངོམས་པས་ཕྱག་འཚལ་བས་རྒྱུད་ཀྱི་དོན་མངོན་དུ་བྱེད་ནུས་པའི་ཕྱིར་གླེང་གཞིའི་མདོར་བསྟན་ཀྱང་ཞར་བྱུང་དུ་འབྱུང་བའོ། །གཉིས་པ་གླེང་གཞི་དངོས་ནི། འོག་མིན་པདྨ་དྲྭ་བ་རུ་སོགས་ཀྱིས་ཕུན་སུམ་ཚོགས་པ་ལྔ་ལས་གནས་བསྟན་པ་སྟེ། འཁོར་འདས་ཀྱི་སྣང་ཆ་ཀུན་ལས་འདས་ཏེ་བླ་རུ་འཕགས་པས་འོག་མིན། སྣོད་བཅུད་ཐ་མལ་གྱི་འཁྲུལ་རྟོག་གི་ཉེས་པས་གཞར་ཡང་མ་གོས་ཤིང་དཔལ་དང་ལྡན་པས་པདྨ། ཆོས་དབྱིངས་དེ་ལས་སྟོན་འཁོར་ཐམས་ཅད་སྣང་ཞིང་འཆར་བས་དྲྭ་བ་སྟེ། དེ་ཉིད་ཀྱི་ངང་ལས་ནམ་ཡང་འཕོ་འགྱུར་མེད་པར་བཞུགས་པ་རུ། འོད་སྣང་མཐའ་ཡས་སོགས་ཀྱིས་སྟོན་པ་སྟེ་འོད་གསལ་བསམ་མི་ཁྱབ་པའི་སྣང་བ་མཐའ་ཡས་པ་འགྲོ་བའི་ཡེ་ཤེས་དེ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཟག་པ་མེད་པའི་སྣང་བས་ཀུན་ཏུ་མཛེས་ཤིང་འཕེལ་འགྲིབ་མེད་པར་བཞུགས་པ་གསུང་རྡོ་རྗེ་རིགས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པའི་སྟོན་པ་མཆོག་ལ། ལག་ན་ཆུ་སྐྱེས་ལ་སོགས་པའི༔ འཁོར་ལ་ཞེས་ཉིད་ལས་མི་གཞན་པའི་འཁོར། ཐུགས་རྗེ་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་རང་རྩལ་རིག་པའི་སྐྱེས་བུ་གསུང་པདྨའི་རིགས་ཀྱི་རང་རྟགས་ཕྱག་ན་ཆུ་སྐྱེས་དཀར་པོ་བསྣམས་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གཙོ་བོར་གྱུར་པའི་རིགས་ལྔ་སེམས་དཔའ་ལྕམ་དྲལ། མཐར་བྱེད་བཞི་ལ་སོགས་པ་མཐའ་ཡས་པའི་དཀྱིལ་འཁོར་སྣང་བ་ཆེན་པོ་ཁྱབ་པར་བརྡལ་བས་བཞུགས་པ་ལ། དུས་གསུམ་དུས་མེད་དུས༔ ཞེས་སྟོན་འཁོར་གྱི་ཁྱབ་བརྡལ་ཡེ་ཤེས་ཀྱི་འཁོར་ལོའི་ཆོས་ཀྱི་སྣང་བ་ལ་སྤྱོད་པ་ཡང་རེས་འགའ་ཙམ་མིན་པ་གཉིས་མེད་མཉམ་པ་ཆེན་པོའི་བདག་ཉིད་དུ་ནམ་ཡང་འདུ་འབྲལ་མེད་པར་ཆོས་ཉིད་ཟབ་གསལ་གྱིས་དགོངས་པ་ལ་ལྡང་འཇུག་མེད་པར་བཞུགས་པ་ལ། སྟོན་འཁོར་གཉིས་སུ་མེད་པའི་ཆོས་ཀུན་གྱི་གནས་ལུགས་དོན་གྱི་དགོངས་པ་ནི་རྟོག་གེ་དང་ཕལ་པའི་བློས་མི་ཕྱེད་པས་རྡོ་རྗེ། དེ་དག་གིས་སྒྲ་ཇི་བཞིན་དུ་རྟོགས་ཤིང་སྟོན་མི་ནུས་པས་གསང་བ། རྒྱལ་བའི་ཐུགས་རྗེས་ཐབས་མཁས་ཀྱི་རོལ་པས་དངོས་བརྒྱུད་ནས་དེ་རྟོགས་པར་བྱ་བའི་ཕྱིར་བརྗོད་མེད་བརྗོད་པའི་མཆོག་ཏུ་སྣང་བའི་ཚིག་གི་དོན་ལ་ལོངས་སྤྱོད་དེ་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱིས་བཞུགས་པ་ནི་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་ནི་རྒྱུད་ཉིད་འབྱུང་བའི་གླེང་གཞི་མཐར་ཐུག་པའོ། །གསུམ་པ་རྐྱེན་གླེང་བསླང་བ་ནི། པདྨའི་སྤྱན་གྱིས་སོགས་ནས། འདི་སྐད་གསུངས་བར་ཏེ་སྐབས་འདིར་བསྟན་བྱའི་གཙོ་བོ་གསུང་པདྨའི་རིགས་ཀྱི་སྒྱུ་འཕྲུལ་རྩ་བ་གསུམ་གྱི་ལྷ་སྔགས་ཏིང་འཛིན་དབང་དང་སྒྲུབ་ཐབས་ལས་ཚོགས་དམ་ཚིག་རྣམས་བསྟན་པར་བཞེད་ནས་ཉེ་བའི་འཁོར་མཁའ་ཁྱབ་ཀྱི་སེམས་ཅན་ལ་བརྩེ་ཆེན་ཡེ་ཤེས་ཀྱི་སྤྱན་རས་ནམ་ཡང་ཟུམ་པ་མེད་ཅིང་གདུལ་དཀའ་སྡུག་བསྔལ་ཅན་ལ་ཐུགས་རྗེས་ལྷག་པར་དགོངས་པའི་རླན་དང་མ་བྲལ་བའི་པདྨ་འདབ་མ་རྣམ་པར་རྒྱས་པའི་འཕགས་པ་ཐུགས་རྗེའི་དབང་ཕྱུག་གིས་སླར་ཡང་ངེས་པ་དོན་གྱི་སྙིང་པོའི་རྒྱུད་དོན་ཟབ་མོའི་གནད་དུ་བསྡུ་ན་ཇི་ལྟར་ལགས་ཞེས་བསྐུལ་བའི་ཚུལ་གླེང་བསླང་ཏེ་གསོལ་བས། དཀྱིལ་འཁོར་གྱི་གཙོ་བོ་སྟོན་པ་འོད་དཔག་མེད་མགོན་གྱིས་ཡེ་ཤེས་ཀྱི་དགོངས་པའི་དོན་གདུལ་བྱ་གཞན་རྒྱུད་ཀྱིས་རྟོགས་ཤིང་གྲོལ་བའི་རང་ཉིད་ཀྱི་གོ་འཕང་ལ་འགོད་པའི་ཐབས་སུ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་གསུང་སྒྲ་ཚིག་ཚངས་པའི་དབྱངས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་འདི་སྐད་གསུངས་སོ། །བཞི་པ་འབྲས་བུའི་རྒྱུད་དོན་དངོས་ལ། རྟོགས་བྱ་གཞི་ཡི་རྒྱུད། རྟོགས་བྱེད་ལམ་གྱི་རྒྱུད། རྟོགས་ཚད་མཐར་ཕྱིན་པ་འབྲས་བུའི་རྒྱུད་གསུམ་མོ། །དང་པོ་རྟོགས་བྱ་གཞི་ཡི་རྒྱུད་བཤད་པ་ནི། གཞི་དབྱིངས་ཀ་ནས་དག་སོགས། འཁོར་བར་འཁྱམས༔ ཞེས་པ་སྟེ་སྤྱིར་སངས་རྒྱས་དང་སེམས་ཅན་གཉིས་གཞི་ཆོས་ཉིད་ཀྱི་ཀློང་ན་བཟང་ངན་གཉིས་སུ་མེད་པར་ཡེ་སངས་རྒྱས་པ་སྟེ། དེའི་རྒྱུ་མཚན་སྣང་སྲིད་འཁོར་འདས་ཀྱི་ཆོས་སོགས་རྣམ་དབྱེ་ཡེ་ནས་མ་དམིགས་པའི་གཞི་ཀ་དག་ཆེན་པོའི་ངོ་བོ་ལ་བཟང་ངན་དང་སྤྲོས་པའི་མཚན་མ་གཞར་ཡང་མ་དམིགས་པའི་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་བདག་ཉིད་ལས་ཡེ་ཤེས་རིག་པའི་རང་རྩལ་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་ཕྱིར་གསལ་དུ་ཤར་བ་ལ། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོས་རིག་པའི་རང་སྣང་དུ་རྟོགས་ཏེ་གཞི་སྣང་ཡེ་ཤེས་སུ་ཤར་བས་སངས་རྒྱས། ཁམས་གསུམ་གྱི་སེམས་ཅན་རྣམས་རང་སྣང་དུ་མ་ཤེས་པར་གཟུང་འཛིན་དུ་ཞེན་པས་འཁྲུལ་ཏེ་འཁོར་བའི་གནས་དོན་ལུས་སུ་བག་ཆགས་ལ་སྤྱོད་པས། གཞི་ཆོས་ཉིད་གཅིག་ལས་གཞི་སྣང་གྲོལ་འཁྲུལ་གྱི་ལམ་གཉིས་སུ་བྱུང་བའོ། །གཉིས་པ་རྟོགས་བྱེད་ལམ་གྱི་རྒྱུད་ནི། དེ་སླད་སྨིན་ཅིང་སྦྱང་བའི་སོགས་ནས། དོན་གཉིས་སྤྱོད༔ ཅེས་པ་སྟེ་སེམས་ཅན་གྱི་མ་དག་འཁྲུལ་པའི་སྣང་བ་ཤར་ཡང་གཞི་ངོ་བོའི་གཤིས་ལ་སྒྲིབ་པས་མ་གོས་པའི་གནད་ཀྱིས། གནས་ལུགས་གཞི་ཡི་བཞུགས་ཚུལ་དང་དག་པ་ཡེ་ཤེས་ཀྱི་སྣང་བ་མཐུན་པ་ལམ་དུ་བྱས་པས་གཟུང་འཛིན་འཁྲུལ་པའི་སྣང་བ་གློ་བུར་པ་ཡིན་པའི་གནད་ཀྱིས་སྒྲིབ་པའི་དྲི་མ་དག་ནུས་པའི་ཕྱིར་དེའི་གཉེན་པོ་ལམ་བྱུང་བ་སྟེ། ལམ་ཐམས་ཅད་ཀྱི་རྩེ་མོ་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་འཇུག་སྒོ་དབང་བཞི་ཡན་ལག་དང་བཅས་པ་ལ། རྩ་བའི་སྨིན་བྱེད་ཡེ་ཤེས་ཐིག་ལེ། དབང་བཞི་ཡེ་ཤེས་དཔལ་སྟེར། གཏོར་དབང་བྱིན་རླབས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི། ཚེ་སྒྲུབ་འཆི་མེད་དྲྭ་བ། ཐོད་ཕྲེང་རིགས་ལྔ། གཤིན་རྗེ། རྟ་མགྲིན། ཡང་དག །ཕུར་པ། ཕག་མོ་དཀར་མོ་བཅས་སོ་སོའི་སྨིན་བྱེད་བཞུགས་པ་དང༌། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག །དབང་གིས་སྨིན་ཟིན་གྲོལ་བའི་ཐབས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་བླ་མ་སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ། ཚེ་སྒྲུབ་འཆི་མེད་དྲྭ་བ་བཅས་དང༌། ནང་སྒྲུབ་པདྨ་དྲྭ་བ། ལོངས་སྐུ་ཐུགས་རྗེ་ཆེན་པོ། གསང་སྒྲུབ་འོད་གསལ་དྲྭ་བ་ཆོས་སྐུ་འོད་དཔག་མེད། ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས། དེ་ལས་འཕྲོས་པ་གུ་རུ་ཐོད་ཕྲེང་སྡེ་ལྔའི་ལས་བཞི་མཆོག་གི་སྒྲུབ་ཐབས། འཇམ་དཔལ་གཤིན་རྗེ། རྟ་མགྲིན། ཡང་དག །ཕུར་པ། ཕག་མོ་དཀར་མོ། བཀའ་སྲུང་གི་སྒྲུབ་ཐབས། རང་རང་གི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ལ་བརྩོན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་སྤྱོད་པས་རིག་འཛིན་བཞིའི་ས་ལམ་བགྲོད་པས་དོན་གཉིས་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་རྟོགས་ཚད་མཐར་ཕྱིན་འབྲས་བུའི་རྒྱུད་ནི། གཞི་ལ་ལམ་གྱིས་སོགས་ནས། ཐུགས་རྗེར་སྨིན༔ ཞེས་པ་སྟེ་གཞིའི་གནས་སྣང་དང་མཐུན་པའི་ལམ་ལ་སྒྲ་ཇི་བཞིན་དུ་སློབ་པས་མཚམས་སྦྱར་ཏེ། འཁྲུལ་སྣང་གི་སྒྲིབ་པ་དག་ནས་འབྲས་བུ་སྐུ་བཞི་དབྱེར་མེད་ཀྱི་ཡོན་ཏན་གཞིའི་ཆོས་ཉིད་ལ་གདོད་ནས་བཞུགས་པ་མངོན་གྱུར་དུ་སད་ནས། ཟག་མེད་འབྲས་ཆོས་ཉེར་ལྔའི་ཡེ་ཤེས་དང་ཕྲིན་ལས་ཀྱི་སྣང་བ་རྟག་ཁྱབ་ལྷུན་གྱིས་གྲུབ་པས་མཐའ་གཉིས་ལ་མི་གནས་པའི་ལྷུན་གྲུབ་ཆེན་པོས་དོན་དུ་སྤྱོད་ནུས་པའོ། །ལྔ་པ་མཐའ་རྟེན་གཏད་རྒྱ་དང་བཅས་པ་ནི། དེ་སྐད་སྟོན་པ་ཀུན་བཟང་སོགས་ནས། བདག་ལ་གདམས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་སྟེ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་ཆོས་ཉིད་ཀྱི་དོན་རྗེས་སུ་མཚོན་པའི་རྡོ་རྗེའི་གནས་འདི་ནི་དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ། ཆོས་ཕུང་བརྒྱད་ཁྲིའི་གཏན་ལ་དབབ་བྱའི་ངེས་དོན་མཐར་ཐུག །གབ་སྦས་ཀྱི་གསང་བ་ཟབ་མོས་རྒྱས་བཏབ་པའི་སྟོན་པ་རྡོ་རྗེ་རྒྱལ་པོའི་དགོངས་པ་མཐར་ཐུག་འདིའི་དོན་ཚུལ་བཞིན་རྟོགས་ན་སྟོན་འཁོར་ཚོམ་བུ་གཅིག་ཏུ་སྨིན་པར་གདོན་མི་ཟ་བས། བསྐྱེད་པ་མ་ཧཱ། རྫོགས་པ་ཨ་ནུ། ཟུང་འཇུག་ཨ་ཏི་ཡོ་གའི་རྡོ་རྗེའི་ཏནྟྲ་འབུམ་ཕྲག་ཀུན་གྱི་ཡང་བཅུད་སྙིང་པོའི་མཐར་ཐུག་འདིས་སྙིགས་མའི་གདུལ་བྱ་རྣམས་ལ་འདུལ་བྱེད་ཐབས་ཀྱི་གསང་བ་མཆོག་ཏུ་འགྱུར་བར་གཟིགས་ནས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་པའི་རིག་རྩལ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བདེ་སྟོང་གཉིས་མེད་ཡེ་ཤེས་རྡོ་རྗེའི་ཐོལ་བྱུང་གི་གླུ་ཡི་ཚུལ་དུ་ཉིད་ལས་མི་གཞན་པའི་པདྨ་ཐོད་ཕྲེང་རྩལ་ལ་གདམས་པ་སྟེ། སྣང་ངོར་ན་རྣམ་པ་སྐུ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་བསྟན་ཀྱང་ངོ་བོ་དགོངས་ཀློང་ཡེ་ཤེས་ཀྱི་དབྱིངས་གཅིག་པའི་བདག་ཉིད་དུ་ཤེས་པར་བྱའོ། །སྤྱིར་རྡོ་རྗེའི་རྒྱུད་ཀྱི་གནས་འདི་ཞིབ་ཏུ་དབྱེ་ན་ཟབ་རྒྱས་ངོ་མཚར་ཆེ་བ་བཞུགས་ཀྱང་དགོངས་དོན་གསལ་བྱེད་མདོར་བསྡུས་ཙམ་ལས་དེང་སང་དཔྱོད་ལྡན་ཆོས་ལ་དོན་གཉེར་ཅན་ཤིན་ཏུ་དཀོན་པས་ཡི་གེའི་ཕུང་པོ་བརྩེགས་པའི་ངལ་བ་མ་བྱས་སོ། །གཉིས་པ་སྒྲུབ་ཐབས་ལུང་གི་དུམ་བུར་དེ་དག་སྤྱིར་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ལོ་རྒྱུས་བརྗོད་པ། ལུང་གི་དོན་དངོས། ཕན་ཡོན་བསྟན་པའོ། །དང་པོ་ལའང༌། མཚན་དང༌། མཆོད་བརྗོད། ལོ་རྒྱུས་དངོས་དང་གསུམ་ལས། དང་པོ་ནི། རྩ་གསུམ་འོད་གསལ་སྙིང་ཐིག་ལས༔ རྩ་གསུམ་སྒྲུབ་ཐབས་ལུང་གི་དུམ་བུ་བཞུགས༔ ཞེས་པ་སྟེ། གོང་དུ་བསྒྲུབ་གཞི་གཞི་ལམ་འབྲས་བུའི་བསྟན་པའི་རྒྱུད་ཀྱི་དགོངས་དོན་མངོན་དུ་བྱ་བའི་ཐབས། བསྒྲུབ་བྱ་རྩ་བ་གསུམ་གྱི་ལྷ་ཚོགས། སྒྲུབ་བྱེད་ཀྱི་གནད་རྒྱུད་ལས་བཏུས་པ་ལུང་གི་དུམ་བུ་བཞུགས། གཉིས་པ་ནི། འཕགས་མཆོག་སྙིང་རྗེའི་ལྷ་ལ་འདུད༔ ཅེས་པ་སྟེ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་སྐྱེ་མེད་ཀྱི་དགོངས་པའི་རང་གཤིས་མཁའ་ཁྱབ་གདུལ་བྱའི་ཡུལ་ལ་འབད་མེད་དུ་འཇུག་པའི་དམིགས་མེད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ནི་ངེས་པ་དོན་གྱི་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྟེ། དེ་ནི་གསང་སྔགས་ཀྱི་རྒྱུད་སྡེ་བཞི་ཀ་ནས་གསུང་པདྨའི་རིགས་ཀྱི་ཁྱབ་བདག་བདེ་བ་ཆེན་པོ་གར་གྱི་དབང་ཕྱུག་ཅེས་གྲགས་པ་གང༌། དོན་ལ་ཆོས་སྐུ་གདོད་མའི་མགོན་པོ་འོད་སྣང་མཐའ་ཡས་ཉིད་ཕྱིར་གསལ་སྐུ་དང་ཞིང་གི་སྒྲོན་མེ་བཀོད་པའི་ཚེ་རང་སྣང་ལོངས་སྐུའི་སྟོན་པ་རྣམ་སྣང་གངས་ཆེན་མཚོ་སྐུ་དང་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པས་ཚངས་པ་རྔ་སྒྲ་རྡོ་རྗེ་སྙིང་པོའི་བཀོད་པ་སྟོན་པ་པོ་དང་ཐ་མི་དད་པ་ལ་ཕྱག་གིས་བཏུད་དེ་སྤྲུལ་གཞི་ངོས་བཟུང་བའོ། །གསུམ་པ་ལོ་རྒྱུས་དངོས་ནི། བཀྲ་ཤིས་རང་བྱུང་བྲག་གི་ཕུག་སོགས་ནས། ཚིག་འདི་བསྟན༔ ས་མ་ཡ༔ ཞེས་པ་སྟེ་སྤྱིར་རྒྱུད་ཀྱི་གླེང་གཞིར་གསལ་བ་བཞིན་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རང་སྣང་གི་སྟོན་པས་ཆོས་ཀྱི་སྣང་བ་རྒྱུན་མི་ཆད་པར་དུས་བཞི་མཉམ་པ་ཉིད་དུ་སྤྱོད་པ་ལ་ཚད་བཟུང་མ་མཆིས་ཀྱང༌། ཕྱོགས་རེའི་གདུལ་བྱ་རེ་རེའི་དོན་ཡང་རྒྱ་ཆེ་རྒྱུན་མི་ཆད་པ་འབྱུང་བའི་ཚུལ་དམིགས་མེད་ཡེ་ཤེས་ཀྱི་དགོངས་པས་གཟིགས་ཏེ་འགྲོ་བ་འདུལ་བའི་སྐབས་སུ་བབས་པ་ན། ཆོས་སྐུ་འོད་མཚན་སྟོང་འབར་དང༌། ལོངས་སྐུ་འགྲོ་འདུལ་འཕགས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ་དང༌། ལྷ་ལྕམ་མནྡཱ་ར་བ་གཉིས་ཀྱིས་རྒྱ་གར་ཤར་ཕྱོགས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་དངོས་སུ་བྱོན་ནས་དབང་བསྐུར། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས་ནམ་མཁའ་ཇི་སྲིད་བར་རྡོ་རྗེའི་སྐུ་དེས་འགྲོ་བའི་དོན་མཛད་པའི་ངོ་མཚར་མངོན་དུ་གྱུར་པའི་ཚེ་རྡོ་རྗེ་གསང་བའི་ཚིག་འདི་ཡང་གདུལ་བྱ་ཐུན་མོང་རྣམས་འདུལ་བའི་ཕྱིར། རྩ་གསུམ་འོད་གསལ་སྙིང་ཐིག་གི་ཟབ་རྒྱས་རྨད་བྱུང་དུ་བྱུང་བའི་རྒྱུད་ལུང་མན་ངག་གི་ཚུལ་དུ་བསྟན་པར་གྱུར་ཏོ། །གཉིས་པ་ལུང་གི་དོན་དངོས་ལ་གཉིས། གང་བསྒྲུབ་པར་བྱ་བའི་གཞི། ཇི་ལྟར་སྒྲུབ་པའི་ཐབས་བསྟན་པའོ། །དང་པོ་ནི། ཆོས་རྣམས་ཀུན་གྱི་དེ་ཉིད་ནི༔ སོགས་ནས། འདུས་པར་བལྟ༔ ཞེས་པའི་དོན་ཏེ། ངོ་བོའི་གནས་ཚུལ་གྱིས་གཞལ་ན་དབྱིངས་རིག་གཉིས་མེད་རང་བྱུང་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་རྣམ་པའི་སྣང་ཚུལ་གྱིས་དབྱིངས་ཀ་དག་སྟོང་པའི་ཆ་མནྡཱ་བ་ར་དང༌། ཐབས་འོད་གསལ་སྣང་བའི་ཆ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གདོད་ནས་གཉིས་མེད་ཟུང་འཇུག་ཁ་སྦྱོར་བདེ་བ་ཆེན་པོ་བྲི་གང་དང་བྲལ་བའི་རང་བཞིན་ཐུགས་རྗེ་མ་འགག་རོལ་པའི་ཆོ་འཕྲུལ་དབང་ཆེན་རྟ་ཕག་ཡབ་ཡུམ་དང༌། པདྨ་དྲག་པོ་ཐ་མི་དད་པའི་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་འབྱམས་སུ་ཀླས་པར་སྟོན་ཀྱང་དོན་དུ་རང་རིག་བླ་མའི་ཡེ་ཤེས་གཅིག་ལས་གཞན་དུ་མ་དམིགས་པར་ཤེས་པས་བསྐྱེད་རྫོགས་ཀྱི་ཟབ་གནད་ཀུན་གྱི་འགག་དེར་བསྡུ་ཤེས་ན་མཆོག་ཐུན་གྱི་དངོས་གྲུབ་བདེ་མྱུར་དུ་ཐོབ་པའི་ཐབས་ལ་ནམ་ཡང་བསླུ་བ་མེད་པ་སྟེ་རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། བླ་མ་སངས་རྒྱས་ཐོག་མར་བྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མའི་མཆོག༔ ཚོགས་མ་བསགས་དང་མཐོང་བ་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་བཟང་སྔོན་དུའང་བླ་མ་བྱུང༔ ཞེས་དང༌། རྒྱལ་བ་ཀུན་གྱི་སྤྱི་གཟུགས་འདི་ཁོ་ན༔ ཆགས་ཤིང་ཞི་བས་འདུལ་ལ་ཞི་བ་དང༔ སྡང་ཞིང་ཁྲོ་བས་འདུལ་ལ་ཁྲོ་བོར་སྣང༔ ཅིར་ཡང་འཕྲུལ་པ་རྒྱལ་སྲས་པདྨ་འབྱུང༔ རང་རིག་བླ་མའི་རྒྱལ་པོ་བདག་གིས་བཤད༔ ཅེས་སོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་ནི། བཅོས་མིན་མོས་ཤིང་གདུང་བའི་སོགས་ནས། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པ་སྟེ་སྒྲུབ་གཞི་ངེས་དོན་གྱི་བླ་མའི་གནས་ལུགས་མངོན་སུམ་དུ་རྟོགས་བྱེད་ཐབས་ཀུན་གྱི་རྩ་བ་ནི་མོས་གུས་ཁོ་ན་ལ་རག་ལས་པ་སྟེ་ཨ་ཏི་བཀོད་པ་ཆེན་པོ་ལས། བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡིས། སངས་རྒྱས་འབྲས་བུ་གཅིག་ཆར་འགྲུབ་པར་ངེས། ཞེས་གསུངས་པས་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བདུན་པ་ཉིད་ཀྱིས་ཐུགས་རྒྱུད་བསྐུལ་ཏེ་རྩ་གསུམ་བདེ་གཤེགས་ཀུན་འདུས་ཀྱི་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རོལ་པ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པ་ཤར་བར་ངེས་ཤེས་བསྐྱེད། ཐག་བཅད། མོས་གུས་གདུང་བ་དྲག་པོའི་ཉིན་མཚན་བར་མེད་དུ་གསོལ་བ་བཏབ་པས། མཆོག་ཐུན་དངོས་གྲུབ་མཐའ་དག་དེ་ཁོ་ནས་འགྲུབ་པ་ནི་ངེས་པའོ། །གུ་རུའི་གསོལ་འདེབས་ཀུན་གྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་པ་འདི་ཉིད་ལ་མཐའ་དྲུག་ཚུལ་བཞིའི་རྣམ་བཤད་ཟབ་ཅིང་རྒྱ་ཆེ་བ་ཀུན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱིས་ལེགས་བཤད་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་བར་རྒྱས་པར་བསྟན་པ་བཞིན་རྡོ་རྗེའི་ཚིག་རྐང་གཅིག་གིས་བླ་རྫོགས་ཐུགས་གསུམ་གྱི་བསྐྱེད་རྫོགས་མན་ངག་དང་བཅས་ཞིབ་རྒྱས་སུ་བསྟན་པའང་བཤད་པར་བྱའོ། །གསུམ་པ་ཕན་ཡོན་བསྟན་པ་ནི། འདིས་ནི་སྣང་སྲིད་སྒྱུ་མར་སོགས་ནས། ཐིག་ལེ་ཆེན་པོར་བཤད༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཕྱིར་གསལ་སྟོན་འཁོར་གྱི་བཀོད་པ་ནང་དབྱིངས་སུ་བསྡུ་ཚུལ་དང་བཅས་ཞིབ་རྒྱས་སུ་བསྟན་པའོ། །གསུམ་པ་མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་གི་སྔོན་འགྲོ། དངོས་གཞི་རྗེས་ཀྱི་རིམ་པས་ཉམས་ལེན་གྱི་ལམ་རྒྱས་པར་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོ་ལའང༌། མཚན། མཆོད་བརྗོད། མདོར་བསྟན་པ་གསུམ་ལས། དང་པོ་ནི། རྩ་གསུམ་འོད་གསལ་སྙིང་ཐིག་ལས༔ མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་བཞུགས༔ ཞེས་པ་སྟེ་དེ་ཡང་སྒྲུབ་བྱེད་རྒྱུད་ལུང་མན་ངག་གི་གནད་ཀྱིས། བསྒྲུབ་བྱ་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་གསུམ་སྟེ། སྒྲུབ་ཚུལ་བསྐྱེད་རྫོགས་རྫོགས་ཆེན་གང་གིས་སྒྲུབ་ཀྱང་གདོད་ནས་དག་པའི་འོད་གསལ་སེམས་ཀྱི་རྡོ་རྗེའི་ཆོས་ཉིད་གཅིག་ཏུ་འབབ་ཅིང་གཞོལ་བ་སྟེ། ཡེ་ཤེས་ཆེན་པོ་དེ་ཡི་གནས་སྣང་དང་མཐུན་པའི་ཟབ་ལམ་ཐམས་ཅད་ཀྱི་ཉིང་ཁུའི་བཅུད་ལྟ་བུ་ཡིན་པས་སྙིང་ཐིག་ཅེས་བྱ་བ་ལས། བརྗོད་པའི་དོན་དེ་རྟོགས་པའི་ཕྱིར་རྗོད་བྱེད་ཀྱི་ཚིག་རྩ་བ་གསུམ་གྱི་བསྐྱེད་རྫོགས་དབང་དང་བཅས་པའི་མན་ངག་ཚུལ་བཞིན་ཉམས་སུ་བླང་པས་འབྲས་བུ་མི་སློབ་པའི་གོ་འཕང་འཇའ་ལུས་རྡོ་རྗེའི་གནས་ལ་ཡུད་ཀྱིས་སྦྱོར་ནུས་པའི་རྡོ་རྗེའི་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད་རང་བྱུང་ནཱ་དའི་རང་སྒྲར་ཤར་བའི་ཚིག་རྐང་བཞུགས་ཞེས་སོ། །གཉིས་པ་ནི། རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ་ལ་འདུད༔ ཅེས་གསུངས་པའི་དོན། སངས་རྒྱས་ཀྱི་ཕྲིན་ལས་གང་འདུལ་གྱི་རོལ་པ་གདུལ་བྱའི་དོན་དུ་སྤྲོ་ན་ལྷའི་སྒོ་ནས་དབྱེ་བའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚུལ་གྱིས་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཀོད་པ་བགྲངས་ཡས་སུ་སྟོན་པ་ཐམས་ཅད་ཀྱང༌། ངོ་བོ་དཔལ་ལྡན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གཅིག་གི་ཡེ་ཤེས་ཀྱི་ཐིག་ལེར་འདུས་པ་སྟེ། སྤྱིར་དོན་གྱི་གནས་ལུགས་ངོ་བོའི་དབང་དུ་བྱས་ན་བླ་མ་ཐམས་ཅད་ལ་སངས་རྒྱས་ཀུན་གྱི་གསང་བ་གསུམ་འདུས་པར་གསུངས་ཀྱང༌། སློབ་དཔོན་རིན་པོ་ཆེ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བདག་ཉིད་དུ་གསུངས་པ་གནས་སྣང་གཉིས་ཀ་ལ་དགོངས་པས་ཁྱད་པར་ཆེ་སྟེ། གུ་རུ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་རླབས༔ ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བགྲོས་མཛད་དེ༔ ལྷོ་འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང༔ གསང་སྔགས་འབྲས་བུའི་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར༔ རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ༔ རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོང༔ གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱི་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ ཅེས་དང༌། སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེད༔ གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུང༔ ཞེས་ངོ་བོ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས་རྗེ་ཡེ་སྤྲུལ། རྣམ་པ་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཚད་མེད་པས་སྙིགས་དུས་ཀྱི་གདུལ་བྱ་སྤྱི་དང་ལྷག་པར་བོད་ཁ་བ་ཅན་གདུལ་ཞིང་དུ་སྨོན་ལམ་དང་ཐུགས་རྗེའི་འབྲེལ་བས་གསོལ་བ་བཏབ་པས་འབྲས་བུ་མྱུར་རོ། །གསུམ་པ་ནི། འཁོར་འདས་ཆོས་ཀུན་གདོད་ནས་རྣམ་དག་ཀྱང༔ ཞེས་པ་སྟེ་སྦྱང་གཞི་དོན་གྱི་གནས་ལུགས་ཀ་དག་དག་པ་ཆེན་པོ་བསྟན། གཉིས་འཛིན་གློ་བུར་འཁྲུལ་པ་སྦྱང་བའི་ཕྱིར༔ ཞེས་སྦྱང་བྱ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་ཆ་རང་སྣང་དུ་མ་ཤེས་པས་བདག་ཏུ་བཟུང་བའི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པས་མེད་སྣང་གློ་བུར་གྱི་འཁོར་ཆོས་འཁྲུལ་པ་སྦྱང་བའི་ཕྱིར། ཐུན་མོང་ཁྱད་པར་བླ་མེད་ལམ་མཆོག་འདི༔ ཞེས་སྦྱོང་བྱེད་ཐུན་མོང་ཀུན་བརྟགས་ཀྱི་ཞེན་པ་སྦྱང་ཕྱིར་བསྐྱེད་རིམ། ཁྱད་པར་བག་ཆགས་ཀྱི་སྒྲིབ་པ་སྦྱོང་བྱེད་རྫོགས་རིམ། བླ་མེད་ལྷན་སྐྱེས་ཀྱི་སྒྲིབ་པ་སྦྱོང་བྱེད་ཟུང་འཇུག་རྡོ་རྗེ་སེམས་དཔའི་མན་ངག་ཐུན་མོང་མ་ཡིན་པའི་གསེང་ལམ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལམ་ཡོངས་རྫོགས་རྒྱུ་འབྲས་ཐེག་པ་ཀུན་གྱི་ཡང་སྙིང༌། རྟོག་གེ་དང་རང་བཟོས་མ་བསླད་པའི་གསང་མཆོག་རྡོ་རྗེའི་ཚིག་རྐང་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་གྱི་ཡང་ཞུན་འདི་ལྟ་བུ་ནི་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ་གསང་སྔགས་ཀྱི་སློབ་དཔོན་གྱི་ཚུལ་དུ་བསྟན་པའི་ཚེ་ཨོ་རྒྱན་དྷ་ན་ཀོ་ཥའི་མཚོ་གླིང་ལས་ཕ་མའི་རྒྱུ་རྐྱེན་ལ་མ་ལྟོས་པ་རིག་པ་ཐོལ་སྐྱེས་ཀྱིས་འཁྲུངས་པ་བདག་གིས་བསྟན་པ་ལྟར་ཉམས་སུ་བླངས་བས་སྦྱངས་འབྲས་སྐུ་དང་ཡེ་ཤེས་ཀྱི་དཔལ་ལ་སྤྱོད་པ་ནམ་ཡང་མི་བསླུ་བར་ཤུགས་ལ་བསྟན་ཏོ། །གཉིས་པ་དངོས་གཞི་ལ། ལམ་གྱི་འཇུག་སྒོ། ལམ་གྱི་གཞུང་ཤིང༌། ལམ་གྱི་མྱུར་ལམ། ལམ་གྱི་སྦས་དོན། ལམ་གྱི་མན་ངག་གི་རིམ་པ་ལྔས་བསྟན་པའོ། །དང་པོ་ནི། དབང་ཐོབ་དམ་ཚིག་ལ་གནས་རྣལ་འབྱོར་པས༔ ཞེས་པ་ལྟར་གསང་སྔགས་ཆོས་ཀྱི་སྒོ་འབྱེད་དབང་གིས་མ་སྨིན་ན་ལམ་ལ་འཇུག་པ་ལྟ་ཅི། མན་ངག་གི་དཔེ་ཙམ་བལྟ་རྟོགས་མི་རུང་བས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་ཕྱི་ཕན་པ། ནང་ནུས་འཇུག །གསང་བ་ཟབ་མོའི་དབང་མཐའ་རྟེན་དང་བཅས་པས་རྒྱུད་སྣོད་རུང་དུ་སྨིན་པར་བྱས་པའི་དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་མའམ་རྣལ་འབྱོར་པས་རྒྱབ་བརྟེན་མན་ངག་གི་ལམ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། ངེས་པ་རྙེད་པར་བྱས་ནས། གངས་ཁྲོད་རི་རྩེ་མཚོ་གླིང་ནགས་ཚལ་སོགས༔ ཤིན་ཏུ་དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ ཞེས་པས་རྣམ་གཡེང་དང་འདུ་འཛིའི་སྤྲོས་པ་མེད་ཅིང་དངོས་གྲུབ་སྒྲུབ་པའི་མཚན་ཉིད་ཚང་བའི་གནས་སུ། གཅིག་པུ་བདེ་བའི་སྟན་ལ་བག་ཕབ་སྟེ༔ ཞེས་ཚེ་འདིའི་སྤྲོས་པ་རྦད་ཀྱིས་བཅད་ནས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྒོ་གསུམ་རྣལ་དུ་ཕབ་སྟེ་ཉམས་ལེན་གྱི་དྲོད་ཚད་ཐོབ་པར་བྱ་དགོས་སོ། །གཉིས་པ་ལམ་གྱི་གཞུང་ཤིང་བསྟན་པ་ལ། ཐུན་མོང་དང༌། ཐུན་མིན་གཉིས་ལས། དང་པོ་ནི། དལ་འབྱོར་ལུས་འདི་སོགས། ཚིག་རྐང་བཞིས་ཆོས་བསྒྲུབ་བྱའི་རྟེན་དལ་འབྱོར་རྙེད་དཀའ་བས་སྙིང་པོ་ལེན་དགོས། ཆོས་ལ་བསྐུལ་བའི་རྐྱེན་སྣོད་བཅུད་མི་རྟག་པས་རྒྱུད་བསྐུལ་ཏེ་བློ་སྣ་བསྟུང་བ། ཆོས་ཀྱི་གནད་རྒྱུ་འབྲས་ལ་ཡིད་ཆེས་པས་དགེ་སྡིག་སྤང་བླང་དུ་བྱ། ཆོས་ཀྱི་སྲོག་འཁོར་བའི་ཉེས་པ་མཐོང་བས་ངེས་པར་འབྱུང་བའི་བློ་བསྐྱེད་པའོ། །དེ་དག་ནི་མདོ་སྔགས་ཐུན་མོང་གི་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ལམ་གྱི་ཁོག་དབུབ་མེད་དུ་མི་རུང་བའི་གཅེས་གནད་དོ། །གཉིས་པ་ནི། བདག་གཞན་བྱང་ཆུབ་སོགས། མངོན་སུམ་ལྷུག་པའི་ཡེ་ཤེས་དེ་རུ་འཆར༔ ཞེས་པ་སྟེ། རྒྱུ་འབྲས་ཐེག་པ་ཆེ་ཆུང་གི་དགོངས་པ་ལྟར་སྐྱབས་འགྲོའི་རྣམ་བཞག་ཤེས་པས་ཉམས་སུ་ལེན་པར་བྱ། ཐེག་པ་ཆེན་པོའི་ལམ་ལྟར་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་སྐྱབས་སུ་འགྲོ། ཐེག་ཆེན་ལམ་གྱི་རྩ་བ་ཀུན་རྫོབ་དོན་དམ་གྱི་སེམས་བསྐྱེད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཉམས་ལེན་གྱི་མཐིལ་བཅའ། སྡིག་ལྟུང་གི་གཉེན་པོར་རྡོར་སེམས་སྒོམ་བཟླས་ཀྱིས་ལས་ཉོན་གྱི་འཁྲུལ་རྟོག་སྦྱངས་བ། ཚོགས་བསགས་ཀྱི་སྙིང་པོ་སྐུ་གསུམ་གྱི་ཞིང་ཁམས་མཆོད་སྤྲིན་དུ་འབུལ་བས་དག་པའི་ཞིང་ཁམས་སྦྱང་བ། ལམ་འབྲས་ཀྱི་ཡོན་ཏན་སྤྱི་དང་རྡོ་རྗེའི་ཡེ་ཤེས་བཙན་ཐབས་སུ་འབེབས་པ་བླ་མའི་རྣལ་འབྱོར་གྱིས་བྱིན་རླབས་འཕོ་བས་དགོངས་བརྒྱུད་ཀྱི་ཡེ་ཤེས་བསྐྱེད་པ་སྟེ། དེ་ལྔ་ནི་བསྐྱེད་རྫོགས་རྫོགས་ཆེན་དང་བཅས་ལམ་གྱི་རྐང་རྡོ་ཐུན་མོང་མ་ཡིན་པ་ཟབ་ལ་ཁྱེར་བདེ་བའི་རྣལ་འབྱོར་རྨད་དུ་བྱུང་བའོ། །གསུམ་པ་ལམ་གྱི་མྱུར་ལམ་གསང་སྔགས་བླ་མེད་གཞི་མ་ཧཱ་ཡོ་གའི་དགོངས་པ་བསྐྱེད་རིམ་གྱི་རྣམ་བཞག་ལ་སྐུ་གསུམ་གྱི་བསྐྱེད་བཟླས་དངོས་དང༌། ཡན་ལག་གི་ལྷའི་སྒྲུབ་ཐབས་ལ་སོགས་པ་དང༌། བསྐྱེད་བཟླས་ཇི་ལྟར་ཉམས་སུ་ལེན་ཚུལ་ལོ། །དང་པོ་ལའང་གསུམ། དང་པོ་སྤྲོས་པ་ཅན་བླ་མ་སྤྲུལ་སྐུ་ཐོད་ཕྲེང་རྩལ་གྱི་སྒྲུབ་པ་ནི། ཏིང་འཛིན་གསུམ་སོགས་ཏེ། མངོན་བྱང་ལྔ་བསྐྱེད་ཀྱི་ཆོ་གས་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་བསྐྱེད་བཟླས་ཚེ་སྒྲུབ་དང་བཅས་པ་དང༌། འཆི་མེད་པདྨ་འབྱུང་གནས་ལ་ཐོད་ཕྲེང་རིགས་ལྔ་ལུས་དཀྱིལ་དུ་བཀོད་པའི་ཚེ་སྒྲུབ་འཆི་མེད་དྲྭ་བ། ཐོད་ཕྲེང་རིགས་ལྔའི་སྒོས་སྒྲུབ་བཅས་དང༌། གཉིས་པ་སྤྲོས་མེད་བླ་མ་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་ནང་སྒྲུབ་སྟེ། སྐད་ཅིག་བདེ་སྟོང་སོགས་ལྟར་བདེ་སྟོང་གི་སྒྱུ་འཕྲུལ་ལས་བསྐྱེད་པ་དྲོད་གཤེར་སྐྱེ་བའི་བག་ཆགས་སྦྱོང་བའི་བསྐྱེད་རིམ་སྟེ། དབྱིངས་དང་རིག་པ་དབྱེར་མེད་ལས༔ ཟུང་འཇུག་སྒྱུ་མའི་དཀྱིལ་འཁོར་གསལ༔ ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་བླ་མ་ཆོས་སྐུ་འོད་དཔག་མེད་པའི་གསང་སྒྲུབ་འོད་གསལ་དྲྭ་བ་ནི། མ་བསྐྱེད་ཡེ་རྫོགས་སོགས་ལྟར་སྐད་ཅིག་དྲན་རྫོགས་རྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་ནི། ཁྲེགས་ཆོད་ཀ་དག་རིག་རྩལ་ལས༔ ལྷུན་གྲུབ་བསྐྱེད་རྫོགས་དབྱེར་མེད་པར༔ ཞེས་གསུངས་སོ། །ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས་བཅས་དང༌། གཉིས་པ་དེ་ལས་འཕྲོས་པ་ཡན་ལག་ལྷ་ལྔའི་སྒྲུབ་ཚུལ་ནི། གཤིན་རྗེ་གཤེད་དམར་འཆི་བདག་ཟིལ་གནོན། རྟ་མགྲིན་འཆི་མེད་དབང་ཆེན་འདུས་པ། ཡང་ཕུར་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ། ཕུར་པ་འདུས་པའི་དྲིལ་སྒྲུབ་བཅས་སྒོས་བཀའ་སོ་སོའི་དབང་དང་བཅས་པ་དང༌། མཁའ་འགྲོ་ཕག་དཀར་ཡེ་ཤེས་སྣང་བ་བཅས་དང༌། རྡོ་རྗེ་རྣམ་འཇོམས་རྒྱུད་སྡེ་བཞི་འབྲེལ་གྱི་སྒྲུབ་ཐབས། སོ་སོར་དབང་བཅས་བཞུགས་པ་སྟེ། དེ་ལྟར་བསྟན་པའི་རྣལ་འབྱོར་བླ་མེད་ཀྱི་བསྐྱེད་རིམ་ཐམས་ཅད་ལམ་གནད་སྙིང་པོ་འདི་དག་རྫོགས་སྨིན་གསུམ་སྟེ་དེའི་ཚུལ་ནི་ཀུན་མཁྱེན་འཇིགས་མེད་གླིང་པས། མདོར་ན་སྣང་གྲགས་རིག་གསུམ་ཐ་མལ་དུ་སོང་བའི་བསྙེན་པས་ས་མི་ཆོད་པས། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲར་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ ཞེས་རང་ལུགས་ཀྱི་དག་རྫོགས་སྨིན་གསུམ་འདི་བསྙེན་པའི་མདོ་ཆིངས་ཆེན་པོ་ཡིན། ཞེས་གསུངས་པ་ལྟར་སྣོད་བཅུད་ཐ་མལ་དུ་སྣང་ཞིང༌། དེ་ལ་གཟུང་འཛིན་དུ་ཞེན་པས་འཁོར་བའི་རྒྱུ་འབྲས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་མདོ་ལམ་ནས་འབྲས་བུ་སྡུག་བསྔལ་དུ་ཤེས་པར་བྱ་བ་དང༌། དེའི་འཁྲུལ་རྒྱུ་ཀུན་འབྱུང་སྤང་བྱ་དང༌། གཉེན་པོ་ལམ་བདེན་རྒྱུད་ལ་བསྟེན་བྱ། འགོག་པ་མངོན་དུ་བྱ་བར་གསུངས་པ་གང༌། སྔགས་ལམ་ནས་སྣང་ཆའི་གནས་ལུགས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཡི་སྐུ་དང་ཞིང་ཁམས། དངོས་ཞེན་དག་པ་ཡེ་ཤེས་ཕྱག་རྒྱའི་རོལ་པར་གདོད་ནས་མྱང་འདས་དང་མཐུན་པའི་འབྲས་བུ་གཞི་ལ་རྫོགས་པའི་ཚུལ་ཤེས་པས་དག་པ་རབ་འབྱམས་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་དུ་གསལ་ཏེ་སྡུག་ཀུན་གཉིས་སྤང་མི་དགོས་པ་འགོག་ལམ་གྱི་བདེན་པ་རུ་ཤར་བས་སྤང་བླང་མེད་པར་མཉམ་ཞིང༌། ཆོས་ཉིད་རང་གི་ངོ་བོ་ལས་མི་འགྱུར་ཀྱང་རིག་རྩལ་རླུང་རིག་གཡོས་པ་རང་སྣང་རང་རྩལ་དུ་ངོ་མ་ཤེས་པས་ཆོས་ཅན་འཁྲུལ་པ་རང་རྒྱུད་དུ་ཁ་འཁྱལ་ཏེ་སྲིད་པའི་འཁྲུལ་འཁོར་བཀོད་པའི་བྱེད་པོ་ནི་ལས་རླུང་སྟེ། ཆོས་དང་གང་ཟག་གི་བདག་ཏུ་རྟོག་པའི་སེམས་དང༌། ལུས། མིང་གསུམ་གྱིས་སྒྲ་ཚིག་རང་མཚན་དུ་ཞེན་ཅིང་གྲགས་པའི་གནད་ཤེས་པས། ལས་རླུང་གི་གཡོ་འཁྲུལ་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་བྱེད་པས་བཅིངས་ནས་འཁོར་བ་དང་རྣམ་པ་མཐུན་པའི་སྲིད་པའི་འཆིང་ཞེན་ཐམས་ཅད་གསུང་རྡོ་རྗེ་གཡོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེའི་སྔགས་སུ་གདོད་ནས་དག་པའི་ཡིན་ལུགས་སྣང་ཚུལ་དུ་ཡང་མངོན་དུ་སད་པའི་ཐབས་གྲོལ་གྱི་མྱུར་ལམ་ཟབ་མོའི་གཞི་འདིང་བའི་གནད་ཀྱིས། མ་དག་གཉིས་སྣང་གི་དྲན་རྟོག་ཐམས་ཅད་གཞི་མེད་རྩ་བྲལ་དོན་གྱི་འོད་གསལ་ཆོས་སྐུ་རུ་དག་སྟེ་ཡེ་ཤེས་རྗེན་པའི་སྣང་བ་ལྷུག་པར་སྤྱོད་པའི་སྨིན་བྱེད་དུ་གྱུར་པ་ནི་མིང་བསྐྱེད་རིམ་དུ་བཏགས་ཀྱང་དོན་བསྐྱེད་རྫོགས་ཟུང་འཇུག་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་མ་ནོར་བའི་གནད་ཤེས་པས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་སོ་སོའི་དག་རྫོགས་སྨིན་གསུམ་སྦྱོར་ཚུལ་སྤྱི་ལྟར་ཤེས་པར་བྱ་དགོས་སོ། །གསུམ་པ་བསྐྱེད་བཟླས་ཇི་ལྟར་ཉམས་སུ་ལེན་ཚུལ་ལ། ལྷའི་གསལ་སྣང་སྒྲུབ་པ། བོགས་འབྱིན་བཟླས་པ་གཉིས་ལས། དང་པོ་ནི། ཐུན་གཅིག་ལྷ་ཡི་གསལ་སྣང་སོགས་ཏེ་དེ་ལྟར་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ་པའི་ཚེ་རྣམ་པ་གསལ་བས་ཐ་མལ་དུ་སྣང་བའི་རྟོགས་པ་སྦྱངས། ང་རྒྱལ་བརྟན་པས་ལྷ་བདག་གཉིས་སུ་མེད་པའི་ངེས་ཤེས་ཀྱིས་བདག་རྟོག་གི་འཁྲུལ་པ་བཤིག །རྣམ་དག་དྲན་པས་བདེན་འཛིན་ཨ་འཐས་ཀྱི་ཞེན་པ་སྦྱང་པའི་ཚུལ་ལ་ཐུན་དང་པོར་བསླབ་སྟེ། ཐུན་གཉིས་པ་ལ་དེ་ལྟར་གསལ་བ་དེ་ཡང་སྒྲུབ་ཐབས་ཐམས་ཅད་སྒྱུ་མ་ལྟ་བུ། མིང་ཚིག་སྨིག་རྒྱུ། སྤྱོད་ལམ་རྨི་ལམ། དངོས་པོ་གཟུགས་བརྙན། གནས་ཡུལ་དྲི་ཟའི་གྲོང་ཁྱེར། སྒྲ་ཐམས་ཅད་བྲག་ཆ། ལྷ་སྐུ་ཆུ་ཟླ། ཏིང་འཛིན་ཆུ་བུར། འདུ་འཕྲོ་མིག་ཡོར། ཆོ་འཕྲུལ་སྤྲུལ་པ་ལྟ་བུར་ཤེས་པར་བྱས་ཏེ་དམ་ཚིག་བཅུའི་སྒོ་ནས་ཉམས་སུ་བླང་བས་སྣང་ཙམ་མ་འགགས་པ་ལས་རང་བཞིན་གང་ཡང་གྲུབ་པ་མེད་པའི་སྟོང་པའི་བདག་ཉིད་དུ་ཤེས་པའི་ལྟ་བས་རྒྱས་བཏབ། ཐུན་གཅིག་ལ་སྣང་ཡང་རང་བཞིན་མ་གྲུབ་པ། གསལ་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པའི་སྒྱུ་མ་ལྟ་བུའི་སྣང་སྟོང་ཟུང་འཇུག་གི་ཏིང་འཛིན་ལ་རྩལ་སྦྱང་བྱ། ཐུན་གཅིག་ལ་སྣང་གྲགས་རིག་པ་ལྷ་དང་ཞིང་ཁམས་གསང་སྔགས་ཆོས་ཉིད་དུ་གདོད་ནས་གནས་པ་བློས་རྩོལ་བས་བཀོད་མ་དགོས་པར་གཉིས་མེད་རང་རྩལ་མ་བསྒོམས་ལྷུན་གྲུབ་ཀྱི་བསྐྱེད་རིམ་དུ་མ་རོ་གཅིག་རང་བཞིན་ཡོངས་ཤེས་ཀྱི་ལྟ་བས་རྩིས་ཟིན་པའི་བསྐྱེད་རིམ་གྱི་སྲོག་སྡོམ་གཟེར་བཞིའི་སྙིང་པོ་ཡིན་པས་དེ་དག་རིམ་པ་བཞིན་རྩལ་སྦྱང༌། གོམས་ནས་ཕྲུགས་གཅིག་ཏུ་ཉམས་སུ་ལེན་པར་བྱའོ། །གཉིས་པ་བཟླས་པ་ནི། སྒྲར་བཅས་སྒྲ་མེད་བདེ་ཆེན་རྡོ་རྗེའི་བཟླས༔ ཞེས་པ་སྟེ་དེ་ལྟར་བསྐྱེད་རིམ་གྱིས་གསལ་སྣང་སྒྲུབ་པའི་ཚེ་སྐྱོ་བའམ། ལྷ་ཡི་ཐུགས་རྒྱུད་བསྐུལ་བས་དངོས་གྲུབ་མཆོག་གི་གནས་ལ་མྱུར་དུ་སྦྱོར་བའི་ཕྱིར་བོགས་འབྱིན་བཟླས་པ་བྱ་དགོས་ཏེ། དེ་ཡང་ལྷ་སྔགས་གཉིས་མེད་ཀྱི་ངེས་ཤེས་དད་པ་བརྟན་པོས་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་རྣམས་ལྕེ་མཆུའི་རྩོལ་བས་བཟླས་པ་ནི་ངག་བཟླས་སྒྲར་བཅས་དང༌། ཐུགས་སྲོག་སྔགས་ལ་སེམས་འཛིན་གྱིས་ཡིད་བཟླས་སྒྲ་མེད། རླུང་བུམ་པ་ཅན་དང་སྦྱར་བའི་འགོག་བཟླས། འབྱིན་འཇུག་གནས་གསུམ་ལྷ་གང་བསྒྲུབ་དེའི་སྔགས་སམ་རྡོ་རྗེའི་འབྲུ་གསུམ་དུ་ཤེས་པས་རྡོར་བཟླས་སམ། བུམ་པ་ཅན་དང་སྦྱར་བའི་རྡོ་རྗེའི་བཟླས་པ་བྱ་ཞིང༌། བཟླས་དམིགས་ཀྱི་རིམ་པ་ཡང་སྒྲུབ་ཐབས་སོ་སོའི་གཞུང་ལྟར་བྱ་བའོ། །བཞི་པ་ལམ་གྱི་སྦས་དོན་ཨ་ནུའི་དགོངས་པ་ལྟར་བཤད་པ་ལ་གཉིས། རང་ལུས་དང་གཞན་ལུས་སོ། །དང་པོ་ལའང༌། སྔོན་འགྲོ། དངོས་གཞི། ལམ་གྱི་ཡན་ལག་གོ། །དང་པོ་ནི། ལུས་སྦྱོང་རྣམ་པ་སོགས་ཏེ། སྦྱང་གཞི་ཤིན་ཏུ་ཕྲ་བའི་གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་ལ། སྦྱོང་བྱེད་ལམ་ཀྱང་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པས། སྦྱངས་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གཉིས་སུ་མེད་པ་མི་སློབ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་ལ། སྔོན་འགྲོ་ལུས་ཀྱི་རྩ་ཡི་མདུད་པ་བཤིགས་ཏེ་ཡེ་ཤེས་ཀྱི་དབུ་མའི་སྒོ་འབྱེད་པའི་ཕྱིར་རྣམ་པ་ཉི་ཤུའི་འཁྲུལ་འཁོར་གསུངས་པ་འདིར་ཞལ་རྒྱུན་སོགས་ཕྱག་བཞེས་དམིགས་བསལ་མ་བྱུང་བས་རིགས་མཐུན་ལྟ་བུར་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་རླུང་གི་འཁྲུལ་འཁོར་ཉི་ཤུ་ལྟ་བུ་སྦྱོར་དུ་རུང་སྙམ་ཞིང༌། ངག་ལས་རླུང་གི་རྒྱུ་བ་འཆིང་ཞིང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་ཡེ་ཤེས་ཀྱི་རླུང་སྒྲུབ་པའི་ཕྱིར་འབྲུ་གསུམ་རྡོ་རྗེའི་བཟླས་པས་ལམ་དུ་བྱེད་པ་དང༌། སེམས་གཟུང་འཛིན་གྱི་རྟོགས་པའི་གཡོ་འཁྲུལ་ཞི་ཕྱིར་ཕྱི་ལུས་ཀྱི་སྟོང་ར་རྩ་གསུམ་ལྷག་པའི་ལྷ་གང་ཡིན་དེའི་སྐུ་སྣང་སྟོང་སྒྲིབ་གཡོགས་དང་བྲལ་པ་དར་གྱི་གུར་ཕུབ་པ་ལྟ་བུ་དང༌། ནང་རྩ་ཡི་སྟོང་ར་སྐུ་དབུས་དྲང་པོར་རྩ་དབུ་མ་མཚན་ཉིད་བཞི་ལྡན། གཡས་གཡོན་དུ་རོ་རྐྱང་གི་མར་སྣ་དབུ་མའི་ནང་ལྟེ་འོག་སོར་བཞི་ནས་ཆུད་ཅིང༌། ཡར་སྣེ་ལྟག་པ་ནས་གུག་སྟེ་སྣ་བུག་གཉིས་སུ་ཆུད་པ་དེ་ཐམས་ཅད་སྟོང་སངས་འོད་ཀྱི་སྦུ་གུ་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བར་བསྒོམ། གསང་བ་སེམས་ཀྱི་སྟོང་ར་སེམས་དུས་གསུམ་སྐྱེ་འགག་གནས་བྲལ་དངོས་པོ་མཚན་མ་གང་ཡང་མ་དམིགས་པའི་སྟོང་ཉིད་མཐའ་དབུས་བྲལ་བ། རོལ་པ་འགག་མེད་དུ་ཤར་ཡང་དམིགས་གཏད་དང་བྲལ་བ་ལ་བློ་བཞག་པའོ། །གཉིས་པ་དངོས་གཞི་ནི། སྲོག་རྩོལ་ཁ་སྦྱོར་སོགས་ལྟར་སྲོག་ནི་ཐིག་ལེ། རྩོལ་བ་རླུང་གཉིས་རྟེན་བརྟེན་པ་ཡིན་པ་གནད་དུ་བསྣུན་པ་རྣམ་བཅས་ཀྱི་རྣལ་འབྱོར་ཏེ་དེའི་ཚུལ་ནི་ཕྱི་སྣོད་ནང་བཅུད་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་ཀུན་ལ་ཁྱབ་ཅིང་ཤིས་པའི་ནམ་མཁའི་རླུང་ཁ་དོག་མཐིང་གསལ་གྱི་རྣམ་པ་ལ་ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་ཡི་བདུད་རྩིའི་རྣམ་པ། དབང་སྡུད་སྐབས་ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་དང་གང་དབང་དུ་བསྡུ་བྱ་ཉིད་རླུང་སེམས་དྭངས་མའི་ཐིག་ལེའི་ངོ་བོ་ནམ་མཁའི་རླུང་གི་རྣམ་པར་རྔུབ་པ་སོགས་དང༌། མཆོག་སྒྲུབ་གཙོར་བོར་བྱེད་ན་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་དྭངས་མའི་ངོ་བོར་སོགས་སྐབས་ཐོབ་དམིགས་པས་ཁ་བསྒྱུར་ཏེ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་འོད་ལྔའི་རྣམ་པར་སྙིང་གར་གསལ་བར་ཐིམ་པར་བསམ་ལ་སྟེང་རླུང་རྔུབ། འོག་རླུང་བསྐུམ། ལྟེ་བར་ཁ་སྦྱོར་དུ་འཆིང་བས་སྣང་སྟོང་སྲིད་ཞིའི་ཆོས་ལ་དབང་བསྒྱུར་བའི་ཐབས་ཀྱིས་མན་ངག་ལ་གནད་དུ་བསྣུན་པས་སྦྱོར་བ་བཞི་ལྡན་གྱིས་བུམ་ཅན་རླུང་གི་ཁུག་པ་བརྒྱའམ་བདུན་ཅུ་ཉེར་གཅིག་སོགས་ཐུན་རེ་ལ་གནད་དུ་བསྣུན་པ་སྲོག་རྩོལ་རླུང་གི་རྣལ་འབྱོར་དང༌། དེ་ལ་གོམས་ཤིང་བརྟན་པ་དང་རྩ་འཁོར་ལྔར་བླ་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་སྐབས་རང་ཆོས་སྐུ་རྡོ་རྗེ་འཆང་དུ་གསལ་བ་ལ་ཐོད་ཕྲེང་རིགས་ལྔ་འཁོར་དཔའ་བོ་མཁའ་འགྲོའི་ཚོམ་བུ་བཅས་གསུངས་པས་མཚོན་རྩ་བ་གསུམ་སོ་སོར་དམིགས་པའི་ལྡེ་ཁ་བསྒྱུར་ཏེ། དབུ་མའི་མར་སྣར་ལྟེ་འོག་ཏུ་ཨ་ཤད་རླུང་གིས་བསྐུལ་ཏེ་འབར་བའི་དྲོད་ཀྱི་ཟེགས་མས་སྤྱི་བོར་དབུ་མའི་ཡར་སྣར་ཧཾ་ཡིག་མགོ་ཐུར་བསྟན་ལ་རེག་པས་ཐིག་ལེའི་དྭངས་མའི་ཟེགས་མ་ཆར་ལྟར་བྲུལ་བས་སྤྱི་བོ་ནས་ཡས་རིམ་གྱིས་བབ་པས་དགའ་བཞིའི་ཉམས་སྐྱོང་བས་དབང་བཞིའི་རྟོགས་པ་བསྐྱེད། སད་རྨི་གཉིད་འཐུག་སྙོམས་འཇུག་གི་གནས་སྐབས་བཞིའི་སྒྲིབ་པ་དག །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་བདག་ཉིད་དུ་བྱིན་གྱིས་བརླབས། ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་སྐུ་བཞིའི་བདག་ཉིད་དུ་བྱང་ཆུབ་པར་བསམ་ཞིང༌། ཐུན་གྱི་མཐར་སྣོད་བཅུད་ཐམས་ཅད་དྭངས་མའི་རླུང་སེམས་ཀྱི་ངོ་བོར་འོད་དུ་ཞུ་བ་རང་ལ་ཐིམ། རང་ཡང་འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སུ་བསྡུས་ཤིང་ཐིམ་པར་བསམ་ལ་རླུང་རིག་གཉིས་མེད་དུ་བསྲེ་བས་སྣང་མེད་ཀྱི་རྣལ་འབྱོར་ལ་རྩལ་འདོན་བྱའོ། །གསུམ་པ་ལམ་གྱི་ཡན་ལག་ནི། རྗེས་ཐོབ་ཉིན་མཚན་སྒྱུ་མའི་ལྷ་སྐུར་ལྡང༔ ཞེས་པ་ལྟར་དངོས་གཞི་མཉམ་བཞག་གི་ཉམས་མྱོང་བདེ་གསལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྣང་གྲགས་རིག་པའི་ཆོས་ཀུན་ལ་རྒྱས་བཏབ་སྟེ། སྣང་སྟོང༌། གྲགས་སྟོང༌། རིག་སྟོང་སྒྱུ་མ་རྨི་ལམ་ལྟ་བུའི་ཞེན་མེད་སྒྱུ་མའི་ལམ་ཁྱེར་གྱིས་བཟང་ངན་གང་ལའང་ཆེད་འཛིན་རྩིས་གདབ་རེ་དོགས་མི་བྱེད་པར་བཟང་ངན་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་ལམ་དུ་ཁྱེར། མཚན་མོའི་རྣལ་འབྱོར་མགྲིན་པའི་དབུས་སུ་ཨ་ཡིག་དམར་གསལ་ལ་རླུང་སེམས་བསྡུས་ཏེ་གཉིད་དུ་འགྲོ་བར་བྱས་པས་འོད་གསལ་ཟིན་པ་དང༌། ཉིན་པར་སྒོ་གསུམ་གྱི་བྱ་སྤྱོད་རྨི་ལམ་དུ་ལམ་ཁྱེར་སྦྱངས་ལ། རྨི་ལམ་འཛིན་བསྒྱུར་སྤྲུལ་པ་སོགས་འདོད་ན་རྫོགས་རིམ་སྤྱི་ལྟར་ལམ་གྱི་བོགས་འབྱིན་དུ་བྱའོ། །གཉིས་པ་གཞན་ལུས་ནི། དངོས་ཡིད་ཕྱག་རྒྱའི་ལམ་གྱིས་བོགས་འབྱིན་བྱ༔ ཞེས་རང་ལུས་ཐབས་ཀྱི་རྣལ་འབྱོར་གྱིས་རླུང་སེམས་ལས་སུ་རུང་བས་ལམ་ལ་བོགས་འབྱིན་པའི་སླད་ཡིད་རིག་གམ། དངོས་ཡིད་ཕྱག་རྒྱའི་ལམ་ལ་བསྟེན་པས་དཔེ་ཡི་ཐབས་བྱས་པའི་དོན་གྱི་ཡེ་ཤེས་མངོན་དུ་རྟོགས་པར་བྱེད་པའི་ཐབས་ཀྱི་ཉེ་རྒྱུ་ལ་བསླབ་པས་དོན་དམ་ཡེ་ཤེས་ཀྱི་དེ་ཉིད་མངོན་དུ་རྟོགས་པར་བྱེད་པའང་རང་ཉམས་དང་བསྟུན་ཏེ་ཉམས་སུ་ལེན་པར་བྱའོ། །ལྔ་པ་ལམ་གྱི་མན་ངག་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་ཉམས་ལེན་ལ་གསུམ། སྐྱེ་འཆི་བར་དོའི་སྣང་བ་ལམ་དུ་ཁྱེར་བའོ། །དང་པོ་སྐྱེ་བ་ཚེ་འདིའི་ཉམས་ལེན་ལ། ལྟ་བ་ཀ་དག་གི་ཉམས་ལེན་དང༌། སྒོམ་པ་ལྷུན་གྲུབ་ཀྱི་བོགས་འབྱིན་གཉིས་ལས། དང་པོ་ནི། སྒོ་གསུམ་ཞེན་ལོག་སོགས་ནས། སྲང་དུ་གཞུག༔ ཅེས་པའི་བར་ཏེ་འདི་ལའང་ཁྱད་པར་གྱི་སྔོན་འགྲོས་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་དང༌། ལུས་སྦྱང༌། ངག་སྦྱང་ལ་རྒྱས་གདབ། རྩལ་སྦྱང༌། མཉེན་བཙལ། ལམ་ཞུགས་བཞི། སེམས་སྦྱང་བཅས་དང་སྒོ་གསུམ་རྣལ་དབབ། སོར་གཞུག་བཅས་བགྱིས་པས་རྩོལ་བཅས་ཀྱི་བྱ་བ་ལ་བློ་མི་འཇུག་པས་ཞེན་པ་ལྡོག་པ་དང༌། སྔོན་འགྲོ་དེ་དག་གིས་འཁྲུལ་པའི་བྱ་སྤྱོད་ལ་སྙིང་པོ་མེད་པར་ཤེས་པས་ཞེན་པ་ལོག་ཅིང༌། ལུས་སེམས་ཤིན་སྦྱང་གི་ཡོན་ཏན་སྐྱེ་བ་ཞི་གནས་ཀྱི་གཞི་ཐེང་པས། སེམས་ཀྱི་འཁྲུལ་པའི་ཁང་བུ་བྱུང་གནས་འགྲོ་གསུམ་ཚོལ་བས་བཤིག་སྟེ། རིག་སྟོང་རྗེན་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་ཡེ་ཤེས་ཚིག་དང་ཡིད་དཔྱོད་ཀྱིས་མ་བསླད་པའི་ཡེ་ཤེས་རྗེན་པ་འཕགས་པའི་རྟོགས་རིག་མཐར་ཐུག་ཐེག་ཆེན་འགོག་བདེན་ཉིད་ལྟ་བས་ངོ་ཤེས་པར་བྱས་ལ། ལུས་གནད་སྐྱིལ་ཀྲུང་མཉམ་བཞག་གིས་མིག་མི་གཡོ་བར་ཐད་ཀར་གཞག་ལ། ཚོགས་དྲུག་གི་ཡུལ་སྣང་བཟང་ངན་ཆགས་སྡང་འཛིན་ཞེན་གྱི་འཁྲུལ་རྟོག་གིས་བཅས་བཅོས་སྤྲོ་བསྡུ་གང་གིས་ཀྱང་བཅོས་བསླད་དང་བྲལ་བའི་ངང་དུ་མ་བཅོས་པ་རིག་སྟོང་རྗེན་པའི་ཀློང་དུ་བཞག་པས། ཅི་ཞིག་ན་སེམས་ཀྱི་འཇུར་མདུད་ཞིག་པའི་ཆོས་ཉིད་གཉུག་མའི་ངང་དུ་བཞག་པ་ནི་གནད་ཀྱི་ཉམས་ལེན་སྙིང་པོའི་སྲོག་ཏིག་སྟེ། དེའི་ཚེ་རྟོག་པ་བཟང་ངན་གང་བྱུང་ཡང་ཆེད་དུ་མི་བཀག་བཟོ་བཅོས་མི་བྱ། མ་བཅོས་གཉུག་མའི་ལྟ་བ་དང་མ་བྲལ་བར་བསྐྱངས་པས་རྩལ་གྱི་འཕྲོ་འདུ་ཐམས་ཅད་ཀྱིས་ཕན་གནོད་བསྒྱུར་བཅོས་གང་ཡང་མི་ནུས་པ་གཞི་ཐིམ་ལ་སོང་བའི་གནད་ངོས་ཟིན་ཏེ། རྒན་པོས་བུ་ཆུང་གི་སྤྱོད་པ་མཐོང་བ་ལྟར་རྩིས་གདབ་མེད་པར་སྐྱོང་བས་གོམས་པ་བརྟན་པའི་ཚེ་སྣང་སྤྱོད་ཐམས་ཅད་ལ་ཆོས་ཉིད་འདྲ་བའི་ཡེ་ཤེས་ཁོ་ནར་གདེང་འཆའ་ནུས་ཀྱི་བར་བསླབ་ཅིང་ཉིན་མཚན་འོད་གསལ་གྱི་འཁོར་ལོར་སྤྱོད་པའི་མན་ངག །ཉིན་པར་དབྱིངས་རིག་ཟུང་འཇུག་ལྟ་སྒོམ་སྤྱོད་པ་ཡེ་ཤེས་གཅིག་གི་རང་བཞིན་དུ་དག་པར་ལམ་ཁྱེར་དང༌། སྲོད་ལ་དབང་པོ་གནད་དུ་བསྡུ་བས་ཤེས་པ་ནང་དུ་བསྡུ་བ་དང༌། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པའི་རྣལ་འབྱོར་བཞིའི་སྒོ་ནས་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ཐམས་ཅད་ཆོས་ཉིད་ཡང་དག་གི་ཉམས་ལེན་གྱི་གྲོགས་སུ་འགྱུར་བར་བསླབ་བོ། །གཉིས་པ་སྒོམ་པ་ལྷུན་གྲུབ་ཀྱི་བོགས་འབྱིན་ནི། ལྷུན་གྲུབ་སྒོ་ཡུལ་རླུང་སོགས་ནས། མངོན་དུ་གྱུར༔ ཞེས་པ་སྟེ་འོད་གསལ་ལྷུན་གྲུབ་ཀྱི་སྣང་བ་རིག་རྩལ་མ་འགགས་པའི་འཆར་ཆ་ཡིན་ཀྱང༌། རྡོ་རྗེའི་ལུས་ལ་རྟེན་བརྟེན་པར་འབྲེལ་བའི་རྩ་རླུང་ཐིག་ལེ་རྣམས་གནད་དུ་གཅུན་ཏེ་དབྱིངས་རིག་གཟིར་ན་འོད་གསལ་སྣང་བཞིའི་ཡེ་ཤེས་གོང་འཕེལ་དུ་འགྱུར་བས། ཡེ་ཤེས་འཆར་བའི་སྒོ་མིག་གཟིགས་སྟངས་གསུམ། ཡེ་ཤེས་ཀྱི་རྟེན་རྩ་ཀ་ཏི་ཤེལ་སྦུག་འཆིང་བའི། ཕྱིར་ལུས་བཞུགས་སྟངས་གསུམ་དང་མ་བྲལ་བས། གནས་གཡའ་གངས་ཀྱི་ཁྲོད་སོགས་འདུ་འཛི་མེད་ཅིང་ཉི་ཟླ་འཆར་སྔ་ནུབ་ཕྱི་བའི་དབེན་པར་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ནས། ཡེ་ཤེས་འཆར་བའི་ཡུལ་ནམ་མཁའ་སླད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བར། ཉི་ཟླ་འཆར་ནུབ་ཀྱི་ཟེར་གཉིས་ལ་ཐོག་མར་བསྟེན་ཅིང༌། གོམས་ནས་ཉིན་མཚན་བར་མ་ཆད་དུ་རླུང་ཁ་ནས་དལ་གྱིས་རྒྱུ་ཞིང་ཅུང་ཟད་ཕྱིར་འཛིན་བྱས་ཏེ། རིག་པ་འཕྲོ་རྒོད་ཀྱི་རྐྱེན་དང་བྲལ་བར་གནད་དུ་གཅུན་པས། ཕྱི་ནང་གི་དབྱིངས་སྣང་འཇའ་ཟེར་དང་པོ་འཆར་བའི་སྟེང་དུ་རྡོ་རྗེ་ལུ་གུ་རྒྱུད་དང༌། ཐིག་ལེ་གསུམ་འབྲེལ་ཚུན་ཆད་དུ་འཆར་བའི་ཚེ་ཐིག་ལེའི་ར་བར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མི་གཡོ་བར་གཟིར་ཞིང་བསྐྱངས་བས་ནང་དུ་ཆོས་ཉིད་རྗེན་པའི་ཡེ་ཤེས་ཀྱི་མྱོང་བ་ཤར་བ་ཆོས་ཉིད་མངོན་སུམ། དེ་ལྟར་གོམས་པའི་སྣང་བའི་ཉམས་འཇའ་ཟེར་ཐིག་ལེའི་རྒྱ་ཆེ་བ་ཡུལ་གྲུ་ཙམ་ཁྱབ་ཅིང༌། ཐིག་ལེ་ལྔ་ཚོམ་གྱི་ནང་དུ་སངས་རྒྱས་སྤྲུལ་པའི་སྐུའི་གཙུག་ཏོར། ཞལ་ཕྱག་ཐམས་ཅད་དང༌། སྐུ་ཡུམ་དང་རྒྱན་ཕྱག་མཚན་མེད་པ་འཆར་བ་ཉམས་གོང་འཕེལ་གྱི་སྣང་བ་དང༌། སྣང་ཡུལ་ཐམས་ཅད་རིགས་ལྔ་ཡེ་ཤེས་ཀྱི་འཁོར་ལོ་ཞི་ཁྲོ་ལོངས་སྤྱོད་རྫོགས་པ་འཆར་ཞིང་སྣོད་བཅུད་མ་དག་པའི་སྣང་བ་ནུབ་ཅིང༌། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདེང་ཁེལ་བ། རིག་པ་ཚད་ལ་ཕེབས་པ་དང༌། འཁོར་བའི་འཁྲུལ་རྟོག་གཞི་རྩ་དང་བཅས་པ་དག་སྟེ་སྣང་བའི་འཕེལ་རྫོགས་ནས་ཆོས་ཅན་ཀུན་རྫོབ་ཀྱི་སྣང་ཆ་ཆོས་ཉིད་གཏིང་གསལ་གྱི་སྦུབས་སུ་སྡུད་པས་བློ་བྲལ་གདོད་མའི་གཞི་ཀློང་དུ་འུབ་ཆུབ་པའི་དགོངས་པར་གདིང་ཁེལ་བ་དག་གིས་སྣང་བཞི་མཐར་སོན་ཆོས་ཟད་ཀྱི་རྣལ་འབྱོར་ཞེས་རྟེན་འདིར་འབྲས་བུའི་མཐར་ཐུག་མངོན་དུ་གྱུར་བས་ས་ལམ་མཐར་ཕྱིན་པའོ། །གཉིས་པ་འཆི་བའི་སུན་མ་ལམ་ཁྱེར་གྱི་གདམ་པ་ནི། གལ་ཏེ་ཚེ་འདིར་སོགས་ནས། རྣམ་པར་འཕོ༔ ཞེས་པ་སྟེ་དབང་པོ་འབྲིང་དག་ཚེ་འདིར་གྲོལ་ཚད་མངོན་དུ་མ་གྱུར་ན་ད་ལྟ་གོམས་པའི་འོད་གསལ་སྐྱེལ་མ་ལྟ་བུ་དང༌། འཆི་ཁའི་བར་དོ་དང་པོའི་འོད་གསལ་གྱི་སྣང་བ་སུན་མ་ལྟ་བུ་གཉིས་ནང་འཛོམ་སྟེ་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བའི་དུས་མཉམ་པ་ལྟ་བུའི་གཞི་ལམ་གྱི་འོད་གསལ་མ་བུ་འཕྲད་ནས་གྲོལ་བ་མངོན་དུ་བྱ་བ་འོད་གསལ་སྦུབས་འཇུག་དང༌། དེའི་དོན་ད་ལྟའང་རིག་པ་མིག །མིག་དབྱིངས་རིག་གམ་ནམ་མཁའ་ལ་གཏད་དེ་བསྲེ་བའི་ངང་ནས་སྦྱང་པ་དང༌། འཆི་བའི་ཚེ་བླ་མ་མཆེད་གྲོགས་ཀྱིས་ངོ་སྤྲོད་གདབ་པ་དང་དུས་མ་ཡིན་པའི་འཆི་བ་བསླུ་བའི་མན་ངག་དང༌། དུས་ལ་བབ་ན་ཚེ་འདིའི་འཁྲི་བ་བཅད་ཅིང་བློ་མ་འཕྲེང་བས་འཆི་སྲིད་ཀྱི་གདམས་པ་གསལ་འདེབས་བྱ་བ་དང༌། ཉམས་ཆགས་བཤགས་པ་སོགས་བྱ། དེ་ཙམ་གདིང་དུ་མ་ཁེལ་ན་རང་གི་གཞི་ལུས་རྩ་གསུམ་གང་མོས་སུ་གསལ་བའི་ལུས་དབུས་རྩ་དབུ་མ་ལྟེ་བ་ནས་སྤྱི་བོར་ཟུག་པའི་སྙིང་དབུས་སུ་རླུང་སེམས་དྭངས་མའི་ངོ་བོ་ཡི་གེ་ཧྲཱིཿཡིག་གི་རྣམ་པར་གསལ་ཞིང༌། སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་སྣང་བ་མཐའ་ཡས་གསལ་བ་ལ་མོས་གུས་བསྐྱེད་ཏེ་ཧིག་གི་སྒྲས་ཡང་ཡང་འཕོ་བས་ད་ལྟ་རྟགས་འབྱོང་བར་སྦྱངས་ནས་འཆི་བའི་ཚེ་ལས་ལ་སྦྱར་བ་རླུང་སེམས་གོང་འཕོ་བའི་མན་ངག་ལ་བརྟེན་ནས་དག་པའི་ཞིང་དུ་འཕོ་བར་བྱའོ། །གསུམ་པ་བར་དོའི་ལམ་ཁྱེར་ནི། བར་དོ་རྣམ་གསུམ་སྐུ་གསུམ་ལམ་དུ་ཁྱེར༔ ས་མ་ཡ༔ ཞེས་པ་སྟེ་སྐྱེ་འཆིའི་མཚན་མ་དབྱིངས་སུ་དག་པས་རྟེན་འདིར་གྲོལ་བའི་གདིང་མ་ཐོབ་ན་བར་དོ་དང་པོ་དང་འཆི་བ་ཆོས་སྐུ། གཉིས་པ་ཆོས་ཉིད་བར་དོ་འོད་གསལ་ལྷུན་གྲུབ་ཞི་ཁྲོའི་སྣང་བ། གསུམ་པ་སྲིད་པ་བར་དོ་རླུང་སེམས་ཀྱི་གཞན་དབང་སྤྲུལ་སྐུ་ལམ་དུ་ཁྱེར་བ་རྣམས་གང་ལ་ཡང་སྤྱིར་བར་དོའི་སྣང་བ་ཐམས་ཅད་རང་སྣང་རིག་པའི་རྩལ་གྱི་རོལ་པ་ལས་མ་འདས་པས་དང་པོར་ངོ་ཤེས། ཤེས་ཐོག་ཏུ་བཞག །བཞག་ཐོག་ཏུ་གཞི་མེད་ལ་གྲོལ། གྲོལ་ཐོག་ལ་གདེང་ཁེལ་ནས་ཕྱིར་མི་ལྡོག་པའི་དབྱིངས་སུ་བཙན་ས་ཟིན་པས་སྐུ་གསུམ་གྱི་ས་ལ་གྲོལ་བ་སྟེ། སྣང་བའི་འཆར་ཚུལ་རེ་རེ་བཞིན་ལམ་དུ་བྱེད་ཚུལ་སོགས་ཁྲིད་གཞུང་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ལམ་ཀུན་གྱི་གྲོལ་ཚད་བསྟན་པ་ནི། ཐུན་མོང་གྲུབ་པ་སོགས་ནས་བརྡ་ཐིམ༔ བར་ཏེ་དེ་ལྟར་ཉམས་སུ་བླང་བས་བསྐྱེད་རིམ་ལ་གཙོ་བོར་བསྟན་པས་རྡོ་རྗེ་གུར་ལས། གང་ཕྱིར་དེས་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང༌། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་ཐོབ། །ཅེས་གསུངས་པ་ལྟར་ཐུན་མོང་གི་གྲུབ་པ་བརྒྱད་དང༌། འཇིགས་པ་བརྒྱད་ཞི་བ། འབྱོར་དྲུག་རྒྱས་པ། མོས་པ་བཞིས་སྐྱེ་འགྲོ་དབང་དུ་བྱ་བ། དྲག་ཤུལ་གྱི་ལས་ཆེན་བཅུ་གཉིས་ཀྱིས་དགྲ་བགེགས་འདུལ་བ་སོགས་ཐུན་མོང་གི་ཕྲིན་ལས་བཞི་དང༌། ཚོགས་སྦྱོར་དང་མཐུན་པའི་རྣམ་སྨིན། མཐོང་ལམ་ཚེ་དབང༌། དག་པ་གསུམ་ཕྱག་ཆེན། རྒྱུན་མཐའམ་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་མངོན་དུ་གྱུར་པས་ས་ལམ་ཡོངས་སུ་རྫོགས་པ་མཆོག་གི་དངོས་གྲུབ་དང༌། མཚན་བཅས་ཀྱི་རྫོགས་རིམ་གྱིས་དབུ་མའི་མདུད་པ་ཉེར་གཉིས་གྲོལ་ཏེ་གཉུག་མའི་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་གྱུར་པས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་གྱུར་པས་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར་བ་དང༌། མཚན་མེད་རྫོགས་པ་ཆེན་པོའི་ལམ་ནས་ཆོས་ཉིད་གཉུག་མའི་དགོངས་པ་ཁྱབ་བརྡལ་དུ་གྲོལ་ཏེ་འོད་གསལ་བསམ་མི་ཁྱབ་པའི་གསང་མཛོད་ལ་སྤྱོད་པས་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུར་དབང་འབྱོར་ནས་ནམ་མཁའ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལ་དབང་འབྱོར་བར་ངེས་པའོ། །འོད་གསལ་གསང་བ་ཆེན་པོའི་ཡེ་ཤེས་མཆོག །འོད་གསལ་དགོངས་པ་མངོན་བྱེད་རྡོ་རྗེའི་ཚིག །འོད་གསལ་སྙིང་གི་ཐིག་ལེའི་དགོངས་པའི་བཅུད། །འོད་གསལ་ཡེ་ཤེས་ཉིན་བྱེད་འདིར་གསལ་མཐུས། །འོད་གསལ་བསྟན་པའི་ཤིང་རྟ་ཕྱོགས་ཀུན་འདྲེན། །འོད་གསལ་དབྱིངས་སུ་འགྲོ་ཀུན་ངལ་འཚོས་ཏེ། །འོད་གསལ་བསམ་མི་ཁྱབ་པའི་གཞི་ཀློང་དུ། །འོད་གསལ་རྡོ་རྗེའི་ལམ་འདིས་ཁྲིད་གྱུར་ཅིག །འོད་གསལ་སྣང་བཞིའི་ལྟད་མོ་འབྱམས་ཀླས་པའི། །འོད་གསལ་སྙིང་པོའི་རྣལ་འབྱོར་བདག་གྱུར་ནས། །འོད་གསལ་འབའ་ཞིག་འཆར་བའི་དབེན་གནས་སུ། །འོད་གསལ་གྲུབ་པའི་དགའ་སྟོན་སྤྱོད་གྱུར་ཅིག །ཅེས་པའང་འོད་གསལ་རྡོ་རྗེའི་སྙིང་པོའི་བསྟན་པའི་མངའ་བདག་རིག་འཛིན་མཁས་དང་གྲུབ་བརྒྱའི་གཙུག་རྒྱན་ཀུན་མཁྱེན་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚུལ་འདིས་སྨིན་གྲོལ་ཟབ་མོའི་སྐལ་བཟང་ལ་སྦྱོར་བའི་ཚེ་མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་འདི་དགྱེས་པ་ཆེན་པོས་ལྗགས་བཤད་བཀའ་དྲིན་བསྩལ་བའི་སྐབས་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་དྲི་མེད་འོད་ཟེར་ནས་བླ་མའི་ཞལ་རྒྱུན་ཟིན་བྲིས་སུ་འགོད་པར་གལ་ཆེ་ཞེས་བཀའ་ནན་ཡང་ཡང་བསྩལ་བ་དང༌། ཁྲིད་རྒྱུན་མི་ཆད་པ་ལ་ཕན་ཕྱིར་འདི་ལྟར་བྲིས་ཞེས་འཁོར་ལོའི་མགོན་པོས་ཀྱང་རྟེན་དང་བཅས་བཀའ་ཡི་གནང་བ་ཐོབ་པ་བཞིན་འདུས་གསལ་སྙིང་པོ་མདོ་ཙམ་དུ་སྔགས་རིག་འཛིན་པའི་གཟུགས་བརྙན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས། འདན་ལྗོངས་ལྷ་དཀར་རི་ཁྲོད་གཡུ་ཤུག་ཟིལ་པ་མཐའ་ཡས་ཚལ་དུ་འཁྲིགས་པའི་དབེན་གནས་སུ་མིག་སྨན་ཐིག་ལེའི་ལྡིང་གུར་ལ་བསྟེན་པའི་སྐབས་བྲིས་པ་སླར་ཡང་གསལ་བར་བྱས་པས་ཟབ་གསང་རྡོ་རྗེ་སྙིང་པོའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །།}} | ༄༅། །འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སིམ་ཀྱང༌། །འོད་གསལ་སྒྱུ་འཕྲུལ་དྲྭ་བའི་རོལ་སྒེག་ལས། །འོད་གསལ་རྩ་གསུམ་རྒྱ་མཚོའི་སྤྲིན་འཕྲོ་བའི། །འོད་གསལ་སྐུ་བརྙེས་པདྨ་ཐོད་ཕྲེང་རྒྱལ། །འོད་གསལ་ཡེ་ཤེས་དག་པའི་རང་རྩལ་ལས། །འོད་གསལ་སྙིང་གི་ཐིག་ལེའི་ཡི་གེའི་སྤྲིན། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་རྒྱན། །འོད་གསལ་དགོངས་དོན་འབྱེད་ལ་གནང་བ་སྩོལ། །འོད་གསལ་རྡོ་རྗེ་རྩེ་མོའི་གསེང་ལམ་ནས་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང༌། པཎ་ཆེན་བི་མ་ལ་དབྱེར་མེད་པའི་བདག་ཉིད་ཆེན་པོ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་སྒྲོན་མེར་བསམ་བཞིན་བྱོན་པའི་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་གསང་མཚན་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག་ཏུ་རྡོ་རྗེའི་ལུང་གིས་ཆེ་ཐང་དུ་བསྔགས་པའི་ངོ་མཚར་གྱི་རྣམ་ཐར་ཆེན་པོའི་གསང་མཛོད་ཀྱི་ཆ་ཤས་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པའི་བཞི་པ། ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ཟབ་ལ་རྒྱས་པར་བྱོན་པའི་འཕྲོ་གཞི་རྒྱུད་ལུང་མན་ངག་རྡོ་རྗེའི་ཚིག་གིས་ཇི་ལྟར་བསྟན་པའི་རྣམ་བཤད་འདུས་གསལ་དུ་བཀོད་པ་ལ། ཀློང་ཆེན་སྙིང་གི་ཐིག་ལེའི་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། དེ་ཡང་རྒྱུད་ལུང་མན་ངག་གིཿ ཁྱད་པར་འདི་ལྟར་ཤེས་བྱ་སྟེཿ སྟོན་པས་བཀའ་བསྩལ་རྒྱུད་ཡིན་ལཿ ཞུ་བ་པོ་ཡིས་བསྡུས་པ་ལུངཿ དེ་ལ་དཀྱུས་དང་དཀྲུགས་དང་གབཿ ཇི་བཞིན་གསལ་བ་མན་ངག་སྟེཿ ཞེས་གསུངས་པ་ལྟར་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་སྤྱི་མེས་སྟོན་པ་རིགས་ཀུན་ཁྱབ་བདག་གི་ཐུགས་རྒྱུད་དུ་ཆོས་ཉིད་རྡོ་རྗེའི་རང་སྒྲར་ཤར་བའི་རྩ་བཤད་མན་ངག་གི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་མཛོད་ལྟ་བུ་དང༌། དེའི་དགོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ལུང་གསང་དོན་རྣམ་པར་འབྱེད་པ། མཛོད་ཀྱི་ལྡེའུ་མིག་ལྟ་བུར་གྱུར་པ་གྲུབ་པ་སྡེ་བདུན་ལྟ་བུ། དེ་དག་གི་གནད་ཀྱི་མན་ངག་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་སྐལ་ལྡན་ཉམས་ལེན་དུ་དྲིལ་བ་རང་སྐལ་ལག་བཅངས་སུ་སྤྱོད་པའི་རྣམ་བཞག་གསུམ་དུ་མཛད་པ་ལྟར་འདིར་ཡང༌། རིག་འཛིན་རྩ་རྒྱུད་ཡེ་ཤེས་དྲྭ་བས་སྒྲུབ་གཞི་རྩ་བ་གསུམ་གྱི་འཕྲོ་གཞི། གཞི་ལམ་འབྲས་བུའི་དོན་གྱི་ངོ་བོ་མདོར་བསྟན། སྒྲུབ་ཐབས་ལུང་གི་དུམ་བུས་བསྒྲུབ་བྱའི་རྣམ་པ་རྩ་གསུམ་དེ་དག་སྤྱིར་སྒྲུབ་པའི་ཚུལ་བྱེ་བྲག་ཏུ་བཤད་པ། མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་གིས་སྒྲུབ་བྱེད་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པས་ཉམས་སུ་བླང་བྱའི་ལམ་རྒྱས་པར་བཤད་པའོ། །དང་པོ་ལའང༌། མཚན་དོན། རྒྱུ་གླེང་གཞི། རྐྱེན་གླེང་བསླང༌། འབྲས་བུ་རྒྱུད་དོན་དངོས། མཐར་གཏད་རྒྱ་དང་བཅས་ལྔ་ལས། དང་པོ་མཚན་གྱི་དོན་ནི། རྒྱ་གར་སྐད་དུ༔ ཤྲཱི་ཛྙཱ་ན་སོགས་ཏེ། རང་རྒྱུད་དུ་ཉེས་པའི་སྐྱོན་ཐམས་ཅད་ཟད། ཡོན་ཏན་གྱི་འབྱོར་པ་མཐར་ཕྱིན་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པས་དོན་གཉིས་མཐར་ཕྱིན་པའི་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་ནི་སངས་རྒྱས་ཏེ། དེ་ལ་མངའ་བའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐམས་ཅད་ཀྱི་སྙིང་པོ་ནི་ཡེ་ཤེས་ཏེ་རྫོགས་པ་ཆེན་པོའི་རྒྱུད་རང་ཤར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་སྐུ་ཉིད་ནི། །ཐུགས་ཀྱི་དཀྱིལ་ན་མ་བསྐྱེད་རྫོགས། །འགྱུར་བ་མེད་པའི་སྐུ་གཅིག་ནི། །ཀུན་ཏུ་ཁྱབ་པའི་ཚུལ་དུ་གནས། །ཞེས་སྐུ་ཡི་སྙིང་པོ་ཡེ་ཤེས་ཡིན་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཅན་ཏེ། དེ་ལ་དབྱེ་ན་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་མེ་ལོང་ལྟ་བུ་སོགས་ལྔ། སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་མཁྱེན་པ་གཉིས་སུ་འབྱེད། དྲྭ་བ་ནི་འབྲེལ་བའི་དོན་ཏེ་ལམ་པའི་སྣང་ཚུལ་གྱིས་མ་དག་པ། དག་མ་དག་འདྲེས་མ། ཤིན་ཏུ་དག་པའི་ཚུལ་གྱིས་གཞི་ལམ་འབྲས་བུ་གསུམ་དུ་དབྱེ་ཡང་ངོ་བོ་ཆོས་ཉིད་བདག་གཅིག་གིས་འབྲེལ་ཞིང༌། ཡེ་ཤེས་དེ་དག་ཀྱང་དབྱིངས་དང་རིག་པ་གཉིས་སུ་མེད་པའི་བདག་ཉིད་གཅིག་ཏུ་གྱུར་པ་ལས། ངོ་བོ་ནམ་ཡང་མཚན་ཉིད་ཐ་དད་མ་དམིགས་པས་མཚོན་བྱ་དོན་གྱི་རྒྱུད་ཅེས་བྱ་བ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བསམ་མི་ཁྱབ་པའི་རོལ་པ་རྩ་གསུམ་ཞི་ཁྲོ་གང་ལྟར་བཀོད་ཀྱང་འདི་ཁོ་ནའི་ཆོ་འཕྲུལ་ལས་བྱུང་ཞིང་སྣང་བའི་བདག་ཉིད་ཅན་ནི་དོན་གྱི་གནས་ཚུལ་ཏེ། དེ་ཉིད་གདུལ་བྱ་རྣམས་ལ་སྟོན་པའི་ཕྱིར་ཚིག་དང་ཡི་གེའི་རྣམ་པ་ཅིར་ཡང་འབྱུང་བ་ནི་སྒྲར་སྣང་བ་དང༌། སྒྲར་གྲགས་པ་དང༌། བརྡར་གྱུར་པ་ནི་མཚོན་བྱེད་ཚིག་གི་རྒྱུད་དེ། བརྗོད་བྱ་དང་རྗོད་བྱེད་ཐམས་ཅད་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་ཤེས་པར་བྱའོ། །གཉིས་པ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ལ། ཕྱག་གིས་མདོར་བསྟན་པ། གླེང་གཞི་དངོས་སོ། །དང་པོ་ནི། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ ཞེས་པ་སྟེ། དེ་ཡང་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །ཅེས་གསུངས་པ་ལྟར་ཆོས་ཉིད་ལྟ་བའི་གནས་ལུགས་དོན་དམ་བདེན་པ་ཆོས་དབྱིངས་ཟབ་གསལ་གཉིས་སུ་མེད་པ་ནི་འཁོར་འདས་ཀུན་ལ་ཁྱབ་ཀྱང་འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ཞིང༌། ཉེས་པས་མ་གོས་པས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཅན་ཏེ། ཡེ་ཤེས་དེའི་སྣང་བས་ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཅིང་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དེ་ཡི་རྩལ་ལས་འཕྲོ་བ་གང་ལ་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་ཡང་དག་པར་གཟིགས་པའི་མཁྱེན་པ་ལ་སོ་སོར་རྟོགས་པའི་ཡེ་ཤེས་གསུང་པདྨའི་རིགས་ཀྱི་ཁྱབ་བདག་གི་ཚུལ་དུ་སྟོན་པ་སྣང་བ་མཐའ་ཡས་ཏེ། དེ་ནི་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་མཐའ་གཉིས་ལས་འདས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་མངོན་སུམ་དུ་བརྙེས་པའི་སྟོན་པ་སྐུ་དང་ཡེ་ཤེས་བསམ་མི་ཁྱབ་པའི་རྡོ་རྗེའི་གསུང་གི་ཕྲིན་ལས་ཀྱི་ཆོས་ཀྱི་དབྱིངས་མཐའ་ཡས་པར་སྤྲོས་ཏེ་སྲིད་ཞིའི་ཕན་བདེའི་དཔལ་ཀུན་སྩོལ་བའི་བྱེད་པོ་གང་ལ། ཡེ་ཤེས་རང་སྣང་གི་འཁོར་དུས་ཆོས་གནས་བཅས་ཉིད་ལས་མི་གཞན་པའི་བདག་ཉིད་དུ་ལྷུན་གྱིས་གྲུབ་ཅིང༌། ཟབ་གསལ་གཉིས་སུ་མེད་པའི་ཆོས་ཀྱི་སྣང་བ་ལ་འདུ་འབྲལ་དང་འཕེལ་སྒྲིབ་མེད་པར་ལོངས་སྤྱོད་པའི་ཕྱིར་ཚུལ་དེའི་གནས་ལུགས་ལ་ཡིད་ཆེས་ཤིང་ངོམས་པས་ཕྱག་འཚལ་བས་རྒྱུད་ཀྱི་དོན་མངོན་དུ་བྱེད་ནུས་པའི་ཕྱིར་གླེང་གཞིའི་མདོར་བསྟན་ཀྱང་ཞར་བྱུང་དུ་འབྱུང་བའོ། །གཉིས་པ་གླེང་གཞི་དངོས་ནི། འོག་མིན་པདྨ་དྲྭ་བ་རུ་སོགས་ཀྱིས་ཕུན་སུམ་ཚོགས་པ་ལྔ་ལས་གནས་བསྟན་པ་སྟེ། འཁོར་འདས་ཀྱི་སྣང་ཆ་ཀུན་ལས་འདས་ཏེ་བླ་རུ་འཕགས་པས་འོག་མིན། སྣོད་བཅུད་ཐ་མལ་གྱི་འཁྲུལ་རྟོག་གི་ཉེས་པས་གཞར་ཡང་མ་གོས་ཤིང་དཔལ་དང་ལྡན་པས་པདྨ། ཆོས་དབྱིངས་དེ་ལས་སྟོན་འཁོར་ཐམས་ཅད་སྣང་ཞིང་འཆར་བས་དྲྭ་བ་སྟེ། དེ་ཉིད་ཀྱི་ངང་ལས་ནམ་ཡང་འཕོ་འགྱུར་མེད་པར་བཞུགས་པ་རུ། འོད་སྣང་མཐའ་ཡས་སོགས་ཀྱིས་སྟོན་པ་སྟེ་འོད་གསལ་བསམ་མི་ཁྱབ་པའི་སྣང་བ་མཐའ་ཡས་པ་འགྲོ་བའི་ཡེ་ཤེས་དེ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཟག་པ་མེད་པའི་སྣང་བས་ཀུན་ཏུ་མཛེས་ཤིང་འཕེལ་འགྲིབ་མེད་པར་བཞུགས་པ་གསུང་རྡོ་རྗེ་རིགས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པའི་སྟོན་པ་མཆོག་ལ། ལག་ན་ཆུ་སྐྱེས་ལ་སོགས་པའི༔ འཁོར་ལ་ཞེས་ཉིད་ལས་མི་གཞན་པའི་འཁོར། ཐུགས་རྗེ་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་རང་རྩལ་རིག་པའི་སྐྱེས་བུ་གསུང་པདྨའི་རིགས་ཀྱི་རང་རྟགས་ཕྱག་ན་ཆུ་སྐྱེས་དཀར་པོ་བསྣམས་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གཙོ་བོར་གྱུར་པའི་རིགས་ལྔ་སེམས་དཔའ་ལྕམ་དྲལ། མཐར་བྱེད་བཞི་ལ་སོགས་པ་མཐའ་ཡས་པའི་དཀྱིལ་འཁོར་སྣང་བ་ཆེན་པོ་ཁྱབ་པར་བརྡལ་བས་བཞུགས་པ་ལ། དུས་གསུམ་དུས་མེད་དུས༔ ཞེས་སྟོན་འཁོར་གྱི་ཁྱབ་བརྡལ་ཡེ་ཤེས་ཀྱི་འཁོར་ལོའི་ཆོས་ཀྱི་སྣང་བ་ལ་སྤྱོད་པ་ཡང་རེས་འགའ་ཙམ་མིན་པ་གཉིས་མེད་མཉམ་པ་ཆེན་པོའི་བདག་ཉིད་དུ་ནམ་ཡང་འདུ་འབྲལ་མེད་པར་ཆོས་ཉིད་ཟབ་གསལ་གྱིས་དགོངས་པ་ལ་ལྡང་འཇུག་མེད་པར་བཞུགས་པ་ལ། སྟོན་འཁོར་གཉིས་སུ་མེད་པའི་ཆོས་ཀུན་གྱི་གནས་ལུགས་དོན་གྱི་དགོངས་པ་ནི་རྟོག་གེ་དང་ཕལ་པའི་བློས་མི་ཕྱེད་པས་རྡོ་རྗེ། དེ་དག་གིས་སྒྲ་ཇི་བཞིན་དུ་རྟོགས་ཤིང་སྟོན་མི་ནུས་པས་གསང་བ། རྒྱལ་བའི་ཐུགས་རྗེས་ཐབས་མཁས་ཀྱི་རོལ་པས་དངོས་བརྒྱུད་ནས་དེ་རྟོགས་པར་བྱ་བའི་ཕྱིར་བརྗོད་མེད་བརྗོད་པའི་མཆོག་ཏུ་སྣང་བའི་ཚིག་གི་དོན་ལ་ལོངས་སྤྱོད་དེ་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱིས་བཞུགས་པ་ནི་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་ནི་རྒྱུད་ཉིད་འབྱུང་བའི་གླེང་གཞི་མཐར་ཐུག་པའོ། །གསུམ་པ་རྐྱེན་གླེང་བསླང་བ་ནི། པདྨའི་སྤྱན་གྱིས་སོགས་ནས། འདི་སྐད་གསུངས་བར་ཏེ་སྐབས་འདིར་བསྟན་བྱའི་གཙོ་བོ་གསུང་པདྨའི་རིགས་ཀྱི་སྒྱུ་འཕྲུལ་རྩ་བ་གསུམ་གྱི་ལྷ་སྔགས་ཏིང་འཛིན་དབང་དང་སྒྲུབ་ཐབས་ལས་ཚོགས་དམ་ཚིག་རྣམས་བསྟན་པར་བཞེད་ནས་ཉེ་བའི་འཁོར་མཁའ་ཁྱབ་ཀྱི་སེམས་ཅན་ལ་བརྩེ་ཆེན་ཡེ་ཤེས་ཀྱི་སྤྱན་རས་ནམ་ཡང་ཟུམ་པ་མེད་ཅིང་གདུལ་དཀའ་སྡུག་བསྔལ་ཅན་ལ་ཐུགས་རྗེས་ལྷག་པར་དགོངས་པའི་རླན་དང་མ་བྲལ་བའི་པདྨ་འདབ་མ་རྣམ་པར་རྒྱས་པའི་འཕགས་པ་ཐུགས་རྗེའི་དབང་ཕྱུག་གིས་སླར་ཡང་ངེས་པ་དོན་གྱི་སྙིང་པོའི་རྒྱུད་དོན་ཟབ་མོའི་གནད་དུ་བསྡུ་ན་ཇི་ལྟར་ལགས་ཞེས་བསྐུལ་བའི་ཚུལ་གླེང་བསླང་ཏེ་གསོལ་བས། དཀྱིལ་འཁོར་གྱི་གཙོ་བོ་སྟོན་པ་འོད་དཔག་མེད་མགོན་གྱིས་ཡེ་ཤེས་ཀྱི་དགོངས་པའི་དོན་གདུལ་བྱ་གཞན་རྒྱུད་ཀྱིས་རྟོགས་ཤིང་གྲོལ་བའི་རང་ཉིད་ཀྱི་གོ་འཕང་ལ་འགོད་པའི་ཐབས་སུ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་གསུང་སྒྲ་ཚིག་ཚངས་པའི་དབྱངས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་འདི་སྐད་གསུངས་སོ། །བཞི་པ་འབྲས་བུའི་རྒྱུད་དོན་དངོས་ལ། རྟོགས་བྱ་གཞི་ཡི་རྒྱུད། རྟོགས་བྱེད་ལམ་གྱི་རྒྱུད། རྟོགས་ཚད་མཐར་ཕྱིན་པ་འབྲས་བུའི་རྒྱུད་གསུམ་མོ། །དང་པོ་རྟོགས་བྱ་གཞི་ཡི་རྒྱུད་བཤད་པ་ནི། གཞི་དབྱིངས་ཀ་ནས་དག་སོགས། འཁོར་བར་འཁྱམས༔ ཞེས་པ་སྟེ་སྤྱིར་སངས་རྒྱས་དང་སེམས་ཅན་གཉིས་གཞི་ཆོས་ཉིད་ཀྱི་ཀློང་ན་བཟང་ངན་གཉིས་སུ་མེད་པར་ཡེ་སངས་རྒྱས་པ་སྟེ། དེའི་རྒྱུ་མཚན་སྣང་སྲིད་འཁོར་འདས་ཀྱི་ཆོས་སོགས་རྣམ་དབྱེ་ཡེ་ནས་མ་དམིགས་པའི་གཞི་ཀ་དག་ཆེན་པོའི་ངོ་བོ་ལ་བཟང་ངན་དང་སྤྲོས་པའི་མཚན་མ་གཞར་ཡང་མ་དམིགས་པའི་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་བདག་ཉིད་ལས་ཡེ་ཤེས་རིག་པའི་རང་རྩལ་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་ཕྱིར་གསལ་དུ་ཤར་བ་ལ། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོས་རིག་པའི་རང་སྣང་དུ་རྟོགས་ཏེ་གཞི་སྣང་ཡེ་ཤེས་སུ་ཤར་བས་སངས་རྒྱས། ཁམས་གསུམ་གྱི་སེམས་ཅན་རྣམས་རང་སྣང་དུ་མ་ཤེས་པར་གཟུང་འཛིན་དུ་ཞེན་པས་འཁྲུལ་ཏེ་འཁོར་བའི་གནས་དོན་ལུས་སུ་བག་ཆགས་ལ་སྤྱོད་པས། གཞི་ཆོས་ཉིད་གཅིག་ལས་གཞི་སྣང་གྲོལ་འཁྲུལ་གྱི་ལམ་གཉིས་སུ་བྱུང་བའོ། །གཉིས་པ་རྟོགས་བྱེད་ལམ་གྱི་རྒྱུད་ནི། དེ་སླད་སྨིན་ཅིང་སྦྱང་བའི་སོགས་ནས། དོན་གཉིས་སྤྱོད༔ ཅེས་པ་སྟེ་སེམས་ཅན་གྱི་མ་དག་འཁྲུལ་པའི་སྣང་བ་ཤར་ཡང་གཞི་ངོ་བོའི་གཤིས་ལ་སྒྲིབ་པས་མ་གོས་པའི་གནད་ཀྱིས། གནས་ལུགས་གཞི་ཡི་བཞུགས་ཚུལ་དང་དག་པ་ཡེ་ཤེས་ཀྱི་སྣང་བ་མཐུན་པ་ལམ་དུ་བྱས་པས་གཟུང་འཛིན་འཁྲུལ་པའི་སྣང་བ་གློ་བུར་པ་ཡིན་པའི་གནད་ཀྱིས་སྒྲིབ་པའི་དྲི་མ་དག་ནུས་པའི་ཕྱིར་དེའི་གཉེན་པོ་ལམ་བྱུང་བ་སྟེ། ལམ་ཐམས་ཅད་ཀྱི་རྩེ་མོ་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་འཇུག་སྒོ་དབང་བཞི་ཡན་ལག་དང་བཅས་པ་ལ། རྩ་བའི་སྨིན་བྱེད་ཡེ་ཤེས་ཐིག་ལེ། དབང་བཞི་ཡེ་ཤེས་དཔལ་སྟེར། གཏོར་དབང་བྱིན་རླབས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི། ཚེ་སྒྲུབ་འཆི་མེད་དྲྭ་བ། ཐོད་ཕྲེང་རིགས་ལྔ། གཤིན་རྗེ། རྟ་མགྲིན། ཡང་དག །ཕུར་པ། ཕག་མོ་དཀར་མོ་བཅས་སོ་སོའི་སྨིན་བྱེད་བཞུགས་པ་དང༌། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག །དབང་གིས་སྨིན་ཟིན་གྲོལ་བའི་ཐབས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་བླ་མ་སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ། ཚེ་སྒྲུབ་འཆི་མེད་དྲྭ་བ་བཅས་དང༌། ནང་སྒྲུབ་པདྨ་དྲྭ་བ། ལོངས་སྐུ་ཐུགས་རྗེ་ཆེན་པོ། གསང་སྒྲུབ་འོད་གསལ་དྲྭ་བ་ཆོས་སྐུ་འོད་དཔག་མེད། ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས། དེ་ལས་འཕྲོས་པ་གུ་རུ་ཐོད་ཕྲེང་སྡེ་ལྔའི་ལས་བཞི་མཆོག་གི་སྒྲུབ་ཐབས། འཇམ་དཔལ་གཤིན་རྗེ། རྟ་མགྲིན། ཡང་དག །ཕུར་པ། ཕག་མོ་དཀར་མོ། བཀའ་སྲུང་གི་སྒྲུབ་ཐབས། རང་རང་གི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ལ་བརྩོན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་སྤྱོད་པས་རིག་འཛིན་བཞིའི་ས་ལམ་བགྲོད་པས་དོན་གཉིས་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་རྟོགས་ཚད་མཐར་ཕྱིན་འབྲས་བུའི་རྒྱུད་ནི། གཞི་ལ་ལམ་གྱིས་སོགས་ནས། ཐུགས་རྗེར་སྨིན༔ ཞེས་པ་སྟེ་གཞིའི་གནས་སྣང་དང་མཐུན་པའི་ལམ་ལ་སྒྲ་ཇི་བཞིན་དུ་སློབ་པས་མཚམས་སྦྱར་ཏེ། འཁྲུལ་སྣང་གི་སྒྲིབ་པ་དག་ནས་འབྲས་བུ་སྐུ་བཞི་དབྱེར་མེད་ཀྱི་ཡོན་ཏན་གཞིའི་ཆོས་ཉིད་ལ་གདོད་ནས་བཞུགས་པ་མངོན་གྱུར་དུ་སད་ནས། ཟག་མེད་འབྲས་ཆོས་ཉེར་ལྔའི་ཡེ་ཤེས་དང་ཕྲིན་ལས་ཀྱི་སྣང་བ་རྟག་ཁྱབ་ལྷུན་གྱིས་གྲུབ་པས་མཐའ་གཉིས་ལ་མི་གནས་པའི་ལྷུན་གྲུབ་ཆེན་པོས་དོན་དུ་སྤྱོད་ནུས་པའོ། །ལྔ་པ་མཐའ་རྟེན་གཏད་རྒྱ་དང་བཅས་པ་ནི། དེ་སྐད་སྟོན་པ་ཀུན་བཟང་སོགས་ནས། བདག་ལ་གདམས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་སྟེ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་ཆོས་ཉིད་ཀྱི་དོན་རྗེས་སུ་མཚོན་པའི་རྡོ་རྗེའི་གནས་འདི་ནི་དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ། ཆོས་ཕུང་བརྒྱད་ཁྲིའི་གཏན་ལ་དབབ་བྱའི་ངེས་དོན་མཐར་ཐུག །གབ་སྦས་ཀྱི་གསང་བ་ཟབ་མོས་རྒྱས་བཏབ་པའི་སྟོན་པ་རྡོ་རྗེ་རྒྱལ་པོའི་དགོངས་པ་མཐར་ཐུག་འདིའི་དོན་ཚུལ་བཞིན་རྟོགས་ན་སྟོན་འཁོར་ཚོམ་བུ་གཅིག་ཏུ་སྨིན་པར་གདོན་མི་ཟ་བས། བསྐྱེད་པ་མ་ཧཱ། རྫོགས་པ་ཨ་ནུ། ཟུང་འཇུག་ཨ་ཏི་ཡོ་གའི་རྡོ་རྗེའི་ཏནྟྲ་འབུམ་ཕྲག་ཀུན་གྱི་ཡང་བཅུད་སྙིང་པོའི་མཐར་ཐུག་འདིས་སྙིགས་མའི་གདུལ་བྱ་རྣམས་ལ་འདུལ་བྱེད་ཐབས་ཀྱི་གསང་བ་མཆོག་ཏུ་འགྱུར་བར་གཟིགས་ནས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་པའི་རིག་རྩལ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བདེ་སྟོང་གཉིས་མེད་ཡེ་ཤེས་རྡོ་རྗེའི་ཐོལ་བྱུང་གི་གླུ་ཡི་ཚུལ་དུ་ཉིད་ལས་མི་གཞན་པའི་པདྨ་ཐོད་ཕྲེང་རྩལ་ལ་གདམས་པ་སྟེ། སྣང་ངོར་ན་རྣམ་པ་སྐུ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་བསྟན་ཀྱང་ངོ་བོ་དགོངས་ཀློང་ཡེ་ཤེས་ཀྱི་དབྱིངས་གཅིག་པའི་བདག་ཉིད་དུ་ཤེས་པར་བྱའོ། །སྤྱིར་རྡོ་རྗེའི་རྒྱུད་ཀྱི་གནས་འདི་ཞིབ་ཏུ་དབྱེ་ན་ཟབ་རྒྱས་ངོ་མཚར་ཆེ་བ་བཞུགས་ཀྱང་དགོངས་དོན་གསལ་བྱེད་མདོར་བསྡུས་ཙམ་ལས་དེང་སང་དཔྱོད་ལྡན་ཆོས་ལ་དོན་གཉེར་ཅན་ཤིན་ཏུ་དཀོན་པས་ཡི་གེའི་ཕུང་པོ་བརྩེགས་པའི་ངལ་བ་མ་བྱས་སོ། །གཉིས་པ་སྒྲུབ་ཐབས་ལུང་གི་དུམ་བུར་དེ་དག་སྤྱིར་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ལོ་རྒྱུས་བརྗོད་པ། ལུང་གི་དོན་དངོས། ཕན་ཡོན་བསྟན་པའོ། །དང་པོ་ལའང༌། མཚན་དང༌། མཆོད་བརྗོད། ལོ་རྒྱུས་དངོས་དང་གསུམ་ལས། དང་པོ་ནི། རྩ་གསུམ་འོད་གསལ་སྙིང་ཐིག་ལས༔ རྩ་གསུམ་སྒྲུབ་ཐབས་ལུང་གི་དུམ་བུ་བཞུགས༔ ཞེས་པ་སྟེ། གོང་དུ་བསྒྲུབ་གཞི་གཞི་ལམ་འབྲས་བུའི་བསྟན་པའི་རྒྱུད་ཀྱི་དགོངས་དོན་མངོན་དུ་བྱ་བའི་ཐབས། བསྒྲུབ་བྱ་རྩ་བ་གསུམ་གྱི་ལྷ་ཚོགས། སྒྲུབ་བྱེད་ཀྱི་གནད་རྒྱུད་ལས་བཏུས་པ་ལུང་གི་དུམ་བུ་བཞུགས། གཉིས་པ་ནི། འཕགས་མཆོག་སྙིང་རྗེའི་ལྷ་ལ་འདུད༔ ཅེས་པ་སྟེ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་སྐྱེ་མེད་ཀྱི་དགོངས་པའི་རང་གཤིས་མཁའ་ཁྱབ་གདུལ་བྱའི་ཡུལ་ལ་འབད་མེད་དུ་འཇུག་པའི་དམིགས་མེད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ནི་ངེས་པ་དོན་གྱི་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྟེ། དེ་ནི་གསང་སྔགས་ཀྱི་རྒྱུད་སྡེ་བཞི་ཀ་ནས་གསུང་པདྨའི་རིགས་ཀྱི་ཁྱབ་བདག་བདེ་བ་ཆེན་པོ་གར་གྱི་དབང་ཕྱུག་ཅེས་གྲགས་པ་གང༌། དོན་ལ་ཆོས་སྐུ་གདོད་མའི་མགོན་པོ་འོད་སྣང་མཐའ་ཡས་ཉིད་ཕྱིར་གསལ་སྐུ་དང་ཞིང་གི་སྒྲོན་མེ་བཀོད་པའི་ཚེ་རང་སྣང་ལོངས་སྐུའི་སྟོན་པ་རྣམ་སྣང་གངས་ཆེན་མཚོ་སྐུ་དང་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པས་ཚངས་པ་རྔ་སྒྲ་རྡོ་རྗེ་སྙིང་པོའི་བཀོད་པ་སྟོན་པ་པོ་དང་ཐ་མི་དད་པ་ལ་ཕྱག་གིས་བཏུད་དེ་སྤྲུལ་གཞི་ངོས་བཟུང་བའོ། །གསུམ་པ་ལོ་རྒྱུས་དངོས་ནི། བཀྲ་ཤིས་རང་བྱུང་བྲག་གི་ཕུག་སོགས་ནས། ཚིག་འདི་བསྟན༔ ས་མ་ཡ༔ ཞེས་པ་སྟེ་སྤྱིར་རྒྱུད་ཀྱི་གླེང་གཞིར་གསལ་བ་བཞིན་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རང་སྣང་གི་སྟོན་པས་ཆོས་ཀྱི་སྣང་བ་རྒྱུན་མི་ཆད་པར་དུས་བཞི་མཉམ་པ་ཉིད་དུ་སྤྱོད་པ་ལ་ཚད་བཟུང་མ་མཆིས་ཀྱང༌། ཕྱོགས་རེའི་གདུལ་བྱ་རེ་རེའི་དོན་ཡང་རྒྱ་ཆེ་རྒྱུན་མི་ཆད་པ་འབྱུང་བའི་ཚུལ་དམིགས་མེད་ཡེ་ཤེས་ཀྱི་དགོངས་པས་གཟིགས་ཏེ་འགྲོ་བ་འདུལ་བའི་སྐབས་སུ་བབས་པ་ན། ཆོས་སྐུ་འོད་མཚན་སྟོང་འབར་དང༌། ལོངས་སྐུ་འགྲོ་འདུལ་འཕགས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ་དང༌། ལྷ་ལྕམ་མནྡཱ་ར་བ་གཉིས་ཀྱིས་རྒྱ་གར་ཤར་ཕྱོགས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་དངོས་སུ་བྱོན་ནས་དབང་བསྐུར། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས་ནམ་མཁའ་ཇི་སྲིད་བར་རྡོ་རྗེའི་སྐུ་དེས་འགྲོ་བའི་དོན་མཛད་པའི་ངོ་མཚར་མངོན་དུ་གྱུར་པའི་ཚེ་རྡོ་རྗེ་གསང་བའི་ཚིག་འདི་ཡང་གདུལ་བྱ་ཐུན་མོང་རྣམས་འདུལ་བའི་ཕྱིར། རྩ་གསུམ་འོད་གསལ་སྙིང་ཐིག་གི་ཟབ་རྒྱས་རྨད་བྱུང་དུ་བྱུང་བའི་རྒྱུད་ལུང་མན་ངག་གི་ཚུལ་དུ་བསྟན་པར་གྱུར་ཏོ། །གཉིས་པ་ལུང་གི་དོན་དངོས་ལ་གཉིས། གང་བསྒྲུབ་པར་བྱ་བའི་གཞི། ཇི་ལྟར་སྒྲུབ་པའི་ཐབས་བསྟན་པའོ། །དང་པོ་ནི། ཆོས་རྣམས་ཀུན་གྱི་དེ་ཉིད་ནི༔ སོགས་ནས། འདུས་པར་བལྟ༔ ཞེས་པའི་དོན་ཏེ། ངོ་བོའི་གནས་ཚུལ་གྱིས་གཞལ་ན་དབྱིངས་རིག་གཉིས་མེད་རང་བྱུང་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་རྣམ་པའི་སྣང་ཚུལ་གྱིས་དབྱིངས་ཀ་དག་སྟོང་པའི་ཆ་མནྡཱ་བ་ར་དང༌། ཐབས་འོད་གསལ་སྣང་བའི་ཆ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གདོད་ནས་གཉིས་མེད་ཟུང་འཇུག་ཁ་སྦྱོར་བདེ་བ་ཆེན་པོ་བྲི་གང་དང་བྲལ་བའི་རང་བཞིན་ཐུགས་རྗེ་མ་འགག་རོལ་པའི་ཆོ་འཕྲུལ་དབང་ཆེན་རྟ་ཕག་ཡབ་ཡུམ་དང༌། པདྨ་དྲག་པོ་ཐ་མི་དད་པའི་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་འབྱམས་སུ་ཀླས་པར་སྟོན་ཀྱང་དོན་དུ་རང་རིག་བླ་མའི་ཡེ་ཤེས་གཅིག་ལས་གཞན་དུ་མ་དམིགས་པར་ཤེས་པས་བསྐྱེད་རྫོགས་ཀྱི་ཟབ་གནད་ཀུན་གྱི་འགག་དེར་བསྡུ་ཤེས་ན་མཆོག་ཐུན་གྱི་དངོས་གྲུབ་བདེ་མྱུར་དུ་ཐོབ་པའི་ཐབས་ལ་ནམ་ཡང་བསླུ་བ་མེད་པ་སྟེ་རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། བླ་མ་སངས་རྒྱས་ཐོག་མར་བྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མའི་མཆོག༔ ཚོགས་མ་བསགས་དང་མཐོང་བ་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་བཟང་སྔོན་དུའང་བླ་མ་བྱུང༔ ཞེས་དང༌། རྒྱལ་བ་ཀུན་གྱི་སྤྱི་གཟུགས་འདི་ཁོ་ན༔ ཆགས་ཤིང་ཞི་བས་འདུལ་ལ་ཞི་བ་དང༔ སྡང་ཞིང་ཁྲོ་བས་འདུལ་ལ་ཁྲོ་བོར་སྣང༔ ཅིར་ཡང་འཕྲུལ་པ་རྒྱལ་སྲས་པདྨ་འབྱུང༔ རང་རིག་བླ་མའི་རྒྱལ་པོ་བདག་གིས་བཤད༔ ཅེས་སོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་ནི། བཅོས་མིན་མོས་ཤིང་གདུང་བའི་སོགས་ནས། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པ་སྟེ་སྒྲུབ་གཞི་ངེས་དོན་གྱི་བླ་མའི་གནས་ལུགས་མངོན་སུམ་དུ་རྟོགས་བྱེད་ཐབས་ཀུན་གྱི་རྩ་བ་ནི་མོས་གུས་ཁོ་ན་ལ་རག་ལས་པ་སྟེ་ཨ་ཏི་བཀོད་པ་ཆེན་པོ་ལས། བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡིས། སངས་རྒྱས་འབྲས་བུ་གཅིག་ཆར་འགྲུབ་པར་ངེས། ཞེས་གསུངས་པས་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བདུན་པ་ཉིད་ཀྱིས་ཐུགས་རྒྱུད་བསྐུལ་ཏེ་རྩ་གསུམ་བདེ་གཤེགས་ཀུན་འདུས་ཀྱི་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རོལ་པ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པ་ཤར་བར་ངེས་ཤེས་བསྐྱེད། ཐག་བཅད། མོས་གུས་གདུང་བ་དྲག་པོའི་ཉིན་མཚན་བར་མེད་དུ་གསོལ་བ་བཏབ་པས། མཆོག་ཐུན་དངོས་གྲུབ་མཐའ་དག་དེ་ཁོ་ནས་འགྲུབ་པ་ནི་ངེས་པའོ། །གུ་རུའི་གསོལ་འདེབས་ཀུན་གྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་པ་འདི་ཉིད་ལ་མཐའ་དྲུག་ཚུལ་བཞིའི་རྣམ་བཤད་ཟབ་ཅིང་རྒྱ་ཆེ་བ་ཀུན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱིས་ལེགས་བཤད་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་བར་རྒྱས་པར་བསྟན་པ་བཞིན་རྡོ་རྗེའི་ཚིག་རྐང་གཅིག་གིས་བླ་རྫོགས་ཐུགས་གསུམ་གྱི་བསྐྱེད་རྫོགས་མན་ངག་དང་བཅས་ཞིབ་རྒྱས་སུ་བསྟན་པའང་བཤད་པར་བྱའོ། །གསུམ་པ་ཕན་ཡོན་བསྟན་པ་ནི། འདིས་ནི་སྣང་སྲིད་སྒྱུ་མར་སོགས་ནས། ཐིག་ལེ་ཆེན་པོར་བཤད༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཕྱིར་གསལ་སྟོན་འཁོར་གྱི་བཀོད་པ་ནང་དབྱིངས་སུ་བསྡུ་ཚུལ་དང་བཅས་ཞིབ་རྒྱས་སུ་བསྟན་པའོ། །གསུམ་པ་མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་གི་སྔོན་འགྲོ། དངོས་གཞི་རྗེས་ཀྱི་རིམ་པས་ཉམས་ལེན་གྱི་ལམ་རྒྱས་པར་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོ་ལའང༌། མཚན། མཆོད་བརྗོད། མདོར་བསྟན་པ་གསུམ་ལས། དང་པོ་ནི། རྩ་གསུམ་འོད་གསལ་སྙིང་ཐིག་ལས༔ མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་བཞུགས༔ ཞེས་པ་སྟེ་དེ་ཡང་སྒྲུབ་བྱེད་རྒྱུད་ལུང་མན་ངག་གི་གནད་ཀྱིས། བསྒྲུབ་བྱ་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་གསུམ་སྟེ། སྒྲུབ་ཚུལ་བསྐྱེད་རྫོགས་རྫོགས་ཆེན་གང་གིས་སྒྲུབ་ཀྱང་གདོད་ནས་དག་པའི་འོད་གསལ་སེམས་ཀྱི་རྡོ་རྗེའི་ཆོས་ཉིད་གཅིག་ཏུ་འབབ་ཅིང་གཞོལ་བ་སྟེ། ཡེ་ཤེས་ཆེན་པོ་དེ་ཡི་གནས་སྣང་དང་མཐུན་པའི་ཟབ་ལམ་ཐམས་ཅད་ཀྱི་ཉིང་ཁུའི་བཅུད་ལྟ་བུ་ཡིན་པས་སྙིང་ཐིག་ཅེས་བྱ་བ་ལས། བརྗོད་པའི་དོན་དེ་རྟོགས་པའི་ཕྱིར་རྗོད་བྱེད་ཀྱི་ཚིག་རྩ་བ་གསུམ་གྱི་བསྐྱེད་རྫོགས་དབང་དང་བཅས་པའི་མན་ངག་ཚུལ་བཞིན་ཉམས་སུ་བླང་པས་འབྲས་བུ་མི་སློབ་པའི་གོ་འཕང་འཇའ་ལུས་རྡོ་རྗེའི་གནས་ལ་ཡུད་ཀྱིས་སྦྱོར་ནུས་པའི་རྡོ་རྗེའི་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད་རང་བྱུང་ནཱ་དའི་རང་སྒྲར་ཤར་བའི་ཚིག་རྐང་བཞུགས་ཞེས་སོ། །གཉིས་པ་ནི། རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ་ལ་འདུད༔ ཅེས་གསུངས་པའི་དོན། སངས་རྒྱས་ཀྱི་ཕྲིན་ལས་གང་འདུལ་གྱི་རོལ་པ་གདུལ་བྱའི་དོན་དུ་སྤྲོ་ན་ལྷའི་སྒོ་ནས་དབྱེ་བའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚུལ་གྱིས་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཀོད་པ་བགྲངས་ཡས་སུ་སྟོན་པ་ཐམས་ཅད་ཀྱང༌། ངོ་བོ་དཔལ་ལྡན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གཅིག་གི་ཡེ་ཤེས་ཀྱི་ཐིག་ལེར་འདུས་པ་སྟེ། སྤྱིར་དོན་གྱི་གནས་ལུགས་ངོ་བོའི་དབང་དུ་བྱས་ན་བླ་མ་ཐམས་ཅད་ལ་སངས་རྒྱས་ཀུན་གྱི་གསང་བ་གསུམ་འདུས་པར་གསུངས་ཀྱང༌། སློབ་དཔོན་རིན་པོ་ཆེ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བདག་ཉིད་དུ་གསུངས་པ་གནས་སྣང་གཉིས་ཀ་ལ་དགོངས་པས་ཁྱད་པར་ཆེ་སྟེ། གུ་རུ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་རླབས༔ ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བགྲོས་མཛད་དེ༔ ལྷོ་འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང༔ གསང་སྔགས་འབྲས་བུའི་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར༔ རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ༔ རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོང༔ གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱི་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ ཅེས་དང༌། སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེད༔ གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུང༔ ཞེས་ངོ་བོ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས་རྗེ་ཡེ་སྤྲུལ། རྣམ་པ་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཚད་མེད་པས་སྙིགས་དུས་ཀྱི་གདུལ་བྱ་སྤྱི་དང་ལྷག་པར་བོད་ཁ་བ་ཅན་གདུལ་ཞིང་དུ་སྨོན་ལམ་དང་ཐུགས་རྗེའི་འབྲེལ་བས་གསོལ་བ་བཏབ་པས་འབྲས་བུ་མྱུར་རོ། །གསུམ་པ་ནི། འཁོར་འདས་ཆོས་ཀུན་གདོད་ནས་རྣམ་དག་ཀྱང༔ ཞེས་པ་སྟེ་སྦྱང་གཞི་དོན་གྱི་གནས་ལུགས་ཀ་དག་དག་པ་ཆེན་པོ་བསྟན། གཉིས་འཛིན་གློ་བུར་འཁྲུལ་པ་སྦྱང་བའི་ཕྱིར༔ ཞེས་སྦྱང་བྱ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་ཆ་རང་སྣང་དུ་མ་ཤེས་པས་བདག་ཏུ་བཟུང་བའི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པས་མེད་སྣང་གློ་བུར་གྱི་འཁོར་ཆོས་འཁྲུལ་པ་སྦྱང་བའི་ཕྱིར། ཐུན་མོང་ཁྱད་པར་བླ་མེད་ལམ་མཆོག་འདི༔ ཞེས་སྦྱོང་བྱེད་ཐུན་མོང་ཀུན་བརྟགས་ཀྱི་ཞེན་པ་སྦྱང་ཕྱིར་བསྐྱེད་རིམ། ཁྱད་པར་བག་ཆགས་ཀྱི་སྒྲིབ་པ་སྦྱོང་བྱེད་རྫོགས་རིམ། བླ་མེད་ལྷན་སྐྱེས་ཀྱི་སྒྲིབ་པ་སྦྱོང་བྱེད་ཟུང་འཇུག་རྡོ་རྗེ་སེམས་དཔའི་མན་ངག་ཐུན་མོང་མ་ཡིན་པའི་གསེང་ལམ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལམ་ཡོངས་རྫོགས་རྒྱུ་འབྲས་ཐེག་པ་ཀུན་གྱི་ཡང་སྙིང༌། རྟོག་གེ་དང་རང་བཟོས་མ་བསླད་པའི་གསང་མཆོག་རྡོ་རྗེའི་ཚིག་རྐང་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་གྱི་ཡང་ཞུན་འདི་ལྟ་བུ་ནི་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ་གསང་སྔགས་ཀྱི་སློབ་དཔོན་གྱི་ཚུལ་དུ་བསྟན་པའི་ཚེ་ཨོ་རྒྱན་དྷ་ན་ཀོ་ཥའི་མཚོ་གླིང་ལས་ཕ་མའི་རྒྱུ་རྐྱེན་ལ་མ་ལྟོས་པ་རིག་པ་ཐོལ་སྐྱེས་ཀྱིས་འཁྲུངས་པ་བདག་གིས་བསྟན་པ་ལྟར་ཉམས་སུ་བླངས་བས་སྦྱངས་འབྲས་སྐུ་དང་ཡེ་ཤེས་ཀྱི་དཔལ་ལ་སྤྱོད་པ་ནམ་ཡང་མི་བསླུ་བར་ཤུགས་ལ་བསྟན་ཏོ། །གཉིས་པ་དངོས་གཞི་ལ། ལམ་གྱི་འཇུག་སྒོ། ལམ་གྱི་གཞུང་ཤིང༌། ལམ་གྱི་མྱུར་ལམ། ལམ་གྱི་སྦས་དོན། ལམ་གྱི་མན་ངག་གི་རིམ་པ་ལྔས་བསྟན་པའོ། །དང་པོ་ནི། དབང་ཐོབ་དམ་ཚིག་ལ་གནས་རྣལ་འབྱོར་པས༔ ཞེས་པ་ལྟར་གསང་སྔགས་ཆོས་ཀྱི་སྒོ་འབྱེད་དབང་གིས་མ་སྨིན་ན་ལམ་ལ་འཇུག་པ་ལྟ་ཅི། མན་ངག་གི་དཔེ་ཙམ་བལྟ་རྟོགས་མི་རུང་བས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་ཕྱི་ཕན་པ། ནང་ནུས་འཇུག །གསང་བ་ཟབ་མོའི་དབང་མཐའ་རྟེན་དང་བཅས་པས་རྒྱུད་སྣོད་རུང་དུ་སྨིན་པར་བྱས་པའི་དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་མའམ་རྣལ་འབྱོར་པས་རྒྱབ་བརྟེན་མན་ངག་གི་ལམ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། ངེས་པ་རྙེད་པར་བྱས་ནས། གངས་ཁྲོད་རི་རྩེ་མཚོ་གླིང་ནགས་ཚལ་སོགས༔ ཤིན་ཏུ་དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ ཞེས་པས་རྣམ་གཡེང་དང་འདུ་འཛིའི་སྤྲོས་པ་མེད་ཅིང་དངོས་གྲུབ་སྒྲུབ་པའི་མཚན་ཉིད་ཚང་བའི་གནས་སུ། གཅིག་པུ་བདེ་བའི་སྟན་ལ་བག་ཕབ་སྟེ༔ ཞེས་ཚེ་འདིའི་སྤྲོས་པ་རྦད་ཀྱིས་བཅད་ནས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྒོ་གསུམ་རྣལ་དུ་ཕབ་སྟེ་ཉམས་ལེན་གྱི་དྲོད་ཚད་ཐོབ་པར་བྱ་དགོས་སོ། །གཉིས་པ་ལམ་གྱི་གཞུང་ཤིང་བསྟན་པ་ལ། ཐུན་མོང་དང༌། ཐུན་མིན་གཉིས་ལས། དང་པོ་ནི། དལ་འབྱོར་ལུས་འདི་སོགས། ཚིག་རྐང་བཞིས་ཆོས་བསྒྲུབ་བྱའི་རྟེན་དལ་འབྱོར་རྙེད་དཀའ་བས་སྙིང་པོ་ལེན་དགོས། ཆོས་ལ་བསྐུལ་བའི་རྐྱེན་སྣོད་བཅུད་མི་རྟག་པས་རྒྱུད་བསྐུལ་ཏེ་བློ་སྣ་བསྟུང་བ། ཆོས་ཀྱི་གནད་རྒྱུ་འབྲས་ལ་ཡིད་ཆེས་པས་དགེ་སྡིག་སྤང་བླང་དུ་བྱ། ཆོས་ཀྱི་སྲོག་འཁོར་བའི་ཉེས་པ་མཐོང་བས་ངེས་པར་འབྱུང་བའི་བློ་བསྐྱེད་པའོ། །དེ་དག་ནི་མདོ་སྔགས་ཐུན་མོང་གི་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ལམ་གྱི་ཁོག་དབུབ་མེད་དུ་མི་རུང་བའི་གཅེས་གནད་དོ། །གཉིས་པ་ནི། བདག་གཞན་བྱང་ཆུབ་སོགས། མངོན་སུམ་ལྷུག་པའི་ཡེ་ཤེས་དེ་རུ་འཆར༔ ཞེས་པ་སྟེ། རྒྱུ་འབྲས་ཐེག་པ་ཆེ་ཆུང་གི་དགོངས་པ་ལྟར་སྐྱབས་འགྲོའི་རྣམ་བཞག་ཤེས་པས་ཉམས་སུ་ལེན་པར་བྱ། ཐེག་པ་ཆེན་པོའི་ལམ་ལྟར་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་སྐྱབས་སུ་འགྲོ། ཐེག་ཆེན་ལམ་གྱི་རྩ་བ་ཀུན་རྫོབ་དོན་དམ་གྱི་སེམས་བསྐྱེད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཉམས་ལེན་གྱི་མཐིལ་བཅའ། སྡིག་ལྟུང་གི་གཉེན་པོར་རྡོར་སེམས་སྒོམ་བཟླས་ཀྱིས་ལས་ཉོན་གྱི་འཁྲུལ་རྟོག་སྦྱངས་བ། ཚོགས་བསགས་ཀྱི་སྙིང་པོ་སྐུ་གསུམ་གྱི་ཞིང་ཁམས་མཆོད་སྤྲིན་དུ་འབུལ་བས་དག་པའི་ཞིང་ཁམས་སྦྱང་བ། ལམ་འབྲས་ཀྱི་ཡོན་ཏན་སྤྱི་དང་རྡོ་རྗེའི་ཡེ་ཤེས་བཙན་ཐབས་སུ་འབེབས་པ་བླ་མའི་རྣལ་འབྱོར་གྱིས་བྱིན་རླབས་འཕོ་བས་དགོངས་བརྒྱུད་ཀྱི་ཡེ་ཤེས་བསྐྱེད་པ་སྟེ། དེ་ལྔ་ནི་བསྐྱེད་རྫོགས་རྫོགས་ཆེན་དང་བཅས་ལམ་གྱི་རྐང་རྡོ་ཐུན་མོང་མ་ཡིན་པ་ཟབ་ལ་ཁྱེར་བདེ་བའི་རྣལ་འབྱོར་རྨད་དུ་བྱུང་བའོ། །གསུམ་པ་ལམ་གྱི་མྱུར་ལམ་གསང་སྔགས་བླ་མེད་གཞི་མ་ཧཱ་ཡོ་གའི་དགོངས་པ་བསྐྱེད་རིམ་གྱི་རྣམ་བཞག་ལ་སྐུ་གསུམ་གྱི་བསྐྱེད་བཟླས་དངོས་དང༌། ཡན་ལག་གི་ལྷའི་སྒྲུབ་ཐབས་ལ་སོགས་པ་དང༌། བསྐྱེད་བཟླས་ཇི་ལྟར་ཉམས་སུ་ལེན་ཚུལ་ལོ། །དང་པོ་ལའང་གསུམ། དང་པོ་སྤྲོས་པ་ཅན་བླ་མ་སྤྲུལ་སྐུ་ཐོད་ཕྲེང་རྩལ་གྱི་སྒྲུབ་པ་ནི། ཏིང་འཛིན་གསུམ་སོགས་ཏེ། མངོན་བྱང་ལྔ་བསྐྱེད་ཀྱི་ཆོ་གས་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་བསྐྱེད་བཟླས་ཚེ་སྒྲུབ་དང་བཅས་པ་དང༌། འཆི་མེད་པདྨ་འབྱུང་གནས་ལ་ཐོད་ཕྲེང་རིགས་ལྔ་ལུས་དཀྱིལ་དུ་བཀོད་པའི་ཚེ་སྒྲུབ་འཆི་མེད་དྲྭ་བ། ཐོད་ཕྲེང་རིགས་ལྔའི་སྒོས་སྒྲུབ་བཅས་དང༌། གཉིས་པ་སྤྲོས་མེད་བླ་མ་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་ནང་སྒྲུབ་སྟེ། སྐད་ཅིག་བདེ་སྟོང་སོགས་ལྟར་བདེ་སྟོང་གི་སྒྱུ་འཕྲུལ་ལས་བསྐྱེད་པ་དྲོད་གཤེར་སྐྱེ་བའི་བག་ཆགས་སྦྱོང་བའི་བསྐྱེད་རིམ་སྟེ། དབྱིངས་དང་རིག་པ་དབྱེར་མེད་ལས༔ ཟུང་འཇུག་སྒྱུ་མའི་དཀྱིལ་འཁོར་གསལ༔ ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་བླ་མ་ཆོས་སྐུ་འོད་དཔག་མེད་པའི་གསང་སྒྲུབ་འོད་གསལ་དྲྭ་བ་ནི། མ་བསྐྱེད་ཡེ་རྫོགས་སོགས་ལྟར་སྐད་ཅིག་དྲན་རྫོགས་རྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་ནི། ཁྲེགས་ཆོད་ཀ་དག་རིག་རྩལ་ལས༔ ལྷུན་གྲུབ་བསྐྱེད་རྫོགས་དབྱེར་མེད་པར༔ ཞེས་གསུངས་སོ། །ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས་བཅས་དང༌། གཉིས་པ་དེ་ལས་འཕྲོས་པ་ཡན་ལག་ལྷ་ལྔའི་སྒྲུབ་ཚུལ་ནི། གཤིན་རྗེ་གཤེད་དམར་འཆི་བདག་ཟིལ་གནོན། རྟ་མགྲིན་འཆི་མེད་དབང་ཆེན་འདུས་པ། ཡང་ཕུར་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ། ཕུར་པ་འདུས་པའི་དྲིལ་སྒྲུབ་བཅས་སྒོས་བཀའ་སོ་སོའི་དབང་དང་བཅས་པ་དང༌། མཁའ་འགྲོ་ཕག་དཀར་ཡེ་ཤེས་སྣང་བ་བཅས་དང༌། རྡོ་རྗེ་རྣམ་འཇོམས་རྒྱུད་སྡེ་བཞི་འབྲེལ་གྱི་སྒྲུབ་ཐབས། སོ་སོར་དབང་བཅས་བཞུགས་པ་སྟེ། དེ་ལྟར་བསྟན་པའི་རྣལ་འབྱོར་བླ་མེད་ཀྱི་བསྐྱེད་རིམ་ཐམས་ཅད་ལམ་གནད་སྙིང་པོ་འདི་དག་རྫོགས་སྨིན་གསུམ་སྟེ་དེའི་ཚུལ་ནི་ཀུན་མཁྱེན་འཇིགས་མེད་གླིང་པས། མདོར་ན་སྣང་གྲགས་རིག་གསུམ་ཐ་མལ་དུ་སོང་བའི་བསྙེན་པས་ས་མི་ཆོད་པས། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲར་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ ཞེས་རང་ལུགས་ཀྱི་དག་རྫོགས་སྨིན་གསུམ་འདི་བསྙེན་པའི་མདོ་ཆིངས་ཆེན་པོ་ཡིན། ཞེས་གསུངས་པ་ལྟར་སྣོད་བཅུད་ཐ་མལ་དུ་སྣང་ཞིང༌། དེ་ལ་གཟུང་འཛིན་དུ་ཞེན་པས་འཁོར་བའི་རྒྱུ་འབྲས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་མདོ་ལམ་ནས་འབྲས་བུ་སྡུག་བསྔལ་དུ་ཤེས་པར་བྱ་བ་དང༌། དེའི་འཁྲུལ་རྒྱུ་ཀུན་འབྱུང་སྤང་བྱ་དང༌། གཉེན་པོ་ལམ་བདེན་རྒྱུད་ལ་བསྟེན་བྱ། འགོག་པ་མངོན་དུ་བྱ་བར་གསུངས་པ་གང༌། སྔགས་ལམ་ནས་སྣང་ཆའི་གནས་ལུགས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཡི་སྐུ་དང་ཞིང་ཁམས། དངོས་ཞེན་དག་པ་ཡེ་ཤེས་ཕྱག་རྒྱའི་རོལ་པར་གདོད་ནས་མྱང་འདས་དང་མཐུན་པའི་འབྲས་བུ་གཞི་ལ་རྫོགས་པའི་ཚུལ་ཤེས་པས་དག་པ་རབ་འབྱམས་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་དུ་གསལ་ཏེ་སྡུག་ཀུན་གཉིས་སྤང་མི་དགོས་པ་འགོག་ལམ་གྱི་བདེན་པ་རུ་ཤར་བས་སྤང་བླང་མེད་པར་མཉམ་ཞིང༌། ཆོས་ཉིད་རང་གི་ངོ་བོ་ལས་མི་འགྱུར་ཀྱང་རིག་རྩལ་རླུང་རིག་གཡོས་པ་རང་སྣང་རང་རྩལ་དུ་ངོ་མ་ཤེས་པས་ཆོས་ཅན་འཁྲུལ་པ་རང་རྒྱུད་དུ་ཁ་འཁྱལ་ཏེ་སྲིད་པའི་འཁྲུལ་འཁོར་བཀོད་པའི་བྱེད་པོ་ནི་ལས་རླུང་སྟེ། ཆོས་དང་གང་ཟག་གི་བདག་ཏུ་རྟོག་པའི་སེམས་དང༌། ལུས། མིང་གསུམ་གྱིས་སྒྲ་ཚིག་རང་མཚན་དུ་ཞེན་ཅིང་གྲགས་པའི་གནད་ཤེས་པས། ལས་རླུང་གི་གཡོ་འཁྲུལ་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་བྱེད་པས་བཅིངས་ནས་འཁོར་བ་དང་རྣམ་པ་མཐུན་པའི་སྲིད་པའི་འཆིང་ཞེན་ཐམས་ཅད་གསུང་རྡོ་རྗེ་གཡོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེའི་སྔགས་སུ་གདོད་ནས་དག་པའི་ཡིན་ལུགས་སྣང་ཚུལ་དུ་ཡང་མངོན་དུ་སད་པའི་ཐབས་གྲོལ་གྱི་མྱུར་ལམ་ཟབ་མོའི་གཞི་འདིང་བའི་གནད་ཀྱིས། མ་དག་གཉིས་སྣང་གི་དྲན་རྟོག་ཐམས་ཅད་གཞི་མེད་རྩ་བྲལ་དོན་གྱི་འོད་གསལ་ཆོས་སྐུ་རུ་དག་སྟེ་ཡེ་ཤེས་རྗེན་པའི་སྣང་བ་ལྷུག་པར་སྤྱོད་པའི་སྨིན་བྱེད་དུ་གྱུར་པ་ནི་མིང་བསྐྱེད་རིམ་དུ་བཏགས་ཀྱང་དོན་བསྐྱེད་རྫོགས་ཟུང་འཇུག་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་མ་ནོར་བའི་གནད་ཤེས་པས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་སོ་སོའི་དག་རྫོགས་སྨིན་གསུམ་སྦྱོར་ཚུལ་སྤྱི་ལྟར་ཤེས་པར་བྱ་དགོས་སོ། །གསུམ་པ་བསྐྱེད་བཟླས་ཇི་ལྟར་ཉམས་སུ་ལེན་ཚུལ་ལ། ལྷའི་གསལ་སྣང་སྒྲུབ་པ། བོགས་འབྱིན་བཟླས་པ་གཉིས་ལས། དང་པོ་ནི། ཐུན་གཅིག་ལྷ་ཡི་གསལ་སྣང་སོགས་ཏེ་དེ་ལྟར་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ་པའི་ཚེ་རྣམ་པ་གསལ་བས་ཐ་མལ་དུ་སྣང་བའི་རྟོགས་པ་སྦྱངས། ང་རྒྱལ་བརྟན་པས་ལྷ་བདག་གཉིས་སུ་མེད་པའི་ངེས་ཤེས་ཀྱིས་བདག་རྟོག་གི་འཁྲུལ་པ་བཤིག །རྣམ་དག་དྲན་པས་བདེན་འཛིན་ཨ་འཐས་ཀྱི་ཞེན་པ་སྦྱང་པའི་ཚུལ་ལ་ཐུན་དང་པོར་བསླབ་སྟེ། ཐུན་གཉིས་པ་ལ་དེ་ལྟར་གསལ་བ་དེ་ཡང་སྒྲུབ་ཐབས་ཐམས་ཅད་སྒྱུ་མ་ལྟ་བུ། མིང་ཚིག་སྨིག་རྒྱུ། སྤྱོད་ལམ་རྨི་ལམ། དངོས་པོ་གཟུགས་བརྙན། གནས་ཡུལ་དྲི་ཟའི་གྲོང་ཁྱེར། སྒྲ་ཐམས་ཅད་བྲག་ཆ། ལྷ་སྐུ་ཆུ་ཟླ། ཏིང་འཛིན་ཆུ་བུར། འདུ་འཕྲོ་མིག་ཡོར། ཆོ་འཕྲུལ་སྤྲུལ་པ་ལྟ་བུར་ཤེས་པར་བྱས་ཏེ་དམ་ཚིག་བཅུའི་སྒོ་ནས་ཉམས་སུ་བླང་བས་སྣང་ཙམ་མ་འགགས་པ་ལས་རང་བཞིན་གང་ཡང་གྲུབ་པ་མེད་པའི་སྟོང་པའི་བདག་ཉིད་དུ་ཤེས་པའི་ལྟ་བས་རྒྱས་བཏབ། ཐུན་གཅིག་ལ་སྣང་ཡང་རང་བཞིན་མ་གྲུབ་པ། གསལ་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པའི་སྒྱུ་མ་ལྟ་བུའི་སྣང་སྟོང་ཟུང་འཇུག་གི་ཏིང་འཛིན་ལ་རྩལ་སྦྱང་བྱ། ཐུན་གཅིག་ལ་སྣང་གྲགས་རིག་པ་ལྷ་དང་ཞིང་ཁམས་གསང་སྔགས་ཆོས་ཉིད་དུ་གདོད་ནས་གནས་པ་བློས་རྩོལ་བས་བཀོད་མ་དགོས་པར་གཉིས་མེད་རང་རྩལ་མ་བསྒོམས་ལྷུན་གྲུབ་ཀྱི་བསྐྱེད་རིམ་དུ་མ་རོ་གཅིག་རང་བཞིན་ཡོངས་ཤེས་ཀྱི་ལྟ་བས་རྩིས་ཟིན་པའི་བསྐྱེད་རིམ་གྱི་སྲོག་སྡོམ་གཟེར་བཞིའི་སྙིང་པོ་ཡིན་པས་དེ་དག་རིམ་པ་བཞིན་རྩལ་སྦྱང༌། གོམས་ནས་ཕྲུགས་གཅིག་ཏུ་ཉམས་སུ་ལེན་པར་བྱའོ། །གཉིས་པ་བཟླས་པ་ནི། སྒྲར་བཅས་སྒྲ་མེད་བདེ་ཆེན་རྡོ་རྗེའི་བཟླས༔ ཞེས་པ་སྟེ་དེ་ལྟར་བསྐྱེད་རིམ་གྱིས་གསལ་སྣང་སྒྲུབ་པའི་ཚེ་སྐྱོ་བའམ། ལྷ་ཡི་ཐུགས་རྒྱུད་བསྐུལ་བས་དངོས་གྲུབ་མཆོག་གི་གནས་ལ་མྱུར་དུ་སྦྱོར་བའི་ཕྱིར་བོགས་འབྱིན་བཟླས་པ་བྱ་དགོས་ཏེ། དེ་ཡང་ལྷ་སྔགས་གཉིས་མེད་ཀྱི་ངེས་ཤེས་དད་པ་བརྟན་པོས་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་རྣམས་ལྕེ་མཆུའི་རྩོལ་བས་བཟླས་པ་ནི་ངག་བཟླས་སྒྲར་བཅས་དང༌། ཐུགས་སྲོག་སྔགས་ལ་སེམས་འཛིན་གྱིས་ཡིད་བཟླས་སྒྲ་མེད། རླུང་བུམ་པ་ཅན་དང་སྦྱར་བའི་འགོག་བཟླས། འབྱིན་འཇུག་གནས་གསུམ་ལྷ་གང་བསྒྲུབ་དེའི་སྔགས་སམ་རྡོ་རྗེའི་འབྲུ་གསུམ་དུ་ཤེས་པས་རྡོར་བཟླས་སམ། བུམ་པ་ཅན་དང་སྦྱར་བའི་རྡོ་རྗེའི་བཟླས་པ་བྱ་ཞིང༌། བཟླས་དམིགས་ཀྱི་རིམ་པ་ཡང་སྒྲུབ་ཐབས་སོ་སོའི་གཞུང་ལྟར་བྱ་བའོ། །བཞི་པ་ལམ་གྱི་སྦས་དོན་ཨ་ནུའི་དགོངས་པ་ལྟར་བཤད་པ་ལ་གཉིས། རང་ལུས་དང་གཞན་ལུས་སོ། །དང་པོ་ལའང༌། སྔོན་འགྲོ། དངོས་གཞི། ལམ་གྱི་ཡན་ལག་གོ། །དང་པོ་ནི། ལུས་སྦྱོང་རྣམ་པ་སོགས་ཏེ། སྦྱང་གཞི་ཤིན་ཏུ་ཕྲ་བའི་གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་ལ། སྦྱོང་བྱེད་ལམ་ཀྱང་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པས། སྦྱངས་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གཉིས་སུ་མེད་པ་མི་སློབ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་ལ། སྔོན་འགྲོ་ལུས་ཀྱི་རྩ་ཡི་མདུད་པ་བཤིགས་ཏེ་ཡེ་ཤེས་ཀྱི་དབུ་མའི་སྒོ་འབྱེད་པའི་ཕྱིར་རྣམ་པ་ཉི་ཤུའི་འཁྲུལ་འཁོར་གསུངས་པ་འདིར་ཞལ་རྒྱུན་སོགས་ཕྱག་བཞེས་དམིགས་བསལ་མ་བྱུང་བས་རིགས་མཐུན་ལྟ་བུར་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་རླུང་གི་འཁྲུལ་འཁོར་ཉི་ཤུ་ལྟ་བུ་སྦྱོར་དུ་རུང་སྙམ་ཞིང༌། ངག་ལས་རླུང་གི་རྒྱུ་བ་འཆིང་ཞིང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་ཡེ་ཤེས་ཀྱི་རླུང་སྒྲུབ་པའི་ཕྱིར་འབྲུ་གསུམ་རྡོ་རྗེའི་བཟླས་པས་ལམ་དུ་བྱེད་པ་དང༌། སེམས་གཟུང་འཛིན་གྱི་རྟོགས་པའི་གཡོ་འཁྲུལ་ཞི་ཕྱིར་ཕྱི་ལུས་ཀྱི་སྟོང་ར་རྩ་གསུམ་ལྷག་པའི་ལྷ་གང་ཡིན་དེའི་སྐུ་སྣང་སྟོང་སྒྲིབ་གཡོགས་དང་བྲལ་པ་དར་གྱི་གུར་ཕུབ་པ་ལྟ་བུ་དང༌། ནང་རྩ་ཡི་སྟོང་ར་སྐུ་དབུས་དྲང་པོར་རྩ་དབུ་མ་མཚན་ཉིད་བཞི་ལྡན། གཡས་གཡོན་དུ་རོ་རྐྱང་གི་མར་སྣ་དབུ་མའི་ནང་ལྟེ་འོག་སོར་བཞི་ནས་ཆུད་ཅིང༌། ཡར་སྣེ་ལྟག་པ་ནས་གུག་སྟེ་སྣ་བུག་གཉིས་སུ་ཆུད་པ་དེ་ཐམས་ཅད་སྟོང་སངས་འོད་ཀྱི་སྦུ་གུ་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བར་བསྒོམ། གསང་བ་སེམས་ཀྱི་སྟོང་ར་སེམས་དུས་གསུམ་སྐྱེ་འགག་གནས་བྲལ་དངོས་པོ་མཚན་མ་གང་ཡང་མ་དམིགས་པའི་སྟོང་ཉིད་མཐའ་དབུས་བྲལ་བ། རོལ་པ་འགག་མེད་དུ་ཤར་ཡང་དམིགས་གཏད་དང་བྲལ་བ་ལ་བློ་བཞག་པའོ། །གཉིས་པ་དངོས་གཞི་ནི། སྲོག་རྩོལ་ཁ་སྦྱོར་སོགས་ལྟར་སྲོག་ནི་ཐིག་ལེ། རྩོལ་བ་རླུང་གཉིས་རྟེན་བརྟེན་པ་ཡིན་པ་གནད་དུ་བསྣུན་པ་རྣམ་བཅས་ཀྱི་རྣལ་འབྱོར་ཏེ་དེའི་ཚུལ་ནི་ཕྱི་སྣོད་ནང་བཅུད་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་ཀུན་ལ་ཁྱབ་ཅིང་ཤིས་པའི་ནམ་མཁའི་རླུང་ཁ་དོག་མཐིང་གསལ་གྱི་རྣམ་པ་ལ་ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་ཡི་བདུད་རྩིའི་རྣམ་པ། དབང་སྡུད་སྐབས་ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་དང་གང་དབང་དུ་བསྡུ་བྱ་ཉིད་རླུང་སེམས་དྭངས་མའི་ཐིག་ལེའི་ངོ་བོ་ནམ་མཁའི་རླུང་གི་རྣམ་པར་རྔུབ་པ་སོགས་དང༌། མཆོག་སྒྲུབ་གཙོར་བོར་བྱེད་ན་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་དྭངས་མའི་ངོ་བོར་སོགས་སྐབས་ཐོབ་དམིགས་པས་ཁ་བསྒྱུར་ཏེ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་འོད་ལྔའི་རྣམ་པར་སྙིང་གར་གསལ་བར་ཐིམ་པར་བསམ་ལ་སྟེང་རླུང་རྔུབ། འོག་རླུང་བསྐུམ། ལྟེ་བར་ཁ་སྦྱོར་དུ་འཆིང་བས་སྣང་སྟོང་སྲིད་ཞིའི་ཆོས་ལ་དབང་བསྒྱུར་བའི་ཐབས་ཀྱིས་མན་ངག་ལ་གནད་དུ་བསྣུན་པས་སྦྱོར་བ་བཞི་ལྡན་གྱིས་བུམ་ཅན་རླུང་གི་ཁུག་པ་བརྒྱའམ་བདུན་ཅུ་ཉེར་གཅིག་སོགས་ཐུན་རེ་ལ་གནད་དུ་བསྣུན་པ་སྲོག་རྩོལ་རླུང་གི་རྣལ་འབྱོར་དང༌། དེ་ལ་གོམས་ཤིང་བརྟན་པ་དང་རྩ་འཁོར་ལྔར་བླ་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་སྐབས་རང་ཆོས་སྐུ་རྡོ་རྗེ་འཆང་དུ་གསལ་བ་ལ་ཐོད་ཕྲེང་རིགས་ལྔ་འཁོར་དཔའ་བོ་མཁའ་འགྲོའི་ཚོམ་བུ་བཅས་གསུངས་པས་མཚོན་རྩ་བ་གསུམ་སོ་སོར་དམིགས་པའི་ལྡེ་ཁ་བསྒྱུར་ཏེ། དབུ་མའི་མར་སྣར་ལྟེ་འོག་ཏུ་ཨ་ཤད་རླུང་གིས་བསྐུལ་ཏེ་འབར་བའི་དྲོད་ཀྱི་ཟེགས་མས་སྤྱི་བོར་དབུ་མའི་ཡར་སྣར་ཧཾ་ཡིག་མགོ་ཐུར་བསྟན་ལ་རེག་པས་ཐིག་ལེའི་དྭངས་མའི་ཟེགས་མ་ཆར་ལྟར་བྲུལ་བས་སྤྱི་བོ་ནས་ཡས་རིམ་གྱིས་བབ་པས་དགའ་བཞིའི་ཉམས་སྐྱོང་བས་དབང་བཞིའི་རྟོགས་པ་བསྐྱེད། སད་རྨི་གཉིད་འཐུག་སྙོམས་འཇུག་གི་གནས་སྐབས་བཞིའི་སྒྲིབ་པ་དག །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་བདག་ཉིད་དུ་བྱིན་གྱིས་བརླབས། ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་སྐུ་བཞིའི་བདག་ཉིད་དུ་བྱང་ཆུབ་པར་བསམ་ཞིང༌། ཐུན་གྱི་མཐར་སྣོད་བཅུད་ཐམས་ཅད་དྭངས་མའི་རླུང་སེམས་ཀྱི་ངོ་བོར་འོད་དུ་ཞུ་བ་རང་ལ་ཐིམ། རང་ཡང་འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སུ་བསྡུས་ཤིང་ཐིམ་པར་བསམ་ལ་རླུང་རིག་གཉིས་མེད་དུ་བསྲེ་བས་སྣང་མེད་ཀྱི་རྣལ་འབྱོར་ལ་རྩལ་འདོན་བྱའོ། །གསུམ་པ་ལམ་གྱི་ཡན་ལག་ནི། རྗེས་ཐོབ་ཉིན་མཚན་སྒྱུ་མའི་ལྷ་སྐུར་ལྡང༔ ཞེས་པ་ལྟར་དངོས་གཞི་མཉམ་བཞག་གི་ཉམས་མྱོང་བདེ་གསལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྣང་གྲགས་རིག་པའི་ཆོས་ཀུན་ལ་རྒྱས་བཏབ་སྟེ། སྣང་སྟོང༌། གྲགས་སྟོང༌། རིག་སྟོང་སྒྱུ་མ་རྨི་ལམ་ལྟ་བུའི་ཞེན་མེད་སྒྱུ་མའི་ལམ་ཁྱེར་གྱིས་བཟང་ངན་གང་ལའང་ཆེད་འཛིན་རྩིས་གདབ་རེ་དོགས་མི་བྱེད་པར་བཟང་ངན་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་ལམ་དུ་ཁྱེར། མཚན་མོའི་རྣལ་འབྱོར་མགྲིན་པའི་དབུས་སུ་ཨ་ཡིག་དམར་གསལ་ལ་རླུང་སེམས་བསྡུས་ཏེ་གཉིད་དུ་འགྲོ་བར་བྱས་པས་འོད་གསལ་ཟིན་པ་དང༌། ཉིན་པར་སྒོ་གསུམ་གྱི་བྱ་སྤྱོད་རྨི་ལམ་དུ་ལམ་ཁྱེར་སྦྱངས་ལ། རྨི་ལམ་འཛིན་བསྒྱུར་སྤྲུལ་པ་སོགས་འདོད་ན་རྫོགས་རིམ་སྤྱི་ལྟར་ལམ་གྱི་བོགས་འབྱིན་དུ་བྱའོ། །གཉིས་པ་གཞན་ལུས་ནི། དངོས་ཡིད་ཕྱག་རྒྱའི་ལམ་གྱིས་བོགས་འབྱིན་བྱ༔ ཞེས་རང་ལུས་ཐབས་ཀྱི་རྣལ་འབྱོར་གྱིས་རླུང་སེམས་ལས་སུ་རུང་བས་ལམ་ལ་བོགས་འབྱིན་པའི་སླད་ཡིད་རིག་གམ། དངོས་ཡིད་ཕྱག་རྒྱའི་ལམ་ལ་བསྟེན་པས་དཔེ་ཡི་ཐབས་བྱས་པའི་དོན་གྱི་ཡེ་ཤེས་མངོན་དུ་རྟོགས་པར་བྱེད་པའི་ཐབས་ཀྱི་ཉེ་རྒྱུ་ལ་བསླབ་པས་དོན་དམ་ཡེ་ཤེས་ཀྱི་དེ་ཉིད་མངོན་དུ་རྟོགས་པར་བྱེད་པའང་རང་ཉམས་དང་བསྟུན་ཏེ་ཉམས་སུ་ལེན་པར་བྱའོ། །ལྔ་པ་ལམ་གྱི་མན་ངག་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་ཉམས་ལེན་ལ་གསུམ། སྐྱེ་འཆི་བར་དོའི་སྣང་བ་ལམ་དུ་ཁྱེར་བའོ། །དང་པོ་སྐྱེ་བ་ཚེ་འདིའི་ཉམས་ལེན་ལ། ལྟ་བ་ཀ་དག་གི་ཉམས་ལེན་དང༌། སྒོམ་པ་ལྷུན་གྲུབ་ཀྱི་བོགས་འབྱིན་གཉིས་ལས། དང་པོ་ནི། སྒོ་གསུམ་ཞེན་ལོག་སོགས་ནས། སྲང་དུ་གཞུག༔ ཅེས་པའི་བར་ཏེ་འདི་ལའང་ཁྱད་པར་གྱི་སྔོན་འགྲོས་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་དང༌། ལུས་སྦྱང༌། ངག་སྦྱང་ལ་རྒྱས་གདབ། རྩལ་སྦྱང༌། མཉེན་བཙལ། ལམ་ཞུགས་བཞི། སེམས་སྦྱང་བཅས་དང་སྒོ་གསུམ་རྣལ་དབབ། སོར་གཞུག་བཅས་བགྱིས་པས་རྩོལ་བཅས་ཀྱི་བྱ་བ་ལ་བློ་མི་འཇུག་པས་ཞེན་པ་ལྡོག་པ་དང༌། སྔོན་འགྲོ་དེ་དག་གིས་འཁྲུལ་པའི་བྱ་སྤྱོད་ལ་སྙིང་པོ་མེད་པར་ཤེས་པས་ཞེན་པ་ལོག་ཅིང༌། ལུས་སེམས་ཤིན་སྦྱང་གི་ཡོན་ཏན་སྐྱེ་བ་ཞི་གནས་ཀྱི་གཞི་ཐེང་པས། སེམས་ཀྱི་འཁྲུལ་པའི་ཁང་བུ་བྱུང་གནས་འགྲོ་གསུམ་ཚོལ་བས་བཤིག་སྟེ། རིག་སྟོང་རྗེན་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་ཡེ་ཤེས་ཚིག་དང་ཡིད་དཔྱོད་ཀྱིས་མ་བསླད་པའི་ཡེ་ཤེས་རྗེན་པ་འཕགས་པའི་རྟོགས་རིག་མཐར་ཐུག་ཐེག་ཆེན་འགོག་བདེན་ཉིད་ལྟ་བས་ངོ་ཤེས་པར་བྱས་ལ། ལུས་གནད་སྐྱིལ་ཀྲུང་མཉམ་བཞག་གིས་མིག་མི་གཡོ་བར་ཐད་ཀར་གཞག་ལ། ཚོགས་དྲུག་གི་ཡུལ་སྣང་བཟང་ངན་ཆགས་སྡང་འཛིན་ཞེན་གྱི་འཁྲུལ་རྟོག་གིས་བཅས་བཅོས་སྤྲོ་བསྡུ་གང་གིས་ཀྱང་བཅོས་བསླད་དང་བྲལ་བའི་ངང་དུ་མ་བཅོས་པ་རིག་སྟོང་རྗེན་པའི་ཀློང་དུ་བཞག་པས། ཅི་ཞིག་ན་སེམས་ཀྱི་འཇུར་མདུད་ཞིག་པའི་ཆོས་ཉིད་གཉུག་མའི་ངང་དུ་བཞག་པ་ནི་གནད་ཀྱི་ཉམས་ལེན་སྙིང་པོའི་སྲོག་ཏིག་སྟེ། དེའི་ཚེ་རྟོག་པ་བཟང་ངན་གང་བྱུང་ཡང་ཆེད་དུ་མི་བཀག་བཟོ་བཅོས་མི་བྱ། མ་བཅོས་གཉུག་མའི་ལྟ་བ་དང་མ་བྲལ་བར་བསྐྱངས་པས་རྩལ་གྱི་འཕྲོ་འདུ་ཐམས་ཅད་ཀྱིས་ཕན་གནོད་བསྒྱུར་བཅོས་གང་ཡང་མི་ནུས་པ་གཞི་ཐིམ་ལ་སོང་བའི་གནད་ངོས་ཟིན་ཏེ། རྒན་པོས་བུ་ཆུང་གི་སྤྱོད་པ་མཐོང་བ་ལྟར་རྩིས་གདབ་མེད་པར་སྐྱོང་བས་གོམས་པ་བརྟན་པའི་ཚེ་སྣང་སྤྱོད་ཐམས་ཅད་ལ་ཆོས་ཉིད་འདྲ་བའི་ཡེ་ཤེས་ཁོ་ནར་གདེང་འཆའ་ནུས་ཀྱི་བར་བསླབ་ཅིང་ཉིན་མཚན་འོད་གསལ་གྱི་འཁོར་ལོར་སྤྱོད་པའི་མན་ངག །ཉིན་པར་དབྱིངས་རིག་ཟུང་འཇུག་ལྟ་སྒོམ་སྤྱོད་པ་ཡེ་ཤེས་གཅིག་གི་རང་བཞིན་དུ་དག་པར་ལམ་ཁྱེར་དང༌། སྲོད་ལ་དབང་པོ་གནད་དུ་བསྡུ་བས་ཤེས་པ་ནང་དུ་བསྡུ་བ་དང༌། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པའི་རྣལ་འབྱོར་བཞིའི་སྒོ་ནས་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ཐམས་ཅད་ཆོས་ཉིད་ཡང་དག་གི་ཉམས་ལེན་གྱི་གྲོགས་སུ་འགྱུར་བར་བསླབ་བོ། །གཉིས་པ་སྒོམ་པ་ལྷུན་གྲུབ་ཀྱི་བོགས་འབྱིན་ནི། ལྷུན་གྲུབ་སྒོ་ཡུལ་རླུང་སོགས་ནས། མངོན་དུ་གྱུར༔ ཞེས་པ་སྟེ་འོད་གསལ་ལྷུན་གྲུབ་ཀྱི་སྣང་བ་རིག་རྩལ་མ་འགགས་པའི་འཆར་ཆ་ཡིན་ཀྱང༌། རྡོ་རྗེའི་ལུས་ལ་རྟེན་བརྟེན་པར་འབྲེལ་བའི་རྩ་རླུང་ཐིག་ལེ་རྣམས་གནད་དུ་གཅུན་ཏེ་དབྱིངས་རིག་གཟིར་ན་འོད་གསལ་སྣང་བཞིའི་ཡེ་ཤེས་གོང་འཕེལ་དུ་འགྱུར་བས། ཡེ་ཤེས་འཆར་བའི་སྒོ་མིག་གཟིགས་སྟངས་གསུམ། ཡེ་ཤེས་ཀྱི་རྟེན་རྩ་ཀ་ཏི་ཤེལ་སྦུག་འཆིང་བའི། ཕྱིར་ལུས་བཞུགས་སྟངས་གསུམ་དང་མ་བྲལ་བས། གནས་གཡའ་གངས་ཀྱི་ཁྲོད་སོགས་འདུ་འཛི་མེད་ཅིང་ཉི་ཟླ་འཆར་སྔ་ནུབ་ཕྱི་བའི་དབེན་པར་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ནས། ཡེ་ཤེས་འཆར་བའི་ཡུལ་ནམ་མཁའ་སླད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བར། ཉི་ཟླ་འཆར་ནུབ་ཀྱི་ཟེར་གཉིས་ལ་ཐོག་མར་བསྟེན་ཅིང༌། གོམས་ནས་ཉིན་མཚན་བར་མ་ཆད་དུ་རླུང་ཁ་ནས་དལ་གྱིས་རྒྱུ་ཞིང་ཅུང་ཟད་ཕྱིར་འཛིན་བྱས་ཏེ། རིག་པ་འཕྲོ་རྒོད་ཀྱི་རྐྱེན་དང་བྲལ་བར་གནད་དུ་གཅུན་པས། ཕྱི་ནང་གི་དབྱིངས་སྣང་འཇའ་ཟེར་དང་པོ་འཆར་བའི་སྟེང་དུ་རྡོ་རྗེ་ལུ་གུ་རྒྱུད་དང༌། ཐིག་ལེ་གསུམ་འབྲེལ་ཚུན་ཆད་དུ་འཆར་བའི་ཚེ་ཐིག་ལེའི་ར་བར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མི་གཡོ་བར་གཟིར་ཞིང་བསྐྱངས་བས་ནང་དུ་ཆོས་ཉིད་རྗེན་པའི་ཡེ་ཤེས་ཀྱི་མྱོང་བ་ཤར་བ་ཆོས་ཉིད་མངོན་སུམ། དེ་ལྟར་གོམས་པའི་སྣང་བའི་ཉམས་འཇའ་ཟེར་ཐིག་ལེའི་རྒྱ་ཆེ་བ་ཡུལ་གྲུ་ཙམ་ཁྱབ་ཅིང༌། ཐིག་ལེ་ལྔ་ཚོམ་གྱི་ནང་དུ་སངས་རྒྱས་སྤྲུལ་པའི་སྐུའི་གཙུག་ཏོར། ཞལ་ཕྱག་ཐམས་ཅད་དང༌། སྐུ་ཡུམ་དང་རྒྱན་ཕྱག་མཚན་མེད་པ་འཆར་བ་ཉམས་གོང་འཕེལ་གྱི་སྣང་བ་དང༌། སྣང་ཡུལ་ཐམས་ཅད་རིགས་ལྔ་ཡེ་ཤེས་ཀྱི་འཁོར་ལོ་ཞི་ཁྲོ་ལོངས་སྤྱོད་རྫོགས་པ་འཆར་ཞིང་སྣོད་བཅུད་མ་དག་པའི་སྣང་བ་ནུབ་ཅིང༌། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདེང་ཁེལ་བ། རིག་པ་ཚད་ལ་ཕེབས་པ་དང༌། འཁོར་བའི་འཁྲུལ་རྟོག་གཞི་རྩ་དང་བཅས་པ་དག་སྟེ་སྣང་བའི་འཕེལ་རྫོགས་ནས་ཆོས་ཅན་ཀུན་རྫོབ་ཀྱི་སྣང་ཆ་ཆོས་ཉིད་གཏིང་གསལ་གྱི་སྦུབས་སུ་སྡུད་པས་བློ་བྲལ་གདོད་མའི་གཞི་ཀློང་དུ་འུབ་ཆུབ་པའི་དགོངས་པར་གདིང་ཁེལ་བ་དག་གིས་སྣང་བཞི་མཐར་སོན་ཆོས་ཟད་ཀྱི་རྣལ་འབྱོར་ཞེས་རྟེན་འདིར་འབྲས་བུའི་མཐར་ཐུག་མངོན་དུ་གྱུར་བས་ས་ལམ་མཐར་ཕྱིན་པའོ། །གཉིས་པ་འཆི་བའི་སུན་མ་ལམ་ཁྱེར་གྱི་གདམ་པ་ནི། གལ་ཏེ་ཚེ་འདིར་སོགས་ནས། རྣམ་པར་འཕོ༔ ཞེས་པ་སྟེ་དབང་པོ་འབྲིང་དག་ཚེ་འདིར་གྲོལ་ཚད་མངོན་དུ་མ་གྱུར་ན་ད་ལྟ་གོམས་པའི་འོད་གསལ་སྐྱེལ་མ་ལྟ་བུ་དང༌། འཆི་ཁའི་བར་དོ་དང་པོའི་འོད་གསལ་གྱི་སྣང་བ་སུན་མ་ལྟ་བུ་གཉིས་ནང་འཛོམ་སྟེ་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བའི་དུས་མཉམ་པ་ལྟ་བུའི་གཞི་ལམ་གྱི་འོད་གསལ་མ་བུ་འཕྲད་ནས་གྲོལ་བ་མངོན་དུ་བྱ་བ་འོད་གསལ་སྦུབས་འཇུག་དང༌། དེའི་དོན་ད་ལྟའང་རིག་པ་མིག །མིག་དབྱིངས་རིག་གམ་ནམ་མཁའ་ལ་གཏད་དེ་བསྲེ་བའི་ངང་ནས་སྦྱང་པ་དང༌། འཆི་བའི་ཚེ་བླ་མ་མཆེད་གྲོགས་ཀྱིས་ངོ་སྤྲོད་གདབ་པ་དང་དུས་མ་ཡིན་པའི་འཆི་བ་བསླུ་བའི་མན་ངག་དང༌། དུས་ལ་བབ་ན་ཚེ་འདིའི་འཁྲི་བ་བཅད་ཅིང་བློ་མ་འཕྲེང་བས་འཆི་སྲིད་ཀྱི་གདམས་པ་གསལ་འདེབས་བྱ་བ་དང༌། ཉམས་ཆགས་བཤགས་པ་སོགས་བྱ། དེ་ཙམ་གདིང་དུ་མ་ཁེལ་ན་རང་གི་གཞི་ལུས་རྩ་གསུམ་གང་མོས་སུ་གསལ་བའི་ལུས་དབུས་རྩ་དབུ་མ་ལྟེ་བ་ནས་སྤྱི་བོར་ཟུག་པའི་སྙིང་དབུས་སུ་རླུང་སེམས་དྭངས་མའི་ངོ་བོ་ཡི་གེ་ཧྲཱིཿཡིག་གི་རྣམ་པར་གསལ་ཞིང༌། སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་སྣང་བ་མཐའ་ཡས་གསལ་བ་ལ་མོས་གུས་བསྐྱེད་ཏེ་ཧིག་གི་སྒྲས་ཡང་ཡང་འཕོ་བས་ད་ལྟ་རྟགས་འབྱོང་བར་སྦྱངས་ནས་འཆི་བའི་ཚེ་ལས་ལ་སྦྱར་བ་རླུང་སེམས་གོང་འཕོ་བའི་མན་ངག་ལ་བརྟེན་ནས་དག་པའི་ཞིང་དུ་འཕོ་བར་བྱའོ། །གསུམ་པ་བར་དོའི་ལམ་ཁྱེར་ནི། བར་དོ་རྣམ་གསུམ་སྐུ་གསུམ་ལམ་དུ་ཁྱེར༔ ས་མ་ཡ༔ ཞེས་པ་སྟེ་སྐྱེ་འཆིའི་མཚན་མ་དབྱིངས་སུ་དག་པས་རྟེན་འདིར་གྲོལ་བའི་གདིང་མ་ཐོབ་ན་བར་དོ་དང་པོ་དང་འཆི་བ་ཆོས་སྐུ། གཉིས་པ་ཆོས་ཉིད་བར་དོ་འོད་གསལ་ལྷུན་གྲུབ་ཞི་ཁྲོའི་སྣང་བ། གསུམ་པ་སྲིད་པ་བར་དོ་རླུང་སེམས་ཀྱི་གཞན་དབང་སྤྲུལ་སྐུ་ལམ་དུ་ཁྱེར་བ་རྣམས་གང་ལ་ཡང་སྤྱིར་བར་དོའི་སྣང་བ་ཐམས་ཅད་རང་སྣང་རིག་པའི་རྩལ་གྱི་རོལ་པ་ལས་མ་འདས་པས་དང་པོར་ངོ་ཤེས། ཤེས་ཐོག་ཏུ་བཞག །བཞག་ཐོག་ཏུ་གཞི་མེད་ལ་གྲོལ། གྲོལ་ཐོག་ལ་གདེང་ཁེལ་ནས་ཕྱིར་མི་ལྡོག་པའི་དབྱིངས་སུ་བཙན་ས་ཟིན་པས་སྐུ་གསུམ་གྱི་ས་ལ་གྲོལ་བ་སྟེ། སྣང་བའི་འཆར་ཚུལ་རེ་རེ་བཞིན་ལམ་དུ་བྱེད་ཚུལ་སོགས་ཁྲིད་གཞུང་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ལམ་ཀུན་གྱི་གྲོལ་ཚད་བསྟན་པ་ནི། ཐུན་མོང་གྲུབ་པ་སོགས་ནས་བརྡ་ཐིམ༔ བར་ཏེ་དེ་ལྟར་ཉམས་སུ་བླང་བས་བསྐྱེད་རིམ་ལ་གཙོ་བོར་བསྟན་པས་རྡོ་རྗེ་གུར་ལས། གང་ཕྱིར་དེས་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང༌། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་ཐོབ། །ཅེས་གསུངས་པ་ལྟར་ཐུན་མོང་གི་གྲུབ་པ་བརྒྱད་དང༌། འཇིགས་པ་བརྒྱད་ཞི་བ། འབྱོར་དྲུག་རྒྱས་པ། མོས་པ་བཞིས་སྐྱེ་འགྲོ་དབང་དུ་བྱ་བ། དྲག་ཤུལ་གྱི་ལས་ཆེན་བཅུ་གཉིས་ཀྱིས་དགྲ་བགེགས་འདུལ་བ་སོགས་ཐུན་མོང་གི་ཕྲིན་ལས་བཞི་དང༌། ཚོགས་སྦྱོར་དང་མཐུན་པའི་རྣམ་སྨིན། མཐོང་ལམ་ཚེ་དབང༌། དག་པ་གསུམ་ཕྱག་ཆེན། རྒྱུན་མཐའམ་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་མངོན་དུ་གྱུར་པས་ས་ལམ་ཡོངས་སུ་རྫོགས་པ་མཆོག་གི་དངོས་གྲུབ་དང༌། མཚན་བཅས་ཀྱི་རྫོགས་རིམ་གྱིས་དབུ་མའི་མདུད་པ་ཉེར་གཉིས་གྲོལ་ཏེ་གཉུག་མའི་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་གྱུར་པས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་གྱུར་པས་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར་བ་དང༌། མཚན་མེད་རྫོགས་པ་ཆེན་པོའི་ལམ་ནས་ཆོས་ཉིད་གཉུག་མའི་དགོངས་པ་ཁྱབ་བརྡལ་དུ་གྲོལ་ཏེ་འོད་གསལ་བསམ་མི་ཁྱབ་པའི་གསང་མཛོད་ལ་སྤྱོད་པས་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུར་དབང་འབྱོར་ནས་ནམ་མཁའ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལ་དབང་འབྱོར་བར་ངེས་པའོ། །འོད་གསལ་གསང་བ་ཆེན་པོའི་ཡེ་ཤེས་མཆོག །འོད་གསལ་དགོངས་པ་མངོན་བྱེད་རྡོ་རྗེའི་ཚིག །འོད་གསལ་སྙིང་གི་ཐིག་ལེའི་དགོངས་པའི་བཅུད། །འོད་གསལ་ཡེ་ཤེས་ཉིན་བྱེད་འདིར་གསལ་མཐུས། །འོད་གསལ་བསྟན་པའི་ཤིང་རྟ་ཕྱོགས་ཀུན་འདྲེན། །འོད་གསལ་དབྱིངས་སུ་འགྲོ་ཀུན་ངལ་འཚོས་ཏེ། །འོད་གསལ་བསམ་མི་ཁྱབ་པའི་གཞི་ཀློང་དུ། །འོད་གསལ་རྡོ་རྗེའི་ལམ་འདིས་ཁྲིད་གྱུར་ཅིག །འོད་གསལ་སྣང་བཞིའི་ལྟད་མོ་འབྱམས་ཀླས་པའི། །འོད་གསལ་སྙིང་པོའི་རྣལ་འབྱོར་བདག་གྱུར་ནས། །འོད་གསལ་འབའ་ཞིག་འཆར་བའི་དབེན་གནས་སུ། །འོད་གསལ་གྲུབ་པའི་དགའ་སྟོན་སྤྱོད་གྱུར་ཅིག །ཅེས་པའང་འོད་གསལ་རྡོ་རྗེའི་སྙིང་པོའི་བསྟན་པའི་མངའ་བདག་རིག་འཛིན་མཁས་དང་གྲུབ་བརྒྱའི་གཙུག་རྒྱན་ཀུན་མཁྱེན་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚུལ་འདིས་སྨིན་གྲོལ་ཟབ་མོའི་སྐལ་བཟང་ལ་སྦྱོར་བའི་ཚེ་མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་འདི་དགྱེས་པ་ཆེན་པོས་ལྗགས་བཤད་བཀའ་དྲིན་བསྩལ་བའི་སྐབས་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་དྲི་མེད་འོད་ཟེར་ནས་བླ་མའི་ཞལ་རྒྱུན་ཟིན་བྲིས་སུ་འགོད་པར་གལ་ཆེ་ཞེས་བཀའ་ནན་ཡང་ཡང་བསྩལ་བ་དང༌། ཁྲིད་རྒྱུན་མི་ཆད་པ་ལ་ཕན་ཕྱིར་འདི་ལྟར་བྲིས་ཞེས་འཁོར་ལོའི་མགོན་པོས་ཀྱང་རྟེན་དང་བཅས་བཀའ་ཡི་གནང་བ་ཐོབ་པ་བཞིན་འདུས་གསལ་སྙིང་པོ་མདོ་ཙམ་དུ་སྔགས་རིག་འཛིན་པའི་གཟུགས་བརྙན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས། འདན་ལྗོངས་ལྷ་དཀར་རི་ཁྲོད་གཡུ་ཤུག་ཟིལ་པ་མཐའ་ཡས་ཚལ་དུ་འཁྲིགས་པའི་དབེན་གནས་སུ་མིག་སྨན་ཐིག་ལེའི་ལྡིང་གུར་ལ་བསྟེན་པའི་སྐབས་བྲིས་པ་སླར་ཡང་གསལ་བར་བྱས་པས་ཟབ་གསང་རྡོ་རྗེ་སྙིང་པོའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །།}} | ||
</onlyinclude> | </onlyinclude> | ||
Line 42: | Line 48: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-14-PHA]] | [[Category:DKR-KABUM-Volume-14-PHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 09:30, 6 December 2022
Wylie title | rtsa gsum 'od gsal snying thig las/ rgyud lung man ngag gi dgongs don 'dus gsal du bshad pa 'od gsal ye shes nyin byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 14, Text 2, Pages 105-127 (Folios 1a to 23b4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Citation | Khyentse, Dilgo. Rtsa gsum 'od gsal snying thig las rgyud lung man ngag gi dgongs don 'dus gsal du bshad pa 'od gsal ye shes nyin byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 14: 105-127. Delhi: Shechen Publications, 1994. | |
Genre | Detailed Explanation - rnam bshad | |
Cycle | རྩ་གསུམ་འོད་གསལ་སྙིང་ཏིག་ (rtsa gsum 'od gsal snying tig) | |
Recension Link | Other Versions on this site: རྩ་གསུམ་འོད་གསལ་སྙིང་ཐིག་ལས། །རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད། | |
Colophon |
།ཅེས་པའང་འོད་གསལ་རྡོ་རྗེའི་སྙིང་པོའི་བསྟན་པའི་མངའ་བདག་རིག་འཛིན་མཁས་དང་གྲུབ་བརྒྱའི་གཙུག་རྒྱན་ཀུན་མཁྱེན་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚུལ་འདིས་སྨིན་གྲོལ་ཟབ་མོའི་སྐལ་བཟང་ལ་སྦྱོར་བའི་ཚེ་མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་འདི་དགྱེས་པ་ཆེན་པོས་ལྗགས་བཤད་བཀའ་དྲིན་བསྩལ་བའི་སྐབས་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་དྲི་མེད་འོད་ཟེར་ནས་བླ་མའི་ཞལ་རྒྱུན་ཟིན་བྲིས་སུ་འགོད་པར་གལ་ཆེ་ཞེས་བཀའ་ནན་ཡང་ཡང་བསྩལ་བ་དང༌། ཁྲིད་རྒྱུན་མི་ཆད་པ་ལ་ཕན་ཕྱིར་འདི་ལྟར་བྲིས་ཞེས་འཁོར་ལོའི་མགོན་པོས་ཀྱང་རྟེན་དང་བཅས་བཀའ་ཡི་གནང་བ་ཐོབ་པ་བཞིན་འདུས་གསལ་སྙིང་པོ་མདོ་ཙམ་དུ་སྔགས་རིག་འཛིན་པའི་གཟུགས་བརྙན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས། འདན་ལྗོངས་ལྷ་དཀར་རི་ཁྲོད་གཡུ་ཤུག་ཟིལ་པ་མཐའ་ཡས་ཚལ་དུ་འཁྲིགས་པའི་དབེན་གནས་སུ་མིག་སྨན་ཐིག་ལེའི་ལྡིང་གུར་ལ་བསྟེན་པའི་སྐབས་བྲིས་པ་སླར་ཡང་གསལ་བར་བྱས་པས་ཟབ་གསང་རྡོ་རྗེ་སྙིང་པོའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག | |
/ces pa'ang 'od gsal rdo rje'i snying po'i bstan pa'i mnga' bdag rig 'dzin mkhas dang grub brgya'i gtsug rgyan kun mkhyen 'jam pa'i dbyangs chos kyi blo gros rin po ches tshul 'dis smin grol zab mo'i skal bzang la sbyor ba'i tshe man ngag 'ja' lus rdo rje'i tshig rkang 'di dgyes pa chen pos ljags bshad bka' drin bstsal ba'i skabs gter chen rol pa'i rdo rje'i mchog sprul rin po che karma dri med 'od zer nas bla ma'i zhal rgyun zin bris su 'god par gal che zhes bka' nan yang yang bstsal ba dang*/_khrid rgyun mi chad pa la phan phyir 'di ltar bris zhes 'khor lo'i mgon pos kyang rten dang bcas bka' yi gnang ba thob pa bzhin 'dus gsal snying po mdo tsam du sngags rig 'dzin pa'i gzugs brnyan 'jigs med mkhyen brtse'i 'od zer bkra shis dpal 'byor du 'bod pas/_'dan ljongs lha dkar ri khrod g.yu shug zil pa mtha' yas tshal du 'khrigs pa'i dben gnas su mig sman thig le'i lding gur la bsten pa'i skabs bris pa slar yang gsal bar byas pas zab gsang rdo rje snying po'i bstan pa dar rgyas yun ring du gnas pa'i rgyur gyur cig |