DKR-KABUM-09-TA-002: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=གཏེར་ཆེན་མཆོག་གྱུར་གླིང་པའི་མཚན་གྱི་སྒྲ་བཤད་རྒྱུད་གསུམ་དང་སྦྱར་བའི་འབེལ་གཏམ་གཞོམ་མེད་རྡོ་རྗེའི་དབྱངས་སྙན། | |||
|fulltitle=gter chen mchog gyur gling pa'i mtshan gyi sgra bshad rgyud gsum dang sbyar ba'i 'bel gtam gzhom med rdo rje'i dbyangs snyan | |||
|citation=[[Khyentse, Dilgo]]. ''Gter chen mchog gyur gling pa'i mtshan gyi sgra bshad rgyud gsum dang sbyar ba'i 'bel gtam gzhom med rdo rje'i dbyangs snyan''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 16-21. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=mchog gyur gling pa | |||
|associatedpeopletib=མཆོག་གྱུར་གླིང་པ་ | |||
|tibgenre=Discourses - gtam | |||
|terma=Yes | |||
|dkroutline=Three | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=002 | |textnuminvol=002 | ||
|pagenumbers=16-21 | |||
|totalpages=11 | |||
|beginfolioline=1a | |||
|endfolioline=6a6 | |||
|totalfolios=6 | |||
|multivolumework=No | |||
|rectonotes=mchog gling | |||
|versonotes=mtshan gyi sgra bshad | |||
|colophontib=།ཞེས་པའང་གཏེར་ཆེན་མཆོག་གི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་སྤྲུལ་སྐུ་ཕྲེང་བཞི་པ་རིག་འཛིན་འགྱུར་མེད་རྡོ་རྗེ་མཆོག །འཕགས་པའི་ཡུལ་གྱི་བྱེ་བྲག་སྨིན་གྲོལ་ངེས་དོན་དགའ་ཚལ་དུ། ས་ལུག་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་བཅུ་གསུམ་བགྲང་བྱེད་བདག་པོ་རྒྱུ་སྐར་རྒྱལ་དང་བརྩེ་བའི་འཕྲོད་སྦྱོར་དགེ་བར། སེང་གེའི་ཁྲིར་མངའ་གསོལ་བའི་ཚེ། འཇམ་མགོན་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པའི་རྟེན་འབྲེལ་གྱིས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་ཤིང་རྟ་འདྲེན་ནུས་པའི་སྐྱེས་བུ་དམ་པའི་རྣམ་ཐར་དང་ཕྲིན་ལས་མཐར་ཕྱིན་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། | |||
|colophonwylie=/zhes pa'ang gter chen mchog gi gsung gi gdan sa rten mchog 'gyur med gling gi mchog sprul sku phreng bzhi pa rig 'dzin 'gyur med rdo rje mchog_/'phags pa'i yul gyi bye brag smin grol nges don dga' tshal du/_sa lug cho 'phrul zla ba'i gral tshes bcu gsum bgrang byed bdag po rgyu skar rgyal dang brtse ba'i 'phrod sbyor dge bar/_seng ge'i khrir mnga' gsol ba'i tshe/_'jam mgon mkhyen brtse'i dbang po'i mtshan gyi byin rlabs thob pas rdo rje slob dpon gyi khur bzung ba 'gyur med theg mchog bstan pa'i rgyal mtshan du 'bod pas bris pa'i rten 'brel gyis 'od gsal rdo rje snying po'i bstan pa'i shing rta 'dren nus pa'i skyes bu dam pa'i rnam thar dang phrin las mthar phyin pa'i rgyur smon pa bzhin 'grub par gyur cig__/dge legs 'phel// | |||
|pdflink=File:DKR-KABUM-09-TA-002.pdf | |pdflink=File:DKR-KABUM-09-TA-002.pdf | ||
}} | }} | ||
Line 16: | Line 36: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །གཏེར་ཆེན་མཆོག་གྱུར་གླིང་པའི་མཚན་གྱི་སྒྲ་བཤད་རྒྱུད་གསུམ་དང་སྦྱར་བའི་འབེལ་གཏམ་གཞོམ་མེད་རྡོ་རྗེའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། །དེ་ཡང་ཤེས་བྱའི་ཆོས་ཐམས་ཅད་མིང་ཚིག་གི་རྗེས་སུ་མཚོན་ནས་རྟོགས་དགོས་པ། མདོ་ལང་ཀར་གཤེགས་པ་ལས། །མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་དང༌། ཁྱད་པར་ཟབ་རྒྱས་ཀྱི་གསང་བ་ཟབ་མོ་རྣམས་ཀྱང་མིང་གིས་མཚོན་ནས་རྟོགས་དགོས་པ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་རྒྱུད་གསང་བའི་སྙིང་པོ་འཆད་པའི་མན་ངག་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དཀྲོལ་བའོ། །ཞེས་པའི་དགོངས་པ་མཐུན་པར་གསང་རྒྱུད་འཛིན་སྤེལ་གྱི་སྐྱེས་བུའི་མཚན་ལའང་རྒྱུད་ཀྱི་འཆད་ཚུལ་སྦྱར་ན་འཐད་པ་དང་བཅས་པ་སྟེ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། སྟོན་བྱེད་གཙོ་དང་བསྡུ་བྱེད་འཁོར༔ བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཡེ་ཤེས་ལྟར་དུ་ཀློང་དགུའི་དལ༔ ཞེས་སོགས་ཀྱིས་བསྟན་དོན་ལྟར་རྒྱུད་དོན་མངོན་གྱུར་གྱི་སྐྱེས་བུའི་རྟོགས་པ་ཆོས་སྐུའི་རང་བཞིན་མཚན་གྱིས་མཚོན་པའི་ཚུལ་ནི། སྙིགས་དུས་བསྟན་འགྲོའི་ཕན་བདེའི་དོན་དུ་བསམ་བཞིན་བྱོན་པའི་གུ་རུ་རིན་པོ་ཆེའི་རྒྱལ་ཚབ། གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ། ཁྱད་པར་སུམ་ལྡན་གྱི་ཐུགས་རྗེའི་ཡས་སྤྲུལ་གྱི་སྐྱེས་བུ་དམ་པ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་དོན་གྱི་རྒྱུ་མཚན་དང་འབྲེལ་བའི་ཟབ་གཏེར་གྱི་སྟོན་པ་ཆེན་པོའི་མཚན་གྱི་ཕྲིན་ལས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ། རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་དཔའ་བོ་མཁའ་འགྲོའི་དབུས་རྡོ་རྗེའི་གསུང་གི་དྲིལ་ཆེན་པོ་བསྒྲགས་པའི་དོན་གཞི་ལམ་འབྲས་བུའི་རྒྱུད་ཀྱི་ཟབ་དོན་དང་འབྲེལ་བ། ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོའི་གཏེར་ཆེན་བླ་མའི་གསང་གསུམ་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་བཞེས་པའི་བདེན་ཚིག་རྡོ་རྗེའི་གསུང་གི་དོན་ལྟར་འཆད་པ་ལ། ཐོག་མར་རྟོགས་བྱ་གཞིའི་རྒྱུད། ཐུགས་སུ་ཆུད་པའི་རྟོགས་པ་མཐར་ཕྱིན་པའི་མཚན་དོན་ནི། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ལྷག་པ་ཡི་ནི་ལྷ་ཉིད་དོ། །ཅེས་གསུངས་པ་ལྟར་མཚན་གྱི་སྒྲ་བཤད་དང་པོ། གཞི་མཆོག་གྱུར་གླིང་པ་སྟེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པ་ལྟར་གང་རྟོགས་པར་བྱ་བ་གཞི་ཡི་རྒྱུད་ཀྱི་དོན་ཏེ། དེའི་གནས་ལུགས་ནི་རྣམ་པ་ཀུན་གྱི་མཆོྃག་ལྡན་ཞེས་ངོ་བོ་སྟོང་པའི་ཆ་ནས་འཁོར་འདས་ཐམས་ཅད་ལ་ཁྱབ་ཀྱང་རྣམ་པ་གང་གི་ཕྱོགས་དང་རིས་སུ་ཆད་པ་མེད་པ། དེའི་རང་རྩལ་རྟོགས་ཏེ་ཡེ་ཤེས་ཀྱི་རང་སྣང་མངོན་དུ་གྱུརྃ་ན་མྱང་འདས་དང༌། སྐུ་དང་ཡེ་ཤེས་རང་ངོ་ན་རྫོགས་པ་ལ་ངོ་བོའི་གཞི་དང༌། ཕྱིར་བལྟས་ཀྱི་རང་རྒྱུད་གཟུང་འཛིན་དུ་ཞེན་པས་འཁོར་བ་ཞེས་པའང་གཞི་དེ་ལ་མ་སྤང་ལ་མི་ལྡན་པའི་ཚུལ་དུ་རྟོག་པས་བཏགས་པའི་གཞི་ཞེས་འཁྲུལ་གྲོལ་གཉིས་སུ་དབྱེ་ལ། གཞིའི་ངོ་བོ་ལ་བཟང་ངན་བྱར་མེད་པ་ནི་སྤྲུལ་གཞི་དངོས་ཏེ། འཇམ་པའི་རྡོ་རྗེ་གུ་ཎ་ས་མུ་དྲས་རྣམ་ཐར་གསོལ་འདེབས་ལས། ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས། འཁོར་འདས་ཐམས་ཅད་ཀྱི་སྤྱི་གཞི་ཡིན་ན་དེ་བླ་མའི་མཚན་དུ་བཤད་པས་ཆེ་བ་ཅི་ཞིག་སྟོན་སྙམ་ན། རྟོགས་བྱ་གཞིའི་རྒྱུད་ཅེས་གསུངས་པ་ལྟར། སྒྲ་ཚིག་རང་མཚན་དུ་ཞེན་པའི་ལུང་ལས་མ་བྱུང་བའི་མན་ངག་གི་མྱོང་བས། གཟུང་འཛིན་གྱི་སེམས་ལས་མ་བྱུང་བའི་ཡེ་ཤེས་མངོན་སུམ་དུ་རྟོགས་པས། བློས་བྱས་བཅོས་མའི་རྒྱུ་ལས་མ་བྱུང་བའི་འབྲས་བུ་ཡེ་གནས་ཀྱི་སངས་རྒྱས། བདག་ཅག་གི་སྟོན་པ་ཀུན་ཏུ་བཟང་པོ་དེས། བློས་སྒྲོ་བཏགས་འཁྲུལ་པ་བློ་བུར་བའི་སྒྲིབ་པ་ཐམས་ཅད། ཁྱད་ཆོས་དྲུག་གི་གདངས་དགོངས་པ་གཅིག་ཏུ་གྱུར་པས་ན་རྟོགས་པའི་ཡོན་ཏན་མངོན་གྱུར་གྱི་སངས་རྒྱས་སུ་བསྟན་པས་སྤང་བ་མཐར་ཕྱིན་པའི་ཡོན་ཏན་ཐམས་ཅད་ཤུགས་ལས་བསྟན་པ་སྟེ་རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། བླ་མ་སངས་རྒྱས་ཐོག་མར་འབྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མའི་མཆོག༔ ཚོགས་མ་བསགས་པར་མཐོང་བ་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་བཟང་སྔོན་དུའང་བླ་མ་བྱུང༔ ཞེས་གསུངས་པ་ལྟར་ཆོས་སྐུའི་དགོངས་པ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པ་གྲོལ་ཟིན་པ་སྟོན་པས་ཁྱད་པར་དུ་འཕགས་པའོ། །དགོངས་པ་ཆོས་སྐུ་ལས་མ་གཡོས་ཀྱང་རང་བྱུང་ཐུགས་རྗེའི་ཡེ་ཤེས་སྲིད་ཞི་ཀུན་ལ་ཁྱབ་པ་དང༌། སྲིད་ཞི་མཉམ་ཉིད་ཀྱི་དགོངས་པ་སེམས་ཅན་ཀུན་ལ་དུས་གསུམ་རྒྱུན་ཆད་མེད་པར་འཇུག་པས་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་ཀྱང་གདུལ་བྱ་ཕྱོགས་རེ་བ་ལ་དགོངས་ཏེ་གསུངས་པ་སྐྱེས་རབས་གསོལ་འདེབས་སུ་གསལ་བ་ལྟར་དངོས་དང་བརྒྱུད་ནས་བསྟན་འགྲོ་ལ་ཕན་བདེ་མི་ཟད་པ་འབྱུང་བའི་གནས་སུ་གྱུར་པའོ། །གཉིས་པ་རྟོགས་བྱེད་ལམ་གྱི་རྒྱུད་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ས་ལམ་ཡོངས་སུ་རྫོགས་པའི་རྡོ་རྗེའི་རིག་འཛིན་ཆེན་པོའི་དབང་ཕྱུག་རྗེས་སུ་མཚོན་པའི་མཚན་ནི། བདེ་ཆེན་གླིང་པ་ཞེས་པ་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་ལམ་ཐམས་ཅད་མཆོག་ཏུ་མི་འགྱུར་བའི་བདེྃ་བ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེནྃ་པོ་ཟུང་འཇུག་གི་རྣལ་འབྱོར་འབའ་ཞིག་ལས་འཕྲོས་པ་སྟེ། དཔལ་མཆོག་དང་པོ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་གསུངས་པ་ལྟར་ཐོག་མར་སྨིན་པར་བྱེད་པ་རྡོ་རྗེའི་དབང་བཞི། བར་དུ་སྨིན་ཟིན་གྲོལ་བར་བྱེད་པ་རྡོ་རྗེའི་བསྐྱེད་རྫོགས་རིམ་པ་གཉིས། མཐར་ཐུག་དབང་བཞི་པའི་དོན་ཕྱག་རྒྱ་ཆེན་པོ་དང་བཅས་པ་ཐམས་ཅད་བདེ་སྟོང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཁོ་ན་ལ་དངོས་དང་བརྒྱུད་ནས་གནད་དུ་བསྣུན་ནས་ལམ་དུ་བྱེད་པ་ལས་མི་འདའ་བས་སྨིན་གྲོལ་གྱི་ལམ་སྒྲ་ཇི་བཞིན་དུ་སྤྱོད་ནུས་པ་རྡོ་རྗེའི་རིགས་ཅན་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་འཁོར་ལོས་བསྒྱུར་བའི་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྟ་བུ་དེའི་རིག་འཛིན་རྣམ་པ་བཞིའི་སྤང་རྟོགས་ཀྱི་ཡོན་ཏན་གླིངྃ་བཞི་ལྟ་བུའི་ཁྱོན་མཐའ་དག་ལ་མངའ་དབང་བསྒྱུར་ཏེ་ས་ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པྃ་མཚན་གྱིས་མཚོན་པས་རྡོ་རྗེའི་གསང་བ་མཐའ་དག་རང་བྱན་ཚུད་ནས། ཇི་སྐད་དུ། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང༌། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ན། །རྩོལ་སྒྲུབ་མི་བྱེད་བདེ་བར་འབྱུང༌། །ཞེས་གསུངས་པའི་རིགས་ཅན་དྲ་མ་ལྔ་ལ་སོགས་པ་ལྟ་བུར་བསྔགས་པའོ། །གསུམ་པ་རྟོགས་པ་མཐར་ཕྱིན་འབྲས་བུའི་སེམས་དཔའ་ཆེན་པོ་ཐུགས་རྗེ་ཡེ་སྤྲུལ་ཡིན་པའི་མཚན་ནི་ཞིག་པོ་གླིང་པ་སྟེ། དུས་འཁོར་བསྡུས་རྒྱུད་ལས། སེམས་ཉིད་དག་ན་མི་དེ་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་ཀུན་རྫོབ་འཁྲུལ་པའི་ཆོས་ཐམས་ཅད་མེད་པ་གསལ་སྣང་ཙམ་ལས་དོན་ལ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་དབྱིངས་རིག་གཉིས་སུ་མེད་པར་བཙན་ས་ཟིན་པས་གློ་བུར་བདེན་མེད་ཀྱི་འཁྲུལ་པ་ཐམས་ཅད་གཏད་མེད་ཆོས་སྐུ་ཟབ་གསལ་གཉིས་མེད་ཆེན་པོའི་ཀློང་དུ་ཞིགྃ་ནས་སྣང་སྤྱོད་ཡེ་ཤེས་ཆེན་པོའིྃ་རོལ་པར་འབྱམས་སུ་ཀླས་པ་ཀློང་ཆེན་གཞོན་ནུ་བུམ་སྐུའི་སྦུབས་སུ་ཆུབ་པས་ཀུན་བཟང་དང་པོའི་སངས་རྒྱས་དང་ཐ་མི་དད་པར་བཞུགས་ཀྱང་རང་བྱུང་ཐུགས་རྗེའི་འཇུག་པ་མཁའ་ཁྱབ་གདུལ་བྱའི་གླིངྃ་དུ་སྙོམས་པར་འཇུག་པས་སྐུ་ལྔ་ལྷུན་གྲུབ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་དང་སྟོན་འཁོར་དགོངས་པ་མཉམ་པར་སྟོན་པྃ་སྟེ། འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་གསུངས་པ་དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་སྔོན་གྱི་ཚེ་གངས་ཅན་ཆོས་ཀྱི་སྒྲོན་མེ་མཁན་སློབ་ཆོས་གསུམ་གྱིས་གངས་ཅན་དུ་ཕན་བདེའི་དགའ་སྟོན་སྤེལ་བའི་ཚེ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་ལྷ་སྲས་བར་པ་མུ་རུབ་བཙན་པོའི་རྣམ་པར་བསྟན་ནས་དཔའ་འཛངས་བརྟུལ་ཕོད་པས་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཏེ་བོད་འབངས་བདེ་ལ་བཀོད། མདོ་སྔགས་རིག་པའི་གནས་ཐམས་ཅད་ལ་མཁྱེན་པའི་རྩལ་རྒྱས་པས་ལྷ་སྲས་ལོ་ཙཱ་བ་ཞེས་མཁས་པའི་སྙན་པས་ཁྱབ། སློབ་དཔོན་སངས་རྒྱས་གཉིས་པས་ཟབ་གསང་གདམས་པའི་གསང་མཛོད་བརྟོལ་བས་སྐུ་ཚེ་དེ་ཉིད་ཀྱིས་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་ཏེ། མི་སློབ་འབྲས་བུའི་མཐར་སོན་ཀྱང་བོད་ཡུལ་གྱི་ཕྱི་མའི་གདུལ་བྱ་ལ་ཤིན་ཏུ་བརྩེ་བས་སྤྲུལ་པའི་རོལ་པ་རྒྱུན་མི་འཆད་པ་སྟོན་པ་སྟེ། ཁ་ལ་རོང་སྒོའི་གནས་ཡིག་ལས། རྒྱལ་བློན་ཐུགས་འགལ་སྤྱུགས་ན་ཡང༔ ད་དུང་བློ་སེམས་མ་ལོག་པས༔ བོད་ལ་ཕན་ཕྱིར་འདི་བཞིན་བྱས༔ ཕྱི་རབས་པ་རྣམས་དྲན་པར་གྱིས༔ ཞེས་གསུངས་པ་ལྟར་དུས་གསུམ་ཀུན་ཏུ་སྤྲུལ་པ་རྒྱུན་མི་འཆད་པ་སྟོན་པའི་ཡ་གྱལ། སྤྲུལ་པའི་གཏེར་ཆེན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་ཨོ་རྒྱན་མཆོག་གྱུར་གླིང་པ་ལ། སངས་རྒྱས་གཉིས་པ་ཨོ་རྒྱན་དུས་གསུམ་མཁྱེན་པས་རྡོ་རྗེའི་མཚན་གྱི་དོན་དང་མཐུན་པའི་འགྲེལ་བཤད་རང་བློའི་དཔོག་ཚོད་ཙམ་ལུང་དང་སྦྱར་ནས་སྤྲོས་པའོ། །ཞེས་པའང་གཏེར་ཆེན་མཆོག་གི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་སྤྲུལ་སྐུ་ཕྲེང་བཞི་པ་རིག་འཛིན་འགྱུར་མེད་རྡོ་རྗེ་མཆོག །འཕགས་པའི་ཡུལ་གྱི་བྱེ་བྲག་སྨིན་གྲོལ་ངེས་དོན་དགའ་ཚལ་དུ། ས་ལུག་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་བཅུ་གསུམ་བགྲང་བྱེད་བདག་པོ་རྒྱུ་སྐར་རྒྱལ་དང་བརྩེ་བའི་འཕྲོད་སྦྱོར་དགེ་བར། སེང་གེའི་ཁྲིར་མངའ་གསོལ་བའི་ཚེ། འཇམ་མགོན་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པའི་རྟེན་འབྲེལ་གྱིས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་ཤིང་རྟ་འདྲེན་ནུས་པའི་སྐྱེས་བུ་དམ་པའི་རྣམ་ཐར་དང་ཕྲིན་ལས་མཐར་ཕྱིན་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། །།}} | {{TibP|༄༅། །གཏེར་ཆེན་མཆོག་གྱུར་གླིང་པའི་མཚན་གྱི་སྒྲ་བཤད་རྒྱུད་གསུམ་དང་སྦྱར་བའི་འབེལ་གཏམ་གཞོམ་མེད་རྡོ་རྗེའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།<br><br> ༄༅། ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། །དེ་ཡང་ཤེས་བྱའི་ཆོས་ཐམས་ཅད་མིང་ཚིག་གི་རྗེས་སུ་མཚོན་ནས་རྟོགས་དགོས་པ། མདོ་ལང་ཀར་གཤེགས་པ་ལས། །མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་དང༌། ཁྱད་པར་ཟབ་རྒྱས་ཀྱི་གསང་བ་ཟབ་མོ་རྣམས་ཀྱང་མིང་གིས་མཚོན་ནས་རྟོགས་དགོས་པ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་རྒྱུད་གསང་བའི་སྙིང་པོ་འཆད་པའི་མན་ངག་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དཀྲོལ་བའོ། །ཞེས་པའི་དགོངས་པ་མཐུན་པར་གསང་རྒྱུད་འཛིན་སྤེལ་གྱི་སྐྱེས་བུའི་མཚན་ལའང་རྒྱུད་ཀྱི་འཆད་ཚུལ་སྦྱར་ན་འཐད་པ་དང་བཅས་པ་སྟེ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། སྟོན་བྱེད་གཙོ་དང་བསྡུ་བྱེད་འཁོར༔ བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཡེ་ཤེས་ལྟར་དུ་ཀློང་དགུའི་དལ༔ ཞེས་སོགས་ཀྱིས་བསྟན་དོན་ལྟར་རྒྱུད་དོན་མངོན་གྱུར་གྱི་སྐྱེས་བུའི་རྟོགས་པ་ཆོས་སྐུའི་རང་བཞིན་མཚན་གྱིས་མཚོན་པའི་ཚུལ་ནི། སྙིགས་དུས་བསྟན་འགྲོའི་ཕན་བདེའི་དོན་དུ་བསམ་བཞིན་བྱོན་པའི་གུ་རུ་རིན་པོ་ཆེའི་རྒྱལ་ཚབ། གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ། ཁྱད་པར་སུམ་ལྡན་གྱི་ཐུགས་རྗེའི་ཡས་སྤྲུལ་གྱི་སྐྱེས་བུ་དམ་པ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་དོན་གྱི་རྒྱུ་མཚན་དང་འབྲེལ་བའི་ཟབ་གཏེར་གྱི་སྟོན་པ་ཆེན་པོའི་མཚན་གྱི་ཕྲིན་ལས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ། རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་དཔའ་བོ་མཁའ་འགྲོའི་དབུས་རྡོ་རྗེའི་གསུང་གི་དྲིལ་ཆེན་པོ་བསྒྲགས་པའི་དོན་གཞི་ལམ་འབྲས་བུའི་རྒྱུད་ཀྱི་ཟབ་དོན་དང་འབྲེལ་བ། ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོའི་གཏེར་ཆེན་བླ་མའི་གསང་གསུམ་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་བཞེས་པའི་བདེན་ཚིག་རྡོ་རྗེའི་གསུང་གི་དོན་ལྟར་འཆད་པ་ལ། ཐོག་མར་རྟོགས་བྱ་གཞིའི་རྒྱུད། ཐུགས་སུ་ཆུད་པའི་རྟོགས་པ་མཐར་ཕྱིན་པའི་མཚན་དོན་ནི། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ལྷག་པ་ཡི་ནི་ལྷ་ཉིད་དོ། །ཅེས་གསུངས་པ་ལྟར་མཚན་གྱི་སྒྲ་བཤད་དང་པོ། གཞི་མཆོག་གྱུར་གླིང་པ་སྟེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པ་ལྟར་གང་རྟོགས་པར་བྱ་བ་གཞི་ཡི་རྒྱུད་ཀྱི་དོན་ཏེ། དེའི་གནས་ལུགས་ནི་རྣམ་པ་ཀུན་གྱི་མཆོྃག་ལྡན་ཞེས་ངོ་བོ་སྟོང་པའི་ཆ་ནས་འཁོར་འདས་ཐམས་ཅད་ལ་ཁྱབ་ཀྱང་རྣམ་པ་གང་གི་ཕྱོགས་དང་རིས་སུ་ཆད་པ་མེད་པ། དེའི་རང་རྩལ་རྟོགས་ཏེ་ཡེ་ཤེས་ཀྱི་རང་སྣང་མངོན་དུ་གྱུརྃ་ན་མྱང་འདས་དང༌། སྐུ་དང་ཡེ་ཤེས་རང་ངོ་ན་རྫོགས་པ་ལ་ངོ་བོའི་གཞི་དང༌། ཕྱིར་བལྟས་ཀྱི་རང་རྒྱུད་གཟུང་འཛིན་དུ་ཞེན་པས་འཁོར་བ་ཞེས་པའང་གཞི་དེ་ལ་མ་སྤང་ལ་མི་ལྡན་པའི་ཚུལ་དུ་རྟོག་པས་བཏགས་པའི་གཞི་ཞེས་འཁྲུལ་གྲོལ་གཉིས་སུ་དབྱེ་ལ། གཞིའི་ངོ་བོ་ལ་བཟང་ངན་བྱར་མེད་པ་ནི་སྤྲུལ་གཞི་དངོས་ཏེ། འཇམ་པའི་རྡོ་རྗེ་གུ་ཎ་ས་མུ་དྲས་རྣམ་ཐར་གསོལ་འདེབས་ལས། ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས། འཁོར་འདས་ཐམས་ཅད་ཀྱི་སྤྱི་གཞི་ཡིན་ན་དེ་བླ་མའི་མཚན་དུ་བཤད་པས་ཆེ་བ་ཅི་ཞིག་སྟོན་སྙམ་ན། རྟོགས་བྱ་གཞིའི་རྒྱུད་ཅེས་གསུངས་པ་ལྟར། སྒྲ་ཚིག་རང་མཚན་དུ་ཞེན་པའི་ལུང་ལས་མ་བྱུང་བའི་མན་ངག་གི་མྱོང་བས། གཟུང་འཛིན་གྱི་སེམས་ལས་མ་བྱུང་བའི་ཡེ་ཤེས་མངོན་སུམ་དུ་རྟོགས་པས། བློས་བྱས་བཅོས་མའི་རྒྱུ་ལས་མ་བྱུང་བའི་འབྲས་བུ་ཡེ་གནས་ཀྱི་སངས་རྒྱས། བདག་ཅག་གི་སྟོན་པ་ཀུན་ཏུ་བཟང་པོ་དེས། བློས་སྒྲོ་བཏགས་འཁྲུལ་པ་བློ་བུར་བའི་སྒྲིབ་པ་ཐམས་ཅད། ཁྱད་ཆོས་དྲུག་གི་གདངས་དགོངས་པ་གཅིག་ཏུ་གྱུར་པས་ན་རྟོགས་པའི་ཡོན་ཏན་མངོན་གྱུར་གྱི་སངས་རྒྱས་སུ་བསྟན་པས་སྤང་བ་མཐར་ཕྱིན་པའི་ཡོན་ཏན་ཐམས་ཅད་ཤུགས་ལས་བསྟན་པ་སྟེ་རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། བླ་མ་སངས་རྒྱས་ཐོག་མར་འབྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མའི་མཆོག༔ ཚོགས་མ་བསགས་པར་མཐོང་བ་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་བཟང་སྔོན་དུའང་བླ་མ་བྱུང༔ ཞེས་གསུངས་པ་ལྟར་ཆོས་སྐུའི་དགོངས་པ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པ་གྲོལ་ཟིན་པ་སྟོན་པས་ཁྱད་པར་དུ་འཕགས་པའོ། །དགོངས་པ་ཆོས་སྐུ་ལས་མ་གཡོས་ཀྱང་རང་བྱུང་ཐུགས་རྗེའི་ཡེ་ཤེས་སྲིད་ཞི་ཀུན་ལ་ཁྱབ་པ་དང༌། སྲིད་ཞི་མཉམ་ཉིད་ཀྱི་དགོངས་པ་སེམས་ཅན་ཀུན་ལ་དུས་གསུམ་རྒྱུན་ཆད་མེད་པར་འཇུག་པས་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་ཀྱང་གདུལ་བྱ་ཕྱོགས་རེ་བ་ལ་དགོངས་ཏེ་གསུངས་པ་སྐྱེས་རབས་གསོལ་འདེབས་སུ་གསལ་བ་ལྟར་དངོས་དང་བརྒྱུད་ནས་བསྟན་འགྲོ་ལ་ཕན་བདེ་མི་ཟད་པ་འབྱུང་བའི་གནས་སུ་གྱུར་པའོ། །གཉིས་པ་རྟོགས་བྱེད་ལམ་གྱི་རྒྱུད་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ས་ལམ་ཡོངས་སུ་རྫོགས་པའི་རྡོ་རྗེའི་རིག་འཛིན་ཆེན་པོའི་དབང་ཕྱུག་རྗེས་སུ་མཚོན་པའི་མཚན་ནི། བདེ་ཆེན་གླིང་པ་ཞེས་པ་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་ལམ་ཐམས་ཅད་མཆོག་ཏུ་མི་འགྱུར་བའི་བདེྃ་བ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེནྃ་པོ་ཟུང་འཇུག་གི་རྣལ་འབྱོར་འབའ་ཞིག་ལས་འཕྲོས་པ་སྟེ། དཔལ་མཆོག་དང་པོ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་གསུངས་པ་ལྟར་ཐོག་མར་སྨིན་པར་བྱེད་པ་རྡོ་རྗེའི་དབང་བཞི། བར་དུ་སྨིན་ཟིན་གྲོལ་བར་བྱེད་པ་རྡོ་རྗེའི་བསྐྱེད་རྫོགས་རིམ་པ་གཉིས། མཐར་ཐུག་དབང་བཞི་པའི་དོན་ཕྱག་རྒྱ་ཆེན་པོ་དང་བཅས་པ་ཐམས་ཅད་བདེ་སྟོང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཁོ་ན་ལ་དངོས་དང་བརྒྱུད་ནས་གནད་དུ་བསྣུན་ནས་ལམ་དུ་བྱེད་པ་ལས་མི་འདའ་བས་སྨིན་གྲོལ་གྱི་ལམ་སྒྲ་ཇི་བཞིན་དུ་སྤྱོད་ནུས་པ་རྡོ་རྗེའི་རིགས་ཅན་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་འཁོར་ལོས་བསྒྱུར་བའི་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྟ་བུ་དེའི་རིག་འཛིན་རྣམ་པ་བཞིའི་སྤང་རྟོགས་ཀྱི་ཡོན་ཏན་གླིངྃ་བཞི་ལྟ་བུའི་ཁྱོན་མཐའ་དག་ལ་མངའ་དབང་བསྒྱུར་ཏེ་ས་ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པྃ་མཚན་གྱིས་མཚོན་པས་རྡོ་རྗེའི་གསང་བ་མཐའ་དག་རང་བྱན་ཚུད་ནས། ཇི་སྐད་དུ། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང༌། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ན། །རྩོལ་སྒྲུབ་མི་བྱེད་བདེ་བར་འབྱུང༌། །ཞེས་གསུངས་པའི་རིགས་ཅན་དྲ་མ་ལྔ་ལ་སོགས་པ་ལྟ་བུར་བསྔགས་པའོ། །གསུམ་པ་རྟོགས་པ་མཐར་ཕྱིན་འབྲས་བུའི་སེམས་དཔའ་ཆེན་པོ་ཐུགས་རྗེ་ཡེ་སྤྲུལ་ཡིན་པའི་མཚན་ནི་ཞིག་པོ་གླིང་པ་སྟེ། དུས་འཁོར་བསྡུས་རྒྱུད་ལས། སེམས་ཉིད་དག་ན་མི་དེ་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་ཀུན་རྫོབ་འཁྲུལ་པའི་ཆོས་ཐམས་ཅད་མེད་པ་གསལ་སྣང་ཙམ་ལས་དོན་ལ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་དབྱིངས་རིག་གཉིས་སུ་མེད་པར་བཙན་ས་ཟིན་པས་གློ་བུར་བདེན་མེད་ཀྱི་འཁྲུལ་པ་ཐམས་ཅད་གཏད་མེད་ཆོས་སྐུ་ཟབ་གསལ་གཉིས་མེད་ཆེན་པོའི་ཀློང་དུ་ཞིགྃ་ནས་སྣང་སྤྱོད་ཡེ་ཤེས་ཆེན་པོའིྃ་རོལ་པར་འབྱམས་སུ་ཀླས་པ་ཀློང་ཆེན་གཞོན་ནུ་བུམ་སྐུའི་སྦུབས་སུ་ཆུབ་པས་ཀུན་བཟང་དང་པོའི་སངས་རྒྱས་དང་ཐ་མི་དད་པར་བཞུགས་ཀྱང་རང་བྱུང་ཐུགས་རྗེའི་འཇུག་པ་མཁའ་ཁྱབ་གདུལ་བྱའི་གླིངྃ་དུ་སྙོམས་པར་འཇུག་པས་སྐུ་ལྔ་ལྷུན་གྲུབ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་དང་སྟོན་འཁོར་དགོངས་པ་མཉམ་པར་སྟོན་པྃ་སྟེ། འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་གསུངས་པ་དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་སྔོན་གྱི་ཚེ་གངས་ཅན་ཆོས་ཀྱི་སྒྲོན་མེ་མཁན་སློབ་ཆོས་གསུམ་གྱིས་གངས་ཅན་དུ་ཕན་བདེའི་དགའ་སྟོན་སྤེལ་བའི་ཚེ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་ལྷ་སྲས་བར་པ་མུ་རུབ་བཙན་པོའི་རྣམ་པར་བསྟན་ནས་དཔའ་འཛངས་བརྟུལ་ཕོད་པས་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཏེ་བོད་འབངས་བདེ་ལ་བཀོད། མདོ་སྔགས་རིག་པའི་གནས་ཐམས་ཅད་ལ་མཁྱེན་པའི་རྩལ་རྒྱས་པས་ལྷ་སྲས་ལོ་ཙཱ་བ་ཞེས་མཁས་པའི་སྙན་པས་ཁྱབ། སློབ་དཔོན་སངས་རྒྱས་གཉིས་པས་ཟབ་གསང་གདམས་པའི་གསང་མཛོད་བརྟོལ་བས་སྐུ་ཚེ་དེ་ཉིད་ཀྱིས་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་ཏེ། མི་སློབ་འབྲས་བུའི་མཐར་སོན་ཀྱང་བོད་ཡུལ་གྱི་ཕྱི་མའི་གདུལ་བྱ་ལ་ཤིན་ཏུ་བརྩེ་བས་སྤྲུལ་པའི་རོལ་པ་རྒྱུན་མི་འཆད་པ་སྟོན་པ་སྟེ། ཁ་ལ་རོང་སྒོའི་གནས་ཡིག་ལས། རྒྱལ་བློན་ཐུགས་འགལ་སྤྱུགས་ན་ཡང༔ ད་དུང་བློ་སེམས་མ་ལོག་པས༔ བོད་ལ་ཕན་ཕྱིར་འདི་བཞིན་བྱས༔ ཕྱི་རབས་པ་རྣམས་དྲན་པར་གྱིས༔ ཞེས་གསུངས་པ་ལྟར་དུས་གསུམ་ཀུན་ཏུ་སྤྲུལ་པ་རྒྱུན་མི་འཆད་པ་སྟོན་པའི་ཡ་གྱལ། སྤྲུལ་པའི་གཏེར་ཆེན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་ཨོ་རྒྱན་མཆོག་གྱུར་གླིང་པ་ལ། སངས་རྒྱས་གཉིས་པ་ཨོ་རྒྱན་དུས་གསུམ་མཁྱེན་པས་རྡོ་རྗེའི་མཚན་གྱི་དོན་དང་མཐུན་པའི་འགྲེལ་བཤད་རང་བློའི་དཔོག་ཚོད་ཙམ་ལུང་དང་སྦྱར་ནས་སྤྲོས་པའོ། །ཞེས་པའང་གཏེར་ཆེན་མཆོག་གི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་སྤྲུལ་སྐུ་ཕྲེང་བཞི་པ་རིག་འཛིན་འགྱུར་མེད་རྡོ་རྗེ་མཆོག །འཕགས་པའི་ཡུལ་གྱི་བྱེ་བྲག་སྨིན་གྲོལ་ངེས་དོན་དགའ་ཚལ་དུ། ས་ལུག་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་བཅུ་གསུམ་བགྲང་བྱེད་བདག་པོ་རྒྱུ་སྐར་རྒྱལ་དང་བརྩེ་བའི་འཕྲོད་སྦྱོར་དགེ་བར། སེང་གེའི་ཁྲིར་མངའ་གསོལ་བའི་ཚེ། འཇམ་མགོན་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པའི་རྟེན་འབྲེལ་གྱིས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་ཤིང་རྟ་འདྲེན་ནུས་པའི་སྐྱེས་བུ་དམ་པའི་རྣམ་ཐར་དང་ཕྲིན་ལས་མཐར་ཕྱིན་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:24, 21 November 2022
Wylie title | gter chen mchog gyur gling pa'i mtshan gyi sgra bshad rgyud gsum dang sbyar ba'i 'bel gtam gzhom med rdo rje'i dbyangs snyan | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 2, Pages 16-21 (Folios 1a to 6a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Associated People | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Gter chen mchog gyur gling pa'i mtshan gyi sgra bshad rgyud gsum dang sbyar ba'i 'bel gtam gzhom med rdo rje'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 16-21. Delhi: Shechen Publications, 1994. | |
Genre | Discourses - gtam | |
Colophon |
།ཞེས་པའང་གཏེར་ཆེན་མཆོག་གི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་སྤྲུལ་སྐུ་ཕྲེང་བཞི་པ་རིག་འཛིན་འགྱུར་མེད་རྡོ་རྗེ་མཆོག །འཕགས་པའི་ཡུལ་གྱི་བྱེ་བྲག་སྨིན་གྲོལ་ངེས་དོན་དགའ་ཚལ་དུ། ས་ལུག་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་བཅུ་གསུམ་བགྲང་བྱེད་བདག་པོ་རྒྱུ་སྐར་རྒྱལ་དང་བརྩེ་བའི་འཕྲོད་སྦྱོར་དགེ་བར། སེང་གེའི་ཁྲིར་མངའ་གསོལ་བའི་ཚེ། འཇམ་མགོན་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པའི་རྟེན་འབྲེལ་གྱིས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་ཤིང་རྟ་འདྲེན་ནུས་པའི་སྐྱེས་བུ་དམ་པའི་རྣམ་ཐར་དང་ཕྲིན་ལས་མཐར་ཕྱིན་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། | |
/zhes pa'ang gter chen mchog gi gsung gi gdan sa rten mchog 'gyur med gling gi mchog sprul sku phreng bzhi pa rig 'dzin 'gyur med rdo rje mchog_/'phags pa'i yul gyi bye brag smin grol nges don dga' tshal du/_sa lug cho 'phrul zla ba'i gral tshes bcu gsum bgrang byed bdag po rgyu skar rgyal dang brtse ba'i 'phrod sbyor dge bar/_seng ge'i khrir mnga' gsol ba'i tshe/_'jam mgon mkhyen brtse'i dbang po'i mtshan gyi byin rlabs thob pas rdo rje slob dpon gyi khur bzung ba 'gyur med theg mchog bstan pa'i rgyal mtshan du 'bod pas bris pa'i rten 'brel gyis 'od gsal rdo rje snying po'i bstan pa'i shing rta 'dren nus pa'i skyes bu dam pa'i rnam thar dang phrin las mthar phyin pa'i rgyur smon pa bzhin 'grub par gyur cig__/dge legs 'phel// |