DKR-KABUM-05-CA-028: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-028
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=CA | |||
|textnuminvol=028 | |||
|pdflink=File:DKR-KABUM-05-CA-028.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་མ་བདེ་ཆེན་དབང་ཕྱུག་པདྨ་ཚེ་དབང་རྩལ་གྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་མཚོ་སྐྱེས་དགྱེས་པའི་སྣང་བ་ཞེས་བྱ་བ་བཞུགས་སོ།། | |||
༄༅། སྲིད་ཞི་ལས་གྲོལ་ཡེ་ཤེས་སྣང་བའི་གཏེར། །སྲིད་ཞི་ཀུན་ཁྱབ་ཕན་བདེའི་དགའ་སྟོན་གྱིས། །སྲིད་ཞི་མཐའ་ལས་གྲོལ་མཛད་དེད་དཔོན་ཆེ། །སྲིད་ཞིའི་གཙུག་གི་རྒྱན་གཅིག་བླ་མ་རྒྱལ། །གུ་རུ་རིན་པོ་ཆེའི་ཐུགས་སྒྲུབ་བླ་མ་བདེ་བ་ཆེན་པོའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ། སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། གུང་དུ་སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་ལ། ཚོམ་བུ་གཅིག་བཀོད་པའི་སྟེང་སོ་ལྔའི་བཅུད་ལྡན་གྱི་བུམ་པའི་མདུན་བྷནྡྷ་མཚན་ལྡན་བདུད་རྩིས་བཀང་བའི་དབུས་མར་གྱི་གོང་བུ་ལ་སྨྱུག་མ་བཙུགས་པའི་རྩེར་སྐུ་ཙཀ་བཙུགས། སྨན་རཀ་གཏོར་མ་ཉེར་སྤྱོད་མཆོད་པ་སོགས་སྤྱི་ལྟར་འདུ་བྱ། སྔོན་འགྲོ་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་ཚེ་སྒྲུབ་འཆི་བདག་བདུད་འཇོམས་ལྟར་བྱ། དངོས་གཞིའི་དང་པོ་ལྷ་བསྐྱེད་པ་ནི། བདག་མདུན་དབྱེར་མེད་དུ་འདི་ལྟར། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང་དུ་ཧཱུྃ་ལས་བླ་མ་བདེ་བ་ཆེན་པོ་པདྨ་ཚེ་དབང་རྩལ་ཞི་འཛུམ་བཅུ་དྲུག་ལོན་པའི་རྣམ་པ་ཅན། གཡས་གསེར་གྱི་རྡོ་རྗེ་དང༌། གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པ། གསང་གོས་སྣམ་སྦྱར་ཟབ་བེར་མཉེན་ཞུ་གསོལ་བ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ནས་བསྒོམས་པ་ལྟ་བུའི་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པར་གྱུར། གཉིས་པ་སྤྱན་དྲངས་པ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། ཡིད་འཕྲོག་རིན་ཆེན་ཕོ་བྲང་དབུས། །པདྨ་ཉི་ཟླའི་གདན་སྟེང་དུ། །བླ་མ་བདེ་བ་ཆེན་པོ་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། བཞི་པ་ཕྱག་འཚལ་བ་ནི། ཧཱུྃ། ཕྲིན་ལས་ཀུན་རྫོགས་ཐོད་ཕྲེང་རྩལ། །བླ་མ་བདེ་བ་ཆེན་པོ་ཞེས། །སྐུ་གསུམ་དབྱེར་མེད་བདག་ཉིད་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་པ་འབུལ་བ་ནི། ཧྲཱིཿ ཀུན་འདུས་བླ་མའི་དཀྱིལ་འཁོར་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་སྒྲ། །སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་སོགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་བཱ་ལིཾ་ཏ་མ་ཧཱ་རཀྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ དྲུག་པ་བསྟོད་པ་ནི། ཧྲཱིཿ །མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །བདུན་པ་བཟླས་པ་ནི། རང་བྱུང་རྣམ་དག་གཞལ་ཡས་འདིར། །བླ་མ་པདྨ་ཚེ་དབང་རྩལ། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛཔ྄་ཀྱི་རང་སྒྲ་སྒྲོག །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས༔ ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས༔ ཚུར་འདུས་དངོས་གྲུབ་བཅུད་ཀུན་བསྡུས༔ རྟགས་མཐོང་བར་དུ་རྒྱུན་མི་གཅོད༔ ཅེས་པའི་དགོངས་པ་སྲོག་ཏུ་བཟུང་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ། ཞེས་བཟླས་ལ་ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླ། །བདག་མདུན་དབྱེར་མེད་དུ་གསུངས་པས་མདུན་གྱི་བདུད་རྩིའི་དཀྱིལ་འཁོར་ལ་དམིགས་ཏེ་གུ་རུའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པ་ཐོད་པའི་རྫས་དང་གཅིག་ཏུ་འདྲེས་པའི་དམིགས་པ་དང་བཅས་རྩ་སྔགས་ཅུང་ཟད་བཟླས་ཀྱང་རུང་སྙམ། ཚོགས་མཆོད་སོགས་ཆོ་གའི་རྗེས་རིམ་མཐའ་དག་ཁ་བསྒྱུར་ཅུང་ཟད་བཅས་མཚོ་སྐྱེས་འཆི་མེད་རྡོ་རྗེ་ལྟར་བྱའོ། །དབང་དང་འབྲེལ་ན་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་བྱུང་བའི་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་གསང་དབང་བྱིན་བརླབ་ཐོབ་པའི་དམིགས་འདུན་སྔོན་དུ་འགྲོ་བས་སྣོད་དུ་རུང་བའི་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ་པ་སྔོན་དུ་འགྲོ་བས་སེམས་བསྐྱེད་གསོལ་འདེབས་དང་བཅས། དུས་གསུམ་ཀུན་མཁྱེན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང༌། གངས་ཅན་བསྟན་པའི་སྒྲོན་མེ་ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་ཀྱི་བསིལ་ལྡན་བོད་ཀྱི་གདུལ་བྱ་ལ་ལྷག་པར་བརྩེ་བས་ཡང་ཡང་རྗེས་སུ་འཛིན་ཅིང་དབུགས་དབྱུང་བའི་ཐུགས་བསྐྱེད་དང་ཕྲིན་ལས་ནམ་དུ་ཡང་འགྲིབ་པ་མེད་པས་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི་ཕྲིན་ལས་ཀྱི་རྣམ་འཕྲུལ་དུ་རྡོ་རྗེའི་གསུང་གིས་ཆེ་ཐང་དུ་བསྔགས་པ་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་ལྔ་པ་རིན་པོ་ཆེར་དག་སྣང་གི་ཆོས་སྡེ་རྒྱ་ཅན་ཉི་ཤུ་རྩ་ལྔ་བྱོན་པ་ལས། གུ་རུའི་ཐུགས་སྒྲུབ་བླ་མ་བདེ་ཆེན་དབང་ཕྱུག་པདྨ་ཚེ་དབང་རྩལ་གྱི་དབང་བསྐུར་གསན་པའི་ཡོན་དུ་མཎྜལ་ཕུལ། སློབ་དཔོན་རྡོ་རྗེའི་བླ་མ་མགོན་པོ་བདེ་བ་ཆེན་པོ་དངོས་སུ་གསལ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། བླ་མ་བདེ་གཤེགས་མ་ལུས་ཀུན། །བདག་ཉིད་པདྨ་ཚེ་དབང་རྩལ། །ཐུགས་རྗེས་བརྩེར་དགོངས་རྡོ་རྗེ་བཞིའི། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱང་བའི་སླད་དུ་བླ་མ་བདེ་བ་ཆེན་པོ་པདྨ་ཚེ་དབང་རྩལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་དང་བཅས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་ཚིག་འདིའི་རྗེས་ཟློས་ལན་གསུམ་མཛོད། ཐུགས་རྗེའི་དབང་གིས་སོགས། མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞིའི་འཇིགས་པ་ལས་སྐྱབས་ཏེ་ཟུང་འཇུག་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་བླ་མ་བདེ་བ་ཆེན་པོ་པདྨ་ཚེ་དབང་རྩལ་གྱི་དཀྱིལ་འཁོར་ལ་འཇུག་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་བསམ་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སྔོན་ནས་བསགས་པའི་སོགས། བསགས་སྦྱང་གི་སྙིང་པོ་ཡན་ལག་བཅུ་པའི་རྗེས་ཟློས་ལན་གསུམ་མཛོད། །བླ་མ་ཡི་དམ་མཁའ་འགྲོ་སོགས། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སློབ་མའི་ཕུང་ཁམས་སྐྱེ་མཆེད་མ་དག་པའི་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང་དུ་ཧཱུྃ་ལས་གུ་རུ་བདེ་བ་ཆེན་པོ་པདྨ་ཚེ་དབང་རྩལ་ཞི་འཛུམ་བཅུ་དྲུག་ལོན་པའི་ཉམས་ཅན། གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པ། ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། སྣམ་སྦྱར་དམར་པོ། ཟ་བེར་སྨུག་པོ་རྣམས་བརྩེགས་མར་གསོལ་བ། །སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་པད་ཟླའི་སྟེང་དུ་བཞུགས་པའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་དང༌། མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་པའི་རྐྱེན་གྱིས་སྐུ་གསུམ་གྱི་ཞིང་ནས་ཡེ་ཤེས་སེམས་དཔའ་སྐུ་སྔགས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་ཆར་ཆེན་པོ་བབ་པ་བཞིན་བྱོན་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་སྐྱེད་ཅིག །སྤོས་རོལ་དབྱངས་དང་བཅས་ཏེ་ཚིག་བདུན་གསོལ་འདེབས་མཐར། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ སྦྱར་བས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ་བཞི་ལས། ཐོག་མར་བུམ་པའི་དབང་བསྐུར་བའི་སླད་དུ། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་མ་ཧཱ་གུ་རུ་བདེ་བ་ཆེན་པོ་པདྨ་ཚེ་དབང་རྩལ་བཞུགས་པའི་སྐུ་ལས་བྱུང་བའི་འཆི་མེད་ཡེ་ཤེས་བདུད་རྩིས་གཏམས་པ་སྤྱི་བོར་བཞག་ཅིང་མྱངས་བས་རྡོ་རྗེ་ཚེ་ཡི་བྱིན་རླབས་དང་དབང་བསྐུར་རྫོགས་པར་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་སྟེ། ཧྲཱིཿ འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །གཏམས་པའི་རིན་ཆེན་ཀ་ལ་ཤས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃཿ ཀ་ལ་ཤ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་དབང་བསྐུར་བས་གུ་རུ་བདེ་བ་ཆེན་པོ་པདྨ་ཚེ་དབང་རྩལ་དངོས་སུ་གྱུར་བའི་ང་རྒྱལ་དང་བཅས་རྩ་སྔགས་ཉེར་གཅིག་ཙམ་བཟླ། དེ་ནས་པདྨ་ཚེ་དབང་རྩལ་གྱི་གཡས་སུ་མནྡཱ་ར་སྒྲོལ་དཀར་གྱི་རྣམ་པ་གཡོན་བུམ་པ་འཛིན་པ། གཡོན་དུ་མཚོ་རྒྱལ་སེང་ལྡེང་ནགས་སྒྲོལ་གྱི་རྣམ་པ་ཅན་གཡོན་ཡིད་བཞིན་ནོར་བུ་བསྣམས་པ། སྔར་གྱི་པདྨ་ཚེ་དབང་རྩལ་སྐད་ཅིག་གིས་གནས་གྱུར་ཏེ། ཚེ་དཔག་མེད་དམར་པོ་རལ་པའི་ཐོར་ཚུགས་ཅན་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞེངས་པའི་པང་དུ་ཡུམ་གཉིས་གཅིག་ཏུ་འདྲེས་པ་སྐུ་མདོག་དཀར་མོ་བཅུ་དྲུག་པའི་ན་ཚོད་ཅན། ནུ་མ་དང་བྷ་ག་རྒྱས་པ་སྐྲ་གྲོལ་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་བུམ་པ་འཛིན་པ་ཞིག་གིས་འཁྱུད་པ་དང༌། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐོད་པའི་ནང་དུ་བབ་པར་བསམ་ལ་དཔོན་སློབ་གཉིས་ཀས་ཛཔ྄་བཟླ། ཐོད་པ་སྐུ་དང་བཅས་པ་སྤྱི་བོར་བཞག་སྟེ། ཧྲཱིཿ །བླ་མ་ཚེ་དཔག་མེད་ཡབ་ཡུམ། །སྙོམས་པར་ཞུགས་པའི་བྱང་ཆུབ་སེམས། །དྭངས་མ་དཀར་དམར་བདུད་རྩི་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་སྦྱོར་མཚམས་ནས་བབས་པའི་བྱང་ཆུབ་ཀྱི་སེམས་སྨིན་མཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ། མགྲིན་པ་ཡན་གང་བས་གསང་དབང༌། སྙིང་ཁ་ཡན་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང༌། གསང་གནས་དང་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་ཚིག་དབང་ཐོབ་པར་བསམ་ལ་བདེ་སྟོང་ཟུང་འཇུག་ཀ་དག་གི་ངང་དུ་མཉམ་པར་བཞག་པས་ངོ་སྤྲད་པར་བྱའོ། །དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ་བསྔོ་སྨོན་དང་བཅས་གྲོལ་བས་གྲུབ་པའོ། །འཕོ་འགྱུརྃ་མཚན་མེདྃ་ཆོས་དབྱིངས་ཀུན་བཟང་ངོགས། །ཐེགྃ་མཆོྃག་ཆོས་ཀྱི་རྒྱུ་སྐར་ཆེས་བཀྲ་བས། །སྨིན་གྲོལ་བསྟནྃ་པའི་བསམ་འཕེལ་ནོར་བུའི་ཏོག །བཤད་སྒྲུབ་རྒྱལྃ་མཚྃན་རྩེ་ན་བརྗིད་འདི་རྨད། །ཐུགས་སྒྲུབ་གུ་རུ་བདེ་བ་ཆེན་པོ་པདྨ་ཚེ་དབང་རྩལ་གྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-05-CA]] | [[Category:DKR-KABUM-Volume-05-CA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:32, 7 November 2022
🚧 This website is under continued development. We appreciate your patience!
Previous Text"CA" is not a number. Back to Volume Page"CA" is not a number.Next Text "CA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "ca"., Text 28, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "CA" is not a number. |
"CA" is not a number.