DKR-KABUM-13-PA-018: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-018
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=PA | |||
|textnuminvol=018 | |||
|pdflink=File:DKR-KABUM-13-PA-018.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་བཀྲ་ཤིས་མི་འགྱུར་བའི་དགོངས་དོན་རྣམ་པར་བཤད་པ་ཀུན་མཁྱེན་དགོངས་པའི་སྲོལ་འབྱེད་ཅེས་བྱ་བ་བཞུགས།། | |||
ན་མོ་གུ་རུ་ཨ་ཛི་ཏ་མཉྫུ་གྷོ་ཥ་ཡེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་བཟུང་བར་བྱའོ། །ཞེས་གསུངས་པ་ལྟར་སྲས་དང་བཅས་པའི་རྒྱལ་བ་མ་ལུས་པའི་རྣམ་ཐར་དང་ཕྲིན་ལས་ཐམས་ཅད་གཅིག་ཏུ་རྫོགས་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་ཟབ་མོའི་དོན་ཐམས་ཅད་སྟོན་པའི་བསྟོད་པ་གླུར་བླངས་པའི་རྒྱུད་ཀྱི་རྒྱལ་པོའི་གསང་བ་མཐའ་དག་འཇམ་དཔལ་གྲུབ་པའི་སློབ་དཔོན་ཆེན་པོ་མཁས་ཤིང་དངོས་གྲུབ་བརྙེས་པའི་རྗེ་བཙུན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ལ་འཇམ་དཔལ་དབྱངས་ཀྱིས་ཞལ་བསྟན་པའི་ཚེ་ཚངས་པའི་དབྱངས་ཀྱི་རང་སྒྲར་བྱུང་བའི་བསྟོད་པ། ཚིག་གི་ཚོགས་ཉུང་ཡང་དོན་ཤིན་ཏུ་ཟབ་ལ་རྒྱ་ཆེ་བ་བཀྲ་ཤིས་་མི་འགྱུར་དུ་གྲགས་པའི་དགོངས་དོན་བཤད་པ་ལ། བསྟོད་པའི་ཐོག་དྲངས་པའི་སྔགས་དོན་གྱིས་མདོར་བསྟན། བསྟོད་པ་དངོས་རྒྱས་པར་བཤད་པ་དང༌། ཆེ་བ་བརྗོད་པ་དོན་བསྡུ་བའོ། །དང་པོ་ནི། ཨོཾ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྡོ་རྗེ་རྗེས་སུ་མཚོན་པའི་སྔགས་དོན། སངས་རྒྱས་ཀྱི་སྐུའི་གསང་བའི་ཁྱབ་བདག་ནི་འཇམ་དཔལ་དབྱངས་ཉིད་དུ་གྲགས་ཤིང་དེའི་དོན་རྒྱུད་ལས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་གསུངས་པ་ལྟར་སྒྲིབ་བྲལ་ཡེ་ཤེས་ཀྱི་སྐུ་ནི་ལས་ཀྱི་བསྐྱོད་པ་དང་ཟག་པས་བསྡུས་པའི་ཕུང་པོ་ལྔ་ལྟ་བུ་མ་ཡིན་པས་སྣང་སྟོང་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་སྐུ་ཞེས། དངོས་པོའི་ཆོས་ཐམས་ཅད་ལས་འདས་པ། དྭངས་མ་ཡེ་ཤེས་ཀྱི་མཚན་དཔེ་གཞོན་ནུ་མེ་ཏོག་ཐོད་ཅན་གྱི་རོལ་པ་ཕྱོགས་དུས་ཀྱི་ཞིང་དང་ཁྱོན་ཀུན་ན་སྣང་ཞིང་གྲགས་པ། སྐུ་རེ་རེའི་བ་སྤུའི་ཁུང་བུ་གཅིག་ལ་ཡང་སངས་རྒྱས་ཀྱི་ཞིང་གི་རྟེན་བརྟེན་པ་ཐམས་ཅད་རྫོགས་པར་སྟོན་ནུས་པ། ཞིང་དེ་དག་རེ་རེ་བཞིན་སྐུ་དང་མཚན་གྱི་བཀོད་པ་བསམ་ལས་འདས་པར་སྟོན་པའི་ཚུལ་ཅན་སྟེ། སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཀོད་པའང་རྣམ་པ་ཐམས་ཅད་པའི་ཡེ་ཤེས་གཅིག་པུའི་ཉམས་ཀྱི་དུ་མའི་གཟུགས་སུ་རོ་མཉམ་རྡོ་རྗེའི་གར་མཛད་པ་ལས་ཐ་དད་དུ་མི་དམིགས་པས་རྡོ་རྗེ་གསུམ་ཀ་གཉིས་མེད་མཉམ་པ་ཉིད་ཀྱི་ཐིག་ལེ་གཅིག་གི་དོན་མཚོན་ཕྱིར་སྐུ་ཞེས་ཐོག་མར་སྨོས་པས་གཞན་དག་ཀྱང་མཚོན་ནུས་ལ། དེས་ན་གསང་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེའི་དབྱིངས་ནི་རྒྱུད་ལས། མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་ཏེ་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་པ་ལྟར་སྐུ་དང་ཡེ་ཤེས་ལྔ་ལྡན་དབྱེར་མེད་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་བསྡུས་ཤིང༌། དེའི་གསང་བ་ཐམས་ཅད་གཅིག་ཏུ་འདུས་པའི་ཚུལ་གྱིས་འཇམ་དཔལ་དབྱངས་ལ་བསྟོད་པ་ནི་བསྟོད་པ་གླུར་བླང་གི་རྒྱུད་ཀྱི་བརྗོད་བྱ་ཡོངས་སུ་རྫོགས་པའི་དོན་མདོར་བསྟན་ཕྱིར་ཨོཾ་ཞེས་མཆོག་སྟེར་བའི་སྔགས་ཀྱིས་མགོ་འདྲེན་པ་ནི་མདོར་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལྔ་ལས། ཐོག་མར་མངོན་པར་བྱང་ཆུབ་པའི་སྐུ་མཉམ་ཉིད་ཡེ་ཤེས་ཀྱི་དཔལ་ལ་བསྟོད་པས་མཆོག་གསུམ་ཀུན་འདུས་སུ་ངེས་ཤེས་བསྐྱེད་པ་ནི། སྤྱིར་ནང་པ་སངས་རྒྱས་པའི་ཆོས་ཐམས་ཅད་སྒོ་འབྱེད་ནི་སྐྱབས་སུ་འགྲོ་བ་སྟེ། སྐྱབས་འགྲོའི་མཚན་ཉིད་པ་ཉམས་སུ་ལེན་པ་ལ་མཆོག་གསུམ་གྱི་ཡོན་ཏན་ཤེས་པས་དད་པ་བསྐྱེད་དགོས་པའི་ཕྱིར་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་ཅིང༌། དེ་ཉིད་ཀྱང་རྗེ་བཙུན་འཇམ་དཔལ་དབྱངས་གཅིག་ལ་འདུས་པར་བསྟན་པ་ནི། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང༌། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཞེས་གསུངས་པ་ལྟར་ཤེས་བྱའི་ཆོས་ཐམས་ཅད་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་ཀྱིས་མ་ནོར་བ་རང་གིས་མཁྱེན་ཞིང་གཞན་ལ་སྟོན་ནུས་པ་ནི་སངས་རྒྱས་སྟེ་དེ་ནི་འཇིག་རྟེན་དགེ་ལེགས་སུ་བྱེད་པའི་བཀྲ་ཤིས་དང་པོ་སྟེ། དེ་ལས་ཆོས་དང་དགེ་འདུན་གྱི་བཀྲ་ཤིས་ཐམས་ཅད་འབྱུང་བས་སོ། །སངས་རྒྱས་དེའི་གསུངས་པའི་ཆོས་མི་མཐུན་པའི་ཕྱོགས་མཐའ་དག་ཞི་བར་བྱེད་ཅིང་ལེགས་ཚོགས་ཀྱི་དཔལ་ཀུན་ངེས་པར་སྟེར་ནུས་པས་ཕན་བདེའི་བཀྲ་ཤིས་ཀྱི་དཔལ་ཀུན་གྱི་འབྱུང་གནས་འགོག་ལམ་གྱི་བདག་ཉིད་ནི་བསིལ་བའི་རང་བཞིན་ཅན་གྱི་ལུང་རྟོགས་ཀྱི་ཆོས་ནི་བཀྲ་ཤིས་གཉིས་པ་ཡིན་ལ། དེའི་རྒྱུན་འཛིན་པའི་དགེ་འདུན་ཚོགས་ཀྱི་ཞིང་གི་མཆོག་ཏུ་གྲགས་ཤིང་རིག་གྲོལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ཐེག་པ་ཆེ་ཆུང་གི་དགེ་འདུན་ནི་བཀྲ་ཤིས་གསུམ་པ་སྟེ། དེ་ནི་སྲིད་ཞིའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དོན་དང་ལྡན་པའི་སྙན་གྲགས་ཀྱིས་མཛེས་པའི་རྒྱུ་མཚན་འཁོར་བ་དང་ངན་སོང་གི་གནས་ལས་དབུགས་འབྱིན་ཞིང་མངོན་མཐོ་ངེས་ལེགས་ཀྱི་དཔལ་ཡོན་ཆེན་པོའི་དགའ་སྟོན་སྟེར་ནུས་པས་ཡིན་ལ། དེས་ན་བཀྲ་ཤིས་མཆོག་གསུམ་གྱི་ཡོན་ཏན་ནི་བསོད་ནམས་ཐམས་ཅད་བསྐྱེད་པའི་གཞི། འགྲོ་བ་ཐམས་ཅད་ལ་མཉེས་གཤིས་པའི་སྐྱབས་སུ་གྱུར་ཅིང༌། བདུད་དང་མུ་སྟེགས་ཀྱི་རྒོལ་བས་མི་ཚུགས་ཤིང༌། ཁ་ན་མ་ཐོ་བ་མེད་པས་ནམ་ཡང་སྒྲིབ་པ་དང་སྐྱོན་ཅན་དུ་མི་འགྱུར་བས་རཏྣ་ཞེས་པའི་སྒྲ་ལས་དྲངས་ན་ཆོས་མཚུངས་དྲུག་གིས་ནོར་བུ་རིན་པོ་ཆེ་དང་མཉམ་པ་ལས་ལྷག་པའི་དཀོན་མཆོག་གསུམ་སྟེ། དེ་དག་ཀྱང་བསྟོད་པ་གླུར་བླང་གི་རྒྱུད་ཕྱི་མ་ལས། འཇམ་དཔལ་འདི་ནི་དཔལ་གྱུར་རྫོགས་པའི་སྐུ། ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་རྫོགས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །ཞེས་གསུངས་པ་ལྟར་སྒྲིབ་པ་སྤང་བའི་སེམས་བསྐྱེད་མཐར་ཐུག་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་མཁྱེན་བརྩེའི་ཆོས་ཉིད་ཡིན་ལ། དེ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་གྲགས་པས་ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ་ཏུ་གྱུར་པ་དང༌། ཆོས་དབྱིངས་ཤེས་རབ་ཕར་ཕྱིན་གྱི་སྟོང་ཆས་འཕགས་བཞིའི་འབྱུང་གནས་ཡུམ་ཆེན་མོ། །རྒྱལ་བ་ཀུན་གྱི་དབང་ཕྱུག་ཏུ་གྲགས་པས་ཆོས་ཀྱི་ཕུང་པོ་མཐའ་དག་སྤྲོ་བསྡུའི་བྱེད་པོ། རྣམ་པ་རྒྱལ་སྲས་ཡོངས་ཀྱི་ཐུ་བོ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞིང་ཀུན་ཏུ་བཞུགས་པར་གསུངས་པས་ན་འཇམ་དཔལ་གང་ལས་དཀོན་མཆོག་གསུམ་ཀ་འབྱུང་ཞིང༌། དེ་ཐམས་ཅད་འཇམ་དཔལ་དབྱངས་གཅིག་གི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས་འབྱུང་ཞིང་འགྲོ་བའི་གནས་སུ་གྱུར་པ་སྟེ། གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་གསུངས་པ་ལྟར། འཇིག་རྟེན་ན་ཡོངས་སུ་གྲགས་པའི་སྐྱབས་ཐམས་ཅད་ཀྱི་ནང་ནས་ཁྱད་པར་དུ་འཕགས་པས་གཙོ་བོར་གྱུར་པའམ་སྐྱབས་དམ་པ་དཀོན་མཆོག་གསུམ་སྟེ། རྒྱལ་ཚབ་མ་ཕམ་པས། འཚེ་བ་དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས། དེས་ན་སྲིད་ཞིའི་རྒུད་པ་ཐམས་ཅད་ལས་སྐྱོབས་ནུས་པ་དཀོན་མཆོག་གསུམ་ལས་གཞན་མ་མཆིས་པས་དེ་ནི་ངེས་པར་སྐྱབས་སུ་བསྟེན་པར་འོས་པ་ཡིན་ལ། སྐྱབས་སུ་འགྲོ་བ་ལའང་སྐྱབས་ཡུལ་གྱི་ཡོན་ཏན་ཤེས་དགོས་པས། མཆོག་གསུམ་དེའི་ཡོན་ཏན་ལ་སྒྲིབ་བྱེད་སྤང་བྱ་མཐའ་དག་བྲལ་བས་འཇམ་མཉེན་གྱི་ཡོན་ཏན་དང་ལྡན་ཞིང༌། ཐོབ་བྱའི་འབྲས་བུ་ཐམས་ཅད་མངོན་གྱུར་དུ་སད་པས་གསང་བ་གསུམ་ལ་དཔལ་གྱི་ཡོན་ཏན་གྱིས་བརྒྱན་པས་མཆོག་གསུམ་ཀུན་འདུས་ཀྱི་བདག་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཞེས་བྱ་སྟེ། རིག་པ་རང་ཤར་གྱི་རྒྱུད་ལས། འཇམ་དཔལ་ཡང་དག་བདེ་བའི་སྐུ། །ཡང་དག་ཡེ་ཤེས་འོད་ལྔ་ལྡན། །ཆོས་སྐུ་ཁ་དོག་མ་འདྲེས་འཇམ། །དཀྱིལ་འཁོར་འདུ་འབྲལ་མེད་ཕྱིར་དཔལ། །ཞེས་སོ། །དེས་ན་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དག་པ་གཉིས་ལྡན་མི་འགྱུར་རྡོ་རྗེའི་སྐུའི་ཡོན་ཏན་ཆོས་ཀུན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དཔལ་དང་ལྡན་པའི་ཚུལ་ལ་བསྟོད་པ་ནི་མཐར་ཐུག་གི་སྐྱབས་སངས་རྒྱས་གཅིག་ཏུ་བསྡུ་བའི་དོན་གྱིས་མཆོག་ཅེས་བསྔགས་པའོ། །འཇམ་དཔལ་བསྟོད་སྒྲུབ་ཅེས་བྱིན་རླབས་ཤིན་ཏུ་ཆེ་བ་ཡོངས་སུ་གྲགས་པ་ལྟར་སྐབས་འདིར་ཡང་ཚིག་རྐང་དང་པོའི་ལམ་གྱི་སྒོ་འབྱེད་སྐྱབས་འགྲོའི་དོན་ཚང་བར་སྟོན་པས་ན་སྐྱབས་ཡུལ་གྱི་ཡོན་ཏན་ཤེས་པས་དྭངས་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་བསྐྱེད་པས་སྐྱབས་སུ་འགྲོ་བའི་དམིགས་གནད་དང་སྦྱར་བས་ཉམས་སུ་ལེན་པར་བྱ་དགོས་སོ། །གཉིས་པ་སྤྲུལ་པའི་སྐུའི་བྱ་གྲུབ་ཡེ་ཤེས་ཀྱི་ཚུལ་ལ་བསྟོད་པས་འཇམ་དཔལ་དབྱངས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོའི་རྗེས་སུ་མཚོན་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས་ཡིན། ད་ལྟ་མི་མཇེད་འཇིག་རྟེན་འདིའི་བྱང་ཕྱོགས་ཀྱི་ཞིང་དུ་མངོན་པར་སངས་རྒྱས་ཏེ་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ཞེས་སུ་འཚོ་ཞིང་བཞེས་ནས་ཆོས་ཀྱང་སྟོན་པར་གསུངས་པ་དང༌། བསྐལ་པ་གྲངས་མེད་མང་པོ་འདས་པའི་སྔོན་དུ་བདེ་གཤེགས་འཇམ་པའི་ཏོག་ཏུ་སངས་རྒྱས་ནས་ཆོས་བསྟན། མྱ་ངན་ལས་འདས་པར་སྟོན་པ་དང༌། མ་འོངས་པར་བྱང་ཕྱོགས་ཀྱི་ཞིང་དུ་དེ་བཞིན་གཤེགས་པ་མགོན་པོ་ཀུན་ཏུ་གཟིགས་ཞེས་པར་སངས་རྒྱས་ཏེ་ཞིང་དེའི་ཚད་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དཔེར་ན་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་བགྲང་ལས་འདས་པས་འཇམ་དཔལ་གྱི་བྱང་ཆུབ་ཤིང་གི་ལོ་མ་གཅིག་གི་ཡོན་ཏན་མཚོན་མི་ནུས་པར་གསུངས་ཤིང༌། ད་ལྟ་མི་མཇེད་ཀྱི་ཞིང་འདི་ཡང་ཞིང་དེའི་ནང་དུ་ཆུད་པར་བསྟན་པ་སོགས་ཕྱོགས་བཅུ་དང་དུས་གསུམ་གྱི་ཁྱོན་ན་སངས་རྒྱས་དང༌། ད་ལྟ་མཚན་ཡོངས་སུ་གྲགས་པའི་འཇམ་དཔལ་དབྱངས་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་དབང་ཕྱུག་ཏུ་སྟོན་པས་ཕྱོགས་བཅུའི་ཞིང་གི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་བཞུགས་ནས་ཆོས་གསུང་བར་བསྐུལ། གདུལ་བྱ་འདུལ་བ་སོགས་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལ་འཇུག་པས་འགྲོ་བའི་དོན་མཛད་པ། རྒྱུད་ལས་སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་བྱེད། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ཞེས་དང༌། ཡང་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་གྱི་མཚན་བརྗོད་པ་བས་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་བརྗོད་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ་འཇམ་དཔལ་གྱིས་བསྐལ་པ་རེ་རེར་སེམས་ཅན་གྱི་དོན་བྱས་པ་དེ་སྙེད་དེ་བཞིན་གཤེགས་པ་དེ་སྙེད་ཀྱིས་མ་མཛད་པར་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ཉམས་འོག་ཏུ་ཆུད་པས་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་རྣམ་ཐར་གཅིག་ཏུ་བསྡུས་པ་བཞིན་བསམ་གྱིས་མི་ཁྱབ་པར་གསུངས་པས་དཔེར་ན་ཞིང་འདིར་ཡང་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཐོག་མར་ཁབ་ནས་ངེས་པར་འབྱུང་བའི་རྐྱེན་འཇམ་དཔལ་དགེ་སློང་གི་རྣམ་པ་བསྟན་པས་བསྐུལ་བ་དང༌། སངས་རྒྱས་པའི་ཚེ་འཁོར་གྱི་རྣམ་པས་ཟབ་མོའི་མདོ་རྒྱུད་ཐམས་ཅད་ཀྱི་གླེང་བསླང་བ་དང༌། རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་དང༌། གནས་བསྟན་འོད་སྲུང་ཆེན་པོའི་གནས་དབྱུང་བ་ལྟར་སྤྱོད་པས་ངོ་མཚར་གྱི་ཆོ་འཕྲུལ་ཆེན་པོ་བསྟན་པ་སོགས་མདོ་སྡེ་དུ་མ་ནས་འབྱུང་བ་ལྟར་བསྐལ་བཟང་སངས་རྒྱས་ཐམས་ཅད་ལ་མཛད་པར་གསུངས་པ་དང༌། སྟོན་པ་ཐུབ་པའི་དབང་པོའི་ཉན་ཐོས་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་ངེས་དོན་དུ་འཇམ་དཔལ་ཡིན་པ་སྔགས་རྒྱུད་དུ་མ་ནས་འབྱུང་བ་སོགས་ཉན་ཐོས་དང༌། འཕགས་པ་ཀླུ་སྒྲུབ་སོགས་རྒྱན་དྲུག་ཕལ་ཆེར་དང༌། འཇམ་དཔལ་བཤེས་གཉེན། བི་མ་མི་ཏྲ་དང༌། ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་རྒྱ་གར་གྱི་པཎྜི་ཏ་དང༌། བོད་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས། ལོ་ཆེན་བཻ་རོ། ས་སྐྱ་པཎྜི་ཏ་ཆེན་པོ། རྗེ་རིན་པོ་ཆེ། ཀུན་མཁྱེན་རོང་ཀློང་གཉིས་དང༌། འཇམ་མགོན་བསྟན་པའི་ཉིན་བྱེད་སོགས་གསར་རྙིང་གི་སྐྱེས་བུ་དམ་པ། ཆོས་རྒྱལ་ཁྲི་སྲོང་སོགས་རྒྱལ་པོ། ཐུ་མི་སོགས་བློན་པོའི་ཚུལ་བསྟན་པ་ཡོངས་སུ་གྲགས་པས་མཚོན་གདུལ་བྱ་སོ་སོའི་ལས་དང་སྐལ་པ་མཆོག་དམན་གྱི་སྣང་བ་དང་ཁམས་མོས་བསམ་པ་དབང་པོའི་ཁྱད་པར་དང་མཐུན་པར་སྐུ་དང་མཛད་པའི་ཆོ་འཕྲུལ་དེ་བཞིན་དུ་སྟོན་པའི་བཀོད་པ་རྒྱ་མཚོ་མིག་འཕྲུལ་དང་སྒྱུ་མའི་ཟློས་གར་བཞིན་སྐད་ཅིག་རེ་རེ་ལའང་འདུ་མཛད་པས་སྲིད་ཞི་ཉེར་འཚོའི་དཔལ་དུ་གྱུར་པ་སྟེ་རྒྱུད་ལས། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་གསུངས། དེ་ལྟར་སྲིད་ཞི་ཀུན་ལ་ཁྱབ་པའི་ཐབས་མཁས་ཀྱི་མཛད་པའི་སྒྱུ་འཕྲུལ་ཆེན་པོ་ཕྱོགས་དུས་མུ་མཐའ་མེད་པར་སྟོན་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་འགྲོ་ཀུན་ཉེར་འཚོའི་གཞི་རྩ་གཅིག་པུ་རུ་གྱུར་བའི་ཐུགས་བསྐྱེད་ཀྱི་གཡར་དམ་འཆང་བར་མཛད་ཀྱང༌། རང་ངོར་སྲིད་ཞི་གང་དུ་མི་གནས་པའི་ཆོས་དབྱིངས་མཉམ་པ་ཆེན་པོའི་གནས་ལས་ནམ་ཡང་ཉམས་པ་མེད་པའི་སྒྱུ་འཕྲུལ་གྱི་གསང་བ་ཆེན་པོའི་དགའ་བའམ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེས་ཆེན་པོའི་དགྱེས་དགུར་ཐུགས་གསུང་སྐུ་ཡི་དཔལ་ལ་ཁྱབ་ཅིང་སིམ་པས་དགའ་བ་སྟེ། གཉིས་མེད་གཉིས་སུ་སྣང་བའི་སྒྱུ་འཕྲུལ་གྱི་རོལ་པ་ཡང་ཆེད་དུ་རྩོལ་བ་དང་རྟོག་དཔྱོད་མ་དགོས་པ་རང་བྱུང་ལྷུན་གྱིས་གྲུབ་པ་མིག་འཕྲུལ་ལྟར་སྟོན། མདོར་ན་སངས་རྒྱས་ཀུན་གྱི་ཕྲིན་ལས་རྗེས་སུ་སྒྲུབ་པའི་ཕྱིར་སྤྲུལ་པའི་སྐུའི་ཡོན་ཏན་ལ་གཙོ་བོར་བསྔགས་པ་སྟེ། གཞན་དོན་འབའ་ཞིག་གི་ཕྱིར་ཐབས་མཁས་དང་སྙིང་རྗེའི་རྣམ་འཕྲུལ་ཚད་མེད་པའི་རྗེས་སུ་སློབ་པ་ནི་ཀུན་རྫོབ་སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་ཀྱི་དོན་སྟོན་པའོ། །གསུམ་པ་ཆོས་ཀྱི་སྐུའི་ཆོས་དབྱིངས་ཡེ་ཤེས་ཀྱི་ཚུལ་ལ་བསྟོད་པས་ཟབ་མོ་གསང་བ་རྡོ་རྗེའི་དབྱིངས་ཀྱི་དམ་པ་ལ་བསྟོད་པ་ནི། རྣམ་མེད་ཡེ་ཤེས་ཀྱི་གསང་བ་ཟབ་མོའི་ངེས་པ་དོན་གྱི་འཇམ་དཔལ་དབྱངས་ནི་རྒྱུད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་དང༌། རིག་པ་རང་ཤར་གྱི་རྒྱུད་ལས། །འཇམ་དཔལ་ཡང་དག་བདེ་བའི་སྐུ། །ཡང་དག་ཡེ་ཤེས་འོད་ལྔ་ལྡན། །ཆོས་སྐུ་ཁ་དོག་མ་འདྲེས་འཇམ། །དཀྱིལ་འཁོར་འདུ་འབྲལ་མེད་ཕྱིར་དཔལ། །ཞེས་སོགས་གསུངས་པ་ལྟར་སོ་སྐྱེའི་བློ་ཡི་འཇུག་པས་ཇི་ལྟར་བརྟགས་ཀྱང་དངོས་མཚན་ཀུན་རྫོབ་ཀྱི་མཚན་མའི་འཇུག་པ་ཐམས་ཅད་ཉེ་བར་ཞི་བའི་དབྱིངས་ཡིན་པས་ན་གང་གི་ཡེ་ཤེས་ལས་མཆོག་གསུམ་དེ་དག་བྱུང་ཞིང༌། ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས་ཐ་མི་དད་པའི་བདག་ཉིད་དུ་འགྲོ་བ་ལྟར་སྣང་བའི་དབང་གིས་སྟེ་སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཤེས་རབ་ནམ་ཡང་ཟད་པ་མེད་ཅིང་འཕེལ་བ་མེད། །འཕྲོ་ཅན་ལགས།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-13-PA]] | [[Category:DKR-KABUM-Volume-13-PA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:13, 7 November 2022
🚧 This website is under continued development. We appreciate your patience!
Previous Text"PA" is not a number. Back to Volume Page"PA" is not a number.Next Text "PA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "pa"., Text 18, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "PA" is not a number. |
"PA" is not a number.