DKR-KABUM-13-PA-023: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-023
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber=PA
|textnuminvol=023
|pdflink=File:DKR-KABUM-13-PA-023.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅།  །ཀློང་ཆེན་སྙིང་གི་ཐིག་ལེའི་ཞི་ཁྲོ་ངན་སོང་སྦྱོང་བའི་བསྙེན་པའི་ཟིན་ཐུན་རིག་འཛིན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།
@#/___/klong chen snying gi thig le'i zhi khro ngan song sbyong ba'i bsnyen pa'i zin thun rig 'dzin 'jug ngogs zhes bya ba bzhugs so/
ན་མོ་གུ་རུ་བཛྲ་སཏྭ་ཡེ། བཀའ་གཏེར་ཟུང་འཇུག་ཞི་ཁྲོ་ངན་སྦྱོང་བའི་བསྙེན་སྒྲུབ་བྱ་བར་འདོད་པས། ཐོག་མར་ཐུན་མོང་གི་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་གིས་རྒྱུད་སྦྱང་བ་རྒྱས་བསྡུས་གང་ལྕོགས་གནད་དུ་བསྣུན་ཏེ་ངེས་འབྱུང་དང་གཞན་ཕན་གྱི་སེམས་བསྐྱེད། བསགས་སྦྱང་གིས་རྒྱུད་དག་པར་བྱ་བ་དང༌། ཁྱད་པར་དུ་བླ་མའི་རྣལ་འབྱོར་གྱི་སྐབས་སུ་གུ་རུ་རིན་པོ་ཆེ་ནི་སྐུ་ལྔ་ལྷུན་གྲུབ་རིག་འཛིན་སངས་རྒྱས་ཉག་གཅིག་ཡིན་པས། དེ་ལས་གཞན་པའི་རྒྱལ་བ་ཞི་ཁྲོ་མེད་པས་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོར་ངེས་པའི་བློས་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་དབང་བཞི་ལེན་པའི་སྐབས་སུ་ཡང་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་བླ་མའི་གསང་བ་གསུམ་ལ་རྫོགས་པས་དེ་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་བྱིན་རླབས་ཐོབ་པའི་ངེས་ཤེས་ཡང་ཡང་བསྐྱེད་པས་བདག་འཇུག་གི་དོན་ཡང་ཚང་བའོ། །བསྙེན་པ་དངོས་ལ་སྔོན་དང་རྗེས་ཀྱི་ཕྱག་ལེན་སོགས་རིག་འཛིན་དང་སེང་གདོང་བསྙེན་ཡིག་ལྟར་ཤེས་པས་ལས་བྱང་དངོས་ཀྱི་ཉམས་ལེན་ལ་བདག་བསྐྱེད་བསྙེན་པ། ཚོགས་བསགས་སྒྲུབ་པའི་རྣལ་འབྱོར་གཉིས་སུ་གསུངས་པའི་སྔ་མ་རྒྱུན་ཁྱེར་ལྟ་བུར་ཉམས་སུ་བླངས་ན་དཀྱིལ་འཁོར་མཆོད་པ་སོགས་མེད་ཀྱང་རུང་བར་མངོན་ཏེ། ཞི་ཁྲོའི་ཡང་ཏིག་དཀའ་གནད་རྒྱ་གྲོལ་ལས། ཞི་ཁྲོ་ངན་སོང་སྦྱོང་བ་ཉིད་ཏིང་འཛིན་གསུམ་དང་མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་ལམ་དུས་ཀྱི་དཀྱིལ་འཁོར་ལྟར་མ་ཡིན་པར། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ཡིན་ལ། ཞེས་གསུངས་པས། གདོད་ནས་དག་མཉམ་ཆེན་པོའི་འབྲས་དུས་ཀྱི་གདན་གསུམ་ཞི་ཁྲོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་དགོངས་པས་གསལ་འདེབས་ཙམ་དུ་གསུངས་པར་སེམས་ཤིང༌། སྐབས་འདིར་བསྙེན་སྒྲུབ་སྦྲགས་མའི་ཉམས་ལེན་ཉིད་འཆད་པ་ལ། སྒྲུབ་པའི་དཀྱིལ་འཁོར་བསྙེན་པའི་སྐབས་ནས་བཤམས་ན་སྟབས་བདེ་བས། འབྱོར་ན་ཞི་ཁྲོའམ་རྡོར་སེམས་ཀྱི་སྐུའི་མདུན་རས་བྲིས་བཀྲམ། བདག་འཇུག་སོགས་སྤྲོས་པ་དང་འབྲེལ་ན་དབུས་སུ་བུམ་པ་དང༌། ཤར་དུ་རྡོར་དྲིལ་བསྣོལ་མ་དང་ཞི་ཁྲོའི་སྐུ་ཙཀ །ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། གསང་ཐོད། མེ་ལོང་སིན་དྷཱུ་རའི་ཐིག་ལེ་ཅན་དང༌། རིག་ཙཀ །ཤེལ་རྡོ་རྣམས་ཕྱོགས་གང་བདེར་བཤམས། མཇུག་ཏུ་བདག་འཇུག་མ་བླངས་ན་བུམ་པ་སོགས་དབང་རྫས་རྣམས་མི་དགོས་ཀྱང་རང་བྱུང་གི་ཤེལ་རྡོ་ཞིག་དཀྱིལ་འཁོར་གྱི་དབུས་སུ་བཤམས་པས་རུང་བར་གསུངས། དེའི་མདུན་རྒྱབ་གང་བདེར་ཞི་ཁྲོའི་གཏོར་མ་དང༌། སྨན་རཀ །ཉེར་སྤྱོད་སོགས་གཙང་ལ་དག་པས་བསྐོར། མཚམས་ཀྱི་ཐོག་མཐར་དཀར་བགེགས། ཆད་བརྟན་སོགས་ཀྱང་རྒྱས་པར་འདུ་བྱས་ལ། ཁམས་གསུམ་གྱི་འཛིན་པའི་སྣང་ཞེན་འདི་ཕྱི་ཆོས་སྐུའི་མཆོད་སྡོང་ནང་གཞལ་ཡས་ཁང་གི་གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཞི་བ་ཞེ་གཉིས། དབུའི་སྟེང་དུ་ཁྲོ་དཀྱིལ་བཅས་སྐད་ཅིག་དྲན་རྫོགས་སུ་གསལ་བ་སྟེ། བདག་བསྐྱེད་ཀྱི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ནས། སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར་ནས་མདུན་བསྐྱེད་ཀྱི་གཤམ། གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱིའི་འཁོར་ཡུག་སོགས་ནས། དབང་བསྐུར་རྒྱས་གདབ་ནས་བརྩམས་མཆོད་བསྟོད་བར་མདུན་བསྐྱེད་ལྟར་བྱས་མཐར། རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་གྱིས། ཞི་བར་བསྙེན་པ། རུ་ལུ་བཟླ་སྐབས་སོགས་དྲག་པོར་སྒྲུབ་པ། ཐུགས་ཀར་སྔགས་ཕྲེང་འཁོར་བ་སོགས་བཟླས་དམིགས་ཡར་བླངས་ཏེ། རྩ་རིག་བཟླས་པ་ལས་སྦྱོར་ཏེ། བསྙེན་ཚད་གྲངས་བསྙེན་གཙོ་བོར་བཏོན་ན་གཞུང་གསལ་ལྟར་ལ། དེ་ཡང་དང་པོ་ཞི་བསྙེན་གྲངས་བཟུང་སྐབས་དེ་ཉིད་གཙོ་བོར་བྱས་ལ། ཁྲོ་བསྙེན་དང་ལས་སྦྱོར་ཁྱུག་ཙམ་བཟླ། ཞི་བསྙེན་གྲུབ་པས་དེ་ཉིད་ཁྱུག་ཙམ་བཟླས་ལ་དྲག་པོ་གཙོ་བོར་བཏོན། ཁྲོ་བསྙེན་སྐབས་ཀྱང་འོད་ཟེར་སྤྲོ་བསྡུ་ཞི་བ་དང་གཅིག་པར་དགོས་པ་བསྙེན་ཡིག་ལས་གསུངས་པས། རང་ཉིད་རྣམ་སྣང་གསལ་བའི་ལྗགས། །རྡོ་རྗེ་རྩེ་གསུམ་སོགས་ནས་སྒྲོགས་པར་བསམ་ཞེས་མཐར་ཞི་བའི་སྐབས་ཀྱི། འོད་ཟེར་འཕྲོས་པས་འཕགས་པ་མཆོད་སོགས་ནས། མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས། ཨོཾ་རུ་ལུ་རུ་ལུ་སོགས་དང༌། ལས་སྦྱོར་རྩ་རིག་གི །ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་བུན་བུན་འཕྲོས་སོགས་བཟླས་དམིགས་མཐར། རྩ་རིག་སྦྱར་དགོས་འདྲ་ཞིང་ཐུན་བསྡུ་ན་མདུན་བསྐྱེད་མི་བཏང་བར། ཨོཾ་དངོས་སུ་འབྱོར་དང་སོགས་དང༌། བརྗོད་མེད་ཤེས་རབ་སོགས་ཀྱིས་མཆོད་བསྟོད་མདོར་བསྡུས་བྱས་མཐར། ཧོ། ཆུ་ལས་ཆུ་བུར་སོགས་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་ཀྱིས་མཇུག་བསྡུ་བའོ།  །དེ་ལྟ་བུའི་ཐུན་བཞི་གསུམ་སོགས་གང་འགྲུབ་ཀྱི་བསྙེན་པ་གྲངས་རྫོགས་ནས། མདུན་བསྐྱེད་ལ་འཇུག་དགོས་པས་བདག་བསྐྱེད་སྔར་ལྟར་བཏང་ནས་མདུན་བསྐྱེད་ལ་འཇུག་པ་ཆོ་གའི་དཀྱུས་ལྟར་བཏང་རྗེས། བཟླས་པའི་སྐབས། ཞི་བ་དྲག་པོའི་ལས་སྦྱོར་རྣམས་ཁྱུག་ཙམ་བཟླས་ལ། བུམ་བཟླས་དང༌། གཙོ་བོར་མདུན་བསྐྱེད་ཀྱི་བཟླས་པ་ལ་གྲངས་བཟུང༌། མཆོད་ཕྲེང༌། བསྟོད་པ་ཕྱག་འཚལ། རུ་ཟུང་བཞིའི་བཤགས་པ། སྐོང་བ། ཚོགས་སོགས་རྒྱས་པར་བཏང༌། བདག་འཇུག་ཉིན་རེ་བཞིན་དུའམ། ཐ་ན་ལན་གསུམ་བླང་དགོས་པས་འདིའི་ཚུལ་ཟུར་དུ་བྲིས་པ་ལྟར་བྱའོ། །དེ་ཡང་ཞི་ཁྲོའི་ཡང་ཡིག་ལས། ཞི་ཁྲོ་ངན་སོང་སྦྱོང་བ་ནི་ཏིང་འཛིན་གསུམ་དང༌། མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་ལམ་དུས་ཀྱི་དཀྱིལ་འཁོར་ལྟར་མ་ཡིན་པར། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ཡིན་ལ་གསུངས་པ་བདག་བསྐྱེད་ལ་དགོངས་པ་འདྲ་ཞིང༌། རྒྱུན་ཁྱེར་དུ་ཉམས་ལེན་བྱེད་ན་སྐྱབས་སེམས་སྔོན་དུ་འགྲོ་བས་བདག་བསྐྱེད་ངན་སོང་སྦྱོང་བ་གཞུང་ལྟར། སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར་ཞེས་པའི་མཐར། ཞི་ཁྲོའི་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་སྦྱར་ཞིང༌། བསྡུ་ལྡང༌། དགེ་བསྔོ་ཤིས་བརྗོད་བསྡུས་ཙམ་བྱས་པས་རུང་བའོ།  །གང་ལྟར་ཡང་མདུན་བསྐྱེད་བསྒྲུབས་པའི་མཐར་བདག་འཇུག་བླངས་བས་དངོས་གྲུབ་ལེན་པ་དེས་འཐུས་ཤིང༌། ཁ་སྐོང་གི་སྦྱིན་སྲེག་ནི་རིག་འཛིན་ཞི་དྲག་གི་སྦྱིན་སྲེག་ལ་ལྷ་སྔགས་བསྒྱུར་བར་བྱའོ།  །མཚན་གྱི་བདུད་རྩིས་ལས་ཉོན་དྲི། །འཁྲུད་ཅིང་ངན་སོང་གནས་སྦྱོང་བ། །ཚུལ་བཞིན་བསྐྱེད་བཟླས་བསྒྲུབས་པའི་མཐུས། །རྡོ་རྗེ་སེམས་དཔའི་མཆོག་སྟེར་ལྷའི། །བསྙེན་སྒྲུབ་མཁས་གྲུབ་རིག་འཛིན་གྱི། །ཕྱག་བཞེས་ཇི་བཞིན་འདུས་གསལ་དུ། །སྤེལ་འདི་རྟོག་སྒྲིབ་ཉམས་ཆག་མུན། །སངས་ནས་ཡེ་ཤེས་ཉི་གསལ་ཤོག །ཅེས་པའང་བུམ་ཐང་ཉི་ལུང་བཤད་སྒྲུབ་དར་རྒྱས་གླིང་གི་བྱང་འདྲེན་སྒྲུབ་བརྩོན་བླ་མ་འཇམ་དབྱངས་བརྩོན་འགྲུས་ནས་ཆེད་དུ་བསྐུལ་བ་ལྟར་ལམ་འདིར་ཐུན་མིན་གྱི་ངེས་ཤེས་སྐྱེས་པའི་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཐིམ་ཡུལ་བཀྲ་ཤིས་ཆོས་རྫོང་ཉིད་དུ་གནས་པའི་སྐབས་བྲིས་པས་འགྲོ་ཀུན་བདག་རྟོག་འཁྲུལ་པའི་མུན་པ་ཡེ་ཤེས་འདོད་དགུའི་སྣང་བས་དྲུངས་ནས་འབྱིན་པའི་རྒྱུར་གྱུར་ཅིག །དགེའོ།  །དགེའོ།  །དགེའོ།། །།}}
na mo gu ru badz+ra satwa ye/_bka' gter zung 'jug zhi khro ngan sbyong ba'i bsnyen sgrub bya bar 'dod pas/_thog mar thun mong gi sngon 'gro rnam mkhyen lam bzang gis rgyud sbyang ba rgyas bsdus gang lcogs gnad du bsnun te nges 'byung dang gzhan phan gyi sems bskyed/_bsags sbyang gis rgyud dag par bya ba dang*/_khyad par du bla ma'i rnal 'byor gyi skabs su gu ru rin po che ni sku lnga lhun grub rig 'dzin sangs rgyas nyag gcig yin pas/_de las gzhan pa'i rgyal ba zhi khro med pas rigs thams cad kyi khyab bdag chen por nges pa'i blos gsol ba phur tshugs su gdab cing dbang bzhi len pa'i skabs su yang zhi khro'i dkyil 'khor chen po'i sku gsung thugs ye shes rdo rje'i dkyil 'khor bla ma'i gsang ba gsum la rdzogs pas de thams cad kyi rdo rje bzhi'i byin rlabs thob pa'i nges shes yang yang bskyed pas bdag 'jug gi don yang tshang ba'o/_/bsnyen pa dngos la sngon dang rjes kyi phyag len sogs rig 'dzin dang seng gdong bsnyen yig ltar shes pas las byang dngos kyi nyams len la bdag bskyed bsnyen pa/_tshogs bsags sgrub pa'i rnal 'byor gnyis su gsungs pa'i snga ma rgyun khyer lta bur nyams su blangs na dkyil 'khor mchod pa sogs med kyang rung bar mngon te/_zhi khro'i yang tig dka' gnad rgya grol las/_zhi khro ngan song sbyong ba nyid ting 'dzin gsum dang mngon byang lnga la sogs pas bskyed pa lam dus kyi dkyil 'khor ltar ma yin par/_rang snang lhun grub rnam byang ye shes chen po'i bzhugs tshul ltar yin la/_zhes gsungs pas/_gdod nas dag mnyam chen po'i 'bras dus kyi gdan gsum zhi khro'i dkyil 'khor du lhun gyis grub pa dgongs pas gsal 'debs tsam du gsungs par sems shing*/_skabs 'dir bsnyen sgrub sbrags ma'i nyams len nyid 'chad pa la/_sgrub pa'i dkyil 'khor bsnyen pa'i skabs nas bshams na stabs bde bas/_'byor na zhi khro'am rdor sems kyi sku'i mdun ras bris bkram/_bdag 'jug sogs spros pa dang 'brel na dbus su bum pa dang*/_shar du rdor dril bsnol ma dang zhi khro'i sku tsaka_/lhor dbu rgyan/_nub tu rdo rje/_byang du dril bu/_gsang thod/_me long sin d+hU ra'i thig le can dang*/_rig tsaka_/shel rdo rnams phyogs gang bder bshams/_mjug tu bdag 'jug ma blangs na bum pa sogs dbang rdzas rnams mi dgos kyang rang byung gi shel rdo zhig dkyil 'khor gyi dbus su bshams pas rung bar gsungs/_de'i mdun rgyab gang bder zhi khro'i gtor ma dang*/_sman raka_/nyer spyod sogs gtsang la dag pas bskor/_mtshams kyi thog mthar dkar bgegs/_chad brtan sogs kyang rgyas par 'du byas la/_khams gsum gyi 'dzin pa'i snang zhen 'di phyi chos sku'i mchod sdong nang gzhal yas khang gi gtso bo kun bzang yab yum gyi thugs kar zhi ba zhe gnyis/_dbu'i steng du khro dkyil bcas skad cig dran rdzogs su gsal ba ste/_bdag bskyed kyi/_oM ma hA shU n+ya tA sogs nas/_skad cig dran rdzogs su gsal bar gyur nas mdun bskyed kyi gsham/_gzhan yang dkyil 'khor chen po'i phyi'i 'khor yug sogs nas/_dbang bskur rgyas gdab nas brtsams mchod bstod bar mdun bskyed ltar byas mthar/_rnam snang thugs kyi dkyil 'khor gyis/_zhi bar bsnyen pa/_ru lu bzla skabs sogs drag por sgrub pa/_thugs kar sngags phreng 'khor ba sogs bzlas dmigs yar blangs te/_rtsa rig bzlas pa las sbyor te/_bsnyen tshad grangs bsnyen gtso bor bton na gzhung gsal ltar la/_de yang dang po zhi bsnyen grangs bzung skabs de nyid gtso bor byas la/_khro bsnyen dang las sbyor khyug tsam bzla/_zhi bsnyen grub pas de nyid khyug tsam bzlas la drag po gtso bor bton/_khro bsnyen skabs kyang 'od zer spro bsdu zhi ba dang gcig par dgos pa bsnyen yig las gsungs pas/_rang nyid rnam snang gsal ba'i ljags/_/rdo rje rtse gsum sogs nas sgrogs par bsam zhes mthar zhi ba'i skabs kyi/_'od zer 'phros pas 'phags pa mchod sogs nas/_mchog thun dngos grub thob par dmigs/_oM ru lu ru lu sogs dang*/_las sbyor rtsa rig gi_/thugs kar sngags phreng 'khor ba las 'od zer bun bun 'phros sogs bzlas dmigs mthar/_rtsa rig sbyar dgos 'dra zhing thun bsdu na mdun bskyed mi btang bar/_oM dngos su 'byor dang sogs dang*/_brjod med shes rab sogs kyis mchod bstod mdor bsdus byas mthar/_ho/_chu las chu bur sogs bsdu ldang dge bsngo shis brjod kyis mjug bsdu ba'o/__/de lta bu'i thun bzhi gsum sogs gang 'grub kyi bsnyen pa grangs rdzogs nas/_mdun bskyed la 'jug dgos pas bdag bskyed sngar ltar btang nas mdun bskyed la 'jug pa cho ga'i dkyus ltar btang rjes/_bzlas pa'i skabs/_zhi ba drag po'i las sbyor rnams khyug tsam bzlas la/_bum bzlas dang*/_gtso bor mdun bskyed kyi bzlas pa la grangs bzung*/_mchod phreng*/_bstod pa phyag 'tshal/_ru zung bzhi'i bshags pa/_skong ba/_tshogs sogs rgyas par btang*/_bdag 'jug nyin re bzhin du'am/_tha na lan gsum blang dgos pas 'di'i tshul zur du bris pa ltar bya'o/_/de yang zhi khro'i yang yig las/_zhi khro ngan song sbyong ba ni ting 'dzin gsum dang*/_mngon byang lnga la sogs pas bskyed pa lam dus kyi dkyil 'khor ltar ma yin par/_rang snang lhun grub rnam byang ye shes chen po'i bzhugs tshul ltar yin la gsungs pa bdag bskyed la dgongs pa 'dra zhing*/_rgyun khyer du nyams len byed na skyabs sems sngon du 'gro bas bdag bskyed ngan song sbyong ba gzhung ltar/_skad cig dran rdzogs su gsal bar gyur zhes pa'i mthar/_zhi khro'i bsnyen sgrub las gsum gyi bzlas pa sbyar zhing*/_bsdu ldang*/_dge bsngo shis brjod bsdus tsam byas pas rung ba'o/__/gang ltar yang mdun bskyed bsgrubs pa'i mthar bdag 'jug blangs bas dngos grub len pa des 'thus shing*/_kha skong gi sbyin sreg ni rig 'dzin zhi drag gi sbyin sreg la lha sngags bsgyur bar bya'o/__/mtshan gyi bdud rtsis las nyon dri/_/'khrud cing ngan song gnas sbyong ba/_/tshul bzhin bskyed bzlas bsgrubs pa'i mthus/_/rdo rje sems dpa'i mchog ster lha'i/_/bsnyen sgrub mkhas grub rig 'dzin gyi/_/phyag bzhes ji bzhin 'dus gsal du/_/spel 'di rtog sgrib nyams chag mun/_/sangs nas ye shes nyi gsal shog_/ces pa'ang bum thang nyi lung bshad sgrub dar rgyas gling gi byang 'dren sgrub brtson bla ma 'jam dbyangs brtson 'grus nas ched du bskul ba ltar lam 'dir thun min gyi nges shes skyes pa'i rgyal khams pa 'jigs med mkhyen brtse'i 'od zer rdo rje thugs mchog rtsal gyis thim yul bkra shis chos rdzong nyid du gnas pa'i skabs bris pas 'gro kun bdag rtog 'khrul pa'i mun pa ye shes 'dod dgu'i snang bas drungs nas 'byin pa'i rgyur gyur cig_/dge'o/__/dge'o/__/dge'o//_//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-13-PA]]
[[Category:DKR-KABUM-Volume-13-PA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 12:13, 7 November 2022

Wylie title DKR-KABUM-13-PA-023.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "pa"., Text 23, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "PA" is not a number.

"PA" is not a number.

[edit]
༄༅། །ཀློང་ཆེན་སྙིང་གི་ཐིག་ལེའི་ཞི་ཁྲོ་ངན་སོང་སྦྱོང་བའི་བསྙེན་པའི་ཟིན་ཐུན་རིག་འཛིན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་བཛྲ་སཏྭ་ཡེ། བཀའ་གཏེར་ཟུང་འཇུག་ཞི་ཁྲོ་ངན་སྦྱོང་བའི་བསྙེན་སྒྲུབ་བྱ་བར་འདོད་པས། ཐོག་མར་ཐུན་མོང་གི་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་གིས་རྒྱུད་སྦྱང་བ་རྒྱས་བསྡུས་གང་ལྕོགས་གནད་དུ་བསྣུན་ཏེ་ངེས་འབྱུང་དང་གཞན་ཕན་གྱི་སེམས་བསྐྱེད། བསགས་སྦྱང་གིས་རྒྱུད་དག་པར་བྱ་བ་དང༌། ཁྱད་པར་དུ་བླ་མའི་རྣལ་འབྱོར་གྱི་སྐབས་སུ་གུ་རུ་རིན་པོ་ཆེ་ནི་སྐུ་ལྔ་ལྷུན་གྲུབ་རིག་འཛིན་སངས་རྒྱས་ཉག་གཅིག་ཡིན་པས། དེ་ལས་གཞན་པའི་རྒྱལ་བ་ཞི་ཁྲོ་མེད་པས་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོར་ངེས་པའི་བློས་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་དབང་བཞི་ལེན་པའི་སྐབས་སུ་ཡང་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་བླ་མའི་གསང་བ་གསུམ་ལ་རྫོགས་པས་དེ་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་བྱིན་རླབས་ཐོབ་པའི་ངེས་ཤེས་ཡང་ཡང་བསྐྱེད་པས་བདག་འཇུག་གི་དོན་ཡང་ཚང་བའོ། །བསྙེན་པ་དངོས་ལ་སྔོན་དང་རྗེས་ཀྱི་ཕྱག་ལེན་སོགས་རིག་འཛིན་དང་སེང་གདོང་བསྙེན་ཡིག་ལྟར་ཤེས་པས་ལས་བྱང་དངོས་ཀྱི་ཉམས་ལེན་ལ་བདག་བསྐྱེད་བསྙེན་པ། ཚོགས་བསགས་སྒྲུབ་པའི་རྣལ་འབྱོར་གཉིས་སུ་གསུངས་པའི་སྔ་མ་རྒྱུན་ཁྱེར་ལྟ་བུར་ཉམས་སུ་བླངས་ན་དཀྱིལ་འཁོར་མཆོད་པ་སོགས་མེད་ཀྱང་རུང་བར་མངོན་ཏེ། ཞི་ཁྲོའི་ཡང་ཏིག་དཀའ་གནད་རྒྱ་གྲོལ་ལས། ཞི་ཁྲོ་ངན་སོང་སྦྱོང་བ་ཉིད་ཏིང་འཛིན་གསུམ་དང་མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་ལམ་དུས་ཀྱི་དཀྱིལ་འཁོར་ལྟར་མ་ཡིན་པར། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ཡིན་ལ། ཞེས་གསུངས་པས། གདོད་ནས་དག་མཉམ་ཆེན་པོའི་འབྲས་དུས་ཀྱི་གདན་གསུམ་ཞི་ཁྲོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་དགོངས་པས་གསལ་འདེབས་ཙམ་དུ་གསུངས་པར་སེམས་ཤིང༌། སྐབས་འདིར་བསྙེན་སྒྲུབ་སྦྲགས་མའི་ཉམས་ལེན་ཉིད་འཆད་པ་ལ། སྒྲུབ་པའི་དཀྱིལ་འཁོར་བསྙེན་པའི་སྐབས་ནས་བཤམས་ན་སྟབས་བདེ་བས། འབྱོར་ན་ཞི་ཁྲོའམ་རྡོར་སེམས་ཀྱི་སྐུའི་མདུན་རས་བྲིས་བཀྲམ། བདག་འཇུག་སོགས་སྤྲོས་པ་དང་འབྲེལ་ན་དབུས་སུ་བུམ་པ་དང༌། ཤར་དུ་རྡོར་དྲིལ་བསྣོལ་མ་དང་ཞི་ཁྲོའི་སྐུ་ཙཀ །ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། གསང་ཐོད། མེ་ལོང་སིན་དྷཱུ་རའི་ཐིག་ལེ་ཅན་དང༌། རིག་ཙཀ །ཤེལ་རྡོ་རྣམས་ཕྱོགས་གང་བདེར་བཤམས། མཇུག་ཏུ་བདག་འཇུག་མ་བླངས་ན་བུམ་པ་སོགས་དབང་རྫས་རྣམས་མི་དགོས་ཀྱང་རང་བྱུང་གི་ཤེལ་རྡོ་ཞིག་དཀྱིལ་འཁོར་གྱི་དབུས་སུ་བཤམས་པས་རུང་བར་གསུངས། དེའི་མདུན་རྒྱབ་གང་བདེར་ཞི་ཁྲོའི་གཏོར་མ་དང༌། སྨན་རཀ །ཉེར་སྤྱོད་སོགས་གཙང་ལ་དག་པས་བསྐོར། མཚམས་ཀྱི་ཐོག་མཐར་དཀར་བགེགས། ཆད་བརྟན་སོགས་ཀྱང་རྒྱས་པར་འདུ་བྱས་ལ། ཁམས་གསུམ་གྱི་འཛིན་པའི་སྣང་ཞེན་འདི་ཕྱི་ཆོས་སྐུའི་མཆོད་སྡོང་ནང་གཞལ་ཡས་ཁང་གི་གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཞི་བ་ཞེ་གཉིས། དབུའི་སྟེང་དུ་ཁྲོ་དཀྱིལ་བཅས་སྐད་ཅིག་དྲན་རྫོགས་སུ་གསལ་བ་སྟེ། བདག་བསྐྱེད་ཀྱི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ནས། སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར་ནས་མདུན་བསྐྱེད་ཀྱི་གཤམ། གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱིའི་འཁོར་ཡུག་སོགས་ནས། དབང་བསྐུར་རྒྱས་གདབ་ནས་བརྩམས་མཆོད་བསྟོད་བར་མདུན་བསྐྱེད་ལྟར་བྱས་མཐར། རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་གྱིས། ཞི་བར་བསྙེན་པ། རུ་ལུ་བཟླ་སྐབས་སོགས་དྲག་པོར་སྒྲུབ་པ། ཐུགས་ཀར་སྔགས་ཕྲེང་འཁོར་བ་སོགས་བཟླས་དམིགས་ཡར་བླངས་ཏེ། རྩ་རིག་བཟླས་པ་ལས་སྦྱོར་ཏེ། བསྙེན་ཚད་གྲངས་བསྙེན་གཙོ་བོར་བཏོན་ན་གཞུང་གསལ་ལྟར་ལ། དེ་ཡང་དང་པོ་ཞི་བསྙེན་གྲངས་བཟུང་སྐབས་དེ་ཉིད་གཙོ་བོར་བྱས་ལ། ཁྲོ་བསྙེན་དང་ལས་སྦྱོར་ཁྱུག་ཙམ་བཟླ། ཞི་བསྙེན་གྲུབ་པས་དེ་ཉིད་ཁྱུག་ཙམ་བཟླས་ལ་དྲག་པོ་གཙོ་བོར་བཏོན། ཁྲོ་བསྙེན་སྐབས་ཀྱང་འོད་ཟེར་སྤྲོ་བསྡུ་ཞི་བ་དང་གཅིག་པར་དགོས་པ་བསྙེན་ཡིག་ལས་གསུངས་པས། རང་ཉིད་རྣམ་སྣང་གསལ་བའི་ལྗགས། །རྡོ་རྗེ་རྩེ་གསུམ་སོགས་ནས་སྒྲོགས་པར་བསམ་ཞེས་མཐར་ཞི་བའི་སྐབས་ཀྱི། འོད་ཟེར་འཕྲོས་པས་འཕགས་པ་མཆོད་སོགས་ནས། མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས། ཨོཾ་རུ་ལུ་རུ་ལུ་སོགས་དང༌། ལས་སྦྱོར་རྩ་རིག་གི །ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་བུན་བུན་འཕྲོས་སོགས་བཟླས་དམིགས་མཐར། རྩ་རིག་སྦྱར་དགོས་འདྲ་ཞིང་ཐུན་བསྡུ་ན་མདུན་བསྐྱེད་མི་བཏང་བར། ཨོཾ་དངོས་སུ་འབྱོར་དང་སོགས་དང༌། བརྗོད་མེད་ཤེས་རབ་སོགས་ཀྱིས་མཆོད་བསྟོད་མདོར་བསྡུས་བྱས་མཐར། ཧོ། ཆུ་ལས་ཆུ་བུར་སོགས་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་ཀྱིས་མཇུག་བསྡུ་བའོ། །དེ་ལྟ་བུའི་ཐུན་བཞི་གསུམ་སོགས་གང་འགྲུབ་ཀྱི་བསྙེན་པ་གྲངས་རྫོགས་ནས། མདུན་བསྐྱེད་ལ་འཇུག་དགོས་པས་བདག་བསྐྱེད་སྔར་ལྟར་བཏང་ནས་མདུན་བསྐྱེད་ལ་འཇུག་པ་ཆོ་གའི་དཀྱུས་ལྟར་བཏང་རྗེས། བཟླས་པའི་སྐབས། ཞི་བ་དྲག་པོའི་ལས་སྦྱོར་རྣམས་ཁྱུག་ཙམ་བཟླས་ལ། བུམ་བཟླས་དང༌། གཙོ་བོར་མདུན་བསྐྱེད་ཀྱི་བཟླས་པ་ལ་གྲངས་བཟུང༌། མཆོད་ཕྲེང༌། བསྟོད་པ་ཕྱག་འཚལ། རུ་ཟུང་བཞིའི་བཤགས་པ། སྐོང་བ། ཚོགས་སོགས་རྒྱས་པར་བཏང༌། བདག་འཇུག་ཉིན་རེ་བཞིན་དུའམ། ཐ་ན་ལན་གསུམ་བླང་དགོས་པས་འདིའི་ཚུལ་ཟུར་དུ་བྲིས་པ་ལྟར་བྱའོ། །དེ་ཡང་ཞི་ཁྲོའི་ཡང་ཡིག་ལས། ཞི་ཁྲོ་ངན་སོང་སྦྱོང་བ་ནི་ཏིང་འཛིན་གསུམ་དང༌། མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་ལམ་དུས་ཀྱི་དཀྱིལ་འཁོར་ལྟར་མ་ཡིན་པར། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ཡིན་ལ་གསུངས་པ་བདག་བསྐྱེད་ལ་དགོངས་པ་འདྲ་ཞིང༌། རྒྱུན་ཁྱེར་དུ་ཉམས་ལེན་བྱེད་ན་སྐྱབས་སེམས་སྔོན་དུ་འགྲོ་བས་བདག་བསྐྱེད་ངན་སོང་སྦྱོང་བ་གཞུང་ལྟར། སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར་ཞེས་པའི་མཐར། ཞི་ཁྲོའི་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་སྦྱར་ཞིང༌། བསྡུ་ལྡང༌། དགེ་བསྔོ་ཤིས་བརྗོད་བསྡུས་ཙམ་བྱས་པས་རུང་བའོ། །གང་ལྟར་ཡང་མདུན་བསྐྱེད་བསྒྲུབས་པའི་མཐར་བདག་འཇུག་བླངས་བས་དངོས་གྲུབ་ལེན་པ་དེས་འཐུས་ཤིང༌། ཁ་སྐོང་གི་སྦྱིན་སྲེག་ནི་རིག་འཛིན་ཞི་དྲག་གི་སྦྱིན་སྲེག་ལ་ལྷ་སྔགས་བསྒྱུར་བར་བྱའོ། །མཚན་གྱི་བདུད་རྩིས་ལས་ཉོན་དྲི། །འཁྲུད་ཅིང་ངན་སོང་གནས་སྦྱོང་བ། །ཚུལ་བཞིན་བསྐྱེད་བཟླས་བསྒྲུབས་པའི་མཐུས། །རྡོ་རྗེ་སེམས་དཔའི་མཆོག་སྟེར་ལྷའི། །བསྙེན་སྒྲུབ་མཁས་གྲུབ་རིག་འཛིན་གྱི། །ཕྱག་བཞེས་ཇི་བཞིན་འདུས་གསལ་དུ། །སྤེལ་འདི་རྟོག་སྒྲིབ་ཉམས་ཆག་མུན། །སངས་ནས་ཡེ་ཤེས་ཉི་གསལ་ཤོག །ཅེས་པའང་བུམ་ཐང་ཉི་ལུང་བཤད་སྒྲུབ་དར་རྒྱས་གླིང་གི་བྱང་འདྲེན་སྒྲུབ་བརྩོན་བླ་མ་འཇམ་དབྱངས་བརྩོན་འགྲུས་ནས་ཆེད་དུ་བསྐུལ་བ་ལྟར་ལམ་འདིར་ཐུན་མིན་གྱི་ངེས་ཤེས་སྐྱེས་པའི་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཐིམ་ཡུལ་བཀྲ་ཤིས་ཆོས་རྫོང་ཉིད་དུ་གནས་པའི་སྐབས་བྲིས་པས་འགྲོ་ཀུན་བདག་རྟོག་འཁྲུལ་པའི་མུན་པ་ཡེ་ཤེས་འདོད་དགུའི་སྣང་བས་དྲུངས་ནས་འབྱིན་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།
[edit]

@#/___/klong chen snying gi thig le'i zhi khro ngan song sbyong ba'i bsnyen pa'i zin thun rig 'dzin 'jug ngogs zhes bya ba bzhugs so/ na mo gu ru badz+ra satwa ye/_bka' gter zung 'jug zhi khro ngan sbyong ba'i bsnyen sgrub bya bar 'dod pas/_thog mar thun mong gi sngon 'gro rnam mkhyen lam bzang gis rgyud sbyang ba rgyas bsdus gang lcogs gnad du bsnun te nges 'byung dang gzhan phan gyi sems bskyed/_bsags sbyang gis rgyud dag par bya ba dang*/_khyad par du bla ma'i rnal 'byor gyi skabs su gu ru rin po che ni sku lnga lhun grub rig 'dzin sangs rgyas nyag gcig yin pas/_de las gzhan pa'i rgyal ba zhi khro med pas rigs thams cad kyi khyab bdag chen por nges pa'i blos gsol ba phur tshugs su gdab cing dbang bzhi len pa'i skabs su yang zhi khro'i dkyil 'khor chen po'i sku gsung thugs ye shes rdo rje'i dkyil 'khor bla ma'i gsang ba gsum la rdzogs pas de thams cad kyi rdo rje bzhi'i byin rlabs thob pa'i nges shes yang yang bskyed pas bdag 'jug gi don yang tshang ba'o/_/bsnyen pa dngos la sngon dang rjes kyi phyag len sogs rig 'dzin dang seng gdong bsnyen yig ltar shes pas las byang dngos kyi nyams len la bdag bskyed bsnyen pa/_tshogs bsags sgrub pa'i rnal 'byor gnyis su gsungs pa'i snga ma rgyun khyer lta bur nyams su blangs na dkyil 'khor mchod pa sogs med kyang rung bar mngon te/_zhi khro'i yang tig dka' gnad rgya grol las/_zhi khro ngan song sbyong ba nyid ting 'dzin gsum dang mngon byang lnga la sogs pas bskyed pa lam dus kyi dkyil 'khor ltar ma yin par/_rang snang lhun grub rnam byang ye shes chen po'i bzhugs tshul ltar yin la/_zhes gsungs pas/_gdod nas dag mnyam chen po'i 'bras dus kyi gdan gsum zhi khro'i dkyil 'khor du lhun gyis grub pa dgongs pas gsal 'debs tsam du gsungs par sems shing*/_skabs 'dir bsnyen sgrub sbrags ma'i nyams len nyid 'chad pa la/_sgrub pa'i dkyil 'khor bsnyen pa'i skabs nas bshams na stabs bde bas/_'byor na zhi khro'am rdor sems kyi sku'i mdun ras bris bkram/_bdag 'jug sogs spros pa dang 'brel na dbus su bum pa dang*/_shar du rdor dril bsnol ma dang zhi khro'i sku tsaka_/lhor dbu rgyan/_nub tu rdo rje/_byang du dril bu/_gsang thod/_me long sin d+hU ra'i thig le can dang*/_rig tsaka_/shel rdo rnams phyogs gang bder bshams/_mjug tu bdag 'jug ma blangs na bum pa sogs dbang rdzas rnams mi dgos kyang rang byung gi shel rdo zhig dkyil 'khor gyi dbus su bshams pas rung bar gsungs/_de'i mdun rgyab gang bder zhi khro'i gtor ma dang*/_sman raka_/nyer spyod sogs gtsang la dag pas bskor/_mtshams kyi thog mthar dkar bgegs/_chad brtan sogs kyang rgyas par 'du byas la/_khams gsum gyi 'dzin pa'i snang zhen 'di phyi chos sku'i mchod sdong nang gzhal yas khang gi gtso bo kun bzang yab yum gyi thugs kar zhi ba zhe gnyis/_dbu'i steng du khro dkyil bcas skad cig dran rdzogs su gsal ba ste/_bdag bskyed kyi/_oM ma hA shU n+ya tA sogs nas/_skad cig dran rdzogs su gsal bar gyur nas mdun bskyed kyi gsham/_gzhan yang dkyil 'khor chen po'i phyi'i 'khor yug sogs nas/_dbang bskur rgyas gdab nas brtsams mchod bstod bar mdun bskyed ltar byas mthar/_rnam snang thugs kyi dkyil 'khor gyis/_zhi bar bsnyen pa/_ru lu bzla skabs sogs drag por sgrub pa/_thugs kar sngags phreng 'khor ba sogs bzlas dmigs yar blangs te/_rtsa rig bzlas pa las sbyor te/_bsnyen tshad grangs bsnyen gtso bor bton na gzhung gsal ltar la/_de yang dang po zhi bsnyen grangs bzung skabs de nyid gtso bor byas la/_khro bsnyen dang las sbyor khyug tsam bzla/_zhi bsnyen grub pas de nyid khyug tsam bzlas la drag po gtso bor bton/_khro bsnyen skabs kyang 'od zer spro bsdu zhi ba dang gcig par dgos pa bsnyen yig las gsungs pas/_rang nyid rnam snang gsal ba'i ljags/_/rdo rje rtse gsum sogs nas sgrogs par bsam zhes mthar zhi ba'i skabs kyi/_'od zer 'phros pas 'phags pa mchod sogs nas/_mchog thun dngos grub thob par dmigs/_oM ru lu ru lu sogs dang*/_las sbyor rtsa rig gi_/thugs kar sngags phreng 'khor ba las 'od zer bun bun 'phros sogs bzlas dmigs mthar/_rtsa rig sbyar dgos 'dra zhing thun bsdu na mdun bskyed mi btang bar/_oM dngos su 'byor dang sogs dang*/_brjod med shes rab sogs kyis mchod bstod mdor bsdus byas mthar/_ho/_chu las chu bur sogs bsdu ldang dge bsngo shis brjod kyis mjug bsdu ba'o/__/de lta bu'i thun bzhi gsum sogs gang 'grub kyi bsnyen pa grangs rdzogs nas/_mdun bskyed la 'jug dgos pas bdag bskyed sngar ltar btang nas mdun bskyed la 'jug pa cho ga'i dkyus ltar btang rjes/_bzlas pa'i skabs/_zhi ba drag po'i las sbyor rnams khyug tsam bzlas la/_bum bzlas dang*/_gtso bor mdun bskyed kyi bzlas pa la grangs bzung*/_mchod phreng*/_bstod pa phyag 'tshal/_ru zung bzhi'i bshags pa/_skong ba/_tshogs sogs rgyas par btang*/_bdag 'jug nyin re bzhin du'am/_tha na lan gsum blang dgos pas 'di'i tshul zur du bris pa ltar bya'o/_/de yang zhi khro'i yang yig las/_zhi khro ngan song sbyong ba ni ting 'dzin gsum dang*/_mngon byang lnga la sogs pas bskyed pa lam dus kyi dkyil 'khor ltar ma yin par/_rang snang lhun grub rnam byang ye shes chen po'i bzhugs tshul ltar yin la gsungs pa bdag bskyed la dgongs pa 'dra zhing*/_rgyun khyer du nyams len byed na skyabs sems sngon du 'gro bas bdag bskyed ngan song sbyong ba gzhung ltar/_skad cig dran rdzogs su gsal bar gyur zhes pa'i mthar/_zhi khro'i bsnyen sgrub las gsum gyi bzlas pa sbyar zhing*/_bsdu ldang*/_dge bsngo shis brjod bsdus tsam byas pas rung ba'o/__/gang ltar yang mdun bskyed bsgrubs pa'i mthar bdag 'jug blangs bas dngos grub len pa des 'thus shing*/_kha skong gi sbyin sreg ni rig 'dzin zhi drag gi sbyin sreg la lha sngags bsgyur bar bya'o/__/mtshan gyi bdud rtsis las nyon dri/_/'khrud cing ngan song gnas sbyong ba/_/tshul bzhin bskyed bzlas bsgrubs pa'i mthus/_/rdo rje sems dpa'i mchog ster lha'i/_/bsnyen sgrub mkhas grub rig 'dzin gyi/_/phyag bzhes ji bzhin 'dus gsal du/_/spel 'di rtog sgrib nyams chag mun/_/sangs nas ye shes nyi gsal shog_/ces pa'ang bum thang nyi lung bshad sgrub dar rgyas gling gi byang 'dren sgrub brtson bla ma 'jam dbyangs brtson 'grus nas ched du bskul ba ltar lam 'dir thun min gyi nges shes skyes pa'i rgyal khams pa 'jigs med mkhyen brtse'i 'od zer rdo rje thugs mchog rtsal gyis thim yul bkra shis chos rdzong nyid du gnas pa'i skabs bris pas 'gro kun bdag rtog 'khrul pa'i mun pa ye shes 'dod dgu'i snang bas drungs nas 'byin pa'i rgyur gyur cig_/dge'o/__/dge'o/__/dge'o//_//

Footnotes

Other Information