DKR-KABUM-02-KHA-001: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 5: Line 5:
|fulltitletib=ཐུབ་བསྟན་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པའི་ཚོགས་རྗེས་སུ་དྲན་པས་གསོལ་བ་གདབ་ཅིང་མཆོད་བསྟོད་བྱ་བའི་རིམ་པ་བྱིན་རླབས་ཡེ་ཤེས་བདུད་རྩིའི་མཆོག་སྩོལ།
|fulltitletib=ཐུབ་བསྟན་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པའི་ཚོགས་རྗེས་སུ་དྲན་པས་གསོལ་བ་གདབ་ཅིང་མཆོད་བསྟོད་བྱ་བའི་རིམ་པ་བྱིན་རླབས་ཡེ་ཤེས་བདུད་རྩིའི་མཆོག་སྩོལ།
|fulltitle=thub bstan ris su ma chad pa'i skyes bu dam pa'i tshogs rjes su dran pas gsol ba gdab cing mchod bstod bya ba'i rim pa byin rlabs ye shes bdud rtsi'i mchog stsol
|fulltitle=thub bstan ris su ma chad pa'i skyes bu dam pa'i tshogs rjes su dran pas gsol ba gdab cing mchod bstod bya ba'i rim pa byin rlabs ye shes bdud rtsi'i mchog stsol
|citation=[[Khyentse, Dilgo]]. ''thub bstan ris su ma chad pa'i skyes bu dam pa'i tshogs rjes su dran pas gsol ba gdab cing mchod bstod bya ba'i rim pa byin rlabs ye shes bdud rtsi'i mchog stsol''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: 1-36. Delhi: Shechen Publications, 1994.
|citation=[[Khyentse, Dilgo]]. ''Thub bstan ris su ma chad pa'i skyes bu dam pa'i tshogs rjes su dran pas gsol ba gdab cing mchod bstod bya ba'i rim pa byin rlabs ye shes bdud rtsi'i mchog stsol''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: 1-36. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum

Revision as of 10:16, 7 November 2022

ཐུབ་བསྟན་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པའི་ཚོགས་རྗེས་སུ་དྲན་པས་གསོལ་བ་གདབ་ཅིང་མཆོད་བསྟོད་བྱ་བའི་རིམ་པ་བྱིན་རླབས་ཡེ་ཤེས་བདུད་རྩིའི་མཆོག་སྩོལ།
Wylie title thub bstan ris su ma chad pa'i skyes bu dam pa'i tshogs rjes su dran pas gsol ba gdab cing mchod bstod bya ba'i rim pa byin rlabs ye shes bdud rtsi'i mchog stsol DKR-KABUM-02-KHA-001.pdf
Location dil mgo mkhyen brtse bka' 'bum
Volume 2, Text 1, Pages 1-36 (Folios 1a to 36a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Thub bstan ris su ma chad pa'i skyes bu dam pa'i tshogs rjes su dran pas gsol ba gdab cing mchod bstod bya ba'i rim pa byin rlabs ye shes bdud rtsi'i mchog stsol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 1-36. Delhi: Shechen Publications, 1994.
Genre Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་རང་ལོ་བཅོ་ལྔའི་སྟེང་རིགས་བརྒྱའི་ཁྱབ་བདག་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་སོགས་རིག་འཛིན་འདུས་པའི་ཚོགས་དང་ལྷན་ཅིག་ཞེ་ཆེན་རི་ཁྲོད་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་ཡོངས་རྫོགས་བཀའ་དྲིན་བསྩལ་བའི་གྲལ་མཐར་བདག་མངྒ་ལའི་མིང་ཡང་ཚུད་པའི་བཀའ་དྲིན་གྱིས་ཐུབ་བསྟན་རིས་མེད་ལ་དད་པའི་སྣང་བ་ཡང་པོར་གྱུར་པས་རང་ལོ་སོ་གཉིས་སྟེང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པའི་རྨི་ལྟས་ཀྱིས་བསྐུལ་ནས་ཤིང་རྟ་བརྒྱད་ཀྱི་བླ་མའི་རྣལ་འབྱོར་ཉུང་བསྡུས་ཤིག་བྲིས་པ་ལ། སླད་ནས་ལུང་རྟོགས་དཔལ་ཡོན་དུ་མས་ཐུགས་རྒྱུད་ཕྱུག་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཐུབ་བསྟན་རིས་མེད་ཀྱི་བླ་མ་མཆོད་པ་ཞིག་བརྩམ་པར་སྔ་ཕྱིར་གསུང་ནན་ཆེན་པོས་བསྐུལ་བའི་རྐྱེན་གྱིས་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ཏེ་ཅུང་ཟད་རྒྱས་པར་ཕྱེ་ནས་བྲིས་པའི་ཡི་གེའི་མཐུན་འགྱུར་རྙིང་སྔགས་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱིས་བགྱིས་ཏེ་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་གི་ཞོལ་བསམ་གཏན་གྱི་སྤྱིལ་བུ་བཀྲ་ཤིས་དགའ་འཁྱིལ་ཏུ་རྫོགས་པར་གྲུབ་པ་འདིས་ཀྱང་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་རླབས་ཁྱད་པར་དུ་འཇུག་པའི་འབབ་སྟེགས་སུ་གྱུར་ཅིག

/ces pa'ang rang lo bco lnga'i steng rigs brgya'i khyab bdag 'gyur med pad+ma bstan 'dzin mkhas grub rgya mtsho'i dbang po'i sdes 'jam mgon chos kyi rgyal po'i mchog sprul rin po che rnam gnyis sogs rig 'dzin 'dus pa'i tshogs dang lhan cig zhe chen ri khrod bde mchog bkra shis dge 'phel du gdams ngag rin po che'i mdzod kyi smin grol yongs rdzogs bka' drin bstsal ba'i gral mthar bdag mang+ga la'i ming yang tshud pa'i bka' drin gyis thub bstan ris med la dad pa'i snang ba yang por gyur pas rang lo so gnyis steng sgrub brgyud shing rta chen po brgyad kyi byin rlabs kyi mtshan ma cung zad thob pa'i rmi ltas kyis bskul nas shing rta brgyad kyi bla ma'i rnal 'byor nyung bsdus shig bris pa la/__slad nas lung rtogs dpal yon du mas thugs rgyud phyug pa'i zhwa de'u 'khrul zhig mchog sprul 'gyur med chos kyi blo gros rin po ches thub bstan ris med kyi bla ma mchod pa zhig brtsam par snga phyir gsung nan chen pos bskul ba'i rkyen gyis mkhas grub gong ma'i gsung gi snang ba la brten te cung zad rgyas par phye nas bris pa'i yi ge'i mthun 'gyur rnying sngags 'gyur med skal bzang 'phel rgyas kyis bgyis te mtha' 'dul gyi gtsug lag khang spa gro skyer chu'i lha khang gi zhol bsam gtan gyi spyil bu bkra shis dga' 'khyil tu rdzogs par grub pa 'dis kyang dpal ldan bla ma dam pa rnams kyi ye shes gzigs pa'i byin rlabs khyad par du 'jug pa'i 'bab stegs su gyur cig

[edit]
༄༅། །ཐུབ་བསྟན་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པའི་ཚོགས་རྗེས་སུ་དྲན་པས་གསོལ་བ་གདབ་ཅིང་མཆོད་བསྟོད་བྱ་བའི་རིམ་པ་བྱིན་རླབས་ཡེ་ཤེས་བདུད་རྩིའི་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།། ༄༅། །ན་མོ་གུ་རུ་བུདྡྷ་ཡ། །ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྒྱུད་འབྱོངས་ངེས་པས། །བླ་མའི་མོས་གུས་ལམ་གྱི་སྲོག་ཏུ་བཟུང་སྟེ་རྣལ་འབྱོར་ཟབ་མོ་རྩེ་གཅིག་ཏུ་བསྒོམ་པ་ནི་གསང་ཆེན་རྡོ་རྗེ་ཐེག་པའི་མྱུར་ལམ་མཐར་ཐུག་པ་ཡིན་ཏེ། དེའི་ཚུལ་བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བས་རྗེས་སུ་དྲན་པ་དྲུག་གིས་བླ་མ་བསྒོམ་ཞིང་ཡིད་ལ་བྱ་བར་གསུངས་པ་ལྟར་ཤིན་ཏུ་མདོར་བསྡུས་ཏེ་བྱ་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། སྦྱོར་བ་དང་སྔོན་འགྲོ་དངོས་གཉིས་ལས། སྔ་མ་ནི། བླ་མའི་དུས་ཆེན་སོགས་སྤྲོས་པ་དང་བཅས་པའི་སྐབས་སུ་གནས་ཁང་བྱི་དོར་རྒྱན་བཀོད་བཀྲམ་པའི་གུང་དུ་གཞུང་མཐུན་རྟེན་གྱི་སྤྱན་སྔར་གོས་བཟང་པོས་བཀབ་པའི་སྟེགས་ཀྱི་དབུས་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་དང༌། མ་འབྱོར་ན་མཎྜལ་སྟེང་དྲི་བཟང་གིས་གཤེར་བའི་འབྲུ་དཀར་གྱི་ཚོམ་བུ་དགུའི་སྟེང་མཉྫི་ལྟ་བུར་བླ་མའི་སྐུའམ། དབུ་སྐྲ། ཕྱག་སེན་སོགས་བཞུགས་སུ་གསོལ་བའི་མཐར་ཉེར་སྤྱོད་གཙོར་གྱུར་མཆོད་པ་བརྒྱ་སྟོང་ཅི་འབྱོར་བཀོད་ལེགས་སུ་བཤམས། རྒྱུན་གྱི་རྣལ་འབྱོར་ལྟ་བུར་ཏིང་འཛིན་དམིགས་པ་ཁོ་ནས་ཀྱང་རུང་བས་སྐབས་ཕྱེད་པར་བྱའོ། །གཉིས་པ་ནི། བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །སྡུག་བསྔལ་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང༌། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །ཞེས་ལན་གསུམ་སོགས་ཅི་ནུས་སུ་བརྗོད་ཅིང་བློ་སྦྱངས། བླ་མ་མཆོད་པ་གཙོ་བོར་བྱ་བའི་སྐབས་དང་འབྲེལ་ན། བགེགས་བསལ་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་འབར་བ་ཆེན་པོའི་སྐུར་གྱུར། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་པས། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་བཀས་པར་བྱེད། །གལ་ཏེ་གང་ཞིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་རོལ་མོ་ཚམ་རྔམས་བྱ། སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །རབ་བརྟན་སྲུང་པའི་འཁོར་ལོར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་བྷྲཱུྃ་ཧཱུྃ། ཞེས་པས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ། གནས་ཡོ་བྱིན་བརླབ་ནི། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས། མཆོག་གི་མ་དཱ་ན་རྡོ་རྗེའི་རིག་མ་བཅུ་དྲུག་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་བདེ་སྤྱོད་ཀྱི་མཆོད་རྫས་ཡུལ་ནམ་མཁའི་མཐར་ཁྱབ་ཅིང༌། དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧཱུྃ་སྭཱ་ཧཱ། ཨོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྟའི་བར་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ་ཞེས་སོགས་མཆོད་པའི་སྤྲིན་གྱི་གཟུངས་དང༌། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏི། པྲཛྙཱ་པཱ་ར་མི་ཏ། ནཱ་ད་སྭ་བྷཱ་ཝེ་བཛྲ་དྷརྨ་ཧྲི་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། རོལ་མོ་བྱིན་རླབས་སྔགས་རྣམས་བརྗོད། གཉིས་པ་དངོས་གཞི་ལ། ཐོག་མར་རྗེས་དྲན་དྲུག་གི་དང་པོ་བླ་མའི་སྐུ་ཡི་རྣམ་པ་རྗེས་སུ་དྲན་པས་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅ཧཾ། སྣོད་བཅུད་གཟུང་འཛིན་མི་དམིགས་སྟོང་པའི་ངང༌། །ཟབ་གསལ་གཉིས་མེད་ཡེ་ཤེས་གཅིག་པུའི་འཕྲུལ། །སྲིད་ཞིའི་ཉམས་འགྱུར་དུ་མ་འཆར་བ་ལས། །གནས་ཡུལ་ཅིར་སྣང་དག་པ་རབ་འབྱམས་ཞིང༌། །འོག་མིན་གསང་ཆེན་རྡོ་རྗེའི་ཕོ་བྲང་དབུས། །མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་གྱིས། །མངོན་པར་དཀྲིགས་པའི་རིན་ཆེན་སེང་གེའི་ཁྲི། །དར་ཟབ་འབོལ་བརྩེགས་ངུར་སྨྲིག་གདན་གྱི་སྟེང༌། །རིགས་ཀུན་ཁྱབ་བདག་གསུམ་ལྡན་རྡོ་རྗེ་འཛིན། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ནི། །དཀར་དམར་མདངས་ལྡན་གཟི་བརྗིད་དཔལ་དུ་འབར། །ཞལ་རས་རྒྱས་ཤིང་སྤྱན་ཟུང་ཟླུམ་ལ་འཁྱིལ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་སྐལ་བཟང་ལ། །དངོས་གྲུབ་མཆོག་སྩོལ་རྡོ་རྗེ་ཚེ་བུམ་འཛིན། །གཡོན་པས་མཉམ་གཞག་ཤེས་རབ་དྲིལ་བུ་དང༌། །གླེགས་བམ་བསྣམས་པས་མཐའ་ཡས་ཆོས་ཚུལ་སྟོན། །སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་ཀླུབས། །སྡེ་སྣོད་རབ་འབྱམས་འཛིན་པའི་པཎ་ཞུ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །མཆོག་གསུམ་ངོ་བོ་རྩ་གསུམ་རྒྱ་མཚོའི་བདག །སྐུ་གསུམ་དབྱེར་མེད་རིགས་བརྒྱའི་འཁོར་ལོས་སྒྱུར། །དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག་མཛད་པ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །རྟེན་བསྐྱེད་བསྡུས་ན། གཞན་ཡང་འཕགས་ཡུལ་ཤིང་རྟ་ཆེན་པོ་གཉིས། །རྒྱན་དྲུག་ཞི་འཚོ་གསེར་གླིང་ཇོ་བོ་རྗེ། །ཤཱཀྱ་ཤྲཱི་གྲུབ་ཆེན་བརྒྱད་ཅུ་དང༌། །མེས་དབོན་རྣམ་གསུམ་མཁན་སློབ་རྗེ་འབངས་ཚོགས། །གངས་ལྗོངས་བཤད་ཀ་བཅུ་དང་སྒྲུབ་བརྒྱུད་བརྒྱད། །མཁས་གྲུབ་འཕགས་ཚོགས་དཀོན་མཆོག་རྩ་བ་གསུམ། །མ་འགག་ཡེ་ཤེས་རོལ་པ་གང་འདུལ་གར། །ནམ་མཁའི་དབྱིངས་ཀུན་ཁྱབ་པས་བཞུགས་པར་གསལ། །ཞེས་པའམ། སྤྲོ་ཞིང་ནུས་ན། རིགས་ཀུན་གྱི་ཁྱབ་བདག་དཔལ་མགོན་བླ་མ་འཇིགས་བྲལ་གྱི་སློབ་དཔོན་དོན་ཐམས་ཅད་གྲུབ་པའི་དབུ་གཙུག་འཇའ་ཟེར་ཐིག་ལེའི་སྣང་བ་ཁྱབ་ཅིང་བརྡལ་བའི་དབུས་སུ་ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཡེ་ཤེས་ཆེན་པོའི་སྤྱི་གཟུགས་མ་ཧཱ་གུ་རུ་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་སྐུ་མདོག་དཀར་དམར་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་སྡིགས་མཛུབ་དང་བཅས་པས་འཕྱར་སྟབས་སུ་འཛིན་པ། གཡོན་པའི་མཉམ་བཞག་གི་སྟེང་ན་ཐོད་པ་དང་ཚེ་བུམ་ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གང་བ་འཛིན་པ། གྲུ་མོ་གཡོན་དུ་རྡོ་རྗེའི་ཁ་ཊྭཱྃ་ག་འཆང་བ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། ཕོད་ཆེན་མཐིང་ག །ཆོས་གོས་རྣམ་གསུམ་དམར་སེར། ཟ་འོག་གི་བེར་ཆེན་དབང་གི་མདོག་ཅན་གསོལ་བ། དབུ་ལ་ཤའུའི་སྙན་ཞུ་བརྗིད་པས་མཛེས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་ཁྲི་པད་ཟླའི་གདན་ལ་འགྱིང་བའི་སྐུ་ལས་སྐྱེས་པའི་འོད་ཕུང་གི་ཀློང་དུ་ཉིད་ལས་མི་གཞན་པའི་གུ་རུ་ཐོད་ཕྲེང་རིགས་ལྔ་དང༌། རིག་འཛིན་རྩལ་འཆང་བཅུ་གཉིས། སྤྲུལ་པའི་གུ་རུ་མཚན་བརྒྱད། ཡིད་བཞིན་ནོར་བུ་གུ་རུ་བཅུ་གསུམ། འགྲོ་འདུལ་གུ་རུ་རིགས་དྲུག །འཕྲུལ་མཚན་བཞི་བཅུ་རྩ་ལྔ། མཚན་གྱི་བྱེ་བྲག་བརྒྱ་རྩ་ལ་སོགས་པའི་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་འཕྲོ་བའི་གཡས་སུ་སློབ་དཔོན་ཉིད་དང་དགོངས་པ་མཉམ་པའི་རྣམ་པར་སྣང་མཛད་བོད་ཡུལ་ཆོས་ཀྱི་ཉི་མ་བཻ་རོ་ཙ་ན། གཡོན་དུ་གངས་ཅན་བསྟན་པའི་རྩ་ལག་འཇམ་དཔལ་གཞོན་ནུ་ཁྲི་སྲོང་ལྡེའུ་བཙན། མདུན་དུ་གསང་འཛིན་ཡེ་ཤེས་ཀྱི་ཌཱ་ཀི་དབྱངས་ཅན་སྤྲུལ་པ་མཁར་ཆེན་བཟའ་མཚོ་རྒྱལ་སོགས་སྤྲུལ་པའི་རྗེ་འབངས་ལོ་པཎ་གྲུབ་ཐོབ་རིག་འཛིན་རྒྱ་མཚོས་བསྐོར་བ། མ་ཧཱ་གུ་རུའི་དབུ་གཙུག་ཏུ་འོད་གསལ་འཕོ་བ་ཆེན་པོའི་རྡོ་རྗེའི་སྐུ་བརྙེས་པའི་སློབ་དཔོན་བི་མ་ལ་མི་ཏྲ་ལ། མཁས་པ་ཛྙཱ་ན་སཱུ་ཏྲ། རིག་འཛིན་ཤྲཱི་སིང་ཧ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རྫོགས་ཆེན་སྟོན་པ་བཅུ་གཉིས། ལོངས་སྐུ་བདེ་གཤེགས་ཞི་ཁྲོ། ཆོས་སྐུ་ཀུན་ཏུ་བཟང་པོ་སོགས་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་སྣང་བཞིའི་དགོངས་རྩལ་རྫོགས་པའི་ཚོམ་བུས་བསྐོར་བ། འཇམ་དབྱངས་བླ་མའི་ཕྱག་གཡས་པ་པད་སྡོང་གི་དབུས་སུ་མཛེས་པའི་ཚེ་བུམ་ལས་འཕྲོས་པའི་ལྔ་ལྡན་འོད་ཀྱི་ཟེར་སྤྲིན་རྡོ་རྗེའི་ཞིང་རབ་འབྱམས་སུ་ཁྱབ་པར་བརྡལ་པའི་ཀློང་ན་རིགས་ཐམས་ཅད་ཀྱི་ཁྱབ་བདག་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྟོན་པ་ཆོས་སྐུ་རྡོ་རྗེ་འཆང་ཨིནྡྲ་ནཱི་ལའི་མདོག་ཅན་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཡོངས་སུ་རྫོགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་སེང་ཁྲི་པད་ཟླ་ལ་བཞུགས་ཤིང༌། འཕགས་པ་སྤྱན་རས་གཟིགས་དང༌། ས་བཅུའི་དབང་ཕྱུག་རྡོ་རྗེ་སྙིང་པོ་ལ་སོགས་པའི་གསང་བ་རྒྱ་མཚོའི་མཛོད་ཀྱི་གཉེར་འཛིན་པའི་ལྷ་དང་ཌཱ་ཀིས་བསྐོར་བ་ལ་གསང་ཆེན་རྒྱུད་སྡེ་བཞི་ཡི་བཀའ་བབས་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ས་ར་ཧ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། ནག་པོ་སྤྱོད་པའི་རྡོ་རྗེ། གྲུབ་ཆེན་ལཱུ་ཧི་པ། རྗེ་བཙུན་བིརཝ་པ། རྡོ་རྗེ་དྲིལ་བུ་པ་གཙོ་བོར་གྱུར་པའི་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས་རྡོ་རྗེའི་བརྟུལ་ཞུགས་གྲུབ་པས་བདེ་ཆེན་གྱི་གཟི་བྱིན་འབར་ཞིང༌། ཡེ་ཤེས་ཀྱི་ཟིལ་ཆེན་པོས་དཔལ་ཧེ་རུ་ཀའི་ཚོགས་ཁང་དུ་ལྷུན་གྱིས་གྲུབ་པས་མཆོག་ཐུན་གྱི་དངོས་གྲུབ་དྲན་པ་ཙམ་གྱིས་སྟེར་བ། ཕྱག་གཡོན་གླེགས་བམ་རལ་གྲིས་མཚན་པ་ལས་བྱུང་བའི་འཇའ་སྤྲིན་འོད་ཀྱི་ཕྲེང་བས་སྲིད་ཞི་ཀུན་ཏུ་ཁྱབ་པའི་དབུས་སུ་བསྟན་པའི་བདག་པོ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག་གི་སྤྲུལ་པའི་སྐུ་ཡི་ཚུལ་གྱིས་མཚན་དཔེ་ཡོངས་སུ་རྫོགས་ཤིང་ཆོས་གོས་རྣམ་པ་གསུམ་གསོལ་བ། ཕྱག་གཉིས་ས་གནོན་དང་མཉམ་གཞག་གིས་ལྷུང་བཟེད་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རིན་པོ་ཆེའི་ཁྲི་དང་པད་ཟླ་ལ་བཞུགས་ཤིང༌། རྒྱལ་ཚབ་བྱམས་པ་མགོན་པོ། རྗེ་བཙུན་འཇམ་པའི་དབྱངས་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་དང༌། གཏད་རབས་བདུན་དང་གནས་བརྟན་བཅུ་དྲུག་སོགས་ཐུགས་སྲས་ཐེག་པ་ཆེ་ཆུང་གི་འཕགས་ཚོགས་འདུས་པས་བསྐོར་བ་ལ། ཟབ་མོ་ལྟ་བའི་ཤིང་རྟ་འཕགས་པ་ཀླུ་སྒྲུབ་ཡབ་སྲས། རྒྱལ་ཆེན་སྤྱོད་པའི་སྲོལ་འབྱེད་ཐོགས་མེད་སྐུ་མཆེད། བྱང་ཆུབ་སེམས་དཔའ་ཞི་བ་ལྷ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཐུབ་དབང་གཉིས་པ་ཤཱནྟ་རཀྵི་ཏ། མ་བྱོན་སངས་རྒྱས་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་སོགས་འཛམ་གླིང་མཛེས་པའི་རྒྱན་དྲུག །མཆོག་གཉིས། མཁས་པ་སྒོ་དྲུག་སོགས་སྡེ་སྣོད་གསུམ་གྱི་ཤིང་རྟ་ཆེན་པོ་རྣམས་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟར་བཞུགས་པས་འཇིག་རྟེན་གསུམ་གྱི་མཆོད་སྡོང་དུ་མཛེས་པ། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སྐུའི་གཡས་སུ་བྱང་ཆུབ་སེམས་ཀྱི་མངའ་བདག་བསྟན་འཛིན་བྱེ་བའི་འབྱུང་གནས་མཉམ་མེད་ཇོ་བོ་རྗེ་དཔལ་མར་མེ་མཛད་བཟང་པོ། གངས་ཅན་གྲུབ་པའི་སྲོལ་འབྱེད་དགྱེས་མཛད་ལོ་ཙཱ་ཆེན་པོ། གསང་ཆེན་རྒྱུད་སྡེའི་མངའ་བདག་བླ་མ་ས་སྐྱ་པ་བརྩེ་བ་ཆེན་པོ་རྣམས་དང༌། སྐུའི་གཡོན་ལོགས་སུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་གྲུབ་ཆེན་ཐང་སྟོང་རྒྱལ་པོ། དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་བཀའ་བབས་ཕ་དམ་པ་སངས་རྒྱས། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བཀའ་བབས་གསང་ཆེན་རྒྱུད་སྡེའི་ཤིང་རྟ་བུ་སྟོན་རིན་ཆེན་གྲུབ། མདུན་དབུས་དྲང་པོར་བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པ་ལ་གཡས་སུ་འཇམ་མགོན་བློ་གྲོས་མཐའ་ཡས། གཡོན་དུ་གཏེར་ཆེན་མཆོག་གྱུར་གླིང་པ། མདུན་དུ་མི་ཕམ་སྨྲ་བའི་སེང་གེ །འཇམ་དབྱངས་ཆོས་ཀྱི་བློ་གྲོས། མཆན། རིགས་བདག་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་རྣམས་ཀྱིས་བསྐོར་བ། མདུན་གྱི་གཡས་ཟུར་དུ་སྒྱུ་འཕྲུལ་རྒྱུད་ཀྱི་མངའ་བདག་གསང་བའི་བདག་པོ་ཟུར་ཆེན་ཤཱཀྱ་འབྱུང་གནས་ལ། བཤད་པའི་བཀའ་བབས་ས་སྐྱ་པཎྜི་ཏ་ཆེན་པོ། སྒྲུབ་པའི་མངའ་བདག་རྗེ་བཙུན་མི་ལ་རས་པ། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་རྣམས་དང༌། གཡོན་ཟུར་དུ་ཟབ་གཏེར་རྒྱ་མཚོའི་སྤྱི་མེས་མངའ་བདག་ཉང་ཉི་མ་འོད་ཟེར་ལ་མདོ་སྔགས་ཟུང་འཇུག་གི་ཤིང་རྟ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་རྣམས་ལ་རང་རང་གི་ཐུགས་སྲས་བརྒྱུད་འཛིན་ངོ་མཚར་ཅན་བགྲང་ལས་འདས་པ་དང༌། གཞན་ཡང་རྒྱལ་བསྟན་སྤྱིའི་བླ་མ། ཆོས་སྒོར་འདྲེན་པའི་བླ་མ། ཉམས་ཆག་སྐོང་བའི་བླ་མ། མན་ངག་སྟོན་པའི་བླ་མ། ཤེས་རྒྱུད་འགྲོལ་བའི་བླ་མ། བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པའི་ཚོགས་འཁོར་དང་བཅས་པས་བསྐོར་བ། དེ་རྣམས་ཀྱི་མདུན་དུ་རྒྱུད་སྡེ་དྲུག་དང་འབྲེལ་བའི་ཡི་དམ། གཡས་སུ་སངས་རྒྱས་དཀོན་མཆོག་མཆོག་གི་སྤྲུལ་པའི་སྐུ། རྒྱབ་ཏུ་ཆོས་དཀོན་མཆོག་གི་རྣམ་པ་གླེགས་བམ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན་རྣམས། བར་མཚམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་དྭངས་བའི་མཁའ་ལ་ཆར་སྤྲིན་འཐིབས་པ་ལྟར་བཞུགས་པ། དེ་ཐམས་ཅད་ཀྱང་རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་རོལ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ། སྐུ་ཕྱི་ནང་གསང་བའི་མཚན་དཔེའི་གཟི་བྱིན་དཔལ་དུ་འབར་བ། གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒོ་མཐའ་ཡས་འབྱེད་པ། ཐུགས་མཁྱེན་བརྩེ་ནུས་པའི་རྩལ་འབར་བས་ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་བའི་བདག་ཉིད་ཆེན་པོར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང་བསམ་ལ་བླ་མ་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་ཡིད་ཆེས་ཀྱིས་སྐུ་ཡི་རྣམ་འགྱུར་ལ་སེམས་ཡུན་རིང་དུ་བཟུང་ནས་རྗེས་སུ་དྲན་པས་ཡང་ཡང་གསོལ་བ་བཏབ་པ་ཁོ་ནས་ཀྱང་རུང་མོད། བླ་མ་མཆོད་པ་སོགས་ཀྱི་སྐབས་སྤྱན་འདྲེན་སྦྱར་ན་ལེགས་པས། སྤོས་བཏུལ། གདུང་ཤུགས་དབྱངས་དང་བཅས་ཏེ། ཕྱོགས་དུས་ཀུན་ན་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཞེས་བསྐུལ་བས་མངོན་སུམ་བཞིན་དུ་བྱོན་ནས། ཛཿཧཱུྃ་བྃ་ཧོཿས། སྤྱན་དྲངས་པའི་ལྷ་ཚོགས་རྣམས་མདུན་གྱི་ཚོགས་རྟེན་དང་གཉིས་སུ་མེད་པར་བཞུགས་པར་བསམ། མཆོད་པ་རྒྱས་པའི་སྐབས་འདིར་ཁྲུས་གསོལ། སྐུ་ཕྱི། ན་བཟའ་འབུལ་བ་རྣམས་སྤྱི་ལྟར་བྱས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་དཀྱུས་སུ་མ་གྲུབ་ཀྱང་འགལ་བ་མེད། གཉིས་པ་ཚོགས་བསགས་རྒྱས་པར་སྤེལ་བ་ལ། ཡན་ལག་བདུན་པ་དང་རྗེས་དྲན་རྣམས་སྤེལ་ཏེ་བྱ་བ་ལ། དང་པོ་ཕྱག་འཚལ་བ་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་སོགས་མཆོད་པའི་ལས་རིམ་ལ་འཇུག་པར་གྱུར། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཁའི་པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་བཟང་རིགས་ལྔ་རིགས་གསུམ་དགའ་རབ་རྗེ། །ཤྲཱི་སིང་རིགས་ཅན་རྣམ་ལྔ་རྒྱལ་པོ་ཛཿ སངས་རྒྱས་གསང་བ་རིག་འཛིན་མཆོག་བརྒྱད་སོགས། །བཀའ་བབས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་དང༌། །འདུལ་བ་མདོ་སྡེ་མངོན་པ་རིན་པོ་ཆེ། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་གྱི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་རྒྱུད། །རྣལ་འབྱོར་ཆེ་དང་ཨ་ནུ་ཨ་ཏི་སོགས། །ཐེག་པ་རིམ་དགུའི་ཆོས་ཚུལ་རྒྱ་མཚོ་ཡི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་བི་མ་ལ། །གངས་ཅན་བསྟན་པའི་ཉི་མ་ཞི་བ་འཚོ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་མེས་དབོན་གསུམ། །བཀའ་དྲིན་ཆེ་ལྡན་རྣམས་ལ་ཕྱག་འཚལ་ལོ། །ཐུགས་སྲས་ཉེར་ལྔ་རྒྱུད་སྡེ་སྒྱུ་འཕྲུལ། སོ་ཟུར་གནུབས་ཨ་ནུ་ཚོགས་ཆེན་འདུས་པ། ཉང་ཟབ་གཏེར། སོགས། །ལོ་པཎ་མཁས་གྲུབ་རིམ་པར་བྱོན་རྣམས་དང༌། །འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཨིནྡྲ་བྷཱུ་ཏི་ཕ་རྒྱུད་གསང་འདུས། བི་རཱུ་མ་རྒྱུད་ཀྱཻ་རྡོར། ས་ར་ཧ་སངས་རྒྱས་ཐོད་པ། ཕྱག་ཆེན། །ལཱུ་ཧི་བདེ་མཆོག་ནག་པོ་པ་དང་དྲིལ་བུ་པ། །སངས་རྒྱས་གསང་བ་རྣལ་འབྱོར་རྒྱུད་གཙོ་བོར་གྱུར་པའི་བྱ་སྤྱོད་གསུམ་སྒེག་རྡོར་གཉིས་མེད་དུས་འཁོར་དུས་ཞབས་སྤྲུལ་པའི་རིགས་ལྡན་དངོས་ཀྱིས་རྗེས་བཟུང་ཙི་ལུ་པ་ཆུང་པའམ་དུས་འཁོར་ཞབས་ཆེན་པོ། ཨ་ཝ་དྷཱུ་ཏི། ངག་གི་དབང་ཕྱུག །ཤྲཱི་བྷ་དྲ་བོ་དྷི། ནཱ་ལེནྡྲ་བཞིའི་ཕྱི་མ་གསུམ་ལ་དུས་ཞབས་ཆུང་བ་གྲགས། སོགས། །དཔག་ཡས་གྲུབ་ཆེན་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཀླུ་སྒྲུབ་འཇམ་དབྱངས་ཀྱིས་རྗེས་བཟུང་ཟབ་མོ་ལྟ་བའི་ཤིང་རྟ། ཨཱརྻ་དེ་ཝ་དང༌། །བྱམས་པས་རྗེས་བཟུང་རྒྱ་ཆེན་སྤྱོད་པ། ཐོགས་མེད་དབྱིག་གཉེན་ཆོས་མངོན། ཕྱོགས་གླང་ཚད་མ། ཆོས་ཀྱི་གྲགས། །དབུ་མ། ཆོས་སྐྱོང་ཡོན་ཤཱཀ་འདུལ་བ། རྣམ་གཉིས་དཔའ་བོ་སོགས། །འཛམ་གླིང་རྒྱན་མཆོག་རྣམས་ལ་ཕྱག་འཚལ་ལོ། །ཆོས་བློན་ཐུ་མི་བོད་ཡུལ་ལོ་ཙཱའི་ཐོག་མ། བཻ་རོ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལོ་ཙཱ། སྐ་ཅོག་ཞང༌། །སྡིག་སྤྱོད་རྒྱལ་པོ་བསྒྲལ་བས་བསྟན་སྲོག་མཐུད་ལྷ་ལུང༌། །དཔལ་གྱི་རྡོ་རྗེ་རིན་བཟང་ཕྱི་འགྱུར་གསར་མའི་ལོ་ཙཱའི་ཐོག་མ་འདི་དང༌། མདོ་སྔགས་ཐམས་ཅད་ཀྱི་སྲོལ་འབྱེད་རྔོག་ལོ་གཉིས་རྒྱལ་བས་ལུང་བསྟན་རྔོག་ལོ་ཆེ། །ས་སྐྱ་པཎ་ཆེན་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྲོལ་ཐུགས་སུ་ཆུད་འཆད་ཉན་མཛད། བུ་སྟོན་འདུལ་མངོན་ཤེར་ཕྱིན་ཚད་མ། རིན་ཆེན་གྲུབ། །བཤད་རྒྱུད་ཀ་ཆེན་བཅུ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་མངའ་བདག་མར་མེ་མཛད། །གསང་ཆེན་རྒྱུད་སྡེའི་འབྱུང་གནས་རྣལ་འབྱོར་རྒྱུད་གཙོར་གྱུར་རྒྱུད་སྡེ་རབ་འབྱམས་ཀྱི་ཤིང་རྟ། ས་སྐྱ་པ། །ཟླ་མེད་གྲུབ་པའི་གསེང་ལམ་བཀའ་བརྒྱུད་པ། །ཤངས་པའི་གསེར་ཆོས་རྣམས་ལ་ཕྱག་འཚལ་ལོ། །ལུང་རིག་སེང་གེའི་སྒྲ་སྒྲོགས་ཙོང་ཁ་པ། །མདོ་སྔགས་ཟུང་འཇུག་ཞི་གཅོད་དུས་འཁོར་ལོ། །རྡོ་རྗེའི་བསྙེན་སྒྲུབ་ཟབ་ཁྲིད་བརྒྱ་རྩ་སོགས། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལ་ཕྱག་འཚལ་ལོ། །སྤྱི་དང་འདྲེན་དང་དབང་བསྐུར་ཉམས་ཆག་སྐོང༌། །མན་ངག་སྟོན་དང་ཤེས་རྒྱུད་གྲོལ་མཛད་ཅིང༌། །རིས་མེད་རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱིས། །འཛིན་མཛད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་གནས་མཚུངས་མེད་དཀོན་མཆོག་རིན་ཆེན་གསུམ། །རྒྱུད་སྡེ་དྲུག་གི་ཡི་དམ་མཁའ་འགྲོ་དང༌། །རྡོ་རྗེ་ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས། །ཕྱོགས་དུས་སྐྱབས་ཡུལ་ཀུན་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བྷནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱ། གཉིས་པ་མཆོད་བསྟོད་འབུལ་བ་ལ། དང་པོ་ཕྱི་དངོས་འབྱོར་གྱི་མཆོད་པ་ནི། ངོ་བོ་ལམ་གྱི་ཡོན་ཏན་དེ་དང་དེ་དག་རྣམ་པ་ཇི་ལྟར་སྨོས་པའི་མཆོད་པར་ཤར་བས་བསྙེན་བཀུར་བྱས་པར་མོས་ལ། ངེས་འབྱུང་ཡན་ལག་བརྒྱད་ཀྱི་རོ་ནུས་ལ། །རྣམ་དག་སོ་ཐར་ཁྲིམས་གཙང་ལྦུ་ཕྲེང་འཛུམ། །ཀུན་ཏུ་སིམ་སྟེར་རྟག་ཏུ་བསྙེན་བྱའི་སྐྱེམས། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གཞན་ཕན་མངར་བའི་དྲི་བསུང་ལེགས་ལྡང་ཞིང༌། །རང་དོན་ཡིད་བྱེད་ཉེས་བརྒྱའི་དྲི་མ་འཁྲུད། །སྡོམ་སྡུད་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཆབ། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པཱདྱཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དག་ཆེན་ཡེ་ཤེས་དབྱིབས་ལེགས་ཁ་དོག་བཀྲ། །མཉམ་པ་ཆེན་པོའི་སྦྲང་རྩིའི་ཟིལ་མངར་ལྕི། །སྣང་སྤྱོད་ཡེ་ཤེས་རོལ་པའི་མེ་ཏོག་ཚལ། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རབ་དྭངས་ཡིད་ཀྱི་བར་སྣང་ཁྱོན་བརྡལ་བའི། །ཡིད་ཆེས་མནམ་ན་ཞིམ་པའི་བདུག་པའི་སྤྲིན། །ཚོར་བས་ཡིད་འཁུལ་ནུས་པ་ངད་བརྒྱའི་སྤོས། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཤེས་བྱའི་དངོས་ཀུན་གསལ་བའི་འོད་སྟོང་གིས། །ཀུན་རྨོངས་མུན་སེལ་ཤེས་རབ་རྣམ་འབྱེད་གཟིས། །རྒྱལ་ཀུན་དགྱེས་སྐྱེད་ངོ་མཚར་སྣང་གསལ་ཚོགས། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རེག་པས་སིམ་སྟེར་བསིལ་དྭངས་དྲི་ངད་ཅན། །ངོ་ཚ་ཁྲེལ་ཡོད་ལང་ཚོའི་མདངས་ཀྱི་གསོས། །མཐོང་ན་མི་མཐུན་མེད་པའི་བྱུག་པའི་མཚོ། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གཏོང་སེམས་རབ་ཡངས་རིན་ཆེན་ནོར་བུའི་སྣོད། །ཆོས་དང་ཟང་ཟིང་འདོད་དགུའི་འབྱོར་པས་གཏམས། །ཅི་དགར་རོལ་བས་མཆོག་སྦྱིན་རོ་བརྒྱའི་བཤོས། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ནཻ་བིདྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དབྱངས་བདུན་ཡན་ལག་རྫོགས་པའི་ཚངས་པའི་གསུང༌། །ཐེག་གསུམ་འགྱུར་ཁུག་བྱེ་བའི་འདེགས་འཇོག་ཅན། །ཐོས་པ་ཙམ་གྱིས་སྲིད་ཞིའི་གདུང་སེལ་སྒྲས། །རྒྱལ་ཀུན་སྤྱི་གཟུགས་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གིས་མཆོད། བསྡུ་ན། ཕུལ་བྱུང་འཕགས་ནོར་རིན་ཆེན་བདུན་གྱི་དཔལ། །རིགས་ཀུན་ཁྱབ་བདག་འཇམ་མགོན་དགྱེས་བསྐྱེད་ཕྱིར། །ཉེར་སྤྱོད་རིན་ཆེན་བདུན་གྱི་རྣམ་པ་རུ། །འབུལ་གྱིས་བཞེས་ལ་བདག་རྒྱུད་བྱིན་གྱིས་རློབས། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྟ་པཱུ་ཛ་སོགས། གཉིས་པ་ཡོན་ཏན་རྗེས་སུ་དྲན་པ་ནི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །དང་པོའི་སངས་རྒྱས་ཀུན་བཟང་ཆོས་ཀྱི་སྐུ། །བདེ་སྟོང་ཁ་སྦྱོར་བདུན་རྫོགས་ངེས་པ་ལྔའི། །ལོངས་སྤྱོད་ཡོངས་རྫོགས་རིགས་ལྔ་ཞི་ཁྲོའི་སྤྲིན། །མཁའ་ཁྱབ་ཐུགས་རྗེས་འགྲོ་འདུལ་སྤྲུལ་པའི་སྐུ། །ཤཱཀྱའི་ཏོག་དང་མཚོ་སྐྱེས་རྡོ་རྗེ་ཡིས། །ལེགས་བསྟན་འཕགས་བོད་ཡུལ་བྱོན་ཐུབ་པའི་བསྟན། །འཛིན་སྤེལ་སྐྱོང་བར་མཛད་པའི་བཀའ་དྲིན་ཅན། །བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ། །སངས་རྒྱས་རྣམས་དང་ཆོས་སྐུར་དབྱེ་བ་མེད། །དམ་ཆོས་གསུངས་ཤིང་གཞན་དོན་མཛད་པ་ཡང༌། །དེ་བཞིན་གཤེགས་པ་རྣམས་དང་དབྱེར་མེད་པའི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་ཡས་མངའ། །གནས་སྐབས་དང་པོར་བསྟན་ལ་ཞུགས་ནས་བཟུང༌། །བསླབ་གསུམ་སྒྲུབ་ལ་ལྟེམ་རྐྱང་མི་མངའ་བས། །ལུང་དང་རྟོགས་པའི་ཡོན་ཏན་དཔག་མེད་བརྙེས། །དུས་གསུམ་སངས་རྒྱས་ཀུན་ལ་བསྐལ་པའི་བར། །མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད་པ་བས། །བླ་མའི་བ་སྤུའི་ཁུང་བུར་འབྲུ་མར་གྱིས། །ཐིགས་པ་གཅིག་གསོལ་བསོད་ནམས་ཁྱད་པར་འཕགས། །དེ་ལྟའི་ཡོན་ཏན་བསམ་མི་ཁྱབ་པའོ། །ཁྱད་པར་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང༌། །རིས་མེད་བསྟན་པའི་ཤིང་རྟ་ཆེ་འདི་རྣམས། །དོན་གྱི་གསང་བ་རྡོ་རྗེ་འཆང་ཆེན་དངོས། །གདུལ་བྱའི་ཕྱིར་དུ་མཁས་གྲུབ་ལོ་པཎ་ཚུལ། །མོས་དང་དད་པས་གསོལ་བ་བཏབ་ཙམ་གྱིས། །དབང་བསྐུར་བྱིན་རླབས་དངོས་གྲུབ་ངེས་པར་སྩོལ། །མཐའ་ཡས་སྤངས་རྟོགས་མཁའ་དང་རྒྱ་མཚོ་བཞིན། །གང་འདུལ་ཕྲིན་ལས་རྣམ་རོལ་བསམ་མི་ཁྱབ། །ཅེས་པའི་དོན་ལ་བསམ་ཏེ་མཁས་གྲུབ་བླ་མ་རྣམས་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་ལ་ཡིད་ཆེས་པའི་ངེས་ཤེས་ཀྱི་དད་པས་ཡིད་འཁུལ་ངེས་སུ་བསམ། གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། མཁའ་ཁྱབ་བྱང་ཆུབ་སེམས་ཀྱི་ཞིང་ཁམས་སུ། །འཕགས་པའི་ཡོན་ཏན་རི་གླིང་ཆུ་མཚོ་བཀོད། །རྒྱལ་དང་དེ་སྲས་ཀུན་ཀྱང་དགྱེས་རོལ་ཞིང༌། །དོན་གཉིས་ལྷུན་གྱིས་གྲུབ་པའི་བླ་མ་མཆོད། །བསྡུ་ན་འདི་ཡན་བརྗོད་པས་རུང༌། ཚད་མེད་འབྱུང་བཞིའི་དཀྱིལ་འཁོར་བརྟན་ཆགས་ལ། །སྟོབས་དང་དབང་ལྔའི་ལྷུན་པོ་གླིང་བཞིས་མཛེས། །ཡང་དག་སྤོང་བཞི་དྲན་ཉེའི་ཆུ་གཏེར་འཁྱིལ། །བྱང་ཆུབ་འཇིག་རྟེན་བཀོད་པས་བླ་མ་མཆོད། །སྦྱིན་དང་ཚུལ་ཁྲིམས་རིན་ཆེན་རི་དང་བྲག །བཟོད་ལྡན་བརྩོན་འགྲུས་རྩི་སྨན་ནགས་ཀྱིས་སྤུད། །བསམ་གཏན་ཤེས་རབ་ཆུ་རྫིང་སྐྱེད་ཚལ་བཀྲ། །ཕ་རོལ་ཕྱིན་དྲུག་སྣོད་ཀྱི་འབྱོར་པས་མཆོད། །ཐབས་མཁས་ཀུན་གསལ་ཕ་མཐའ་ཆེས་མང་ཞིང༌། །སྨོན་ལམ་ཉི་ཟླ་རྒྱུ་སྐར་ཅིར་ཡང་བཀྲ། །སྟོབས་བཅུའི་འཇའ་ཚོན་ཆར་སྤྲིན་འབྲུག་སྒྲ་ཅན། །ཡེ་ཤེས་སིམ་ཆར་འབེབས་པའི་དཔལ་གྱིས་མཆོད། །བྱང་ཆུབ་ཡན་ལག་བདུན་གཟུགས་རིན་པོ་ཆེ། །འཕགས་ལམ་བརྒྱད་རྫོགས་བཀྲ་ཤིས་དགེ་མཚན་རྟགས། །གཟུངས་སྤོབས་མངོན་ཤེས་ཤིས་པའི་རྫས་བརྒྱད་སོགས། །དཔལ་ལྡན་རྒྱལ་བའི་འབྱོར་པ་རྒྱས་པས་མཆོད། །མདོར་ན་ས་བཅུའི་ཡོན་ཏན་ནོར་བུའི་མཆོག །ལམ་ལྔའི་རྒྱན་ཕྲེང་མཛེས་བསྟར་ལྷ་ཀླུ་མི། །ཕན་བདེའི་དགའ་སྟོན་སྤེལ་བའི་ངོ་མཚར་གྱིས། །དཔལ་མགོན་བླ་མའི་ཚོགས་ཀུན་མཉེས་བྱེད་ཤོག །ཅེས་ཐུན་མོང་མདོ་དང་མཐུན་པའི་ལམ་གྱི་ཡོན་ཏན་གྱི་མཆོད་པ་ཕུལ་བས་རང་གཞན་ཀུན་གྱི་རྒྱུད་ལ་སྤངས་རྟོགས་དེ་དག་སྐྱེས་པར་བསམ། གསུམ་པ་རྣམ་ཐར་རྗེས་སུ་དྲན་པ་ནི། སྙིང་རྗེ་ཆེན་པོ་རྩོད་ལྡན་སྙིགས་མའི་ཞིང༌། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་དེས་བསྐལ་མང་དུ། །འབར་བའི་མེ་ཕྲེང་ལུས་ལ་གཏམས་པ་དང༌། །མེ་དོང་མཆོངས་དང་ལྕགས་ཀྱི་གཟེར་སྟོང་བཏབ། །དཔྱི་ལ་ཐུགས་པར་རྐང་པ་ཟད་ཕྱིན་ནས། །ལུས་སྲོག་ཡལ་བར་དོར་བས་ཆོས་མཛོད་བསགས། །མདོ་རྒྱུད་རིན་ཆེན་མཆོད་སྡོང་དེང་དུས་ཀྱང༌། །ཐུབ་པའི་ཆོས་སྐུ་མཆོག་དང་དབྱེར་མེད་པར། །ཉན་འཆད་ཀློག་དང་འཛིན་ལ་དགྱེས་བཞུགས་པའི། །འཇམ་དཔལ་དབྱངས་དང་གསང་བདག་མ་ཕམ་པས། །རྗེས་བཟུང་ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་མཆེད། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་གཏད་རབས་བདུན། །ཆོས་ཉིད་མངོན་གཟིགས་བརྟུལ་ཞུགས་རོལ་རྩེད་ཀྱིས། །རྡོ་རྗེ་འཆང་དང་ཡེ་ཤེས་མཁའ་འགྲོའི་མཛོད། །ཟབ་དོན་རྒྱུད་སྡེའི་སྲོལ་འབྱེད་ལཱུ་ནག་དྲིལ། །ས་ར་ཧ་སོགས་རྣལ་འབྱོར་དབང་ཕྱུག་ཆེས། །འཇུག་སྒོ་མ་ནོར་ཚུལ་གནས་ཐོས་བསམ་སྒོམ། །འཆད་རྩོད་རྩོམ་པས་གཏན་ལ་ལེགས་ཕབ་ཅིང༌། །མཁས་བཙུན་བཟང་པོས་གསལ་ཞིང་རྒྱས་མཛད་པའི། །འཇིག་རྟེན་གསུམ་གྱི་མཆོད་འོས་དམ་པ་འདི། །སངས་རྒྱས་དངོས་བྱོན་མཁན་སློབ་ཆོས་རྒྱལ་མེས། །བོད་ཡུལ་མུན་པའི་སྨག་ཏུ་དམ་ཆོས་ཀྱི། །ཉིན་བྱེད་འདྲེན་མཛད་བཀའ་གཏེར་ཤིང་རྟ་ཆེའི། །ངོ་མཚར་ཐུགས་བསྐྱེད་རྣམ་ཐར་བསམ་མི་ཁྱབ། །དཔལ་ལྡན་གསེར་གླིང་ཆོས་ཀྱི་གྲགས་པ་སོགས། །འཕགས་པའི་སར་བཞུགས་ཤིང་རྟ་ཆེ་ཟུང་གི །ཐུགས་བཅུད་དཀའ་བ་དུ་མས་བཞེས་པ་ཡི། །མཉམ་མེད་ཇོ་བོའི་རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའི་རིང་ལུགས་རྨད། གཞུང་གདམས་མན་ངག་གསུམ་དུ་གྲགས། །བརྩེ་ཆེན་སྙིང་པོ་བླ་ཆེན་ས་སྐྱ་པ། །རྣལ་འབྱོར་དབང་ཕྱུག་བིརཝས་ས་དྲུག་པ་མངོན་གྱུར། རྗེས་བཟུང་སྟེ། །ཚད་མ་བཞི་དང་སྙན་བརྒྱུད་བཞིས་སློབ་མ་དཀྲི་བ་ལམ་འབྲས་གཙོར་གྱུར་སྔགས་རྒྱུད་སྡེ་བཞིའི། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མཛོད་གཏད་པས། །ཡོངས་རྫོགས་བསྟན་པ་གསལ་རྒྱས་བཀའ་དྲིན་རྨད། །ལུས་སྲོག་ངལ་བ་ཁུར་བཟོད་མར་པ་རྗེས། །འཕགས་བལ་ཡུལ་བྱོན་ནཱ་བྱང་སྒོ་སྲུང་པའི་པཎྜི་ཏ། རོ་མཻ་ཏྲི་སོགས། །པཎ་གྲུབ་ཐུགས་བཅུད་ཐབས་ལམ་ནཱ་རོ་ཆོས་དྲུག་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གདམས་ཟབ་ཀྱིས། །གངས་ཅན་གྲུབ་པའི་ཚང་བརྡོལ་ཁྲོ་ཕུ། འབྲུག་པ། ཚལ་པ། ཀམ་ཚང༌། འབྲི་གུང༌། སྟག་ལུང༌། གཡའ་བཟང༌། ཕག་གྲུ་བཀའ་བརྒྱུད་དྭགས་པོ་རིན་པོ་ཆེས་དང་པོ། བཀའ་གདམས་ཀྱི་ཆོས་གསན། ཕྱིས་ཕྱག་ཆེན་དང་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པ། །འཕགས་ཡུལ་མཁས་གྲུབ་བརྒྱ་དང་ལྔ་བཅུ་བསྟེན། །ས་གསུམ་མངོན་བརྙེས་ལས་རྒྱ་སྟོན་པའི་མཐར་ཐུག་བདེ་མཆོག །གཏུམ་མོའི་མཐར་ཐུག་དགྱེས་རྡོར། འོད་གསལ་མཐར་ཐུག་གསང་འདུས། སྒྱུ་ལུས་དང་རྨི་ལམ་མཐར་ཐུག་མཱ་ཡཱ། མངོན་སྤྱོད་ཀྱི་མཐར་ཐུག་འཇིགས་བྱེད་དེ་རྒྱུད་སྡེ་ལྔའི་མཐར་ཐུག་ལྔ་ལྡན་པ། །མཁས་གྲུབ་ཁྱུང་པོའི་མཁའ་འགྲོའི་སྲོག་ཏིག་གི །ཉེ་བརྒྱུད་མངོན་གྱུར་གྲུབ་ཆེན་ཐང་སྟོང་ཞབས། །ཕྱི་ནང་རྟེན་འབྲེལ་མངོན་བརྙེས་རྣལ་འབྱོར་དབང༌། །གྲུབ་ཐོབ་ཕོ་མོ་ལྔ་བཅུའི་རྩ་བཞི་གདམས་ཟབ་ཀྱི། །མདོ་རྒྱུད་མན་ངག་ཁྲིད་སྲོལ་ཕལ་ཆེར་དང་པོ་མི་དགེ་པ་ལས་ལྡོག་ནས་གཟོད་སེམས་རྒྱུད་ཀྱི་ཉོན་མོངས་སྦྱོང་བ་གྲགས་ཆེ་ཡང་འདིས་ལུས་དམན་དང་ནད་ཅན་སོགས་ཀྱི་སྡུག་བསྔལ་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པའི་ཕྱིར་དམ་ཆོས་ཞི་བྱེད་དེ་ལས་འཕྲོས་པ་ཤེར་ཕྱིན་ཡུམ་གྱི་དགོངས་པ་གཅོད་ཡུལ་ཞེས། །ཕ་གཅིག་དམ་པ་འཕགས་བོད་གཅོད་ཡུལ་གྱི་གདམས་པ་བོད་ནས་རྒྱ་གར་དུ་དར་གཉིས་སུ་གྲགས། །གཉིས་མེད་རྡོ་རྗེ་སེམས་དཔའི་གསེང་ལམ་ཆེ། །དུས་འཁོར་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གསང་འདུས་རིམ་ལྔ་དགྱེས་རྡོར་ལམ་འབྲས་དྲྭ་བ་སྡོམ་བསྡུ་ན་གསུམ་དང་རིམ་བཞི་རིམ་ལྔ་སོགས། །རྒྱུད་མདོ་སྒྱུ་སེམས་གསུམ་དང་སྒྲུབ་སྡེའི་བཀའ་བརྒྱད་སོ་སོའི་དབང་གིས་སྨིན་བྱས་ནས། །བསྐྱེད་པ་མ་ཧཱ་རྫོགས་པ་ཨ་ནུ་རྫོགས་པ་ཆེན་པོའི་སེམས་ཀློང་མན་ངག་སྡེ་གསུམ་མྱུར་ལམ་གྱིས། །རིག་འཛིན་བཞི་རྫོགས་སྔ་འགྱུར་བཀའ་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཚོགས་ཆེན་འདུས་པ། ཡང་ཕུར་གཤིན་རྗེ་བཀའ་བརྒྱད་རྫོང་འཕྲང་སོགས་གཏེར་བྱོན་བཀའ་དགོངས་ཕུར་གསུམ། བླ་རྫོགས་ཐུགས་གསུམ་སོགས། །ཐར་འདོད་ཟུང་འཇུག་རྡོ་རྗེའི་སར་སྦྱོར་བའི། །རྒྱུད་སྡེ་ཆེན་པོ་བཞི་དྲུག་ཤིང་རྟ་ཆེའི། །བརྒྱུད་པའི་རྣམ་ཐར་བཀའ་དྲིན་བསམ་མི་ཁྱབ། །དེ་དག་ཀུན་གྱི་གདམས་ཟབ་བྱིན་རླབས་རྒྱུན། །མ་ཉམས་མ་འདྲེས་མ་ནོར་འཛིན་མཛད་ཅིང༌། །དབང་པོར་འཚམ་པའི་སྐལ་ལྡན་རྗེས་བཟུང་བ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་རྣམ་ཐར་མཆོག །དེ་ལས་བྱུང་བའི་ཟབ་རྒྱས་ཆོས་ཀྱི་མཛོད། །སྙིང་པོའི་སྲོག་རྩ་གཅེས་དགུའི་དབྱིག་ཐམས་ཅད། །ཀུན་འདུས་ཤིང་རྟའི་སྲོལ་འབྱེད་གསང་བདག་དངོས། །བློ་གྲོས་མཐའ་ཡས་དང་མཚུངས་འདྲེན་པ་སུ། །འཕགས་བོད་ཤིང་རྟ་ཆེན་པོ་བརྒྱུད་བཅས་ཀྱིས། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བར་མཛད་པ་ཡི། །རྣམ་ཐར་སྲས་བཅས་རྒྱལ་བའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། །འཕགས་ཆེན་ཚད་མའི་སྐྱེས་བུ་འདི་དག་རྣམས། །རང་ངོར་སྲིད་པའི་འཆིང་ལས་རྣམ་གྲོལ་ཀྱང༌། །ཐུགས་བསྐྱེད་ཕྲིན་ལས་རྨད་དུ་བྱུང་བ་ཡིས། །ཐུབ་བསྟན་རིན་ཆེན་འཕེལ་རྒྱས་འབའ་ཞིག་ཕྱིན། །ཞིང་འདིའི་འགྲོ་བའི་སྐལ་མཉམ་གཟུགས་བྱོན་ནས། །ནོར་དང་སྲོག་གི་རིན་ཐང་ཡལ་བར་དོར། །དཀའ་སྤྱད་བརྒྱ་ཕྲག་ངལ་བ་དང་དུ་བླངས། །རིག་འཛིན་ཌཱ་ཀིའི་གསང་མཛོད་དངོས་སུ་བརྡོལ། །ཟག་མེད་རྡོ་རྗེའི་ས་བརྙེས་ནོར་བུའི་ཕྲེང༌། །ཆ་ཤས་རེས་ཀྱང་རྣམ་གྲོལ་མོད་ལ་སྟེར། །མཚན་ཙམ་ཐོས་པར་དཀའ་བ་འབའ་ཞིག་གི །མདོ་སྔགས་རྒྱུད་སྡེའི་ཉིང་ཁུ་མཐའ་དག་བཅུད། །འཕགས་པ་འབའ་ཞིག་ཞལ་ནས་སྙན་དུ་བརྒྱུད། །བྱིན་རླབས་མ་ཉམས་ཟབ་རྒྱས་རྡོ་རྗེའི་གསུང༌། །ཚད་མས་གྲུབ་པའི་གདམས་ཟབ་རྨད་བྱུང་རྣམས། །དཔལ་ལྡན་བླ་མའི་དྲིན་ལས་མངོན་སུམ་སྤྱོད། །ཅེས་ཚིགས་བཅད་ཀྱི་བརྗོད་བྱས་མཚོན་ཤིང་རྟ་སོ་སོའི་རྣམ་ཐར་དང་ཆེ་བ་ཞིབ་ཏུ་བསམས་ཏེ་དད་པའི་ངེས་ཤེས་མ་སྐྱེས་བར་འབད་དེ་བསམ། གཉིས་པ་ནང་མཆོད་ལ་སྤྱིར་ཀུ་སུ་ལུའི་ཚོགས་མཆོད་ལ་བརྟེན་པས་ཚོགས་བསགས་པ་ནི། སྐད་ཅིག་བདག་མདུན་ཡྃ་རླུང་རྃ་མེ་དཀྱིལ། །ཀྃ་ལས་བྱུང་བའི་མི་མགོའི་སྒྱེད་གསུམ་སྟེང༌། །རང་སེམས་ངོ་བོ་རྡོ་རྗེ་རྣལ་འབྱོར་མ། །ཚངས་བུག་ནས་ཐོན་ཕྱག་གཡས་གྲི་གུག་གིས། །སྨིན་མཚམས་ཡན་ཆད་ཕོག་སྟེ་བཀལ་བའི་ནང༌། །ཡངས་ཤིང་རྒྱ་ཆེར་རང་ལུས་དུམ་བུར་གཏུབས། །འོག་གཞིའི་རླུང་གཡོས་མེ་འབར་རྫས་ཁོལ་ཏེ། །ཉེས་སྐྱོན་ལྦུ་བའི་རྣམ་པས་ཡལ་བ་ལས། །རླངས་པའི་འཚུབས་མ་འོད་ཟེར་ཕྱོགས་བཅུར་འཕྲོས། །དངོས་གྲུབ་བཅུད་རྣམས་ཚུར་འདུས་བདུད་རྩིར་གྱུར། །མྱོང་རེག་ཟག་མེད་བདེ་སྐྱེད་མཆོད་སྤྲིན་འདི། །ཐོད་སྐྱོགས་བཅུས་ཏེ་འབུལ་བའི་ཡུལ་གྱུར་གང༌། །བླ་མ་རྡོ་རྗེ་སློབ་དཔོན་མཆོག་གསུམ་ལྗགས། །འོད་ཀྱི་སྦུ་གུར་འབུལ་ལོ་གྲུབ་གཉིས་སྩོལ། །ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ་ཚོགས་ལྗགས། །རྡོ་རྗེའི་སྦུ་གུར་འབུལ་ལོ་བྱིན་གྱིས་རློབས། །ཌཱ་ཀི་ཆོས་སྲུང་དམ་ཅན་ནོར་ལྷའི་ལྗགས། །མཚོན་ཆའི་སྦུ་གུར་འབུལ་ལོ་བར་ཆད་སོལ། །འོག་མའི་མགྲོན་གྱུར་ཕ་མ་རིགས་དྲུག་དང༌། །དཀར་ནག་ལྷ་འདྲེ་གདོན་བགེགས་གཞི་བདག་བཅས། །ལྷག་དབང་མགྲོན་རྣམས་ཅི་འདོད་བཟའ་བཏུང་གོས། །གཏན་པ་མེད་པའི་མཆོད་སྦྱིན་རྒྱ་མཚོར་བསྔོ། །འབྲེལ་ཚད་བྱང་ཆུབ་སེམས་ལྡན་ལན་ཆགས་བྱང༌། །རྣམ་མཁྱེན་བྱང་ཆུབ་དམ་པ་ཐོབ་པར་ཤོག །མཆོད་རྫས་སྣོད་དང་འབུལ་བྱེད་ལ་སོགས་པ། །འཁོར་གསུམ་ཡོངས་དག་མི་དམིགས་ཆོས་སྐུར་དག །དགེ་འདིའི་མཐུ་ཡིས་བདག་གཞན་སེམས་ཅན་ཀུན། །ཚོགས་གཉིས་རྫོགས་ནས་སྒྲིབ་དག་སངས་རྒྱས་ཤོག །ཅེས་པའི་དོན་ལ་ཡིད་གཞོལ་བས་དམིགས་པ་ལེགས་པར་གསལ་བཏབ་ལ་འབུལ་བ་དང༌། བྱེ་བྲག་རྡོ་རྗེའི་འདོད་ཡོན་དང་སྨན་རཀ་གཏོར་མཆོད་ནི། ཡེ་ཤེས་གཟུགས་སྒེག་གཞོམ་མེད་ནཱ་དའི་སྒྲ། །འཕོ་མེད་ཚུལ་ཁྲིམས་དྲི་བཟང་དགའ་བཞིའི་རོ། །རྣམ་གསུམ་ཕྱག་རྒྱའི་རེག་བྱ་ཆོས་དབྱིངས་ཁྱོན། །ཀུན་ཁྱབ་རྡོ་རྗེ་འདོད་ཡོན་རྒྱ་མཚོས་མཆོད། །བསྡུ་ན་འདི་ཡན་ཆད་བརྗོད་པས་རུང༌། ཕུང་ཁམས་དྭངས་མ་དྲྭ་བར་སྡོམ་པའི་དབྱིངས། །བདེ་ཆེན་མཆོག་གི་དགྱེས་པའི་དམ་ཚིག་ནི། །བྱང་ཆུབ་སེམས་མཆོག་པཉྩ་ཨ་མྲྀ་ཏས། །བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །སྲོག་སྩོལ་དབུ་མའི་དབྱིངས་སུ་བསྒྲལ་བ་ལས། །ཁམས་གསུམ་གཟུང་འཛིན་རྟོག་ཚོགས་ཀུན་སྤངས་པ། །འདོད་ཆགས་རྣམ་དག་མ་ཧཱ་རཱུ་དྷཱི་རས། །བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །ཚོགས་དྲུག་ཡུལ་དང་ཡུལ་ཅན་མ་ལུས་ཀུན། །འོད་གསལ་དབྱིངས་སུ་ཐིམ་པའི་འདོད་ཡོན་གཏེར། །རྡོ་རྗེའི་ལོངས་སྤྱོད་མ་ཧཱ་བ་ལིཾ་ཏས། །བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །བཞི་པ་ཕྲིན་ལས་རྗེས་སུ་དྲན་པ་ནི། དུས་ངན་སེམས་ཅན་བདག་ཅག་ལ་སོགས་པ། །ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པས། །རྫོགས་པའི་སངས་རྒྱས་དངོས་སུ་མཐོང་བ་དང༌། །དམ་ཆོས་ཐོས་པའི་སྐལ་པ་དང་བྲལ་ཞིང༌། །ཉོན་མོངས་ཚན་ཆེ་གཉེན་པོ་སྟོབས་ཆུང་བས། །དད་བརྩོན་བློ་གྲོས་ནོར་གྱིས་ཕོངས་ཤིང་དབུལ། །དགེ་སེམས་གཅིག་ཙམ་སྐྱེ་བར་དཀའ་བ་ལ། །སངས་རྒྱས་འཇིག་རྟེན་བྱོན་པ་ཇི་ལྟ་བར། །གོ་སླ་གནད་འདུས་མྱུར་ལམ་མན་ངག་ཆོས། །རྒྱུད་ཚོད་དཔག་པའི་གདམས་པ་འབོག་པ་དང༌། །དབང་པོར་འཚམས་པའི་དམ་ཆོས་བདུད་རྩི་བསྩལ། །རྒྱལ་བའི་དགོངས་པ་ནོར་འཁྲུལ་མེད་པ་ཡི། །མདོ་རྒྱུད་ཤིང་རྟ་རྣམས་ཀྱི་དགོངས་བཅུད་མཐིལ། །སྐྱེས་བུ་གསུམ་དད་པ་རྣམ་དག་སྐྱེས་བུ་ཆུང་ངུ༌། ངེས་འབྱུང་རྣམ་དག་འབྲིང༌། ལྷག་བསམ་རྣམ་དག་ཆེན་པོ། གྱི་ལམ་གྱི་རིམ་པ་དང༌། །སྣང་མ་དག་པའི་སྣང་བ། ཉམས་ཀྱི་སྣང་བ། དག་པའི་སྣང་བ། གསུམ་སྔོན་འགྲོ་གཞི་ཀུན་གཞི་རྒྱུད་ལམ་སྒོམ་པའི་ཚུལ་འབྲས་བུའི་རྒྱུད། སངས་རྒྱས་ཀྱིས། གཞི་དང་སེམས་ཀྱི་དངོས་པོའི་གནས་ལུགས་ལམ་སྨིན་དབང་ཐབས་ནཱ་རོ་ཆོས་དྲུག་གྲོལ་ཕྱག་ཆེན་ལམ་འབྲས་བུ། །ཟུང་འཇུག་གི །རྩ་བ་ནཱི་གུ་ཆོས་དྲུག་སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ་མེ་ཏོག་མཁའ་སྤྱོད་དཀར་དམར་འབྲས། འཆི་མེད་འཁྱུག་མེད། །སྡུག་ཀུན་ཞི་བྱེད་ལྟ་བའི་གཞུང་ཤེར་ཕྱིན། ཐབས་ཀྱི་བྱེ་བྲག་སྔགས། སྟོང་ཉིད་ཀྱི་ལྟ་བ། སེམས་ཅན་མི་གཏོང་བའི་སྙིང་རྗེ། བྱང་སེམས་ཚུལ་ཁྲིམས། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་བཞིས་བསྡུས་གཅོད་ཡུལ་མདོ་ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་ཆོས། དང་རྗེས་སུ་མཐུན་པའི་རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱིས་བསྲང༌། འབྲས་བུ་གཞན་དོན་སྤྱོད་པ། །རྡོ་རྗེའི་རྣལ་འབྱོར་རྒྱུད་དང་བླ་མ་བདག་ཉིད་ལ་ཡིད་ཆེས་པས་བསྒྲུབ་གཞི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡེ་ཤེས་སྦྱོར་བ་ཡན་ལག་དྲུག །སོ་སོར་སྡུད་དང་བསམ་གཏན་དང༌། ཉེ་བསྙེན། སྲོག་རྩོལ་དེ་བཞིན་བསམ་གཏན་དང༌། སྒྲུབ་པ། རྗེས་སུ་དྲན་དང་ཏིང་ངེ་འཛིན། ཉེ་སྒྲུབ། སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །མི་ཕྱེད་རྡོ་རྗེ་གསུམ་གྱི་བསྙེན་སྐུ་སྒྲུབ་གསུང་སྔོན་འགྲོ་བསྙེན་པ། བཞི། ཐུགས་སྒྲུབ་ཆེན། །བསྐྱེད་མ་ཧཱ་ཡོ་ག་རྫོགས་ཨ་ནུ་རྫོགས་པ་ཆེན་པོའི་ཨ་ཏི་སྟེ་གསུམ་གསེང་ལམ་སོགས། །བློ་དང་མཐུན་པའི་ཁྲིད་རིམ་བསྟན་པ་ཡིས། །ཡང་དག་ལམ་ལ་དཀྲི་བའི་ཕྲིན་ལས་ནི། །སངས་རྒྱས་ལས་ཀྱང་ཕུལ་དུ་གྱུར་པའོ། །ཞེས་སོ་སོའི་ལམ་གྱི་རྣམ་བཞག་གི་སྡོམ་ཚིག་ལྟར་ངེས་པར་བྱས་ལ། སྤྲོ་ན་དེ་དག་གི་ཟབ་ཁྲིད་སྟན་ཐོག་གཅིག་མ་ལྟ་བུའི་ཤར་སྒོམ་ཙམ་བྱས་ན་ཤིན་ཏུ་ལེགས་ཤིང༌། དེ་ལྟར་ཉམས་སུ་བླངས་བས་འབྲས་བུ་ཚེ་འདིར་སྟེར་བའི་གདམས་པ་འདོད་དགུར་སྤྱོད་དུ་ཡོད་པའི་ཕྲིན་ལས་ཀྱི་རྒྱུན་ངོ་མཚར་བའི་གནས་ལ་བསམ་པས་ཡིད་ཆེས་བསྐྱེད། གསུམ་པ་གསང་བའི་མཆོད་པ་ནི། དགའ་བ་བཞིས་དྲངས་སྟོང་བཞིའི་ཡེ་ཤེས་གཟུགས། །གཞོན་མཛེས་ཡིད་འཕྲོག་ལྷ་ཡི་ན་ཆུང་མ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་འཁྲོལ། །སྒེག་བཞད་གླུ་དང་གར་གྱི་སྒྱུ་རྩལ་གཡོ། །མེ་ཏོག་བདུག་སྤོས་མར་མེ་དྲིའི་བྱུག་པ། །གཟུགས་རེག་རོ་དང་ཆོས་དབྱིངས་ཕྱག་རྒྱ་ཅན། །རིགས་ཅན་རྣམ་ལྔའི་མཚན་བཟང་རབ་རྫོགས་པ། །དྲན་པས་བདེ་སྟོང་ཆོ་འཕྲུལ་སྟེར་ནུས་པའི། །རྣམ་ཀུན་མཆོག་ལྡན་དོན་གྱི་ཕོ་ཉ་མོ། །བསྡུ་ན། དགའ་བ་བཞིས་དྲངས་སྟོང་བཞིའི་ཡེ་ཤེས་གཟུགས། ངོ་མཚར་རྡོ་རྗེའི་ལྷ་མོ་སོགས་ལ་འཇུག་པའོ། །མཆན། ངོ་མཚར་རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས། །ཕྱོགས་ཀུན་གཡོ་བའི་ཚུལ་གྱིས་ལེགས་མཆོད་ན། །དཀྱིལ་འཁོར་ཡོངས་རྫོགས་བླ་མའི་སྐུ་གསུང་ཐུགས། །ཟག་མེད་དགའ་བས་རྟག་ཏུ་དགྱེས་ཕྱིར་འབུལ། །ཨོཾ་བཱི་ནི་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་ཝཾ་སེ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་མུ་རཉྫེ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་མྲྀ་ཏཾ་གི་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་ལཱ་སྱེ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་ཧཱ་སྱ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་གཱིརྟི་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་ནཱིརྟི་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་པུཥྤེ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་དྷཱུ་པེ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་ཨཱ་ལོ་ཀེ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་གནྡྷེ་བཛྲི་ནཱི་ཨཱ་ཧཱུྃ། ཨོཾ་རཱུ་པ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་རཱ་ས་བཛྲི་ནཱི་ཨཱ་ཧཱུྃ། ཨོཾ་སྤརྴེ་བཛྲི་ནཱི་ཨཱཿཧཱུྃ། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ནཱི་ཨཱཿཧཱུྃ། ལྔ་པ་བྱིན་རླབས་རྗེས་སུ་དྲན་པ་ནི། གང་གི་ཐུགས་རྗེའི་གཟིགས་པ་ཆ་ཤས་ཙམ། །གཏད་པའི་མཐུས་ཀྱང་བློ་ངན་བདག་ཅག་གི །རྒྱུད་ལ་ཐར་ལམ་ས་བོན་བསྐྲུན་མཛད་དེ། །ཐུན་མོང་ངེས་འབྱུང་དད་བརྩོན་ཤེས་རབ་སྐྱེད། །ཐུན་མིན་སྨིན་གྲོལ་རྡོ་རྗེའི་ས་ལ་སྦྱོར། །བསྐྱེད་རྫོགས་གདམས་པས་མཆོག་ཐུན་དངོས་གྲུབ་སྟེར། །ཁྱད་པར་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །མདོ་སྔགས་ཤིང་རྟ་ཆེན་པོའི་བཞེད་སྲོལ་བཞིན། །ཀུན་རྫོབ་དོན་བཀའ་གདམས་པས་དམ་བྱང་ཆུབ་སེམས་མཆོག་དང༌། །འཁོར་ལམ་འབྲས་ཀྱིས་འདས་དབྱེར་མེད་ཀུན་གཞི་རྒྱུ་ཡི་རྒྱུད། །ལྷན་སྐྱེས་འོད་གསལ་བཀའ་བརྒྱུད་ཀྱིས་ཡེ་ཤེས་ཕྱག་རྒྱ་ཤངས་ཆོས་ཀྱིས་ཆེ། །སྟོང་ཉིད་ཤེས་ཞི་གཅོད་ཀྱིས་རབ་ཕར་ཕྱིན་ཡུམ་གྱི་དོན། །མཆོག་ཏུ་དུས་ཀྱི་འཁོར་ལོས་མི་འགྱུར་བདེ་སྟོང་རྡོ་རྗེ་སེམས། །ཤིན་ཏུ་རྡོ་རྗེ་བསྙེན་སྒྲུབ་པས་ཕྲ་བའི་ཐིག་ལེ་གཉུག་མའི་ཡིད། །འཁོར་འདས་རྙིང་མ་བས་ཀུན་ཁྱབ་ཀ་དག་ལྷུན་གྲུབ་ཞེས། །དུ་མ་རོ་གཅིག་མཐར་ཐུག་སྙིང་པོའི་དོན། །དོན་གྱི་གནས་ལུགས་དེ་ཉིད་མ་བཅོས་པ། །རྗེ་ཁྱོད་མོས་པ་ཙམ་གྱིས་མངོན་སུམ་དུ། །རྒྱུད་ལ་སད་ནུས་བྱིན་རླབས་མཐུ་ཆེན་ལྡན། །དེ་ཡི་མཐུ་ལས་མདོ་ཡི་ཕར་ཕྱིན་དྲུག །གསང་སྔགས་ལམ་གྱི་མཆོག་ཐུན་དངོས་གྲུབ་སོགས། །ཐུན་མོང་ཁྱད་པར་ལམ་རྟགས་དྲོད་ཚད་ཀུན། །དབྱར་གྱི་རྩི་ཤིང་བཞིན་དུ་ངང་གིས་འཕེལ། །མདོར་ན་ཐ་མལ་སོ་སོ་སྐྱེ་བོའི་རྒྱུད། །ཡང་དག་ལམ་གྱི་གནས་ལ་སྐད་ཅིག་གིས། །སྦྱོར་བའི་སྲིད་འགྲོ་ཉམས་དང་དབུགས་འབྱིན་མཁན། །འདི་འདྲའི་རིང་ལུགས་སངས་རྒྱས་ལས་ཀྱང་དཀོན། །དེ་དག་དཔལ་ལྡན་བླ་མ་འབའ་ཞིག་གི །ཐུགས་རྗེའི་ཐབས་དང་ཕྲིན་ལས་རྨད་བྱུང་བས། །འདོད་དགུར་ཐོབ་ཅིང་སྤྱོད་པས་མ་ལུས་ལམ། །རྒྱུད་ལ་སྐྱེ་བ་བྱིན་རླབས་ཁོ་ནར་བསྟེན། །ཚུལ་དེས་མི་ཕྱེད་དད་དང་མོས་པ་ཡིས། །ཡང་ཡང་གདུང་བས་གསོལ་བ་བཏབ་པ་བཞིན། །བྱིན་རླབས་མཐུ་ཆེན་མངོན་སུམ་ཕབ་ནས་ཀྱང༌། །རྡོ་རྗེའི་ལམ་གྱི་སྟོན་པ་མཛད་དུ་གསོལ། །མདོར་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་ཐུགས་ལ་འབྱོར་བ་ནི་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་ཤིང༌། ལམ་གྱི་གེགས་སེལ་བོགས་འདོན་ཐམས་ཅད་བླ་མར་གསོལ་བ་བཏབ་པས་འབྱུང་བར་ཤེས་པས་དད་མོས་ཡིད་ཆེས་ཡང་ཡང་བྱའོ། །བཞི་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། བདག་དང་བདག་གིར་བཟུང་བའི་འཁོར་འདས་ཆོས། །སྣང་ཙམ་མ་འགགས་ཆུ་ཟླ་ཇི་བཞིན་གསལ། །དཔྱད་ན་བདེན་མེད་ངོ་བོ་སྟོང་པ་ཉིད། །མཐའ་བརྒྱད་སྤྲོས་བྲལ་ལྟ་བས་བླ་མ་མཆོད། །ཡིད་འོང་གནས་ལུས་ལོངས་སྤྱོད་བུད་མེད་གཉེན། །ཞེན་ཅིང་ཆགས་པའི་ཡུལ་ཀུན་བླ་མར་འབུལ། །སོར་རྟོག་ཡེ་ཤེས་རོལ་པར་བཞེས་ནས་ཀྱང༌། །འགྲོ་ཀུན་ཞེན་མེད་སྦྱིན་པའི་ཚོགས་རྫོགས་མཛོད། །དགྲ་ལ་འཁོན་སྡང་མི་སྙན་རྩུབ་མོའི་ལས། །ཞེ་སྡང་མནར་སེམས་ལས་ཀུན་བླ་མར་འབུལ། །མེ་ལོང་ཡེ་ཤེས་རྒྱན་དུ་བཞེས་ནས་ཀྱང༌། །འགྲོ་ཀུན་བྱམས་པའི་བདུད་རྩིས་བརླན་པར་མཛོད། །རིགས་གཟུགས་དཔལ་འབྱོར་ཡོན་ཏན་མངོན་རློམ་ཆོས། །ང་རྒྱལ་ཁེངས་འཛིན་སེམས་ཀུན་བླ་མར་འབུལ། །མཉམ་ཉིད་ཡེ་ཤེས་དཔལ་དུ་བཞེས་ནས་ཀྱང༌། །འགྲོ་ཀུན་ངོ་བོ་ཉིད་སྐུའི་སར་ཕྱིན་ཤོག །ཕ་རོལ་ཡིད་དུ་འོང་བའི་དཔལ་ཐོབ་པར། །མི་བཟོད་ཕྲག་དོག་སེམས་ཀུན་བླ་མར་འབུལ། །བྱ་གྲུབ་ཡེ་ཤེས་ངོ་བོར་བཞེས་ནས་ཀྱང༌། །འགྲོ་ཀུན་སྤྲུལ་སྐུའི་མཛད་པ་ལྷུན་གྲུབ་ཤོག །མི་ཤེས་གཏི་མུག་མུན་པའི་ཚོགས་ཐམས་ཅད། །ཀུན་ཀྱང་སྤང་བླང་གཉིས་མེད་བླ་མར་འབུལ། །ཆོས་དབྱིངས་ཡེ་ཤེས་ངོ་བོར་བཞེས་ནས་ཀྱང༌། །འགྲོ་ཀུན་མཉམ་ཉིད་ཆོས་སྐུའི་དོན་རྟོགས་ཤོག །མཆོད་པའི་རྫས་ཀུན་ཡེ་ཤེས་ལྷའི་རྣམ་རོལ། །མཆོད་ཡུལ་ཚོགས་ཀྱི་ཞིང་མཆོག་བླ་མ་ལྷ། །བདག་རྒྱུད་གདོད་ནས་དག་པའི་རིགས་ཁམས་སུ། །གཉིས་མེད་བློ་འདས་དོན་གྱི་མཆོད་པའོ། །ཞེས་འཁོར་འདས་ཀྱི་ཆོས་ཀུན་སྤང་བླང་མེད་པ་མཉམ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱན་དུ་འཁོར་གསུམ་དམིགས་གཏད་དང་བྲལ་བའི་ཚུལ་དུ་མཆོད། དྲུག་པ་བཀའ་དྲིན་རྗེས་སུ་དྲན་པས་གསོལ་བ་གདབ་པ་ནི། རྩོད་དུས་དམུ་རྒོད་སྙིགས་འགྲོ་བདག་ལྟ་བུ། །ཁྱེད་ཀྱི་ཐུགས་རྗེའི་མཐུ་དཔལ་ལ་བརྟེན་ནས། །དལ་འབྱོར་རིན་ཆེན་རྙེད་པ་དོན་དང་ལྡན། །བསྐལ་མང་ཐོབ་དཀའི་རྒྱུད་སྡེའི་གསང་མཛོད་ཐོབ། །ཟབ་རྒྱས་ཆོས་ཀྱི་ནོར་བུའི་གཏེར་གྱིས་ཕྱུག །ལམ་གྱི་ཡོན་ཏན་ཐོབ་པའི་གཞི་རྩ་ཚུགས། །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོང་བའི། །གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་སྲོལ་ཆེན་བརྒྱད། །འཇིག་རྟེན་གསུམ་གྱི་གཅེས་ནོར་ལས་ལྷག་པའི། །ཐུབ་བསྟན་མཆོག་འདིའི་སྲོག་གི་ཟུངས་ལྟ་བུ། །བཤད་པའི་ཀ་ཆེན་བཅུ་ཡིས་ལེགས་ཕྱེས་པས། །མཁས་གྲུབ་ཚད་མ་རྣམས་ཀྱིས་དར་བར་མཛད། །དཔལ་མགོན་བླ་མའི་དྲིན་གྱིས་ལོངས་སུ་སྤྱོད། །མདོ་རྒྱུད་ཉིང་ཁུ་མཁའ་འགྲོའི་སྲོག་གི་ཐིག །སྲས་བཅས་རྒྱལ་བ་དགྱེས་པའི་བཞེད་གཞུང་མཆོག །ཤིང་རྟ་ཆེ་རྣམས་འདིའི་ཕྱིར་སྐུ་དང་སྲོག །ཡལ་བར་དོར་ནས་ཡང་ཡང་བཙལ་བའི་ཆོས། །སྨིན་གྲོལ་ཆ་ཤས་རེ་རེའང་ཆེས་དཀོན་ན། །མཐའ་དག་གདམས་པའི་གཅེས་དགུ་གཅིག་བསྡུས་པ། །དཀའ་བ་མེད་པར་ཅི་འདོད་རང་སྐལ་དུ། །ཟབ་རྒྱས་ཐང་མར་བརྡལ་ནས་རྙེད་པ་འདི། །མགོན་པོ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་མཐུ། །བསམ་གྱིན་བཀའ་དྲིན་འཁོར་མཐའ་བྲལ་བར་དྲན། །ཡིད་ཆེས་དད་མོས་ངེས་པ་གཏིང་ནས་རྙེད། །ཅེས་བརྗོད་པའི་དོན་བཞིན་འཕགས་བོད་སྐྱེས་ཆེན་དེ་རྣམས་ཀྱི་བཀའ་དྲིན་ལས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་དར་ཞིང་རྒྱས། རང་ལ་རྩ་བའི་བླ་མའི་བཀའ་དྲིན་ལས་དེ་དག་གི་སྨིན་གྲོལ་ཐམས་ཅད་ཅི་འདོད་དུ་ཐོབ། བརྒྱུད་པའི་བླ་མའི་བཀའ་དྲིན་ལས་ད་ལྟའང་རྒྱུན་མ་ཉམས་པར་བཞུགས་པ་འདི་གང་ལས་ཀྱང་ངོ་མཚར་ཆེ་སྙམ་པས་མོས་གུས་བླ་ལྷག་ཏུ་བསྐྱེད་པས་གསོལ་བ་གདབ་དགོས་སོ། །གསུམ་པ་སྡིག་པ་བཤགས་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས་མཐའ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མ་མཆིས་པ་ལྔ་བགྱིས་པ་དང༌། །དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤངས་བ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་བརྗོད་པས་བཤགས། བཞི་པ་རྗེས་སུ་ཡི་རང་བ་སོགས་ཡན་ལག་ལྷག་མ་བཞི་ནི། བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་པ། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་སྡོམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་སོ་སོའི་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང༌། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང༌། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་པར་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་འཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །ཞེས་སོ་སོའི་དམིགས་རྣམ་དང་བཅས་ཏེ་བྱ། ཞར་བྱུང་སྡོམ་བཟུང་སྤྲོ་ན། ཨོཾ། རྣལ་འབྱོར་དབང་པོ་སོགས་དམ་བཅའ་ཉེར་བརྒྱད་པ་དང༌། ཇི་ལྟར་དུས་གསུམ་མགོན་པོ་སོགས་རིགས་ལྔའི་སྡོམ་བཟུང་གང་མོས་བྱ། བསྡུ་ན། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང༌། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི། །ལན་གསུམ་བྱ། གསུམ་པ་གསོལ་བ་གདབ་པ་ལ། དང་པོ་སྤྱིར་གསོལ་བ་གདབ་པ་ནི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ཅག་སྙིགས་དུས་འགྲོ་བ་མགོན་མེད་ལ། །སྐལ་མཉམ་གཟུགས་སུ་སྤྲུལ་ནས་དོན་མཛད་པ། །བླ་མ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང༌། །པདྨཱ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་ཉང་གཏེར་སྟོན་བརྒྱ་རྩ་སོགས། །བརྒྱུད་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐལ་བཟང་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །མ་ཕམ་འཇམ་དབྱངས་ཀླུ་སྒྲུབ་ཐོགས་མེད་མཆེད། །འཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་མ་དང༌། །ཞི་འཚོ་གསེར་གླིང་པ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་ཆེན་གསང་བདག་སྤྱན་རས་གཟིགས། །གདོད་ནས་གྲུབ་ཆེན་བརྒྱད་དང་ལཱུ་ནག་དྲིལ། །བིརཝ་པ་སོགས་རྣལ་འབྱོར་བརྒྱད་ཅུ་བཞི། །བྱ་སྤྱོད་རིག་སྔགས་གྲུབ་བརྙེས་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་ཆོས་རྒྱལ་སྲོང་བཙན་རྗེ། །བརྟན་པའི་འཁོར་ལོ་ཐུ་མི་སཾ་བྷོ་ཊ། །ལག་ན་རྡོ་རྗེ་སྟོང་བཙན་ཡུལ་བཟུང་སོགས། །སྤྲུལ་བའི་རྒྱལ་བློན་རྣམས་ལ་གསོལ་བ་འདེབས། །གསང་འཛིན་དབང་པོ་མཁན་ཆེན་ཞི་བ་འཚོ། །ཐུགས་རྗེ་ཆེན་པོ་སློབ་དཔོན་པདྨ་འབྱུང༌། །འཇམ་དཔལ་གཞོན་ནུ་ཆོས་རྒྱལ་ཁྲི་སྲོང་སོགས། །བཀའ་དྲིན་མཉམ་མེད་རྣམས་ལ་གསོལ་བ་འདེབས། །འཇམ་མགོན་ཐུ་མི་བཻ་རོ་སྐ་ཅོག་ཞང༌། །དཔལ་གྱི་རྡོ་རྗེ་རིན་བཟང་རྔོག་ལོ་ཆེ། །ས་སྐྱ་པཎ་ཆེན་བུ་སྟོན་རིན་ཆེན་གྲུབ། །བཤད་བརྒྱུད་ཀ་ཆེན་བཅུ་ལ་གསོལ་བ་འདེབས། །དབང་གི་ཆུ་བོ་བཞི་རྫོགས་གཉགས་ལོ་ཆེ། །མདོ་སྒྱུའི་ཤིང་རྟ་གནུབས་ཆེན་རྨ་ལོ་མཆོག །འཕུར་འགྲོའི་བསྟན་པའི་འབྱུང་གནས་ཟུར་མེས་དབོན། །ཟབ་གཏེར་ཤིང་རྟ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་མར་མེ་མཛད་དང་ཁུ་རྔོག་འབྲོམ། །སྐུ་མཆེད་རྣམ་བུ་ཏོ་བ། སྤྱན་སྔ་བ། ཕུ་ཆུང་པ། གསུམ་འཇམ་དབྱངས་ཙོང་ཁ་པ། །བཀའ་གདམས་གསར་རྙིང་རིང་ལུགས་འཛིན་མཛད་པའི། །དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་ཆོས་སྐྱོང་ས་སྐྱའི་གོང་མ་ལྔ། །ངོར་ཆེན་རྫོང་པ་ཚར་ཆེན་ཡབ་སྲས་ཀྱི། །བརྒྱུད་འཛིན་མཁས་དང་གྲུབ་པ་རིམ་བྱོན་སོགས། །ལམ་འབྲས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་བགྲང་ལས་འདས། །དྭགས་པོ་བཀའ་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོ་ཁྱུང་པོ་རྣལ་འབྱོར་སོགས། །རིན་ཆེན་བདུན་རྡོ་རྗེ་འཆང༌། ནཱི་གུ་མ། ཁྱུང་པོ། རྨོར་ལྕོག་པ། སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ། བརྒྱུད་ཕྲེང་བ་རྣམ་པ་གཉིས། །ཐང་རྒྱལ་ནཱི་གུ་མ་དངོས་ཀྱིས་རྗེས་སུ་བཟུང་ལ་སོགས་ཉེ་བརྒྱུད་ལས་བྱོན་པའི། །ཤངས་པ་བཀའ་བརྒྱུད་རྣམས་ལ་གསོལ་བ་འདེབས། །དམ་པ་སངས་རྒྱས་མ་གཅིག་ལབ་ཀྱི་སྒྲོན། །རྨ་སོ་ཀཾ་གསུམ་སྒོ་བའི་རྣལ་འབྱོར་བཞི། །བཀའ་བབས་སྔ་ཕྱི་བར་གསུམ་ལ་སོགས་པའི། །ཞི་གཅོད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཆོས་རྒྱལ་རིགས་ལྡན་དུས་ཞབས་ཆེ་ཆུང་དང༌། །རྭ་འབྲོ་ཙ་མི་རང་བྱུང་དོལ་པོ་པ། །མཁས་མཆོག་བུ་སྟོན་ཡབ་སྲས་གཙོར་གྱུར་པའི། །སྦྱོར་དྲུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་བཙུན་མོ་མཁས་གྲུབ་ཨོ་རྒྱན་པ། །རང་བྱུང་རྡོ་རྗེ་མཁར་ཆུ་པུ་ཏྲ་པ། །ནཻ་རིང་པ་སོགས་རྣལ་འབྱོར་དྲུག་པ་ཡི། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཐུབ་དབང་ཤཱ་རིའི་བུ་དང་སྒྲ་གཅན་འཛིན། །བྲམ་ཟེའི་བཙུན་པ་ཀླུ་སྒྲུབ་ཡབ་སྲས་དང༌། །ཞི་འཚོ་སྨད་འདུལ་བླ་ཆེན་ཤཱཀྱ་སྟོད་འདུལ་ཤྲཱི་སོགས། །སོ་ཐར་བརྒྱུད་པའི་བླ་མར་གསོལ་བ་འདེབས། །རྒྱས་སྲས་འཇམ་དཔལ་དབྱངས་དང་མ་ཕམ་པ། །ཀླུ་སྒྲུབ་ཞི་བ་ལྷ་དང་ཐོགས་མེད་མཆེད། །ཨ་ཏི་ཤ་དང་ཀུན་མཁྱེན་ཆོས་རྗེ་སོགས། །བྱང་སེམས་བརྒྱུད་པའི་བླ་མར་གསོལ་བ་འདེབས། །ཀུན་བཟང་རྡོར་འཆང་རིགས་ལྔ་རིགས་གསུམ་དང༌། །རྒྱལ་པོ་ཛཿདང་སྒེག་རྡོར་སངས་རྒྱས་གསང༌། །པད་འབྱུང་རིག་འཛིན་བརྒྱད་དང་བི་མ་ལ། །རྒྱུད་དང་སྒྲུབ་སྡེའི་བརྒྱུད་འཛིན་གསོལ་བ་འདེབས། །ཨིནྡྲ་བྷཱུ་ཏི་བི་རཱུ་ས་ར་ཧ། །ལཱུ་ཧི་ནག་པོ་པ་དང་དྲིལ་བུ་པ། །གྲུབ་ཆེན་བརྒྱད་དང་རྣལ་འབྱོར་བརྒྱད་ཅུ་བཞི། །རྒྱུད་སྡེའི་ཤིང་རྟ་རྣམས་ལ་གསོལ་བ་འདེབས། །བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་སྐུ་མཆེད་དང༌། །རིས་མེད་ཐུབ་བསྟན་ཤིང་རྟ་མཁྱེན་བརྩེའི་དབང༌། །ཡོངས་རྫོགས་བསྟན་པའི་མངའ་བདག་གུ་ཎའི་ཞབས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་སོགས་དེང་ནས་བྱང་ཆུབ་སྙིང་པོའི་བར། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང༌། །སོ་བྱང་སྔགས་ཀྱི་ཚུལ་ཁྲིམས་རྣམ་པར་དག །བསྟན་པའི་འཇུག་སྒོ་མ་ནོར་བྱིན་གྱིས་རློབས། །བཅུ་ཕྲག་རིག་པའི་གནས་ལ་ཤེས་རབ་རྒྱས། །མདོ་རྒྱུད་གྲུབ་མཐའ་ཀུན་གྱི་ལྟ་སྒོམ་སྙོགས། །ངེས་དོན་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། །བསྟན་པ་འགལ་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེས་བུ་གསུམ་གྱི་ལམ་གྱིས་གཞི་བཟུང་ནས། །དབང་བཞིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་དང་རྫོགས་པའི་རིམ་གཉིས་ཟུང་འཇུག་གིས། །རྡོ་རྗེའི་གྲུབ་མཐའ་མཐར་ཕྱིན་བྱིན་གྱིས་རློབས། །ཁྱད་པར་གཞན་ཕན་བྱང་སེམས་གཏིང་ནས་འབྱོང༌། །སྒོ་གསུམ་ལས་ཀུན་བསྟན་འགྲོའི་ཕན་པ་སྒྲུབ། །ཕྱོགས་མེད་ཐོས་བསམ་རིས་མེད་བསྟན་ལ་སྨན། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་དང༌། ཨེ་མ། པད་དཀར་ལྟར་བསྔགས་མཚུངས་མེད་སྟོན་པ་དེས། །མདོ་སྔགས་བསྟན་པ་རིན་ཆེན་རྗེས་ཞུགས་པ། །འཕགས་བོད་རྒྱ་ནག་ཤམ་བྷ་ལ་སོགས་ཀྱི། །བསྟན་འཛིན་དམ་པ་རྣམས་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྙེས་ལོ་པཎ་མཆོག་རྣམས་ཀྱིས། །ལེགས་བསྒྱུར་མདོ་སྔགས་སྤྱི་དང་ནང་རྒྱུད་གསུམ། །ཁྱད་པར་རྫོགས་པ་ཆེན་པོའི་སྲོལ་འཛིན་པ། །གསང་སྔགས་རྙིང་མ་པ་ལ་གསོལ་བ་འདེབས། །གྲུབ་ཆེན་ནཱ་རོ་པ་དང་མཻ་ཏྲི་པའི། །གདམས་ཟབ་སྐོར་དང་ཁྱད་པར་ཕྱག་ཆེན་གྱི། །ཉམས་ལེན་བྱིན་རླབས་བརྒྱུད་པ་གཙོར་འདོན་པ། །འགྲོ་མགོན་བཀའ་བརྒྱུད་པ་ལ་གསོལ་བ་འདེབས། །མགོན་པོ་བིརཝ་པ་ཡི་ཐུགས་བཅུད་ཆོས། །གདམས་སྐོར་སྤྱི་དང་ཁྱད་པར་ལམ་འབྲས་ཀྱི། །བཤད་དང་སྒྲུབ་པའི་བསྟན་པ་གསལ་མཛད་པ། །དཔལ་ལྡན་ས་སྐྱ་པ་ལ་གསོལ་བ་འདེབས། །དཔལ་ལྡན་ཨ་ཏི་ཤ་ཡི་ལམ་རིམ་ལ། །ཉམས་ལེན་གཙོར་མཛད་མདོ་སྔགས་ལམ་གྱི་གནད། །འཇམ་དཔལ་སྙིང་པོའི་རིང་ལུགས་གཙོར་འཛིན་པ། །རི་བོ་དགེ་ལྡན་པ་ལ་གསོལ་བ་འདེབས། །འཁོར་ལོ་ཐ་མའི་མདོ་དང་དུས་འཁོར་གྱི། །དགོངས་དོན་གཙོར་བཟུང་བདེ་གཤེགས་སྙིང་པོ་ཡི། །དོན་ལ་ངེས་རྙེད་རྡོ་རྗེའི་རྣལ་འབྱོར་ཅན། །རྗེ་བཙུན་ཇོ་ནང་པ་ལ་གསོལ་བ་འདེབས། །དཔལ་ལྡན་ཤངས་པ་གཅོད་ཡུལ་ཞི་བྱེད་དང༌། །བསྙེན་སྒྲུབ་པ་སོགས་ཟབ་མོའི་གདམས་པའི་སྐོར། །གངས་ཅན་འདི་ན་ཇི་སྙེད་མཆིས་པ་ཡི། །རིས་བྲལ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཕྱོགས་ལྷུང་ཞི་ཞིང་ཕྱོགས་མེད་མོས་གུས་འབར། །བསྟན་འཛིན་ཚོགས་རྣམས་ཐུགས་མཐུན་རྒྱལ་ཁམས་བདེ། །བསྟན་པ་ཡུན་རིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བསྟན་པ་རིས་མེད་དང༌། སྔ་འགྱུར་རྙིང་མ་བྱེ་བྲག་ཏུ་སྤྲོ་ན། ཨེ་མ་ཧོ། ཁྱད་ཆོས་དྲུག་ལྡན་སྟོན་པ་ཀུན་ཏུ་བཟང༌། །བདེ་ཆེན་ཁ་སྦྱོར་བདུན་ལྡན་རྡོ་རྗེ་སེམས། །ངེས་གསང་བཀའ་ཡི་སྡུད་པོ་རྡོ་རྗེ་ཅན། །སྐུ་གསུམ་སྟོན་འཁོར་རྣམས་ལ་གསོལ་བ་འདེབས། །ཏནྟྲ་བཅོ་བརྒྱད་སྙིང་པོའི་ལམ་བཟང་ཆེ། །གསལ་མཛད་སྨྲ་བའི་ཉི་མ་ལི་ཙཱ་བི། །དྲི་མེད་གྲགས་སོགས་ལྷ་ཀླུ་གནོད་སྦྱིན་སྲིན། །རིགས་ཅན་དྲྭ་མ་ལྔ་ལ་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་རྒྱལ་པོ་ཛཿ ཟབ་གཏེར་སྒྲུབ་སྡེའི་སྒོ་འབྱེད་རིག་འཛིན་བརྒྱད། །ཐེག་མཆོག་བསྟན་པའི་མངའ་བདག་དགའ་རབ་རྗེ། རིག་འཛིན་གྲུབ་མཆོག་ཡོངས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་ཀུན་ངོ་བོ་པདྨ་འབྱུང༌། །ཐུགས་སྲས་ལས་ཅན་སྙིང་གི་བུ་དགུ་དང༌། །བཀའ་བབས་ཉེར་གཅིག་འབངས་རིགས་ཉེར་ལྔ་སོགས། །རྣལ་འབྱོར་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །རྣམ་གསུམ་ཡོ་གའི་བབས་སོ་རྨ་གཉགས་གནུབས། །གསང་བདག་དངོས་བྱོན་ཟུར་པ་མེས་དབོན་གསུམ། །སྨྲ་བའི་ཉི་མ་རོང་ཀློང་མྱོས་སྟོན་སོགས། །བརྒྱུད་འཛིན་སློབ་མར་བཅས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་སྐུ་གསུམ་སྟོན་འཁོར་ཚོགས། །བྱིན་གྱིས་རློབས་ཤིག་འཛིན་རྩལ་འཆང་རྣམས། །བདག་སོགས་འགྲོ་ལ་སྨིན་གྲོལ་དབང་བསྐུར་ཞིང༌། །རྣམ་བཞིའི་རིག་འཛིན་གྲུབ་པའི་དངོས་གྲུབ་སྩོལ། །ཕུང་ཁམས་སྐྱེ་མཆེད་ལྷ་ཡི་འཁོར་ལོ་དང༌། །རྩ་རླུང་ཐིག་ལེའི་བྱེད་བཅིང་དབུ་མར་ཐིམ། །སྣང་བཞི་མཐར་ཕྱིན་འཕོ་ཆེན་རྡོ་རྗེའི་སྐུ། །མངོན་གྱུར་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །ཞེས་པས་མཚོན་བྱེ་བྲག་རང་ཉིད་གང་ལ་མོས་པའི་སྡོམ་པ་གསུམ་དང་རྒྱུད་སྡེ་སོ་སོའི་བརྒྱུད་པའི་གསོལ་འདེབས་རྒྱས་བསྡུས་རྣམས་གང་འདོད་བྱས་ཀྱང་ལེགས་ཤིང༌། གཉིས་པ་བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི། བླ་མ་འཇམ་པའི་དབྱངས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སངས་རྒྱས་ཀུན་གྱི་བདག་ཉིད་དཔལ་རྡོ་རྗེ་ཆོས་གསུང་རྡོ་རྗེ་དཔལ་ཧེ་རུ་ཀའི་ཆས་ཅན་ཌཱ་རུ་དང་ཐོད་ཆང་འཛིན་ཅིང་ཁ་ཊྭཱྃ་མཆན་དུ་བརྟེན་ཅིང་ཞབས་རོལ་སྟབས་ཀྱིས་པད་ཉི་ལ་བཞུགས་པའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧཱུྃ་གི་མཐའ་སྐོར་དུ་རིག་འཛིན་བླ་མའི་སྤྱི་སྙིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། །འཁོར་གྱི་བླ་མ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་སྣང་བས་བརྟན་གཡོ་ཀུན་ལ་ཁྱབ། ཀུན་ཀྱང་བླ་མའི་གསང་བ་གསུམ་གྱི་དཀྱིལ་འཁོར་དག་པ་ཆེན་པོར་སད། །སྣང་སྲིད་བླ་མར་ཤེས་པའི་མོས་གུས་ཀྱིས་གསོལ་བ་བཏབ་པའི་མཐུས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱིན་རླབས་བཙན་ཐབས་སུ་ཞུགས་པར་བསམས་ལ། ཨོཾ་ཨཱཿགུ་རུ་མཉྫུ་གྷོ་ཥ་སརྦ་སིདྡྷི་ཧཱུྃ། ཞེས་གཙོ་བོའི་མཚན་སྔགས་དང༌། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་བླ་མ་སྤྱིའི་མཚན་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ། གསུམ་པ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །ཁྱོད་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངེས་པའི་གསང་བ་རིགས་ཀུན་ཁྱབ་བདག་དངོས། །བདག་སོགས་སྣང་ངོར་དགེ་བའི་བཤེས་ཀྱི་ཚུལ། །ཐར་པའི་སྒོ་ཕྱེ་བླང་དོར་མིག་བཏོད་དེ། །བྱང་ཆུབ་རིན་ཆེན་གླིང་དུ་བགྲོད་པའི་ལམ། །ནོར་མེད་ཡང་དག་བསྟན་པའི་བཀའ་དྲིན་ནི། །སྲས་དང་བཅས་པའི་སངས་རྒྱས་ཀུན་ལས་རྨད། །ད་དུང་བདག་བློ་དམ་པའི་ཚུལ་ལ་གཞུག །རྣམ་དག་ལམ་གྱིས་ནོར་འཁྲུལ་དྲི་མ་བསལ། །གེགས་དང་གོལ་སའི་འཕྲང་ལས་སྒྲོལ་ནས་ཀྱང༌། །སྐུ་བཞིའི་རྒྱལ་ས་ཟིན་པར་མཛད་དུ་གསོལ། །གཞན་ཕན་གྲུ་གཟིངས་ངེས་འབྱུང་བ་དན་ལྕི། །རྣམ་དག་དད་པའི་རླུང་གིས་བསྐུལ་བའི་ཚེ། །བླ་མ་བྱང་ཆུབ་སེམས་གཉིས་སྐུར་བཞེངས་ནས། །མཐའ་ཡས་འགྲོ་ཀུན་སྒྲོལ་ནུས་མཛད་དུ་གསོལ། །དབང་གིས་རྒྱུད་སྨིན་མདོ་རྒྱུད་མན་ངག་གིས། །ཕྱི་ནང་བསྐྱེད་རིམ་ལམ་རླུང་དང་གཏུམ་མོ། ཕོ་ཉའི་ལམ། རྡོ་རྗེའི་རྦ་རླབས་གསུམ་བསྒོམ་པའི་ཚེ། །བླ་མ་རྡོ་རྗེ་བཞི་ཡི་སྐུར་བཞེངས་ནས། །མི་སློབ་འབྲས་བུའི་སར་སྦྱོར་མཛད་དུ་གསོལ། །ཞེན་ལོག་བརྩོན་པས་དངོས་པོའི་གནས་ལུགས་རྟོགས། །རླུང་སེམས་རྟེན་འབྲེལ་དབུ་མར་སྒྲིག་པའི་ཚེ། །བླ་མ་ལྷན་སྐྱེས་ཡེ་ཤེས་སྐུར་བཞེངས་ནས། །རྣལ་འབྱོར་རྣམ་བཞི་མཐར་སོན་མཛད་དུ་གསོལ། །ཐབས་གྲོལ་ཟབ་མོའི་མྱུར་ལམ་ལ་བརྟེན་ནས། །འོད་གསལ་ཡེ་ཤེས་ཆེན་པོ་མངོན་བྱེད་ཚེ། །བླ་མ་ངེས་དོན་ཆོས་སྐུའི་སྐུར་བཞེངས་ནས། །ཚེ་གཅིག་གྲོལ་བའི་བྱིན་རླབས་མཛད་དུ་གསོལ། །མདོ་སྔགས་རྟེན་འབྲེལ་ལམ་གྱིས་རྒྱུད་སྦྱངས་ནས། །ཕྱི་ནང་འགལ་རྐྱེན་ཆོས་སྐུར་བལྟ་བའི་ཚེ། །བླ་མ་སྡུག་བསྔལ་ཞི་བྱེད་སྐུར་བཞེངས་ནས། །ཤེས་རབ་ཕར་ཕྱིན་དོན་རྟོགས་མཛད་དུ་གསོལ། །དྷཱུ་ཏིའི་དབྱིངས་སུ་རླུང་སེམས་ངལ་འཚོའི་ཐབས། །རྡོ་རྗེའི་རྣལ་འབྱོར་སྦྱོར་བ་དྲུག་སྒོམ་ཚེ། །བླ་མ་ཕྱི་ནང་གཞན་དག་སྐུར་བཞེངས་ལ། །རྟགས་བཅུའི་ཡོན་ཏན་མངོན་གྱུར་མཛད་དུ་གསོལ། །ཤིན་ཏུ་ཕྲ་བའི་གཉུག་མའི་རྡོ་རྗེ་གསུམ། །སྒོ་གསུམ་རླུང་ཐིག་སེམས་ཀུན་ངལ་གསོའི་ཚེ། །བླ་མ་རྡོ་རྗེ་གསུམ་གྱི་སྐུར་བཞེངས་ལ། །བསྙེན་སྒྲུབ་རྣལ་འབྱོར་མཐར་ཕྱིན་མཛད་དུ་གསོལ། །འཁྲུལ་རྟོག་ཡེ་གྲོལ་ཀ་དག་ཆོས་སྐུའི་ངང༌། །འོད་གསལ་སྣང་བཞིའི་དཔལ་ལ་སྤྱོད་པའི་ཚེ། །བླ་མ་ཡེ་ཤེས་རྗེན་པའི་སྐུར་བཞེངས་ནས། །བློ་ཟད་དགོངས་པ་ཀློང་གྱུར་མཛད་དུ་གསོལ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བདག་ལ་མཐོ་དམན་སྐྱིད་སྡུག་གང་བྱུང་ཡང༌། །བླ་མས་འདུ་འབྲལ་མེད་པར་རྗེས་བཟུང་ནས། །བྱིན་རླབས་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། །དང་པོ་ཀུན་རྫོབ་ཕྱི་ཡི་བླ་མ་མཇལ། །བསྟན་པའི་འཇུག་སྒོ་མ་ནོར་ལམ་དང་འཕྲད། །བར་དུ་རིས་མེད་མཁས་གྲུབ་བླ་མ་མཇལ། །ཐོས་པས་རྒྱུད་གྲོལ་ངེས་དོན་བསམ་པས་རྙེད། །མཐར་ཐུག་སྣང་སྲིད་དཔལ་ལྡན་བླ་མར་མཇལ། །དག་ཆེན་ཡེ་ཤེས་སྣང་བ་རྒྱུན་མི་ཆད། །ངེས་དོན་རིག་པ་ཆོས་སྐུའི་བླ་མ་དང༌། །གཉིས་མེད་སྐུ་བཞིའི་རྒྱལ་ས་ཟིན་པར་ཤོག །དབང་བཞིའི་བླ་མས་རིགས་ཁམས་ནུས་པ་གསོ། །མན་ངག་བླ་མས་ཐབས་གྲོལ་གསེང་ལམ་སྟོན། །འབྲས་བུའི་བླ་མས་སྐུ་བཞིའི་རྒྱལ་ཐབས་སྦྱིན། །དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད་པར་ཤོག །སྐྱེ་བ་སྤྲུལ་སྐུའི་བླ་མར་ལམ་བྱེད་པས། །སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུར་སད། །འཆི་བ་ཆོས་སྐུའི་བླ་མའི་དེ་ཉིད་དུ། །ཤེས་པས་འོད་གསལ་མ་བུ་གཅིག་ཏུ་འདྲེས། །བར་དོར་ལོངས་སྐུའི་བླ་མས་ཞིང་སྦྱངས་ནས། །མཐོང་ཐོས་དྲན་རེག་གདོད་མའི་སར་སྦྱོར་ཤོག །གསུམ་པ་རྗེས་ཀྱི་བྱ་བ་ལ། །ཆོས་སྲུང་སྤྱི་དང་བྱེ་བྲག་གི་གཏོར་ཆོག་བྱ་བར་འདོད་པས་རྒྱས་བསྡུས་ཇི་ལྟར་རིགས་པ་བཏང༌། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་བཟའ་བཏུང་གི་དམ་རྫས་ཅི་འབྱོར་པ་བཤམས་ལ་བསང་ཆུ་དང་བདུད་རྩིས་བྲན་ནས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཀ་པཱ་ལའི་སྣོད་དུ་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བ་ཉིད་ཡོངས་སུ་དག་ཅིང་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས་ནས། ཚོགས་ཞིང་སྤྱན་འདྲེན་པ་ནི། དཔལ་ལྡན་བླ་མའི་ངོ་བོ་སྲིད་ཞིར་ཁྱབ། །གདུལ་བྱའི་སྣང་ཆར་རྣམ་པ་གང་འདུལ་སྟོན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་རྣལ་འབྱོར་མ་དང་ཆོས་སྐྱོང་སོགས། །གནས་འདིར་བྱོན་ལ་ཚོགས་གཉིས་རྟེན་དུ་བཞུགས། །དགྱེས་པའི་སྐུ་ནི་རྡོ་རྗེའི་གར་དང་བཅས། །གསུང་མཆོག་བརྡ་གླུ་བདེ་གསལ་མི་རྟོག་ཐུགས། །ཡེ་ཤེས་སྒྱུ་འཕྲུལ་བསམ་མི་ཁྱབ་དང་བཅས། །བྱིན་ཆེན་ཕོབ་ལ་དབང་དང་དངོས་གྲུབ་སྩོལ། །སརྦ་ས་མ་ཡ་ཛཿཛཿ ཚོགས་རྫས་རྣམས་ཀྱི་ཕུད་དང་པོ་བླ་མ་རྩ་གསུམ་རྟེན་གྱི་དྲུང་དུ་ཕུལ་ཏེ། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །ལྷ་རྫས་འདོད་ཡོན་ཕུན་སུམ་ཚོགས་པ་འདི། །བཀའ་གདམས་དགེ་བའི་བཤེས་གཉེན་ཚོགས་ལ་འབུལ། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །རིགས་ལྔ་ཡེ་ཤེས་ལྔ་ཡི་དམ་ཚིག་རྫས། །གསང་ཆེན་ལམ་འབྲས་རྣལ་འབྱོར་ཚོགས་ལ་འབུལ། །དབང་བཞིའི་ཉམས་ལེན་མཐར་སོན་བྱིན་གྱིས་རློབས། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །བདེ་ཆེན་རྡོ་རྗེའི་ཐབས་ཤེས་དམ་རྫས་འདི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་ལ་འབུལ། །ཐབས་གྲོལ་ལམ་མཆོག་མཐར་ཕྱིན་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །རྡོ་རྗེའི་ཕུང་ཁམས་དག་པའི་དམ་རྫས་བཅུད། །དུས་ཀྱི་འཁོར་ལོའི་གྲུབ་ཐོབ་རྣམས་ལ་འབུལ། །སྦྱོར་དྲུག་བསྙེན་སྒྲུབ་རྣལ་འབྱོར་མཐར་སོན་མཛོད། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །འོད་གསལ་སྒྲོན་དྲུག་སྣང་བཞིའི་མཆོད་པའི་སྤྲིན། །ཐེག་མཆོག་རྡོ་རྗེའི་ལམ་སྟོན་རྣམས་ལ་འབུལ། །ཟག་ཟད་འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་ཚོགས་ཀྱི་དམ་རྫས་སུ་རོལ་ལ། ཕྱི་མ་ལྷག་མའི་ཚུལ་དུ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཨེ་ཨ་ར་ལླི་ཕེཾ་གྱིས་ལྷག་མགྲོན་སྤྱན་དྲངས། ཧོཿ ཚོགས་ལྷག་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །ཕྱི་ཡི་བཀའ་སྲུང་གིང་ལང་དབང་ཕྱུག་མ། །ནང་གི་བཀའ་སྲུང་གནས་ཡུལ་ཌཱ་ཀིའི་ཚོགས། །གསང་བའི་བཀའ་སྲུང་ཡེ་ཤེས་ཆོས་སྐྱོང་ལ། །འབུལ་ལོ་འདོད་དགུའི་ཕྲིན་ལས་མ་ལུས་སྒྲུབས། །ས་ལམ་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། རིག་འཛིན་བླ་མ་རྩ་གསུམ་ལྷར། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །བསགས་སྦྱང་གྲངས་གསོག་ན། མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་མངོན་སུམ་དུ་བཞུགས་པའི་སོགས་གོང་གི་ཕྱག་འཚལ་ནས་བཟུང་འདིའི་བར་གྲངས་བསགས། རྩ་གསུམ་ཀུན་འདུས་སློབ་དཔོན་པདྨ་འབྱུང་སོགས་གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་དང༌། སོ་བྱང་སྔགས་གསུམ་གྱི་བརྒྱུད་འདེབས། བཤད་སྒྲུབ་ཀྱི་བཀའ་བབས་སོ་སོའི་གསོལ་འདེབས་གང་འདོད་རེས་མོས་སྦྱར་ན་ལེགས་པར་འགྱུར་རོ། །གྲངས་རྫོགས་པའི་མཇུག་ཏུ། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསྐལ་བཟང་སངས་རྒྱས་སྟོང་ལས་སོགས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་གསུང་ཡང་སྦྱར་དགོས་སོ། །གཉིས་པ་གཏང་རག་འབུལ་བ་ནི། མཆོད་པ་རྣམས་ཁ་གསོ། ཆབ་ཀྱིས་བྲན། མཆོད་སྤྲིན་གྱི་སྔགས་བརྗོད་ཅིང༌། གང་མཚན་དྲན་དང་ཐོས་པ་ཙམ་གྱིས་ཀྱང༌། །སྲིད་ཞིའི་རྒུད་པ་མ་ལུས་རྒྱུན་གཅོད་ཅིང༌། །ཕན་བདེའི་དངོས་པོ་མཐའ་དག་སྦྱིན་མཛད་པ། །དཔལ་ལྡན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུ་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རྒྱ་མཚོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ཞེས་ཡན་ལག་བདུན་པ་ཚང་བར་བྱ། གསུམ་པ་དབང་བཞི་བླང་བ་ལ། ཏིང་ངེ་འཛིན་གྱི་དབང་བསྐུར་ཅུང་ཟད་རྒྱས་པར་སྤྲོ་ན། མཎྜལ་ཕུལ། ཐལ་མོ་སྦྱར་བས་བཏུད་དེ། རིགས་ཀུན་ཁྱབ་བདག་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང༌། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་གཞུག་པ་དང༌། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་འཁོར་གྱི་ཚོགས་ཞིང་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རིགས་ཀུན་ཁྱབ་བདག་བླ་མ་འཇམ་པའི་དབྱངས་ལ་ཐིམ། བླ་མ་ཉིད་སྐྱབས་གནས་ཀུན་འདུས་སྐུ་བཞིའི་དབང་ཕྱུག་ཏུ་བཞུགས་པའི་ཐུགས་ཀ་ནས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྲོས། །རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་བུམ་པ་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བར་གྱུར། ཧཱུྃ། བཀྲ་ཤིས་བུམ་པ་ཆེན་པོ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡང་ཁྱོད་ལ་སྦྱིན། །ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང༌། ཉོན་མོངས་པ་ལྔ་ཡི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། །འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་མོས་གུས་ཤུགས་དྲག་ཏུ་བསྐྱེད་དེ་གསོལ་བ་བཏབ་པས། བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་གཡོན་པའི་ཨུཏྤལ་གྱི་སྡོང་བུ་ལ་གནས་པའི་ཆོས་སྒོ་རབ་འབྱམས་འདུས་པའི་གླེགས་བམ་ཉིད་ཡེར་གྱིས་བྱོན། ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་བཞིན་པས་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་དབུས་སུ་སིབ་ཀྱིས་ཐིམ་པས་ཤིང་རྟ་ཆེན་པོ་གཉིས་དང་རྒྱན་དྲུག །གངས་ཅན་བཤད་བརྒྱུད་ཀ་ཆེན་བཅུ་ལ་སོགས་པ་མདོར་ན་སྡེ་སྣོད་སྔགས་རྒྱུད་རྒྱ་མཚོ་འཆད་རྩོད་རྩོམ་གསུམ་ནུས་པའི་བྱིན་རླབས་ཁྱད་པར་ཅན་ཐོབ། གཟུངས་དང་སྤོབས་པ་བློ་གྲོས་མི་ཟད་པའི་གཏེར་ཆེན་པོ་བརྡོལ། གང་འདུལ་གྱི་ཆོས་སྒོ་རབ་འབྱམས་ཐོགས་མེད་དུ་འབྱེད་པ་ལ་སྨྲ་བའི་དབང་ཕྱུག་རྡོ་རྗེ་རྣོན་པོ་དངོས་སུ་གྱུར་པར་བསམ་ལ། དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །སྡེ་སྣོད་རྒྱུད་སྡེའི་དབང་ཐོབ་ཤོག །ཨོཾ་དྷརྨ་ས་ག་ར་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་གསལ་རྟེན་སྙིང་བརྗོད། སླར་ཡང་དད་མོས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་གཡས་པའི་ཚེ་བུམ་ལས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འབེབས་བཞིན་པ་སྤྲོས། སྤྱི་བོ་ནས་དབང་བསྐུར། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང༌། རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་སོགས་པའི་རྒྱུད་སྡེ་རྒྱ་མཚོའི་དབང་བཞི་དང་རྡོ་རྗེ་གསུམ་གྱི་བྱིན་རླབས་མཐའ་དག་ཐོབ། ལམ་བཞིའི་ཡོན་ཏན་ཇི་བཞིན་མངོན་དུ་གྱུར། གསང་བ་ཟབ་མོའི་ཚུལ་ཉན་སྒོམ་སྒྲུབ་པ་ལ་དབང༌། དོན་གཉིས་ཀྱི་ལམ་ཐམས་ཅད་སྒྲུབ་ནུས་པ་གསང་བའི་བདག་པོ་དང་གཉིས་སུ་མེད་པའི་བྱིན་རླབས་དང་དབང་བསྐུར་ཡོངས་སུ་རྫོགས་པར་མོས་པས། སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །གསང་བ་ཟབ་མོའི་དབང་ཐོབ་ཤོག །ཨོཾ་མནྟྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་གསལ་རྟེན་སྙིང་བརྗོད། བླ་མ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཡབ་ཡུམ་གྱི་རྣམ་པར་བཞེངས་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བཞག་པར་གྱུར་པའི་མོས་པས། ཧཱུྃ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བྱིན་པའི་བདུད་རྩི་དེ་ཉིད་ཨོཾ་ཨཱཿཧཱུྃ་གིས་མྱོང་བས་གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །བླ་མའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོ་རྫོགས་པ་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར་པའི་མོས་པས། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱར་ལོངས། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཨོཾ་བཛྲ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་རྒྱ་དང་འདུ་ཤེས་གསུམ་ལྡན་གྱི་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་མཚོན་བྱེད་དཔེའི་ཡེ་ཤེས་ཉམས་སུ་མྱོང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །འཇམ་མགོན་བླ་མའི་ཕྱག་གི་རྡོར་དྲིལ་དང༌། ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་རིག་འཛིན་རྣལ་འབྱོར་གྲུབ་པ་ཕོ་མོའི་ཚོགས་ཐམས་ཅད་ཀྱི་བདེ་སྟོང་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་བྱིན་རླབས་ཡི་དམ་གྱི་ལྷ་ཞི་ཁྲོ་རབ་འབྱམས་སྤྲོས། ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག་གཅིག་གི་སྐུ་ཡི་རྣམ་པར་གྱུར་ཏེ་རང་གི་སྙིང་གར་ཐིམ་པས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་སད་དེ་ཡི་དམ་ལྷག་པའི་ལྷ་རབ་འབྱམས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས། ཨོཾ་ཨཱཿཧཱུྃ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། དབང་བཞི་པའི་སླད་དུ་བླ་མ་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པར་གྱུར་པའི་མོས་པས། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང༌། །རྡུལ་བྲལ་བ་ནི་ཞི་བའི་ཆོས། །རང་གི་རང་བཞིན་དེ་ཉིད་དོ། །ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ། བྱིན་རླབས་འཕོ་བའི་རིམ་པས་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་མངོན་སུམ་དུ་མཐོང་བར་བསམ་ལ་མཉམ་པར་བཞག །དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །སླར་ཡང་མཎྜལ་ཕུལ། བསྡུ་ན་གོང་དུ་སྨོས་པ་ལྟར་འོད་ཟེར་སྤྲོ་བསྡུའི་ཚུལ་ལ་བརྟེན་ནས་བླང་ནའང་རུང་ངོ༌། །བཞི་པ་ཉེར་བསྡུའི་རྣལ་འབྱོར་ནི། སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང༌། །བདག་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང༌། །བྱང་ཆུབ་བར་དུ་འབྲལ་མེད་རྟག་བཞུགས་ནས། །དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དུས་གསུམ་རྟོགས་པས་མ་བསླད་གཉུག་མའི་ངང༌། །བློ་འདས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམ་ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་པོས་འབྲལ་མེད་རྗེས་བཟུང་ནས། །དད་དང་མོས་གུས་དམ་ཚིག་རྣམ་དག་པས། །རྗེ་བཙུན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཐུབ་དབང་ཉེ་སྲས་ཀུན་བཟང་རྡོ་རྗེ་འཆང༌། །དཀོན་མཆོག་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས། །མཚུངས་མེད་རྗེ་བཙུན་འཇམ་མགོན་བླ་མ་ཡི། །གསང་གསུམ་གདོད་ནས་རྫོགས་ཀུན་དགོངས་སུ་གསོལ། །དད་དང་ངེས་འབྱུང་སྙིང་རྗེ་ཤེས་རབ་ཀྱིས། །མཆོག་གསུམ་སྐྱབས་བསྟེན་གཞན་ཕན་བསམ་སྦྱོར་གྱིས། །ཐུན་མོང་ཐུན་མིན་ཁྱད་པར་སྔོན་འགྲོ་འབྱོངས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་ཤོག །དོན་དམ་ཆོས་ཀུན་གནས་ལུགས་སྟོང་པ་ཉིད། །ཀུན་རྫོབ་མཚན་མེད་རྟེན་འབྱུང་ཅིར་སྣང་ཡང༌། །ཟུང་འཇུག་མཐའ་བྲལ་སྨོན་པ་མེད་པའི་དབྱིངས། །ཐེག་མཆོག་དབུ་མའི་ལྟ་བ་མངོན་གྱུར་ཤོག །རང་བབ་གསུམ་གྱིས་སེམས་ཉིད་ལྷན་སྐྱེས་རྟོགས། །སྐྱོན་བཞི་རང་གྲོལ་ཉམས་མྱོང་རྣལ་འབྱོར་བཞིས། །སྐུ་བཞིར་རང་ལ་རྫོགས་པའི་གདེང་རྙེད་ནས། །སྒོམ་པ་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །སྣང་སེམས་རིག་སྟོང་སྒྱུ་མའི་ཆོ་འཕྲུལ་ལ། །བསྐྱེད་བཟླས་ཐབས་གྲོལ་མྱུར་ལམ་གནད་དུ་བརྡེག །སྐྱིད་སྡུག་ལམ་ཁྱེར་འཁོར་འདས་ཆོས་སྐུར་ཤར། །རོ་སྙོམས་སྤྱོད་པས་བོགས་འདོན་གེགས་སེལ་ཤོག །ཡིད་དཔྱོད་མཚན་འཛིན་ཀ་དག་དབྱིངས་སུ་གྲོལ། །ལྷུན་གྲུབ་སྣང་བས་ཟག་པ་རང་སར་ཟད། །ཆོས་དབྱིངས་གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན། །འབྲས་བུ་རྫོགས་ཆེན་སྣང་བཞི་མངོན་གྱུར་ཤོག །མཁའ་ཁྱབ་འགྲོ་ཀུན་རྗེས་འཛིན་ཐུགས་རྗེ་མྱུར། །གདུལ་དཀའ་འདུལ་བ་ཐབས་མཁས་ནུས་སྟོབས་བཙན། །དོན་གཉིས་ལྷུན་གྲུབ་རྨད་བྱུང་བླ་མ་རྗེའི། །རྣམ་ཐར་ཇི་བཞིན་བདག་གིས་མངོན་གྱུར་ཤོག །བཀྲ་ཤིས་ནི། རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པའི། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །བློ་གྲོས་རྩ་བར་ངེས་འབྱུང་བདུད་རྩིས་རེག །གཞན་ཕན་སེམས་ཀྱི་ཟིལ་མངར་རབ་ཏུ་རྒྱས། །ཐོས་བསམ་སྒོམ་པའི་འདབ་སྟོང་ཆེས་ཕྱུར་པའི། །ཐུབ་བསྟན་ཀུན་དགའི་ཚལ་མཛེས་བཀྲ་ཤིས་ཤོག །སྨིན་ལམ་དབང་གི་སྤྲིན་གྱི་མེ་ཏོག་འབེབས། །བསྐྱེད་རྫོགས་གདམས་པའི་དབྱར་རྔ་སྙན་པར་སྒྲོག །རྣམ་དག་དམ་ཚིག་དབྱར་གྱི་ལང་ཚོ་དར། །སྡོམ་གསུམ་ལོ་འབྲས་རྒྱས་པའི་བཀྲ་ཤིས་ཤོག །ཡང་དག་ལྟ་བའི་ངེས་ཤེས་མཁའ་ལྟར་ཡངས། །འོད་གསལ་སྒོམ་པའི་ཉི་ཟླ་རྒྱུ་སྐར་བཀྲ། །རང་གྲོལ་སྤྱོད་པས་རྟེན་འདིར་མི་སློབ་པའི། །ལམ་གྱི་ཡོན་ཏན་རྫོགས་པའི་བཀྲ་ཤིས་ཤོག །དེ་ལྟར་བཤད་པ་འདི་ནི་བླ་མའི་རྣལ་འབྱོར་དང༌། བླ་མ་མཆོད་པ་གཉིས་ཀའི་དོན་ཚང་བ་སྟེ། སྤྱིར་འདི་བཞིན་ཉམས་སུ་བླངས་ན་མཆོག་ཏུ་འགྱུར་རུང་བླ་མའི་རྣལ་འབྱོར་གྱི་དགོངས་པ་གཙོ་བོར་བཏོན་ནས་གསོལ་འདེབས་དང་མཚན་སྔགས་གྲངས་གསོག་གཙོ་བོར་བྱེད་ན་ཡན་ལག་བདུན་གྱི་མཆོད་ཕྲེང་སྐོར་འདོན་ཚིག་ཅུང་བསྡུས་ན་ལེགས་པས་སོ་སོའི་སྐབས་མཆན་གསལ་ལྟར་བྱས་ཏེ་རྗེས་དྲན་དྲུག་གི་མོས་གུས་ཁོ་ན་རྩལ་དུ་བཏོན། གསོལ་འདེབས་ཀྱང་གཞུང་དུ་སྤྱིའི་གསོལ་འདེབས་དང༌། བྱེ་བྲག་སྡོམ་པ་གསུམ་དང༌། ཤིང་རྟ་བརྒྱད་སོགས་རང་གང་མོས་ཀྱི་གསོལ་འདེབས་ལ་གྲངས་བཟུང་བ་དང༌། མཚན་སྔགས་བཟླ་བ་རེས་མོས་དབང་ལེན་གྱི་དམིགས་པ་རྒྱས་བསྡུས་གང་འདོད་ཡང་ཡང་བྱ། བླ་མ་མཆོད་པ་གཙོ་བོར་བཏོན་པའི་སྐབས་མེ་ཏོག་དང་མར་མེ་ཞལ་ཟས་སོགས་དངོས་འབྱོར་བརྒྱ་སྟོང་ཅི་འབྱོར་དང༌། ལུས་ཕྱག་དངོས་སུ་འཚལ། མཆོད་ཕྲེང་རིགས་རྒྱས་པར་སྦྱར། མཎྜལ་གྲངས་བསགས་པ་རྣམས་གཙོ་བོར་བྱ་ཞིང༌། འདིར་ཚོགས་རྟེན་གཙོ་བོ་མཁྱེན་བརྩེ་རིན་པོ་ཆེ་བྱས་པའང་དེང་སང་བདག་ཅག་ལ་བསྟན་པ་རིས་མེད་ཀྱི་ཆོས་ཀྱི་སྣང་བ་ཡོད་པ་རྗེ་འདི་ཁོ་ནའི་བཀའ་དྲིན་ཏེ་རྗེ་ཉིད་ཀྱི་གསུང་ལས། མདོར་ན་བཤད་བརྒྱུད་ཤིང་རྟ་བཅུའི། །རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། །ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། །རང་གཞན་གྲུབ་མཐའི་ཁས་ལེན་དང༌། །ཆོས་རྒྱུས་ཤིན་ཏུ་ཆེ་བ་བྱུང༌། །ཞེས་དང༌། སྔ་འགྱུར་བཀའ་གདམས་ས་སྐྱ་པ། །མར་ཤངས་བཀའ་བརྒྱུད་སྦྱོར་བ་དྲུག །ཞི་གཅོད་བསྙེན་སྒྲུབ་དང་བཅས་པའི། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལ། །ཤིན་ཏུ་མོས་ཤིང་དད་པའི་བློས། །སྔོན་གྱི་ལུགས་སྲོལ་མ་ཉམས་པ། །དཀའ་བ་འབད་པ་བརྒྱ་ཕྲག་གིས། །མང་དུ་འཚོལ་ཞིང་ཐོས་པར་བྱས། །ཞེས་གསུངས་པ་ལྟར་རང་སྟོབས་ཀྱི་མཁྱེན་བརྩེ་ནུས་པས་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་ངེས་པ་གངས་ཅན་མཁས་གྲུབ་ཡོངས་ལ་ཚད་མར་གྲུབ་ཅིང་གྲགས་པས་ཏེ། དེ་ལས་གཞན་དུ་རང་རང་གང་མོས་ཀྱི་བླ་མ་ཚོགས་རྟེན་གྱི་གཙོ་བོར་གསལ་བས་ཆོ་ག་འདི་བཞིན་བགྱིས་ཀྱང་རུང་བའི་ཚུལ་དཔེར་ན་རྒྱལ་དབང་ལྔ་བ་ཆེན་པོ་ལྟ་བུ་ལ་མཚོན་ན། རིགས་ཀུན་ཁྱབ་བདག་གསུམ་ལྡན་རྡོ་རྗེ་འཛིན། །པད་དཀར་འཆང་དངོས་བློ་བཟང་རྒྱ་མཚོ་སྟེ། །དཀར་དམར་མདངས་ལྡན་གཟི་བརྗིད་དཔལ་དུ་འབར། །ཞལ་རས་རྒྱས་ཤིང་སྤྱན་ཟུང་ཟླུམ་ལ་འཁྱིལ། །ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱའི་མཐེབ་མཛུབ་ཀྱིས། །པད་དཀར་འཛིན་པ་མཁྱེན་བརྩེའི་ཡེ་ཤེས་མཚོན། །གཡོན་པས་མཉམ་བཞག་གསེར་གྱི་འཁོར་ལོ་ཡིས། །ཕུལ་བྱུང་ནུས་མཐུའི་ཆོས་ཀྱི་ཕྲིན་ལས་སྟོན། །སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་ཀླུབས། །སྡེ་སྣོད་གསུམ་འཛིན་གསེར་མདོག་པཎ་ཞུ་གསོལ། །ཞེས་སོགས་ཀྱིས་མཚོན་གོང་འོག་གི་ཚིག་འཕྲད་བསྒྱུར་ཤེས་པར་བྱ། ཡང་ན་རྩ་བའི་བླ་མ་སྤྱི་བཏང་ལ་སྦྱོར་ན། མངོན་པར་དཀྲིགས་པའི་རིན་ཆེན་སེངྒེའི་ཁྲིར། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ནི། །རྣམ་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་གངས་ཀྱི་རི་བོ་ལ། །ཉི་གཞོན་སྟོང་གིས་འཁྱུད་པའི་གཟི་བརྗིད་འབར། །སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ། །མཚན་དཔེས་རབ་མཛེས་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གསོར། །གཡོན་པས་དྲིལ་བུ་དཀུར་བསྟེན་ཡུམ་ལ་འཁྱུད། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཡུམ་མཆོག་རྡོ་རྗེ་སྙེམས་མ་ཟླ་བའི་མདོག །གྲི་གུག་ཐོད་འཛིན་མགུལ་ནས་འཁྱུད་པ་དང༌། །མཉམ་པར་སྦྱོར་ཞིང་ཡབ་ཡུམ་གཉིས་ཀ་ཡང༌། །མཉེན་ལྕུག་འཁྲིལ་ལྡེམ་ཡིད་འཕྲོག་གཞོན་ནུའི་ཚུལ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ། །ཞི་ཚུལ་དགུ་ལྡན་དར་དཀར་སྟོད་གཡོགས་དང༌། །དབང་པོའི་གཞུ་ལྟར་བཀྲ་བའི་སྨད་དཀྲིས་ཅན། །ཅོད་པན་ཟི་ལྡིར་གར་གྱི་ཕུ་དུང་སྟེ། །ལྷ་རྫས་ལས་གྲུབ་དར་གྱི་ཆས་ལྔས་ཀླུབས། །རིན་ཆེན་དབུ་རྒྱན་སྙན་ཆ་མགུལ་པའི་རྒྱན། །ཕྱག་ཞབས་གདུ་བུ་སྐ་རགས་དོ་ཤལ་དང༌། །སེ་མོ་དོ་སྟེ་རྒྱན་ཆ་བརྒྱད་ཀྱིས་སྤྲས། །མཐའ་ཡས་འོད་ཟེར་འབར་ཞིང་འཁྲུག་པའི་དབུས། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཕུང་པོ་རིགས་ལྔ་ཁམས་རྣམས་དབྱིངས་ཕྱུག་ཡུམ། །ཚོགས་བརྒྱད་དབང་ཡུལ་སེམས་དཔའ་སེམས་མ་དང༌། །ཡན་ལག་མཐར་བྱེད་ཡབ་ཡུམ་བརྒྱད་ལ་སོགས། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་ཅིར་ཡང་འཆར་བའི་ཚུལ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །བསྙེན་སྔགས། ཨོཾ་གུ་རུ་བཛྲ་སཏྭ་སིདྡྷི་ཨཱཿཧཱུྃ། ཞེས་བསྒྱུར་བར་བྱའོ། །རབ་འབྱམས་སྲས་བཅས་རྒྱལ་ཀུན་མཆོད་པ་ལས། །བླ་མའི་བ་སྤུ་གཅིག་མཆོད་རྣམ་དཀར་འབྲས། །ཚོགས་གཉིས་རིན་ཐང་ལྕི་བར་མདོ་རྒྱུད་ལས། །བསྔགས་པར་སྤྲོ་བའི་སེམས་ཀྱིས་ཚུལ་འདི་བརྩམས། །རབ་དགེ་དྲི་མེད་རིན་ཆེན་ཀུན་དགའི་དཔལ། །སྲིད་ཞིའི་རྒྱན་དུ་གྱུར་པའི་ཡོངས་བསྔོའི་མཐུས། །ཚེ་རབས་ཀུན་ཏུ་བླ་མའི་བྲན་གྱུར་ནས། །ཐུགས་ཡིད་གཅིག་འདྲེས་བསྟན་འགྲོའི་དོན་བགྱིད་ཤོག །ཅེས་པའང་རང་ལོ་བཅོ་ལྔའི་སྟེང་རིགས་བརྒྱའི་ཁྱབ་བདག་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་སོགས་རིག་འཛིན་འདུས་པའི་ཚོགས་དང་ལྷན་ཅིག་ཞེ་ཆེན་རི་ཁྲོད་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་ཡོངས་རྫོགས་བཀའ་དྲིན་བསྩལ་བའི་གྲལ་མཐར་བདག་མངྒ་ལའི་མིང་ཡང་ཚུད་པའི་བཀའ་དྲིན་གྱིས་ཐུབ་བསྟན་རིས་མེད་ལ་དད་པའི་སྣང་བ་ཡང་པོར་གྱུར་པས་རང་ལོ་སོ་གཉིས་སྟེང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པའི་རྨི་ལྟས་ཀྱིས་བསྐུལ་ནས་ཤིང་རྟ་བརྒྱད་ཀྱི་བླ་མའི་རྣལ་འབྱོར་ཉུང་བསྡུས་ཤིག་བྲིས་པ་ལ། སླད་ནས་ལུང་རྟོགས་དཔལ་ཡོན་དུ་མས་ཐུགས་རྒྱུད་ཕྱུག་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཐུབ་བསྟན་རིས་མེད་ཀྱི་བླ་མ་མཆོད་པ་ཞིག་བརྩམ་པར་སྔ་ཕྱིར་གསུང་ནན་ཆེན་པོས་བསྐུལ་བའི་རྐྱེན་གྱིས་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ཏེ་ཅུང་ཟད་རྒྱས་པར་ཕྱེ་ནས་བྲིས་པའི་ཡི་གེའི་མཐུན་འགྱུར་རྙིང་སྔགས་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱིས་བགྱིས་ཏེ་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་གི་ཞོལ་བསམ་གཏན་གྱི་སྤྱིལ་བུ་བཀྲ་ཤིས་དགའ་འཁྱིལ་ཏུ་རྫོགས་པར་གྲུབ་པ་འདིས་ཀྱང་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་རླབས་ཁྱད་པར་དུ་འཇུག་པའི་འབབ་སྟེགས་སུ་གྱུར་ཅིག ༈ ཨོཾ་སྭ་སྟི། མཁྱེན་པའི་ཡེ་ཤེས་ཡངས་པའི་ལྷ་ལམ་ངོགས། །བརྩེ་ཆེན་ཐུགས་རྗེའི་འོད་སྣང་སྟོང་འབར་བས། །འགྲོ་བློའི་མི་ཤེས་རྨོངས་མུན་ཀུན་འཇིལ་མཛད། །ཁྱབ་བདག་མངྒའི་མཚན་དེ་གཙུག་ན་མཆོད། །རྒྱུད་སྡེ་རྒྱ་མཚོའི་ལམ་སྲོལ་ཤིང་རྟ་བརྒྱད། །སོ་སོར་སྒྲུབ་པའི་སྒོ་བརྒྱ་ཡངས་ན་ཡང༌། །གཅིག་བསྡུས་ནོར་བུའི་ཆུ་རྒྱུན་འདི་ཁོ་ན། །ཐར་འདོད་སྐལ་བཟང་རྣམས་ཀྱི་བཙས་སུ་མཚར། །རིས་མེད་བསྟན་ལ་དད་པའི་འོ་མའི་མཚོར། །བླ་མཆོད་ཉ་སྐྱོགས་སྦུབས་ཡངས་ལས་གྲོལ་བའི། །བྱིན་རླབས་མུ་ཏིག་འཕྱུར་བའི་དོ་ཤལ་གང༌། །སྐལ་ལྡན་མགུལ་པའི་རྒྱན་དུ་ཅིས་མི་འོས། །དེ་ཕྱིར་ཆོས་ཕྱི་ཡོངས་འདུའི་ཕྲེང་འཁྲིགས་ཤིང༌། །འགྲོ་ཕན་བ་ཀུ་ལ་ཡི་འདབ་སྟོང་བཞད། །དབང་བཞིའི་བདུད་རྩི་རང་གིར་དབང་བསྒྱུར་བཞིན། །སྐུ་བཞིའི་འབྲས་བཟང་འཇོ་ལ་ངལ་མེད་གྱུར། །ཅེས་པའང་རྣམ་དཀར་གྱི་སྲིད་ཞུ་དང་ཆབས་ཅིག་པར་རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སློང་ཝཱ་གིནྡྲ་དྷརྨ་མ་ཏིས་སྨོན་པ་ཛ་ཡནྟུ། །དགེའོ།། །།
[edit]

@#/____/thub bstan ris su ma chad pa'i skyes bu dam pa'i tshogs rjes su dran pas gsol ba gdab cing mchod bstod bya ba'i rim pa byin rlabs ye shes bdud rtsi'i mchog stsol zhes bya ba bzhugs so// @#/______/na mo gu ru bud+d+ha ya/__/nges 'byung byang chub kyi sems rin po ches rgyud 'byongs nges pas/__/bla ma'i mos gus lam gyi srog tu bzung ste rnal 'byor zab mo rtse gcig tu bsgom pa ni gsang chen rdo rje theg pa'i myur lam mthar thug pa yin te/__de'i tshul bka' gdams dge ba'i bshes gnyen chen po sha ra bas rjes su dran pa drug gis bla ma bsgom zhing yid la bya bar gsungs pa ltar shin tu mdor bsdus te bya ba la gsum/__sngon 'gro/__dngos gzhi/__rjes so/__/dang po la gnyis/__sbyor ba dang sngon 'gro dngos gnyis las/__snga ma ni/__bla ma'i dus chen sogs spros pa dang bcas pa'i skabs su gnas khang byi dor rgyan bkod bkram pa'i gung du gzhung mthun rten gyi spyan sngar gos bzang pos bkab pa'i stegs kyi dbus rdul tshon nam ras bris kyi pad+ma 'dab brgyad dang*/__ma 'byor na maN+Dal steng dri bzang gis gsher ba'i 'bru dkar gyi tshom bu dgu'i steng many+dzi lta bur bla ma'i sku'am/__dbu skra/__phyag sen sogs bzhugs su gsol ba'i mthar nyer spyod gtsor gyur mchod pa brgya stong ci 'byor bkod legs su bshams/__rgyun gyi rnal 'byor lta bur ting 'dzin dmigs pa kho nas kyang rung bas skabs phyed par bya'o/__/gnyis pa ni/__bdag gzhan mkha' khyab 'gro ba ma lus kun/_/sdug bsngal srid pa'i mtsho las bsgral bya'i phyir/_/bla ma dkon mchog gsum la skyabs mchi zhing*/__/zab mo'i rnal 'byor bsgom par sems bskyed do/__/zhes lan gsum sogs ci nus su brjod cing blo sbyangs/__bla ma mchod pa gtso bor bya ba'i skabs dang 'brel na/__bgegs bsal ba ni/__rang nyid skad cig gis dpal chen he ru ka 'bar ba chen po'i skur gyur/__lha dang lha min gsang ba pa/__/lus srul la sogs gang ci'ang rung*/__/lus ngag sems la gnas pa yi/__/bgegs kyi tshogs rnams nga la nyon/__/nga ni dpal ldan rdo rje'i stobs/__/srung ba'i 'khor lo rab sbyor pas/__/rdo rje 'bar ba'i sku yis ni/__/lus srul las skyes bkas par byed/__/gal te gang zhig bdag las 'da'/__/rnam par brlag 'gyur gzhan du min/__/oM sum+b+ha ni sogs hU~M bzhi'i sngags dang rol mo tsham rngams bya/__sna tshogs 'od kyi 'phro 'du las/__/phyogs kun rdo rje 'bar ba'i gur/__/phyi rol ye shes me dpung 'bar/__/rab brtan srung pa'i 'khor lor gyur/__oM badz+ra tsakra rak+Sha b+h+rU~M hU~M/__zhes pas thun mong ma yin pa'i srung 'khor bsgom/__gnas yo byin brlab ni/__oM a mr-i tas bsang*/__swa b+hA was sbyangs/__stong pa'i ngang las gnas khang b+h+rU~Mlas rin po che las grub pa'i gzhal med khang brtsegs mtshan nyid thams cad yongs su rdzogs pa'i dbus su oM las byung ba'i rin po che las grub pa'i snod yangs shing rgya che ba rnams kyi nang du hU~M zhu ba las byung ba'i lha rdzas las grub pa'i mchod yon/__zhabs bsil/__me tog__/bdug spos/__snang gsal/__dri chab/__zhal zas/__rol mo/__'dod yon lnga/__rgyal srid bdun/__bkra shis rdzas rtags/__mchog gi ma dA na rdo rje'i rig ma bcu drug la sogs pa phyi nang gsang ba'i mchod sprin ngo bo ye shes kyi rang bzhin rnam pa bde spyod kyi mchod rdzas yul nam mkha'i mthar khyab cing*/__dus 'khor ba ji srid bar rgyun mi 'chad par 'byung ba'i rang bzhin du gyur/__oM sarba bid pU ra pU ra su ra su ra A warta ya A warta ya hU~M swA hA/__o~M badz+ra ar+g+haM AHhU~M nas/__shab+ta'i bar dang*/__na mo rat+na tra yA ya/__oM na mo b+ha ga wa te badz+ra sA ra pra mar+d+ha ne zhes sogs mchod pa'i sprin gyi gzungs dang*/__oM badz+ra d+harmA ra Ni ta/__pra ra Ni ta/__saM pra ra Ni ta/__sarba bud+d+ha k+She tra/__pra tsa li ti/__pradz+nyA pA ra mi ta/__nA da swa b+hA we badz+ra d+harma hri da ya/__san+to Sha Ni hU~M hU~M hU~M ho ho ho a khaM swA hA/__rol mo byin rlabs sngags rnams brjod/__gnyis pa dngos gzhi la/__thog mar rjes dran drug gi dang po bla ma'i sku yi rnam pa rjes su dran pas tshogs rten gsal gdab pa ni/__oM shU n+ya ta dz+nyA na badz+ra swa b+hA wa at+ma ko \u0f85haM/__snod bcud gzung 'dzin mi dmigs stong pa'i ngang*/__/zab gsal gnyis med ye shes gcig pu'i 'phrul/__/srid zhi'i nyams 'gyur du ma 'char ba las/__/gnas yul cir snang dag pa rab 'byams zhing*/__/'og min gsang chen rdo rje'i pho brang dbus/__/mdun gyi nam mkhar yid 'phrog mchod sprin gyis/__/mngon par dkrigs pa'i rin chen seng ge'i khri/__/dar zab 'bol brtsegs ngur smrig gdan gyi steng*/__/rigs kun khyab bdag gsum ldan rdo rje 'dzin/__/'jam dbyangs bla ma mkhyen brtse'i dbang po ni/__/dkar dmar mdangs ldan gzi brjid dpal du 'bar/__/zhal ras rgyas shing spyan zung zlum la 'khyil/__/phyag g.yas mchog sbyin phyag rgyas skal bzang la/__/dngos grub mchog stsol rdo rje tshe bum 'dzin/__/g.yon pas mnyam gzhag shes rab dril bu dang*/__/glegs bam bsnams pas mtha' yas chos tshul ston/__/sku la chos gos rnam gsum mdzes par klubs/__/sde snod rab 'byams 'dzin pa'i paN zhu gsol/__/zhabs zung rdo rje'i skyil krung drang por bzhugs/__/mchog gsum ngo bo rtsa gsum rgya mtsho'i bdag__/sku gsum dbyer med rigs brgya'i 'khor los sgyur/__/dran pas srid zhi'i 'jigs pa 'phrog mdzad pa/__/skyabs kun 'dus pa'i ngo bor lham mer gsal/__/rten bskyed bsdus na/__gzhan yang 'phags yul shing rta chen po gnyis/__/rgyan drug zhi 'tsho gser gling jo bo rje/__/shAkya shrI grub chen brgyad cu dang*/__/mes dbon rnam gsum mkhan slob rje 'bangs tshogs/__/gangs ljongs bshad ka bcu dang sgrub brgyud brgyad/__/mkhas grub 'phags tshogs dkon mchog rtsa ba gsum/__/ma 'gag ye shes rol pa gang 'dul gar/__/nam mkha'i dbyings kun khyab pas bzhugs par gsal/__/zhes pa'am/__spro zhing nus na/__rigs kun gyi khyab bdag dpal mgon bla ma 'jigs bral gyi slob dpon don thams cad grub pa'i dbu gtsug 'ja' zer thig le'i snang ba khyab cing brdal ba'i dbus su phyogs dus rtsa gsum rgyal ba'i ye shes chen po'i spyi gzugs ma hA gu ru pad+ma 'byung gnas snang srid zil gnon sku mdog dkar dmar khro 'dzum mtshan dpe'i gzi byin mchog tu 'bar ba zhal gcig phyag gnyis kyi g.yas gser gyi rdo rje rtse lnga sdigs mdzub dang bcas pas 'phyar stabs su 'dzin pa/__g.yon pa'i mnyam bzhag gi steng na thod pa dang tshe bum ye shes bdud rtsi'i bcud kyis gang ba 'dzin pa/__gru mo g.yon du rdo rje'i kha T+wA~M ga 'chang ba/__sku la nang du rdo rje'i gsang gos dkar po/__phod chen mthing ga__/chos gos rnam gsum dmar ser/__za 'og gi ber chen dbang gi mdog can gsol ba/__dbu la sha'u'i snyan zhu brjid pas mdzes pa/__zhabs gnyis rgyal po rol pa'i stabs kyis seng khri pad zla'i gdan la 'gying ba'i sku las skyes pa'i 'od phung gi klong du nyid las mi gzhan pa'i gu ru thod phreng rigs lnga dang*/__rig 'dzin rtsal 'chang bcu gnyis/__sprul pa'i gu ru mtshan brgyad/__yid bzhin nor bu gu ru bcu gsum/__'gro 'dul gu ru rigs drug__/'phrul mtshan bzhi bcu rtsa lnga/__mtshan gyi bye brag brgya rtsa la sogs pa'i sprul pa yang sprul nyi zer gyi rdul ltar 'phro ba'i g.yas su slob dpon nyid dang dgongs pa mnyam pa'i rnam par snang mdzad bod yul chos kyi nyi ma bai ro tsa na/__g.yon du gangs can bstan pa'i rtsa lag 'jam dpal gzhon nu khri srong lde'u btsan/__mdun du gsang 'dzin ye shes kyi DA ki dbyangs can sprul pa mkhar chen bza' mtsho rgyal sogs sprul pa'i rje 'bangs lo paN grub thob rig 'dzin rgya mtshos bskor ba/__ma hA gu ru'i dbu gtsug tu 'od gsal 'pho ba chen po'i rdo rje'i sku brnyes pa'i slob dpon bi ma la mi tra la/__mkhas pa dz+nyA na sU tra/__rig 'dzin shrI sing ha/__slob dpon 'jam dpal bshes gnyen/__sprul sku dga' rab rdo rje/__rdzogs chen ston pa bcu gnyis/__longs sku bde gshegs zhi khro/__chos sku kun tu bzang po sogs dgongs brda snyan brgyud kyi bla ma snang bzhi'i dgongs rtsal rdzogs pa'i tshom bus bskor ba/__'jam dbyangs bla ma'i phyag g.yas pa pad sdong gi dbus su mdzes pa'i tshe bum las 'phros pa'i lnga ldan 'od kyi zer sprin rdo rje'i zhing rab 'byams su khyab par brdal pa'i klong na rigs thams cad kyi khyab bdag gsang chen rgyud sde rgya mtsho'i ston pa chos sku rdo rje 'chang in+d+ra nI la'i mdog can longs spyod rdzogs pa'i rgyan chas yongs su rdzogs pa/__phyag gnyis kyis rdo rje dang dril bu thugs kar bsnol te 'dzin pa/__zhabs rdo rje'i skyil krung gis seng khri pad zla la bzhugs shing*/__'phags pa spyan ras gzigs dang*/__sa bcu'i dbang phyug rdo rje snying po la sogs pa'i gsang ba rgya mtsho'i mdzod kyi gnyer 'dzin pa'i lha dang DA kis bskor ba la gsang chen rgyud sde bzhi yi bka' babs rnal 'byor grub pa'i dbang phyug sa ra ha/__tai lo shes rab bzang po/__nA ro dz+nyA na sid+d+hi/__nag po spyod pa'i rdo rje/__grub chen lU hi pa/__rje btsun birawa pa/__rdo rje dril bu pa gtso bor gyur pa'i rnal 'byor dbang phyug brgyad cu rtsa bzhi sogs rdo rje'i brtul zhugs grub pas bde chen gyi gzi byin 'bar zhing*/__ye shes kyi zil chen pos dpal he ru ka'i tshogs khang du lhun gyis grub pas mchog thun gyi dngos grub dran pa tsam gyis ster ba/__phyag g.yon glegs bam ral gris mtshan pa las byung ba'i 'ja' sprin 'od kyi phreng bas srid zhi kun tu khyab pa'i dbus su bstan pa'i bdag po mnyam med shAkya'i rgyal po mchog gi sprul pa'i sku yi tshul gyis mtshan dpe yongs su rdzogs shing chos gos rnam pa gsum gsol ba/__phyag gnyis sa gnon dang mnyam gzhag gis lhung bzed 'dzin pa/__zhabs rdo rje'i skyil krung gis rin po che'i khri dang pad zla la bzhugs shing*/__rgyal tshab byams pa mgon po/__rje btsun 'jam pa'i dbyangs la sogs pa nye ba'i sras chen brgyad dang*/__gtad rabs bdun dang gnas brtan bcu drug sogs thugs sras theg pa che chung gi 'phags tshogs 'dus pas bskor ba la/__zab mo lta ba'i shing rta 'phags pa klu sgrub yab sras/__rgyal chen spyod pa'i srol 'byed thogs med sku mched/__byang chub sems dpa' zhi ba lha/__gser gling pa chos kyi grags pa/__thub dbang gnyis pa shAn+ta rak+Shi ta/__ma byon sangs rgyas kha che'i paN chen shAkya shrI sogs 'dzam gling mdzes pa'i rgyan drug__/mchog gnyis/__mkhas pa sgo drug sogs sde snod gsum gyi shing rta chen po rnams gser ri'i phreng ba tshar du dngar ba ltar bzhugs pas 'jig rten gsum gyi mchod sdong du mdzes pa/__'jam mgon chos kyi rgyal po'i sku'i g.yas su byang chub sems kyi mnga' bdag bstan 'dzin bye ba'i 'byung gnas mnyam med jo bo rje dpal mar me mdzad bzang po/__gangs can grub pa'i srol 'byed dgyes mdzad lo tsA chen po/__gsang chen rgyud sde'i mnga' bdag bla ma sa skya pa brtse ba chen po rnams dang*/__sku'i g.yon logs su dpal ldan shangs pa bka' brgyud kyi bstan pa'i shing rta grub chen thang stong rgyal po/__dam chos sdug bsngal zhi byed kyi bka' babs pha dam pa sangs rgyas/__rgyud kyi rgyal po dpal dus kyi 'khor lo'i bka' babs gsang chen rgyud sde'i shing rta bu ston rin chen grub/__mdun dbus drang por brgyud srol kun 'dus gter chen chos kyi rgyal po o rgyan gter bdag gling pa la g.yas su 'jam mgon blo gros mtha' yas/__g.yon du gter chen mchog gyur gling pa/__mdun du mi pham smra ba'i seng ge__/'jam dbyangs chos kyi blo gros/__mchan/__rigs bdag kun mkhyen klong chen rab 'byams rnams kyis bskor ba/__mdun gyi g.yas zur du sgyu 'phrul rgyud kyi mnga' bdag gsang ba'i bdag po zur chen shAkya 'byung gnas la/__bshad pa'i bka' babs sa skya paN+Di ta chen po/__sgrub pa'i mnga' bdag rje btsun mi la ras pa/__bstan pa yongs rdzogs kyi mnga' bdag rgyal ba gnyis pa blo bzang grags pa rnams dang*/__g.yon zur du zab gter rgya mtsho'i spyi mes mnga' bdag nyang nyi ma 'od zer la mdo sngags zung 'jug gi shing rta mnga' ris paN chen pad+ma dbang rgyal/__thub bstan yongs rdzogs kyi mnga' bdag ngag dbang blo bzang rgya mtsho/__rgyal dbang karma pa rang byung rdo rje rnams la rang rang gi thugs sras brgyud 'dzin ngo mtshar can bgrang las 'das pa dang*/__gzhan yang rgyal bstan spyi'i bla ma/__chos sgor 'dren pa'i bla ma/__nyams chag skong ba'i bla ma/__man ngag ston pa'i bla ma/__shes rgyud 'grol ba'i bla ma/__bka' drin gsum ldan gyi bla ma dam pa'i tshogs 'khor dang bcas pas bskor ba/__de rnams kyi mdun du rgyud sde drug dang 'brel ba'i yi dam/__g.yas su sangs rgyas dkon mchog mchog gi sprul pa'i sku/__rgyab tu chos dkon mchog gi rnam pa glegs bam/__g.yon du theg pa che chung gi dge 'dun rnams/__bar mtshams su dpa' bo mkha' 'gro chos skyong nor lha gter bdag gi tshogs dang bcas pa dwangs ba'i mkha' la char sprin 'thibs pa ltar bzhugs pa/__de thams cad kyang rigs kun khyab bdag dpal ldan bla ma mchog gi sku gsung thugs yon tan phrin las mi zad pa rgyan gyi 'khor lo'i ye shes kyi rol pa gang 'dul sgyu 'phrul drwa ba'i rnam rol/__sku phyi nang gsang ba'i mtshan dpe'i gzi byin dpal du 'bar ba/__gsung tshangs pa'i dbyangs kyis chos sgo mtha' yas 'byed pa/__thugs mkhyen brtse nus pa'i rtsal 'bar bas yon tan phrin las lhun gyis grub ba'i bdag nyid chen por gsal ba'i spyi bor oM dkar po/__mgrin par AHdmar po/__thugs kar hU~M sngon po rnams kyis mtshan pa las 'od zer 'phros pas sku gsum dag pa'i zhing rab 'byams nas bla ma rgyal ba sras dang bcas pa mdun gyi nam mkhar badz+ra sa mA dzaH__zhes brjod cing bsam la bla ma rnams mngon sum lta bur bzhugs pa'i yid ches kyis sku yi rnam 'gyur la sems yun ring du bzung nas rjes su dran pas yang yang gsol ba btab pa kho nas kyang rung mod/__bla ma mchod pa sogs kyi skabs spyan 'dren sbyar na legs pas/__spos btul/__gdung shugs dbyangs dang bcas te/__phyogs dus kun na skyabs gsum bka' sdod bcas/__/nyon mongs 'gro la mkhyen brtses rab dgongs nas/__/dpag med zhing nas thogs med rdzu 'phrul gyis/__/'dir gshegs mchod sprin rgya mtsho'i dbus bzhugs gsol/__/rat+na gu ru sa pa ri wA ra badz+ra sa ma ya dzaH__zhes bskul bas mngon sum bzhin du byon nas/__dzaHhU~M ba~M hoHsa/__spyan drangs pa'i lha tshogs rnams mdun gyi tshogs rten dang gnyis su med par bzhugs par bsam/__mchod pa rgyas pa'i skabs 'dir khrus gsol/__sku phyi/__na bza' 'bul ba rnams spyi ltar byas kyang legs pa'i yan lag tu 'gyur zhing dkyus su ma grub kyang 'gal ba med/__gnyis pa tshogs bsags rgyas par spel ba la/__yan lag bdun pa dang rjes dran rnams spel te bya ba la/__dang po phyag 'tshal ba ni/__mdun gyi nam mkhar tshogs zhing rnams mngon sum du bzhugs pa'i spyan sngar rang gzhan sems can thams cad lus zhing gi rdul snyed du sprul te phyag sogs mchod pa'i las rim la 'jug par gyur/__yid 'ong rdzing bu'i nang na gnas pa yi/__/'char kha'i pad+ma kha 'bus phye 'dra ba/__/lag gnyis spyi bor thal sbyar bstod dbyangs bcas/__/lus dpag med par sprul nas gus phyag 'tshal/__/bla ma mnyam med sangs rgyas rin po che/__/dus gsum bde gshegs sras bcas thams cad kyi/__/sku gsung thugs kyi rang bzhin byin rlabs pa/__/bka' drin chen po'i zhabs la phyag 'tshal lo/__/kun bzang rigs lnga rigs gsum dga' rab rje/__/shrI sing rigs can rnam lnga rgyal po dzaH__sangs rgyas gsang ba rig 'dzin mchog brgyad sogs/__/bka' babs bla ma rnams la phyag 'tshal lo/__/so thar byang sems gsang sngags sdom pa dang*/__/'dul ba mdo sde mngon pa rin po che/__/legs par gsung dang de yi dgongs 'grel gyi/__/brgyud pa'i bla ma rnams la phyag 'tshal lo/__/nyan rang byang sems bya spyod rnal 'byor rgyud/__/rnal 'byor che dang a nu a ti sogs/__/theg pa rim dgu'i chos tshul rgya mtsho yi/__/brgyud pa'i bla ma rnams la phyag 'tshal lo/__/rgyal kun spyi gzugs pad 'byung bi ma la/__/gangs can bstan pa'i nyi ma zhi ba 'tsho/__/'jam dpal rdo rje khri srong mes dbon gsum/__/bka' drin che ldan rnams la phyag 'tshal lo/__/thugs sras nyer lnga rgyud sde sgyu 'phrul/_so zur gnubs a nu tshogs chen 'dus pa/_nyang zab gter/_sogs/__/lo paN mkhas grub rim par byon rnams dang*/__/'gro 'dul sprul pa'i gter ston rgya mtshor bcas/__/bka' gter bla ma rnams la phyag 'tshal lo/__/in+d+ra b+hU ti pha rgyud gsang 'dus/_bi rU ma rgyud kyai rdor/_sa ra ha sangs rgyas thod pa/__phyag chen/__/lU hi bde mchog nag po pa dang dril bu pa/__/sangs rgyas gsang ba rnal 'byor rgyud gtso bor gyur pa'i bya spyod gsum sgeg rdor gnyis med dus 'khor dus zhabs sprul pa'i rigs ldan dngos kyis rjes bzung tsi lu pa chung pa'am dus 'khor zhabs chen po/__a wa d+hU ti/__ngag gi dbang phyug__/shrI b+ha dra bo d+hi/__nA len+d+ra bzhi'i phyi ma gsum la dus zhabs chung ba grags/__sogs/__/dpag yas grub chen rnams la phyag 'tshal lo/__/mgon po klu sgrub 'jam dbyangs kyis rjes bzung zab mo lta ba'i shing rta/_Ar+Ya de wa dang*/__/byams pas rjes bzung rgya chen spyod pa/_thogs med dbyig gnyen chos mngon/_phyogs glang tshad ma/_chos kyi grags/__/dbu ma/_chos skyong yon shAka 'dul ba/_rnam gnyis dpa' bo sogs/__/'dzam gling rgyan mchog rnams la phyag 'tshal lo/__/chos blon thu mi bod yul lo tsA'i thog ma/_bai ro sde snod gsum dang rgyud sde bzhi'i lo tsA/_ska cog zhang*/__/sdig spyod rgyal po bsgral bas bstan srog mthud lha lung*/__/dpal gyi rdo rje rin bzang phyi 'gyur gsar ma'i lo tsA'i thog ma 'di dang*/__mdo sngags thams cad kyi srol 'byed rngog lo gnyis rgyal bas lung bstan rngog lo che/__/sa skya paN chen mdo sngags rig gnas dang bcas pa'i bshad srol thugs su chud 'chad nyan mdzad/_bu ston 'dul mngon sher phyin tshad ma/_rin chen grub/__/bshad rgyud ka chen bcu la phyag 'tshal lo/__/byang chub sems kyi mnga' bdag mar me mdzad/__/gsang chen rgyud sde'i 'byung gnas rnal 'byor rgyud gtsor gyur rgyud sde rab 'byams kyi shing rta/_sa skya pa/__/zla med grub pa'i gseng lam bka' brgyud pa/__/shangs pa'i gser chos rnams la phyag 'tshal lo/__/lung rig seng ge'i sgra sgrogs tsong kha pa/__/mdo sngags zung 'jug zhi gcod dus 'khor lo/__/rdo rje'i bsnyen sgrub zab khrid brgya rtsa sogs/__/sgrub brgyud shing rta brgyad la phyag 'tshal lo/__/spyi dang 'dren dang dbang bskur nyams chag skong*/__/man ngag ston dang shes rgyud grol mdzad cing*/__/ris med rgyal bstan bshad sgrub las gsum gyis/__/'dzin mdzad bla ma rnams la phyag 'tshal lo/__/skyabs gnas mtshungs med dkon mchog rin chen gsum/__/rgyud sde drug gi yi dam mkha' 'gro dang*/__/rdo rje chos skyong nor lha gter bdag sogs/__/phyogs dus skyabs yul kun la phyag 'tshal lo/__/phyag byar 'os pa thams cad la/__/zhing rdul kun gyi grangs snyed kyis/__/lus btud pa yi rnam kun tu/__/mchog tu dad pas phyag 'tshal lo/__/oM gu ru sarba ta thA ga ta kA ya wAka tsit+ta pra Na me na b+han+d+ha naM ka ro mi/__zhes pas phyag bya/__gnyis pa mchod bstod 'bul ba la/__dang po phyi dngos 'byor gyi mchod pa ni/__ngo bo lam gyi yon tan de dang de dag rnam pa ji ltar smos pa'i mchod par shar bas bsnyen bkur byas par mos la/__nges 'byung yan lag brgyad kyi ro nus la/__/rnam dag so thar khrims gtsang lbu phreng 'dzum/__/kun tu sim ster rtag tu bsnyen bya'i skyems/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra ar+g+haM pU dza me g+ha sa mu dra s+pha ra Na sa ma ye hU~M/__gzhan phan mngar ba'i dri bsung legs ldang zhing*/__/rang don yid byed nyes brgya'i dri ma 'khrud/__/sdom sdud sems can don byed tshul khrims chab/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra pAd+yaM pU dza me g+ha sa mu dra s+pha ra Na sa ma ye hU~M/__dag chen ye shes dbyibs legs kha dog bkra/__/mnyam pa chen po'i sbrang rtsi'i zil mngar lci/__/snang spyod ye shes rol pa'i me tog tshal/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra puSh+pe pU dza me g+ha sa mu dra s+pha ra Na sa ma ye hU~M/__rab dwangs yid kyi bar snang khyon brdal ba'i/__/yid ches mnam na zhim pa'i bdug pa'i sprin/__/tshor bas yid 'khul nus pa ngad brgya'i spos/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra d+hU pe pU dza me g+ha sa mu dra s+pha ra Na sa ma ye hU~M/__shes bya'i dngos kun gsal ba'i 'od stong gis/__/kun rmongs mun sel shes rab rnam 'byed gzis/__/rgyal kun dgyes skyed ngo mtshar snang gsal tshogs/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra A lo ke pU dza me g+ha sa mu dra s+pha ra Na sa ma ye hU~M/__reg pas sim ster bsil dwangs dri ngad can/__/ngo tsha khrel yod lang tsho'i mdangs kyi gsos/__/mthong na mi mthun med pa'i byug pa'i mtsho/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra gan+d+he pU dza me g+ha sa mu dra s+pha ra Na sa ma ye hU~M/__gtong sems rab yangs rin chen nor bu'i snod/__/chos dang zang zing 'dod dgu'i 'byor pas gtams/__/ci dgar rol bas mchog sbyin ro brgya'i bshos/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra nai bid+ya pU dza me g+ha sa mu dra s+pha ra Na sa ma ye hU~M/__dbyangs bdun yan lag rdzogs pa'i tshangs pa'i gsung*/__/theg gsum 'gyur khug bye ba'i 'degs 'jog can/__/thos pa tsam gyis srid zhi'i gdung sel sgras/__/rgyal kun spyi gzugs bla ma'i tshogs la 'bul/__/oM rat+na gu ru sa pa ri wA ra badz+ra shab+ta pU dza me g+ha sa mu dra s+pha ra Na sa ma ye hU~M/__gis mchod/__bsdu na/__phul byung 'phags nor rin chen bdun gyi dpal/__/rigs kun khyab bdag 'jam mgon dgyes bskyed phyir/__/nyer spyod rin chen bdun gyi rnam pa ru/__/'bul gyis bzhes la bdag rgyud byin gyis rlobs/__/oM rat+na gu ru sa pa ri wA ra ar+g+haM nas/__shab+ta pU dza sogs/__gnyis pa yon tan rjes su dran pa ni/__zab zhi spros bral 'od gsal 'dus ma byas/__/dang po'i sangs rgyas kun bzang chos kyi sku/__/bde stong kha sbyor bdun rdzogs nges pa lnga'i/__/longs spyod yongs rdzogs rigs lnga zhi khro'i sprin/__/mkha' khyab thugs rjes 'gro 'dul sprul pa'i sku/__/shAkya'i tog dang mtsho skyes rdo rje yis/__/legs bstan 'phags bod yul byon thub pa'i bstan/__/'dzin spel skyong bar mdzad pa'i bka' drin can/__/bla ma dge ba'i bshes gnyen rin po che/__/sangs rgyas rnams dang chos skur dbye ba med/__/dam chos gsungs shing gzhan don mdzad pa yang*/__/de bzhin gshegs pa rnams dang dbyer med pa'i/__/mkhyen brtse nus pa'i yon tan bsam yas mnga'/__/gnas skabs dang por bstan la zhugs nas bzung*/__/bslab gsum sgrub la ltem rkyang mi mnga' bas/__/lung dang rtogs pa'i yon tan dpag med brnyes/__/dus gsum sangs rgyas kun la bskal pa'i bar/__/mchod sprin rgya mtshos rtag tu mchod pa bas/__/bla ma'i ba spu'i khung bur 'bru mar gyis/__/thigs pa gcig gsol bsod nams khyad par 'phags/__/de lta'i yon tan bsam mi khyab pa'o/__/khyad par 'jam dbyangs bla ma mkhyen brtse'i dbang*/__/ris med bstan pa'i shing rta che 'di rnams/__/don gyi gsang ba rdo rje 'chang chen dngos/__/gdul bya'i phyir du mkhas grub lo paN tshul/__/mos dang dad pas gsol ba btab tsam gyis/__/dbang bskur byin rlabs dngos grub nges par stsol/__/mtha' yas spangs rtogs mkha' dang rgya mtsho bzhin/__/gang 'dul phrin las rnam rol bsam mi khyab/__/ces pa'i don la bsam te mkhas grub bla ma rnams kyi thugs rgyud kyi yon tan la yid ches pa'i nges shes kyi dad pas yid 'khul nges su bsam/__gnyis pa bdag pos yongs su ma bzung ba'i mchod pa ni/__mkha' khyab byang chub sems kyi zhing khams su/__/'phags pa'i yon tan ri gling chu mtsho bkod/__/rgyal dang de sras kun kyang dgyes rol zhing*/__/don gnyis lhun gyis grub pa'i bla ma mchod/__/bsdu na 'di yan brjod pas rung*/__tshad med 'byung bzhi'i dkyil 'khor brtan chags la/__/stobs dang dbang lnga'i lhun po gling bzhis mdzes/__/yang dag spong bzhi dran nye'i chu gter 'khyil/__/byang chub 'jig rten bkod pas bla ma mchod/__/sbyin dang tshul khrims rin chen ri dang brag__/bzod ldan brtson 'grus rtsi sman nags kyis spud/__/bsam gtan shes rab chu rdzing skyed tshal bkra/__/pha rol phyin drug snod kyi 'byor pas mchod/__/thabs mkhas kun gsal pha mtha' ches mang zhing*/__/smon lam nyi zla rgyu skar cir yang bkra/__/stobs bcu'i 'ja' tshon char sprin 'brug sgra can/__/ye shes sim char 'bebs pa'i dpal gyis mchod/__/byang chub yan lag bdun gzugs rin po che/__/'phags lam brgyad rdzogs bkra shis dge mtshan rtags/__/gzungs spobs mngon shes shis pa'i rdzas brgyad sogs/__/dpal ldan rgyal ba'i 'byor pa rgyas pas mchod/__/mdor na sa bcu'i yon tan nor bu'i mchog__/lam lnga'i rgyan phreng mdzes bstar lha klu mi/__/phan bde'i dga' ston spel ba'i ngo mtshar gyis/__/dpal mgon bla ma'i tshogs kun mnyes byed shog__/ces thun mong mdo dang mthun pa'i lam gyi yon tan gyi mchod pa phul bas rang gzhan kun gyi rgyud la spangs rtogs de dag skyes par bsam/__gsum pa rnam thar rjes su dran pa ni/__snying rje chen po rtsod ldan snyigs ma'i zhing*/__/bzung nas smon lam chen po lnga brgya btab/__/pad dkar ltar bsngags mtshan thos phyir mi ldog__/ston pa thugs rje can des bskal mang du/__/'bar ba'i me phreng lus la gtams pa dang*/__/me dong mchongs dang lcags kyi gzer stong btab/__/dpyi la thugs par rkang pa zad phyin nas/__/lus srog yal bar dor bas chos mdzod bsags/__/mdo rgyud rin chen mchod sdong deng dus kyang*/__/thub pa'i chos sku mchog dang dbyer med par/__/nyan 'chad klog dang 'dzin la dgyes bzhugs pa'i/__/'jam dpal dbyangs dang gsang bdag ma pham pas/__/rjes bzung klu sgrub yab sras thogs med mched/__/'dzam gling rgyan drug mchog gnyis gtad rabs bdun/__/chos nyid mngon gzigs brtul zhugs rol rtsed kyis/__/rdo rje 'chang dang ye shes mkha' 'gro'i mdzod/__/zab don rgyud sde'i srol 'byed lU nag dril/__/sa ra ha sogs rnal 'byor dbang phyug ches/__/'jug sgo ma nor tshul gnas thos bsam sgom/__/'chad rtsod rtsom pas gtan la legs phab cing*/__/mkhas btsun bzang pos gsal zhing rgyas mdzad pa'i/__/'jig rten gsum gyi mchod 'os dam pa 'di/__/sangs rgyas dngos byon mkhan slob chos rgyal mes/__/bod yul mun pa'i smag tu dam chos kyi/__/nyin byed 'dren mdzad bka' gter shing rta che'i/__/ngo mtshar thugs bskyed rnam thar bsam mi khyab/__/dpal ldan gser gling chos kyi grags pa sogs/__/'phags pa'i sar bzhugs shing rta che zung gi__/thugs bcud dka' ba du mas bzhes pa yi/__/mnyam med jo bo'i rgyal ba'i bka' thams cad gang zag gcig 'tshang rgya ba'i gdams ngag tu shar ba'i ring lugs rmad/__gzhung gdams man ngag gsum du grags/__/brtse chen snying po bla chen sa skya pa/__/rnal 'byor dbang phyug birawas sa drug pa mngon gyur/_rjes bzung ste/__/tshad ma bzhi dang snyan brgyud bzhis slob ma dkri ba lam 'bras gtsor gyur sngags rgyud sde bzhi'i/_gsang chen rgyud sde rgya mtsho'i mdzod gtad pas/__/yongs rdzogs bstan pa gsal rgyas bka' drin rmad/__/lus srog ngal ba khur bzod mar pa rjes/__/'phags bal yul byon nA byang sgo srung pa'i paN+Di ta/_ro mai tri sogs/__/paN grub thugs bcud thabs lam nA ro chos drug grol lam phyag rgya chen po'i gdams zab kyis/__/gangs can grub pa'i tshang brdol khro phu/__'brug pa/__tshal pa/__kam tshang*/__'bri gung*/__stag lung*/__g.ya' bzang*/__phag gru bka' brgyud dwags po rin po ches dang po/__bka' gdams kyi chos gsan/__phyis phyag chen dang chu bo gcig 'dres kyi brgyud pa/__/'phags yul mkhas grub brgya dang lnga bcu bsten/__/sa gsum mngon brnyes las rgya ston pa'i mthar thug bde mchog__/gtum mo'i mthar thug dgyes rdor/__'od gsal mthar thug gsang 'dus/__sgyu lus dang rmi lam mthar thug mA yA/__mngon spyod kyi mthar thug 'jigs byed de rgyud sde lnga'i mthar thug lnga ldan pa/__/mkhas grub khyung po'i mkha' 'gro'i srog tig gi__/nye brgyud mngon gyur grub chen thang stong zhabs/__/phyi nang rten 'brel mngon brnyes rnal 'byor dbang*/__/grub thob pho mo lnga bcu'i rtsa bzhi gdams zab kyi/__/mdo rgyud man ngag khrid srol phal cher dang po mi dge pa las ldog nas gzod sems rgyud kyi nyon mongs sbyong ba grags che yang 'dis lus dman dang nad can sogs kyi sdug bsngal 'phral du zhi bar byas nas rnal 'byor la sbyor bzod pa'i phyir dam chos zhi byed de las 'phros pa sher phyin yum gyi dgongs pa gcod yul zhes/__/pha gcig dam pa 'phags bod gcod yul gyi gdams pa bod nas rgya gar du dar gnyis su grags/__/gnyis med rdo rje sems dpa'i gseng lam che/__/dus 'khor rdzogs rim sbyor ba yan lag drug gsang 'dus rim lnga dgyes rdor lam 'bras drwa ba sdom bsdu na gsum dang rim bzhi rim lnga sogs/__/rgyud mdo sgyu sems gsum dang sgrub sde'i bka' brgyad so so'i dbang gis smin byas nas/__/bskyed pa ma hA rdzogs pa a nu rdzogs pa chen po'i sems klong man ngag sde gsum myur lam gyis/__/rig 'dzin bzhi rdzogs snga 'gyur bka' sgyu 'phrul zhi khro/__dong sprugs/__tshogs chen 'dus pa/__yang phur gshin rje bka' brgyad rdzong 'phrang sogs gter byon bka' dgongs phur gsum/__bla rdzogs thugs gsum sogs/__/thar 'dod zung 'jug rdo rje'i sar sbyor ba'i/__/rgyud sde chen po bzhi drug shing rta che'i/__/brgyud pa'i rnam thar bka' drin bsam mi khyab/__/de dag kun gyi gdams zab byin rlabs rgyun/__/ma nyams ma 'dres ma nor 'dzin mdzad cing*/__/dbang por 'tsham pa'i skal ldan rjes bzung ba/__/'jam dbyangs bla ma mkhyen brtse'i rnam thar mchog__/de las byung ba'i zab rgyas chos kyi mdzod/__/snying po'i srog rtsa gces dgu'i dbyig thams cad/__/kun 'dus shing rta'i srol 'byed gsang bdag dngos/__/blo gros mtha' yas dang mtshungs 'dren pa su/__/'phags bod shing rta chen po brgyud bcas kyis/__/rgyal bstan 'dzin skyong spel bar mdzad pa yi/__/rnam thar sras bcas rgyal ba'i gshegs shul yin/__/thar 'dod rnams kyang lam de'i rjes su zhugs/__/'phags chen tshad ma'i skyes bu 'di dag rnams/__/rang ngor srid pa'i 'ching las rnam grol kyang*/__/thugs bskyed phrin las rmad du byung ba yis/__/thub bstan rin chen 'phel rgyas 'ba' zhig phyin/__/zhing 'di'i 'gro ba'i skal mnyam gzugs byon nas/__/nor dang srog gi rin thang yal bar dor/__/dka' spyad brgya phrag ngal ba dang du blangs/__/rig 'dzin DA ki'i gsang mdzod dngos su brdol/__/zag med rdo rje'i sa brnyes nor bu'i phreng*/__/cha shas res kyang rnam grol mod la ster/__/mtshan tsam thos par dka' ba 'ba' zhig gi__/mdo sngags rgyud sde'i nying khu mtha' dag bcud/__/'phags pa 'ba' zhig zhal nas snyan du brgyud/__/byin rlabs ma nyams zab rgyas rdo rje'i gsung*/__/tshad mas grub pa'i gdams zab rmad byung rnams/__/dpal ldan bla ma'i drin las mngon sum spyod/__/ces tshigs bcad kyi brjod byas mtshon shing rta so so'i rnam thar dang che ba zhib tu bsams te dad pa'i nges shes ma skyes bar 'bad de bsam/__gnyis pa nang mchod la spyir ku su lu'i tshogs mchod la brten pas tshogs bsags pa ni/__skad cig bdag mdun ya~M rlung ra~M me dkyil/__/ka~M las byung ba'i mi mgo'i sgyed gsum steng*/__/rang sems ngo bo rdo rje rnal 'byor ma/__/tshangs bug nas thon phyag g.yas gri gug gis/__/smin mtshams yan chad phog ste bkal ba'i nang*/__/yangs shing rgya cher rang lus dum bur gtubs/__/'og gzhi'i rlung g.yos me 'bar rdzas khol te/__/nyes skyon lbu ba'i rnam pas yal ba las/__/rlangs pa'i 'tshubs ma 'od zer phyogs bcur 'phros/__/dngos grub bcud rnams tshur 'dus bdud rtsir gyur/__/myong reg zag med bde skyed mchod sprin 'di/__/thod skyogs bcus te 'bul ba'i yul gyur gang*/__/bla ma rdo rje slob dpon mchog gsum ljags/__/'od kyi sbu gur 'bul lo grub gnyis stsol/__/zhi khro rab 'byams yi dam lha tshogs ljags/__/rdo rje'i sbu gur 'bul lo byin gyis rlobs/__/DA ki chos srung dam can nor lha'i ljags/__/mtshon cha'i sbu gur 'bul lo bar chad sol/__/'og ma'i mgron gyur pha ma rigs drug dang*/__/dkar nag lha 'dre gdon bgegs gzhi bdag bcas/__/lhag dbang mgron rnams ci 'dod bza' btung gos/__/gtan pa med pa'i mchod sbyin rgya mtshor bsngo/__/'brel tshad byang chub sems ldan lan chags byang*/__/rnam mkhyen byang chub dam pa thob par shog__/mchod rdzas snod dang 'bul byed la sogs pa/__/'khor gsum yongs dag mi dmigs chos skur dag__/dge 'di'i mthu yis bdag gzhan sems can kun/__/tshogs gnyis rdzogs nas sgrib dag sangs rgyas shog__/ces pa'i don la yid gzhol bas dmigs pa legs par gsal btab la 'bul ba dang*/__bye brag rdo rje'i 'dod yon dang sman raka gtor mchod ni/__ye shes gzugs sgeg gzhom med nA da'i sgra/__/'pho med tshul khrims dri bzang dga' bzhi'i ro/__/rnam gsum phyag rgya'i reg bya chos dbyings khyon/__/kun khyab rdo rje 'dod yon rgya mtshos mchod/__/bsdu na 'di yan chad brjod pas rung*/__phung khams dwangs ma drwa bar sdom pa'i dbyings/__/bde chen mchog gi dgyes pa'i dam tshig ni/__/byang chub sems mchog pany+tsa a mr-i tas/__/bla ma dkyil 'khor 'khor lo'i dbang phyug mchod/__/srog stsol dbu ma'i dbyings su bsgral ba las/__/khams gsum gzung 'dzin rtog tshogs kun spangs pa/__/'dod chags rnam dag ma hA rU d+hI ras/__/bla ma dkyil 'khor 'khor lo'i dbang phyug mchod/__/tshogs drug yul dang yul can ma lus kun/__/'od gsal dbyings su thim pa'i 'dod yon gter/__/rdo rje'i longs spyod ma hA ba liM tas/__/bla ma dkyil 'khor 'khor lo'i dbang phyug mchod/__/bzhi pa phrin las rjes su dran pa ni/__dus ngan sems can bdag cag la sogs pa/__/las kyi sgrib pa sna tshogs kyis bsgribs pas/__/rdzogs pa'i sangs rgyas dngos su mthong ba dang*/__/dam chos thos pa'i skal pa dang bral zhing*/__/nyon mongs tshan che gnyen po stobs chung bas/__/dad brtson blo gros nor gyis phongs shing dbul/__/dge sems gcig tsam skye bar dka' ba la/__/sangs rgyas 'jig rten byon pa ji lta bar/__/go sla gnad 'dus myur lam man ngag chos/__/rgyud tshod dpag pa'i gdams pa 'bog pa dang*/__/dbang por 'tshams pa'i dam chos bdud rtsi bstsal/__/rgyal ba'i dgongs pa nor 'khrul med pa yi/__/mdo rgyud shing rta rnams kyi dgongs bcud mthil/__/skyes bu gsum dad pa rnam dag skyes bu chung ngu*/__nges 'byung rnam dag 'bring*/__lhag bsam rnam dag chen po/__gyi lam gyi rim pa dang*/__/snang ma dag pa'i snang ba/__nyams kyi snang ba/__dag pa'i snang ba/__gsum sngon 'gro gzhi kun gzhi rgyud lam sgom pa'i tshul 'bras bu'i rgyud/__sangs rgyas kyis/__gzhi dang sems kyi dngos po'i gnas lugs lam smin dbang thabs nA ro chos drug grol phyag chen lam 'bras bu/__/zung 'jug gi__/rtsa ba nI gu chos drug sdong po phyag rgya chen po/__yal ga lam khyer rnam gsum me tog mkha' spyod dkar dmar 'bras/__'chi med 'khyug med/_/sdug kun zhi byed lta ba'i gzhung sher phyin/_thabs kyi bye brag sngags/__stong nyid kyi lta ba/__sems can mi gtong ba'i snying rje/__byang sems tshul khrims/__bde bar gshegs pas byin gyis brlabs pa bzhis bsdus gcod yul mdo ngo bo pha rol tu phyin pa/__sngags chos/__dang rjes su mthun pa'i rten sdom pa gsum ldan/__lam dka' thub kyis bsrang*/__'bras bu gzhan don spyod pa/__/rdo rje'i rnal 'byor rgyud dang bla ma bdag nyid la yid ches pas bsgrub gzhi de bzhin gshegs pa'i sku gsung thugs ye shes sbyor ba yan lag drug__/so sor sdud dang bsam gtan dang*/__nye bsnyen/__srog rtsol de bzhin bsam gtan dang*/__sgrub pa/__rjes su dran dang ting nge 'dzin/_nye sgrub/_sbyor ba yan lag drug tu 'dod/__/mi phyed rdo rje gsum gyi bsnyen sku sgrub gsung sngon 'gro bsnyen pa/_bzhi/__thugs sgrub chen/__/bskyed ma hA yo ga rdzogs a nu rdzogs pa chen po'i a ti ste gsum gseng lam sogs/__/blo dang mthun pa'i khrid rim bstan pa yis/__/yang dag lam la dkri ba'i phrin las ni/_/sangs rgyas las kyang phul du gyur pa'o/__/zhes so so'i lam gyi rnam bzhag gi sdom tshig ltar nges par byas la/__spro na de dag gi zab khrid stan thog gcig ma lta bu'i shar sgom tsam byas na shin tu legs shing*/__de ltar nyams su blangs bas 'bras bu tshe 'dir ster ba'i gdams pa 'dod dgur spyod du yod pa'i phrin las kyi rgyun ngo mtshar ba'i gnas la bsam pas yid ches bskyed/__gsum pa gsang ba'i mchod pa ni/__dga' ba bzhis drangs stong bzhi'i ye shes gzugs/__/gzhon mdzes yid 'phrog lha yi na chung ma/__/pi waM gling bu rnga zlum rdza rnga 'khrol/__/sgeg bzhad glu dang gar gyi sgyu rtsal g.yo/__/me tog bdug spos mar me dri'i byug pa/__/gzugs reg ro dang chos dbyings phyag rgya can/__/rigs can rnam lnga'i mtshan bzang rab rdzogs pa/__/dran pas bde stong cho 'phrul ster nus pa'i/__/rnam kun mchog ldan don gyi pho nya mo/__/bsdu na/__dga' ba bzhis drangs stong bzhi'i ye shes gzugs/__ngo mtshar rdo rje'i lha mo sogs la 'jug pa'o/__/mchan/__ngo mtshar rdo rje'i lha mo bcu drug gis/__/phyogs kun g.yo ba'i tshul gyis legs mchod na/__/dkyil 'khor yongs rdzogs bla ma'i sku gsung thugs/__/zag med dga' bas rtag tu dgyes phyir 'bul/__/oM bI ni badz+ri nI AHhU~M/__oM waM se badz+ri nI AHhU~M/__oM mu rany+dze badz+ri nI AHhU~M/__oM mr-i taM gi badz+ri nI AHhU~M/__oM lA s+ye badz+ri nI AHhU~M/__oM hA s+ya badz+ri nI AHhU~M/__oM gIrti badz+ri nI AHhU~M/__oM nIrti badz+ri nI AHhU~M/__oM puSh+pe badz+ri nI AHhU~M/__oM d+hU pe badz+ri nI AHhU~M/__oM A lo ke badz+ri nI AHhU~M/__oM gan+d+he badz+ri nI A hU~M/__oM rU pa badz+ri nI AHhU~M/__oM rA sa badz+ri nI A hU~M/__oM spar+she badz+ri nI AHhU~M/__oM d+harma d+hA tu badz+ri nI AHhU~M/__lnga pa byin rlabs rjes su dran pa ni/__gang gi thugs rje'i gzigs pa cha shas tsam/__/gtad pa'i mthus kyang blo ngan bdag cag gi__/rgyud la thar lam sa bon bskrun mdzad de/__/thun mong nges 'byung dad brtson shes rab skyed/__/thun min smin grol rdo rje'i sa la sbyor/__/bskyed rdzogs gdams pas mchog thun dngos grub ster/__/khyad par lhan skyes ye shes bde ba che/__/mdo sngags shing rta chen po'i bzhed srol bzhin/__/kun rdzob don bka' gdams pas dam byang chub sems mchog dang*/__/'khor lam 'bras kyis 'das dbyer med kun gzhi rgyu yi rgyud/__/lhan skyes 'od gsal bka' brgyud kyis ye shes phyag rgya shangs chos kyis che/__/stong nyid shes zhi gcod kyis rab phar phyin yum gyi don/__/mchog tu dus kyi 'khor los mi 'gyur bde stong rdo rje sems/__/shin tu rdo rje bsnyen sgrub pas phra ba'i thig le gnyug ma'i yid/__/'khor 'das rnying ma bas kun khyab ka dag lhun grub zhes/__/du ma ro gcig mthar thug snying po'i don/__/don gyi gnas lugs de nyid ma bcos pa/__/rje khyod mos pa tsam gyis mngon sum du/__/rgyud la sad nus byin rlabs mthu chen ldan/__/de yi mthu las mdo yi phar phyin drug__/gsang sngags lam gyi mchog thun dngos grub sogs/__/thun mong khyad par lam rtags drod tshad kun/__/dbyar gyi rtsi shing bzhin du ngang gis 'phel/__/mdor na tha mal so so skye bo'i rgyud/__/yang dag lam gyi gnas la skad cig gis/__/sbyor ba'i srid 'gro nyams dang dbugs 'byin mkhan/__/'di 'dra'i ring lugs sangs rgyas las kyang dkon/__/de dag dpal ldan bla ma 'ba' zhig gi__/thugs rje'i thabs dang phrin las rmad byung bas/__/'dod dgur thob cing spyod pas ma lus lam/__/rgyud la skye ba byin rlabs kho nar bsten/__/tshul des mi phyed dad dang mos pa yis/__/yang yang gdung bas gsol ba btab pa bzhin/__/byin rlabs mthu chen mngon sum phab nas kyang*/__/rdo rje'i lam gyi ston pa mdzad du gsol/__/mdor na thar pa dang thams cad mkhyen pa'i lam gyi yon tan thugs la 'byor ba ni bla ma'i byin rlabs kho na la rag las shing*/__lam gyi gegs sel bogs 'don thams cad bla mar gsol ba btab pas 'byung bar shes pas dad mos yid ches yang yang bya'o/___/bzhi ba de kho na nyid kyi mchod pa ni/__bdag dang bdag gir bzung ba'i 'khor 'das chos/__/snang tsam ma 'gags chu zla ji bzhin gsal/__/dpyad na bden med ngo bo stong pa nyid/__/mtha' brgyad spros bral lta bas bla ma mchod/__/yid 'ong gnas lus longs spyod bud med gnyen/__/zhen cing chags pa'i yul kun bla mar 'bul/__/sor rtog ye shes rol par bzhes nas kyang*/__/'gro kun zhen med sbyin pa'i tshogs rdzogs mdzod/__/dgra la 'khon sdang mi snyan rtsub mo'i las/__/zhe sdang mnar sems las kun bla mar 'bul/__/me long ye shes rgyan du bzhes nas kyang*/__/'gro kun byams pa'i bdud rtsis brlan par mdzod/__/rigs gzugs dpal 'byor yon tan mngon rlom chos/__/nga rgyal khengs 'dzin sems kun bla mar 'bul/__/mnyam nyid ye shes dpal du bzhes nas kyang*/__/'gro kun ngo bo nyid sku'i sar phyin shog__/pha rol yid du 'ong ba'i dpal thob par/__/mi bzod phrag dog sems kun bla mar 'bul/__/bya grub ye shes ngo bor bzhes nas kyang*/__/'gro kun sprul sku'i mdzad pa lhun grub shog__/mi shes gti mug mun pa'i tshogs thams cad/__/kun kyang spang blang gnyis med bla mar 'bul/__/chos dbyings ye shes ngo bor bzhes nas kyang*/__/'gro kun mnyam nyid chos sku'i don rtogs shog__/mchod pa'i rdzas kun ye shes lha'i rnam rol/__/mchod yul tshogs kyi zhing mchog bla ma lha/__/bdag rgyud gdod nas dag pa'i rigs khams su/__/gnyis med blo 'das don gyi mchod pa'o/__/zhes 'khor 'das kyi chos kun spang blang med pa mnyam nyid bde ba chen po'i ye shes kyi rgyan du 'khor gsum dmigs gtad dang bral ba'i tshul du mchod/__drug pa bka' drin rjes su dran pas gsol ba gdab pa ni/__rtsod dus dmu rgod snyigs 'gro bdag lta bu/__/khyed kyi thugs rje'i mthu dpal la brten nas/__/dal 'byor rin chen rnyed pa don dang ldan/__/bskal mang thob dka'i rgyud sde'i gsang mdzod thob/__/zab rgyas chos kyi nor bu'i gter gyis phyug__/lam gyi yon tan thob pa'i gzhi rtsa tshugs/__/sangs rgyas las kyang dkon pa'i rdo rje'i theg__/dpal ldan rdo rje 'chang nas legs 'ong ba'i/__/gangs ri'i khrod kyi sgrub brgyud srol chen brgyad/__/'jig rten gsum gyi gces nor las lhag pa'i/__/thub bstan mchog 'di'i srog gi zungs lta bu/__/bshad pa'i ka chen bcu yis legs phyes pas/__/mkhas grub tshad ma rnams kyis dar bar mdzad/__/dpal mgon bla ma'i drin gyis longs su spyod/__/mdo rgyud nying khu mkha' 'gro'i srog gi thig__/sras bcas rgyal ba dgyes pa'i bzhed gzhung mchog__/shing rta che rnams 'di'i phyir sku dang srog__/yal bar dor nas yang yang btsal ba'i chos/__/smin grol cha shas re re'ang ches dkon na/__/mtha' dag gdams pa'i gces dgu gcig bsdus pa/__/dka' ba med par ci 'dod rang skal du/__/zab rgyas thang mar brdal nas rnyed pa 'di/__/mgon po rnams kyi thugs bskyed smon lam mthu/__/bsam gyin bka' drin 'khor mtha' bral bar dran/__/yid ches dad mos nges pa gting nas rnyed/__/ces brjod pa'i don bzhin 'phags bod skyes chen de rnams kyi bka' drin las sangs rgyas kyi bstan pa rin po che 'di dar zhing rgyas/__rang la rtsa ba'i bla ma'i bka' drin las de dag gi smin grol thams cad ci 'dod du thob/__brgyud pa'i bla ma'i bka' drin las da lta'ang rgyun ma nyams par bzhugs pa 'di gang las kyang ngo mtshar che snyam pas mos gus bla lhag tu bskyed pas gsol ba gdab dgos so/____/gsum pa sdig pa bshags pa ni/__bla ma rdo rje 'dzin pa chen po la sogs pa phyogs bcu na bzhugs pa'i sangs rgyas dang byang chub sems dpa' thams cad dang*/__dge 'dun btsun pa rnams dgongs su gsol/__bdag ming 'di zhes bgyi bas tshe 'khor ba thog ma ma mchis pa nas mtha' ma da lta la thug gi bar du nyon mongs pa 'dod chags dang zhe sdang dang gti mug gi dbang gis lus dang ngag dang yid gsum gyi sgo nas sdig pa mi dge ba bcu bgyis pa dang*/__mtshams ma mchis pa lnga bgyis pa dang*/__/de dang nye ba lnga bgyis pa dang*/__so so thar pa'i sdom pa dang 'gal ba dang*/__byang chub sems dpa'i bslab pa dang 'gal ba dang*/__gsang sngags kyi dam tshig dang 'gal ba dang*/__pha dang ma la ma gus pa dang*/__mkhan po dang slob dpon la ma gus pa dang*/__grogs tshangs pa mtshungs par spyod pa rnams la ma gus pa dang*/__dkon mchog gsum la gnod pa'i las bgyis pa dang*/__dam pa'i chos spangs ba dang*/__'phags pa'i dge 'dun la skur ba btab pa dang*/__sems can la gnod pa'i las bgyis pa la sogs pa sdig pa mi dge ba'i tshogs bdag gis bgyis pa dang*/__bgyid du bstsal ba dang*/__gzhan gyis bgyis pa la rjes su yi rang ba la sogs pa mdor na mtho ris dang thar ba'i gegs su gyur cing*/__'khor ba dang ngan song gi rgyur gyur pa'i nyes ltung gi tshogs ci mchis pa thams cad bla ma rdo rje 'dzin pa chen po la sogs pa phyogs bcu na bzhugs pa'i sangs rgyas dang byang chub sems dpa' thams cad dang*/__dge 'dun btsun pa rnams kyi spyan sngar mthol lo/__/bshags so/__/mi 'chab bo/__/mi sbed do/__/phyin chad sdom par bgyid lags so/__/mthol zhing bshags na bdag bde ba la reg par gnas par 'gyur gyi/__ma mthol ma bshags na ni mi 'gyur ro/__/lan gsum brjod pas bshags/__bzhi pa rjes su yi rang ba sogs yan lag lhag ma bzhi ni/__bdag ni thog med dus nas su/__/las dang nyon mongs dbang gyur pas/__/lus dang ngag dang yid sgo nas/__/rang bzhin sdig pa ci bgyis pa/__/sdom pa gsum dang 'gal gyur pa'i/__/nyes pa'i tshogs kun rab 'gyod pas/__/mchod 'os rnams kyi spyan snga ru/__/slan chad sdom pa'i sems kyis bshags/__/bla ma'i phrin las rmad byung dang*/__/rgyal dang rgyal sras rang rgyal dang*/__/dgra bcom so so'i skye bo yi/__/dge ba kun la rjes yi rang*/__/'gro kun smin cing grol bya'i phyir/__/bla ma rnams dang sangs rgyas la/__/zab pa dang ni rgya che ba'i/__/chos kyi 'khor lo bskor bar bskul/__/sems can ji srid gnas kyi bar/__/mya ngan mi 'da' rtag bzhugs nas/__/'gro ba kun gyi don mdzad par/__/thal mo sbyar nas gsol ba 'debs/__/byang chub snying por mchis kyi bar/__/bla ma mchog dang sangs rgyas dang*/__/chos dang 'phags pa'i dge 'dun la/__/rtag par gus pas bdag skyabs mchi/__/sems can kun gyi don slad du/__/rdzogs pa'i byang chub 'thob bya'i phyir/__/byang chub sems ni bskyed bgyi zhing*/__/byang chub spyod pa'ang spyad par bgyi/__/dge ba 'di dang dge ba gzhan/__/ma lus gcig tu bsdoms byas nas/__/sems can kun gyi don gyi phyir/__/rdzogs pa'i sangs rgyas myur thob shog__/rgyal dang rgyal ba'i sras rnams kyi/__/rjes su bdag kyang rab zhugs nas/__/dge ba 'di dang dge ba gzhan/__/thams cad yongs su bsngo bar bgyi/__/zhes so so'i dmigs rnam dang bcas te bya/__zhar byung sdom bzung spro na/__oM/__rnal 'byor dbang po sogs dam bca' nyer brgyad pa dang*/__ji ltar dus gsum mgon po sogs rigs lnga'i sdom bzung gang mos bya/__bsdu na/__ji ltar sngon gyi rgyal ba sras bcas dang*/__/rig 'dzin mkha' 'gro rgya mtsho'i tshogs rnams kyis/__/phyi nang gsang ba mchog gi dam tshig dang*/__/sdom pa rgya mtsho mtha' yas bzung ba ltar/__/deng nas bdag kyang lam chen der zhugs te/__/'gro la phan phyir de dag bzung bar bgyi/__/lan gsum bya/__gsum pa gsol ba gdab pa la/__dang po spyir gsol ba gdab pa ni/__phyogs dus rgyal ba sras dang bcas rnams kyis/__/bdag cag snyigs dus 'gro ba mgon med la/__/skal mnyam gzugs su sprul nas don mdzad pa/__/bla ma sangs rgyas rnams la gsol ba 'debs/__/kun bzang rdor sems dga' rab shrI seng*/__/pad+mA ka ra rje 'bangs nyi shu lnga/__/so zur gnubs nyang gter ston brgya rtsa sogs/__/brgyud gsum bla ma rnams la gsol ba 'debs/__/bskal bzang 'gro ba'i 'dren mchog shAkya'i tog__/ma pham 'jam dbyangs klu sgrub thogs med mched/__/'dzam gling rgyan mchog rmad byung slob ma dang*/__/zhi 'tsho gser gling pa la gsol ba 'debs/__/rdo rje 'chang chen gsang bdag spyan ras gzigs/__/gdod nas grub chen brgyad dang lU nag dril/__/birawa pa sogs rnal 'byor brgyad cu bzhi/__/bya spyod rig sngags grub brnyes gsol ba 'debs/__/spyan ras gzigs dbang chos rgyal srong btsan rje/__/brtan pa'i 'khor lo thu mi saM b+ho Ta/__/lag na rdo rje stong btsan yul bzung sogs/__/sprul ba'i rgyal blon rnams la gsol ba 'debs/__/gsang 'dzin dbang po mkhan chen zhi ba 'tsho/__/thugs rje chen po slob dpon pad+ma 'byung*/__/'jam dpal gzhon nu chos rgyal khri srong sogs/__/bka' drin mnyam med rnams la gsol ba 'debs/__/'jam mgon thu mi bai ro ska cog zhang*/__/dpal gyi rdo rje rin bzang rngog lo che/__/sa skya paN chen bu ston rin chen grub/__/bshad brgyud ka chen bcu la gsol ba 'debs/__/dbang gi chu bo bzhi rdzogs gnyags lo che/__/mdo sgyu'i shing rta gnubs chen rma lo mchog__/'phur 'gro'i bstan pa'i 'byung gnas zur mes dbon/__/zab gter shing rta rnams la gsol ba 'debs/__/dpal ldan mar me mdzad dang khu rngog 'brom/__/sku mched rnam bu to ba/__spyan snga ba/__phu chung pa/__gsum 'jam dbyangs tsong kha pa/__/bka' gdams gsar rnying ring lugs 'dzin mdzad pa'i/__/dge ba'i bshes gnyen rnams la gsol ba 'debs/__/dpal ldan chos skyong sa skya'i gong ma lnga/__/ngor chen rdzong pa tshar chen yab sras kyi/__/brgyud 'dzin mkhas dang grub pa rim byon sogs/__/lam 'bras brgyud pa rnams la gsol ba 'debs/__/rdo rje 'chang chen tai lo nA ro dang*/__/mar pa mi la rje btsun sgam po pa/__/che bzhi chung brgyad grub thob bgrang las 'das/__/dwags po bka' brgyud rnams la gsol ba 'debs/__/ye shes mkha' 'gro khyung po rnal 'byor sogs/__/rin chen bdun rdo rje 'chang*/__nI gu ma/__khyung po/__rmor lcog pa/__skyer sgang pa/__sangs rgyas gnyan ston/__sangs rgyas ston pa/__brgyud phreng ba rnam pa gnyis/__/thang rgyal nI gu ma dngos kyis rjes su bzung la sogs nye brgyud las byon pa'i/__/shangs pa bka' brgyud rnams la gsol ba 'debs/__/dam pa sangs rgyas ma gcig lab kyi sgron/__/rma so kaM gsum sgo ba'i rnal 'byor bzhi/__/bka' babs snga phyi bar gsum la sogs pa'i/__/zhi gcod brgyud pa rnams la gsol ba 'debs/__/chos rgyal rigs ldan dus zhabs che chung dang*/__/rwa 'bro tsa mi rang byung dol po pa/__/mkhas mchog bu ston yab sras gtsor gyur pa'i/__/sbyor drug brgyud pa rnams la gsol ba 'debs/__/rdo rje btsun mo mkhas grub o rgyan pa/__/rang byung rdo rje mkhar chu pu tra pa/__/nai ring pa sogs rnal 'byor drug pa yi/__/bsnyen sgrub brgyud pa rnams la gsol ba 'debs/__/thub dbang shA ri'i bu dang sgra gcan 'dzin/__/bram ze'i btsun pa klu sgrub yab sras dang*/__/zhi 'tsho smad 'dul bla chen shAkya stod 'dul shrI sogs/__/so thar brgyud pa'i bla mar gsol ba 'debs/__/rgyas sras 'jam dpal dbyangs dang ma pham pa/__/klu sgrub zhi ba lha dang thogs med mched/__/a ti sha dang kun mkhyen chos rje sogs/__/byang sems brgyud pa'i bla mar gsol ba 'debs/__/kun bzang rdor 'chang rigs lnga rigs gsum dang*/__/rgyal po dzaHdang sgeg rdor sangs rgyas gsang*/__/pad 'byung rig 'dzin brgyad dang bi ma la/__/rgyud dang sgrub sde'i brgyud 'dzin gsol ba 'debs/__/in+d+ra b+hU ti bi rU sa ra ha/__/lU hi nag po pa dang dril bu pa/__/grub chen brgyad dang rnal 'byor brgyad cu bzhi/__/rgyud sde'i shing rta rnams la gsol ba 'debs/__/brgyud srol kun 'dus gter chen sku mched dang*/__/ris med thub bstan shing rta mkhyen brtse'i dbang*/__/yongs rdzogs bstan pa'i mnga' bdag gu Na'i zhabs/__/rtsa ba'i bla ma rnams la gsol ba 'debs/__/bdag sogs deng nas byang chub snying po'i bar/__/mtshan ldan dge ba'i bshes kyis rjes su bzung*/__/so byang sngags kyi tshul khrims rnam par dag__/bstan pa'i 'jug sgo ma nor byin gyis rlobs/__/bcu phrag rig pa'i gnas la shes rab rgyas/__/mdo rgyud grub mtha' kun gyi lta sgom snyogs/__/nges don rgyal ba dgyes pa'i lam la zhugs/__/bstan pa 'gal med rtogs par byin gyis rlobs/__/skyes bu gsum gyi lam gyis gzhi bzung nas/__/dbang bzhis rgyud smin dam tshig rnam par dag__/bskyed dang rdzogs pa'i rim gnyis zung 'jug gis/__/rdo rje'i grub mtha' mthar phyin byin gyis rlobs/__/khyad par gzhan phan byang sems gting nas 'byong*/__/sgo gsum las kun bstan 'gro'i phan pa sgrub/__/phyogs med thos bsam ris med bstan la sman/__/don gnyis lhun gyis grub par mdzad du gsol/__/zhes dang*/__e ma/__pad dkar ltar bsngags mtshungs med ston pa des/__/mdo sngags bstan pa rin chen rjes zhugs pa/__/'phags bod rgya nag sham b+ha la sogs kyi/__/bstan 'dzin dam pa rnams la gsol ba 'debs/__/mkhas shing grub brnyes lo paN mchog rnams kyis/__/legs bsgyur mdo sngags spyi dang nang rgyud gsum/__/khyad par rdzogs pa chen po'i srol 'dzin pa/__/gsang sngags rnying ma pa la gsol ba 'debs/__/grub chen nA ro pa dang mai tri pa'i/__/gdams zab skor dang khyad par phyag chen gyi/__/nyams len byin rlabs brgyud pa gtsor 'don pa/__/'gro mgon bka' brgyud pa la gsol ba 'debs/__/mgon po birawa pa yi thugs bcud chos/__/gdams skor spyi dang khyad par lam 'bras kyi/__/bshad dang sgrub pa'i bstan pa gsal mdzad pa/__/dpal ldan sa skya pa la gsol ba 'debs/__/dpal ldan a ti sha yi lam rim la/__/nyams len gtsor mdzad mdo sngags lam gyi gnad/__/'jam dpal snying po'i ring lugs gtsor 'dzin pa/__/ri bo dge ldan pa la gsol ba 'debs/__/'khor lo tha ma'i mdo dang dus 'khor gyi/__/dgongs don gtsor bzung bde gshegs snying po yi/__/don la nges rnyed rdo rje'i rnal 'byor can/__/rje btsun jo nang pa la gsol ba 'debs/__/dpal ldan shangs pa gcod yul zhi byed dang*/__/bsnyen sgrub pa sogs zab mo'i gdams pa'i skor/__/gangs can 'di na ji snyed mchis pa yi/__/ris bral bstan 'dzin rnams la gsol ba 'debs/__/de ltar gsol ba btab pa'i byin rlabs kyis/__/phyogs lhung zhi zhing phyogs med mos gus 'bar/__/bstan 'dzin tshogs rnams thugs mthun rgyal khams bde/__/bstan pa yun ring rgyas pa'i bkra shis shog__/ces bstan pa ris med dang*/__snga 'gyur rnying ma bye brag tu spro na/__e ma ho/__khyad chos drug ldan ston pa kun tu bzang*/__/bde chen kha sbyor bdun ldan rdo rje sems/__/nges gsang bka' yi sdud po rdo rje can/__/sku gsum ston 'khor rnams la gsol ba 'debs/__/tan+t+ra bco brgyad snying po'i lam bzang che/__/gsal mdzad smra ba'i nyi ma li tsA bi/__/dri med grags sogs lha klu gnod sbyin srin/__/rigs can drwa ma lnga la gsol ba 'debs/__/rgyud sde rgya mtsho'i shing rta rgyal po dzaH__zab gter sgrub sde'i sgo 'byed rig 'dzin brgyad/__/theg mchog bstan pa'i mnga' bdag dga' rab rje/__rig 'dzin grub mchog yongs la gsol ba 'debs/__/dus gsum rgyal kun ngo bo pad+ma 'byung*/__/thugs sras las can snying gi bu dgu dang*/__/bka' babs nyer gcig 'bangs rigs nyer lnga sogs/__/rnal 'byor dbang phyug rnams la gsol ba 'debs/__/rnam gsum yo ga'i babs so rma gnyags gnubs/__/gsang bdag dngos byon zur pa mes dbon gsum/__/smra ba'i nyi ma rong klong myos ston sogs/__/brgyud 'dzin slob mar bcas la gsol ba 'debs/__/gsol ba 'debs so sku gsum ston 'khor tshogs/__/byin gyis rlobs shig 'dzin rtsal 'chang rnams/__/bdag sogs 'gro la smin grol dbang bskur zhing*/__/rnam bzhi'i rig 'dzin grub pa'i dngos grub stsol/__/phung khams skye mched lha yi 'khor lo dang*/__/rtsa rlung thig le'i byed bcing dbu mar thim/__/snang bzhi mthar phyin 'pho chen rdo rje'i sku/__/mngon gyur don gnyis mthar phyin byin gyis rlobs/__/zhes pas mtshon bye brag rang nyid gang la mos pa'i sdom pa gsum dang rgyud sde so so'i brgyud pa'i gsol 'debs rgyas bsdus rnams gang 'dod byas kyang legs shing*/__gnyis pa bzlas pas thugs rgyud bskul ba ni/__bla ma 'jam pa'i dbyangs kyi thugs kar ye shes sems dpa' sangs rgyas kun gyi bdag nyid dpal rdo rje chos gsung rdo rje dpal he ru ka'i chas can DA ru dang thod chang 'dzin cing kha T+wA~M mchan du brten cing zhabs rol stabs kyis pad nyi la bzhugs pa'i thugs kar pad zla la gnas pa'i hU~M gi mtha' skor du rig 'dzin bla ma'i spyi snying gis bskor ba las 'od zer 'phros/__/'khor gyi bla ma thams cad kyi thugs rgyud bskul/__/de rnams kyi sku gsung thugs rdo rje'i ye shes chen po'i snang bas brtan g.yo kun la khyab/__kun kyang bla ma'i gsang ba gsum gyi dkyil 'khor dag pa chen por sad/__/snang srid bla mar shes pa'i mos gus kyis gsol ba btab pa'i mthus rang gzhan sems can thams cad kyi rgyud la byin rlabs btsan thabs su zhugs par bsams la/__oM AHgu ru many+dzu g+ho Sha sarba sid+d+hi hU~M/__zhes gtso bo'i mtshan sngags dang*/__oM AHhU~M ma hA gu ru sarba sid+d+hi hU~M/__zhes bla ma spyi'i mtshan sngags bzlas pas thugs rgyud bskul/__gsum pa 'dod pa'i don la gsol ba gdab pa ni/__skyabs gnas kun 'dus bla ma rin po che/__/khyod ni sangs rgyas kun gyi ye shes sku/__/nges pa'i gsang ba rigs kun khyab bdag dngos/__/bdag sogs snang ngor dge ba'i bshes kyi tshul/__/thar pa'i sgo phye blang dor mig btod de/__/byang chub rin chen gling du bgrod pa'i lam/__/nor med yang dag bstan pa'i bka' drin ni/__/sras dang bcas pa'i sangs rgyas kun las rmad/__/da dung bdag blo dam pa'i tshul la gzhug__/rnam dag lam gyis nor 'khrul dri ma bsal/__/gegs dang gol sa'i 'phrang las sgrol nas kyang*/__/sku bzhi'i rgyal sa zin par mdzad du gsol/__/gzhan phan gru gzings nges 'byung ba dan lci/__/rnam dag dad pa'i rlung gis bskul ba'i tshe/__/bla ma byang chub sems gnyis skur bzhengs nas/__/mtha' yas 'gro kun sgrol nus mdzad du gsol/__/dbang gis rgyud smin mdo rgyud man ngag gis/__/phyi nang bskyed rim lam rlung dang gtum mo/__pho nya'i lam/__rdo rje'i rba rlabs gsum bsgom pa'i tshe/__/bla ma rdo rje bzhi yi skur bzhengs nas/__/mi slob 'bras bu'i sar sbyor mdzad du gsol/__/zhen log brtson pas dngos po'i gnas lugs rtogs/__/rlung sems rten 'brel dbu mar sgrig pa'i tshe/__/bla ma lhan skyes ye shes skur bzhengs nas/__/rnal 'byor rnam bzhi mthar son mdzad du gsol/__/thabs grol zab mo'i myur lam la brten nas/__/'od gsal ye shes chen po mngon byed tshe/__/bla ma nges don chos sku'i skur bzhengs nas/__/tshe gcig grol ba'i byin rlabs mdzad du gsol/__/mdo sngags rten 'brel lam gyis rgyud sbyangs nas/__/phyi nang 'gal rkyen chos skur blta ba'i tshe/__/bla ma sdug bsngal zhi byed skur bzhengs nas/__/shes rab phar phyin don rtogs mdzad du gsol/__/d+hU ti'i dbyings su rlung sems ngal 'tsho'i thabs/__/rdo rje'i rnal 'byor sbyor ba drug sgom tshe/__/bla ma phyi nang gzhan dag skur bzhengs la/__/rtags bcu'i yon tan mngon gyur mdzad du gsol/__/shin tu phra ba'i gnyug ma'i rdo rje gsum/__/sgo gsum rlung thig sems kun ngal gso'i tshe/__/bla ma rdo rje gsum gyi skur bzhengs la/__/bsnyen sgrub rnal 'byor mthar phyin mdzad du gsol/__/'khrul rtog ye grol ka dag chos sku'i ngang*/__/'od gsal snang bzhi'i dpal la spyod pa'i tshe/__/bla ma ye shes rjen pa'i skur bzhengs nas/__/blo zad dgongs pa klong gyur mdzad du gsol/__/dus 'di nas bzung byang chub snying po'i bar/__/bdag la mtho dman skyid sdug gang byung yang*/__/bla mas 'du 'bral med par rjes bzung nas/__/byin rlabs dngos grub stsol bar mdzad du gsol/__/dang po kun rdzob phyi yi bla ma mjal/__/bstan pa'i 'jug sgo ma nor lam dang 'phrad/__/bar du ris med mkhas grub bla ma mjal/__/thos pas rgyud grol nges don bsam pas rnyed/__/mthar thug snang srid dpal ldan bla mar mjal/__/dag chen ye shes snang ba rgyun mi chad/__/nges don rig pa chos sku'i bla ma dang*/__/gnyis med sku bzhi'i rgyal sa zin par shog__/dbang bzhi'i bla mas rigs khams nus pa gso/__/man ngag bla mas thabs grol gseng lam ston/__/'bras bu'i bla mas sku bzhi'i rgyal thabs sbyin/__/don gnyis lhun grub dpal la spyod par shog__/skye ba sprul sku'i bla mar lam byed pas/__/snang grags rig pa lha sngags chos skur sad/__/'chi ba chos sku'i bla ma'i de nyid du/__/shes pas 'od gsal ma bu gcig tu 'dres/__/bar dor longs sku'i bla mas zhing sbyangs nas/__/mthong thos dran reg gdod ma'i sar sbyor shog__/gsum pa rjes kyi bya ba la/__/chos srung spyi dang bye brag gi gtor chog bya bar 'dod pas rgyas bsdus ji ltar rigs pa btang*/__dang po tshogs kyi mchod pa ni/__thabs shes bza' btung gi dam rdzas ci 'byor pa bshams la bsang chu dang bdud rtsis bran nas byin gyis brlab pa ni/__ra~M ya~M kha~M/__stong pa'i ngang las rlung me thod pa'i sgyed bu gsum gyi steng du ka pA la'i snod du tshogs rdzas sha lnga bdud rtsi lnga zhu zhing khol ba nyid yongs su dag cing kha dog dri ro nus bcud phun sum tshogs pa zag med ye shes kyi bdud rtsi'i rgya mtsho chen por gyur/__oM AHhU~M/__zhes byin gyis brlabs nas/__tshogs zhing spyan 'dren pa ni/__dpal ldan bla ma'i ngo bo srid zhir khyab/__/gdul bya'i snang char rnam pa gang 'dul ston/__/bla ma yi dam sangs rgyas byang chub sems/__/dpa' bo rnal 'byor ma dang chos skyong sogs/__/gnas 'dir byon la tshogs gnyis rten du bzhugs/__/dgyes pa'i sku ni rdo rje'i gar dang bcas/__/gsung mchog brda glu bde gsal mi rtog thugs/__/ye shes sgyu 'phrul bsam mi khyab dang bcas/__/byin chen phob la dbang dang dngos grub stsol/__/sarba sa ma ya dzaHdzaH__tshogs rdzas rnams kyi phud dang po bla ma rtsa gsum rten gyi drung du phul te/__oM AHhU~M hoH__tshogs mchod zag med ye shes bdud rtsi'i sprin/__/lha rdzas 'dod yon phun sum tshogs pa 'di/__/bka' gdams dge ba'i bshes gnyen tshogs la 'bul/__/byang chub sems mchog 'byong bar byin gyis rlobs/__oM AHhU~M hoH__tshogs mchod zag med ye shes bdud rtsi'i sprin/__/rigs lnga ye shes lnga yi dam tshig rdzas/__/gsang chen lam 'bras rnal 'byor tshogs la 'bul/__/dbang bzhi'i nyams len mthar son byin gyis rlobs/__oM AHhU~M hoH__tshogs mchod zag med ye shes bdud rtsi'i sprin/__/bde chen rdo rje'i thabs shes dam rdzas 'di/__/bka' brgyud grub thob rgya mtsho'i tshogs la 'bul/__/thabs grol lam mchog mthar phyin mdzad du gsol/__oM AHhU~M hoH__tshogs mchod zag med ye shes bdud rtsi'i sprin/__/rdo rje'i phung khams dag pa'i dam rdzas bcud/__/dus kyi 'khor lo'i grub thob rnams la 'bul/__/sbyor drug bsnyen sgrub rnal 'byor mthar son mdzod/__oM AHhU~M hoH__tshogs mchod zag med ye shes bdud rtsi'i sprin/__/'od gsal sgron drug snang bzhi'i mchod pa'i sprin/__/theg mchog rdo rje'i lam ston rnams la 'bul/__/zag zad 'ja' lus rdo rje'i dngos grub stsol/__/ma hA ga Na tsakra pU dza khA hi/__bar pa tshogs kyi dam rdzas su rol la/__phyi ma lhag ma'i tshul du/__oM AHhU~M ha ho hrIHsa byin gyis brlabs/__e a ra l+li pheM gyis lhag mgron spyan drangs/__hoH__tshogs lhag zag med ye shes bdud rtsi'i sprin/__/phyi yi bka' srung ging lang dbang phyug ma/__/nang gi bka' srung gnas yul DA ki'i tshogs/__/gsang ba'i bka' srung ye shes chos skyong la/__/'bul lo 'dod dgu'i phrin las ma lus sgrubs/__/sa lam bar chad sol la dngos grub stsol/__/oM uts+tshiSh+Ta ba liM ta khA hi/__rig 'dzin bla ma rtsa gsum lhar/__/tshogs kyi mchod pa phul ba yis/__/bdag gzhan 'gro ba ma lus pa/__/dkyil 'khor gcig tu 'grub par shog__/bsags sbyang grangs gsog na/__mdun gyi nam mkhar tshogs zhing rnams mngon sum du bzhugs pa'i sogs gong gi phyag 'tshal nas bzung 'di'i bar grangs bsags/__rtsa gsum kun 'dus slob dpon pad+ma 'byung sogs gangs can shing rta nyer lnga'i gsol 'debs dang*/__so byang sngags gsum gyi brgyud 'debs/__bshad sgrub kyi bka' babs so so'i gsol 'debs gang 'dod res mos sbyar na legs par 'gyur ro/__/grangs rdzogs pa'i mjug tu/__bla ma dang sangs rgyas byang chub sems dpa' thams cad la phyag 'tshal lo/__/bskal bzang sangs rgyas stong las sogs ris med bstan pa rgyas pa'i smon lam kun gzigs chos kyi blo gros rin po che'i gsung yang sbyar dgos so/__/gnyis pa gtang rag 'bul ba ni/__mchod pa rnams kha gso/__chab kyis bran/__mchod sprin gyi sngags brjod cing*/__gang mtshan dran dang thos pa tsam gyis kyang*/__/srid zhi'i rgud pa ma lus rgyun gcod cing*/__/phan bde'i dngos po mtha' dag sbyin mdzad pa/__/dpal ldan bla ma'i tshogs la phyag 'tshal lo/__/lha dang klu dang gnod sbyin mi rnams dang*/__/phyogs bcu byang chub sems dpa'i mchod pa rnams/__/yon tan chen po 'jig rten gtso la 'bul/__/mchog gi mchod pa 'di dag bzhes su gsol/__/phyogs bcu dus bzhi'i skyabs gnas rgya mtsho la/__/gus pas phyag 'tshal mchod 'bul sdig ltung bshags/__/dge la yi rang chos 'khor bskor bzhin du/__/bskal brgyar bzhugs gsol dge tshogs 'gro la bsngo/__/zhes yan lag bdun pa tshang bar bya/__gsum pa dbang bzhi blang ba la/__ting nge 'dzin gyi dbang bskur cung zad rgyas par spro na/__maN+Dal phul/__thal mo sbyar bas btud de/__rigs kun khyab bdag khyod la 'dud/__/thar lam chen po bdag 'dod de/__/de nyid dbang dang dam tshig dang*/__/mgon po dpa' bor skyabs song na/__/theg chen khang par gzhug pa dang*/__/mkhyen rab ye shes bdag la stsol/__/zhes lan gsum gyis gsol ba btab pas 'khor gyi tshogs zhing rnams dgyes pa chen pos 'od du zhu nas rigs kun khyab bdag bla ma 'jam pa'i dbyangs la thim/__bla ma nyid skyabs gnas kun 'dus sku bzhi'i dbang phyug tu bzhugs pa'i thugs ka nas gdan gsum tshang ba'i dbang lha nam mkha' gang bar spros/__/rig pa'i lha mo rnams kyis bkra shis pa'i rnam pa du ma dang bcas bum pa bdud rtsis gang ba thogs nas dbang bskur bar gyur/__hU~M/__bkra shis bum pa chen po ni/__/bde gshegs bzhugs pa'i pho brang ste/__/dkyil 'khor rdzogs par gyur pa yi/__/dbang mchog de yang khyod la sbyin/__/oM badz+ra ka la sha a b+hi Shiny+tsa hU~M/__zhes gsungs shing dbang bskur bas bdud rtsi'i chu rgyun gyis lus kyi nang thams cad gang*/__nyon mongs pa lnga yi dri ma sbyangs/__lam bskyed rim bsgom pa la dbang*/__/'bras bu sprul sku thob pa'i skal pa can du byas so/__/slar yang mos gus shugs drag tu bskyed de gsol ba btab pas/__bla ma 'jam pa'i dbyangs kyi phyag g.yon pa'i ut+pal gyi sdong bu la gnas pa'i chos sgo rab 'byams 'dus pa'i glegs bam nyid yer gyis byon/__A li kA li'i rang sgra sgrog bzhin pas rang gi spyi bo nas zhugs te snying dbus su sib kyis thim pas shing rta chen po gnyis dang rgyan drug__/gangs can bshad brgyud ka chen bcu la sogs pa mdor na sde snod sngags rgyud rgya mtsho 'chad rtsod rtsom gsum nus pa'i byin rlabs khyad par can thob/__gzungs dang spobs pa blo gros mi zad pa'i gter chen po brdol/__gang 'dul gyi chos sgo rab 'byams thogs med du 'byed pa la smra ba'i dbang phyug rdo rje rnon po dngos su gyur par bsam la/__don zab don ni rgya che zhing*/__/don chen mtshungs med rab zhi ba/__/thog ma bar dang mthar dge ba/__/sde snod rgyud sde'i dbang thob shog__/oM d+harma sa ga ra a b+hi Shiny+tsa hU~M/__dbyangs gsal rten snying brjod/__slar yang dad mos gdung shugs kyis gsol ba btab pas bla ma 'jam pa'i dbyangs kyi phyag g.yas pa'i tshe bum las ye shes bdud rtsi'i chu rgyun 'bebs bzhin pa spros/__spyi bo nas dbang bskur/__bdud rtsi'i rgyun gyis lus kyi nang gang*/__rnal 'byor dbang phyug brgyad cu rtsa bzhi/__sgrub brgyud shing rta chen po brgyad la sogs pa'i rgyud sde rgya mtsho'i dbang bzhi dang rdo rje gsum gyi byin rlabs mtha' dag thob/__lam bzhi'i yon tan ji bzhin mngon du gyur/__gsang ba zab mo'i tshul nyan sgom sgrub pa la dbang*/__don gnyis kyi lam thams cad sgrub nus pa gsang ba'i bdag po dang gnyis su med pa'i byin rlabs dang dbang bskur yongs su rdzogs par mos pas/__sgyu 'phrul drwa ba'i tshul bstan pa/__zab cing yangs la rgya che ba/__/don chen 'gro ba'i don byed pa/__/gsang ba zab mo'i dbang thob shog__/oM man+t+ra gu h+ya a b+hi Shiny+tsa hU~M/__dbyangs gsal rten snying brjod/__bla ma rdo rje 'chang chen po longs spyod rdzogs pa'i sku yab yum gyi rnam par bzhengs te snyoms par zhugs pa'i byang chub kyi sems sangs rgyas thams cad 'dus pa'i ngo bo lce thog tu bzhag par gyur pa'i mos pas/__hU~M/__dga' ba byang chub sems chen po/__/kun tu tshim par byed pa yi/__/dkar dmar lhag pa'i byang chub sems/__/dbang thob khyod kyi lce la bzhag__/oM badz+ra gu h+ya a b+hi Shiny+tsa hU~M/__zhes byin pa'i bdud rtsi de nyid oM AHhU~M gis myong bas gsal stong rnam par mi rtog pa'i ting nge 'dzin rgyud la skyes/__des gsang ba'i dbang thob/__ngag gi dri ma sbyangs/__lam rtsa rlung bsgom pa la dbang*/__'bras bu longs sku thob pa'i skal pa can du byas so/__/bla ma'i thugs ka nas rig ma gzugs dang lang tsho rdzogs pa rdo rje btsun mo'i ngo bo can spros te thar pa bsten par bskul bar gyur pa'i mos pas/__lha mo 'di ni phyag rgya che/__/mtha' yas bde ba sbyin pa mo/__/rnam pa kun tu phyag rgyar longs/__/bu yis bla med mchod par gyis/__/oM badz+ra pradz+nyA dz+nyA na a b+hi Shiny+tsa hU~M/__phyag rgya dang 'du shes gsum ldan gyi mnyam par sbyar bas dga' ba bzhi'i rim pas mtshon byed dpe'i ye shes nyams su myong*/__oM sarba ta thA ga ta ma hA a nu rA ga Na badz+ra swa b+hA wa At+ma ko\u0f85haM/__des shes rab ye shes kyi dbang thob/__yid kyi dri ma sbyangs/__lam thig le bsgom pa la dbang*/__'bras bu chos sku thob pa'i skal pa can du byas so/__/'jam mgon bla ma'i phyag gi rdor dril dang*/__yi dam gyi lha dang gnyis su med pa'i rig 'dzin rnal 'byor grub pa pho mo'i tshogs thams cad kyi bde stong gi ye shes kyi phyag rgya'i byin rlabs yi dam gyi lha zhi khro rab 'byams spros/__thams cad dpal rdo rje sems dpa' rigs thams cad kyi khyab bdag gcig gi sku yi rnam par gyur te rang gi snying gar thim pas sgo gsum lha sngags ye shes kyi rol par sad de yi dam lhag pa'i lha rab 'byams kyi gsang ba mi zad pa rgyan gyi 'khor lo dang gnyis su med par gyur pas dbang dang byin rlabs dngos grub thams cad thob par mos/__oM AHhU~M/__dpal ldan sangs rgyas sku 'chang ba/__/rdo rje mi phyed gsum gyi bdag__/deng 'dir sangs rgyas thams cad kyi/__/sku gsung thugs kyi dbang bskur ro/__/oM badz+ra dz+nyA na kA ya wAka tsit+ta a b+hi Shiny+tsa oM AHhU~M/__dbang bzhi pa'i slad du bla ma rdo rje 'chang chen pos rdo rje'i tshig gis ngo sprod par gyur pa'i mos pas/__ye shes 'di ni shin tu phra/__/rdo rje snying po mkha' 'dra zhing*/__/rdul bral ba ni zhi ba'i chos/__/rang gi rang bzhin de nyid do/__/oM badz+ra d+harma d+hA tu a b+hi Shiny+tsa a/__byin rlabs 'pho ba'i rim pas mtshon bya don gyi ye shes chos nyid bsam gyis mi khyab pa'i gnas lugs mngon sum du mthong bar bsam la mnyam par bzhag__/des dbang bzhi pa thob/__ye shes kyi dri ma sbyangs/__lam rdzogs pa chen po bsgom pa la dbang*/__'bras bu ngo bo nyid sku thob pa'i skal ba can du byas so/__/slar yang maN+Dal phul/__bsdu na gong du smos pa ltar 'od zer spro bsdu'i tshul la brten nas blang na'ang rung ngo*/__/bzhi pa nyer bsdu'i rnal 'byor ni/__skyabs gnas kun 'dus bla ma rdo rje 'chang*/__/bdag gi sgo gsum gnyug ma'i ye shes dang*/__/byang chub bar du 'bral med rtag bzhugs nas/__/dbang dang byin rlabs dngos grub bstsal du gsol/__/mthar ni bla ma 'od zhu rang la thim/__/thugs yid gcig 'dres dgongs pa'i rtsal chen rdzogs/__/dus gsum rtogs pas ma bslad gnyug ma'i ngang*/__/blo 'das 'od gsal chos sku'i rang zhal blta/__/zhes brjod cing bsam la mnyam par bzhag__/thun las ldang ba na/__dge ba 'di yis bdag sogs yid can kun/__/'khor lo'i mgon pos 'bral med rjes bzung nas/__/dad dang mos gus dam tshig rnam dag pas/__/rje btsun bla ma'i go 'phang myur thob shog__/thub dbang nye sras kun bzang rdo rje 'chang*/__/dkon mchog rtsa gsum chos skyong rgya mtsho'i tshogs/__/mtshungs med rje btsun 'jam mgon bla ma yi/__/gsang gsum gdod nas rdzogs kun dgongs su gsol/__/dad dang nges 'byung snying rje shes rab kyis/__/mchog gsum skyabs bsten gzhan phan bsam sbyor gyis/__/thun mong thun min khyad par sngon 'gro 'byongs/__/rgyal ba dgyes pa'i lam la 'jug par shog__/don dam chos kun gnas lugs stong pa nyid/__/kun rdzob mtshan med rten 'byung cir snang yang*/__/zung 'jug mtha' bral smon pa med pa'i dbyings/__/theg mchog dbu ma'i lta ba mngon gyur shog__/rang bab gsum gyis sems nyid lhan skyes rtogs/__/skyon bzhi rang grol nyams myong rnal 'byor bzhis/__/sku bzhir rang la rdzogs pa'i gdeng rnyed nas/__/sgom pa phyag rgya chen po rtogs par shog__/snang sems rig stong sgyu ma'i cho 'phrul la/__/bskyed bzlas thabs grol myur lam gnad du brdeg__/skyid sdug lam khyer 'khor 'das chos skur shar/__/ro snyoms spyod pas bogs 'don gegs sel shog__/yid dpyod mtshan 'dzin ka dag dbyings su grol/__/lhun grub snang bas zag pa rang sar zad/__/chos dbyings gzhon nu bum skur gtan srid zin/__/'bras bu rdzogs chen snang bzhi mngon gyur shog__/mkha' khyab 'gro kun rjes 'dzin thugs rje myur/__/gdul dka' 'dul ba thabs mkhas nus stobs btsan/__/don gnyis lhun grub rmad byung bla ma rje'i/__/rnam thar ji bzhin bdag gis mngon gyur shog__/bkra shis ni/__rgyal mtshan rtse mo dbang gi rgyal po ltar/__/lhag pa'i lha yi gtsug gi rgyan gyur pa'i/__/sgrub pa po la dngos grub mchog stsol mdzad/__/mnyam med bla ma mchog gi bkra shis shog__/blo gros rtsa bar nges 'byung bdud rtsis reg__/gzhan phan sems kyi zil mngar rab tu rgyas/__/thos bsam sgom pa'i 'dab stong ches phyur pa'i/__/thub bstan kun dga'i tshal mdzes bkra shis shog__/smin lam dbang gi sprin gyi me tog 'bebs/__/bskyed rdzogs gdams pa'i dbyar rnga snyan par sgrog__/rnam dag dam tshig dbyar gyi lang tsho dar/__/sdom gsum lo 'bras rgyas pa'i bkra shis shog__/yang dag lta ba'i nges shes mkha' ltar yangs/__/'od gsal sgom pa'i nyi zla rgyu skar bkra/__/rang grol spyod pas rten 'dir mi slob pa'i/__/lam gyi yon tan rdzogs pa'i bkra shis shog__/de ltar bshad pa 'di ni bla ma'i rnal 'byor dang*/__bla ma mchod pa gnyis ka'i don tshang ba ste/__spyir 'di bzhin nyams su blangs na mchog tu 'gyur rung bla ma'i rnal 'byor gyi dgongs pa gtso bor bton nas gsol 'debs dang mtshan sngags grangs gsog gtso bor byed na yan lag bdun gyi mchod phreng skor 'don tshig cung bsdus na legs pas so so'i skabs mchan gsal ltar byas te rjes dran drug gi mos gus kho na rtsal du bton/__gsol 'debs kyang gzhung du spyi'i gsol 'debs dang*/__bye brag sdom pa gsum dang*/__shing rta brgyad sogs rang gang mos kyi gsol 'debs la grangs bzung ba dang*/__mtshan sngags bzla ba res mos dbang len gyi dmigs pa rgyas bsdus gang 'dod yang yang bya/__bla ma mchod pa gtso bor bton pa'i skabs me tog dang mar me zhal zas sogs dngos 'byor brgya stong ci 'byor dang*/__lus phyag dngos su 'tshal/__mchod phreng rigs rgyas par sbyar/__maN+Dal grangs bsags pa rnams gtso bor bya zhing*/__'dir tshogs rten gtso bo mkhyen brtse rin po che byas pa'ang deng sang bdag cag la bstan pa ris med kyi chos kyi snang ba yod pa rje 'di kho na'i bka' drin te rje nyid kyi gsung las/__mdor na bshad brgyud shing rta bcu'i/__/ring lugs rgyun bzhugs phal cher thos/__/cung zad sbyangs shing phyogs tsam shes/__/rang gzhan grub mtha'i khas len dang*/__/chos rgyus shin tu che ba byung*/__/zhes dang*/__snga 'gyur bka' gdams sa skya pa/__/mar shangs bka' brgyud sbyor ba drug__/zhi gcod bsnyen sgrub dang bcas pa'i/__/sgrub brgyud shing rta che brgyad la/__/shin tu mos shing dad pa'i blos/__/sngon gyi lugs srol ma nyams pa/__/dka' ba 'bad pa brgya phrag gis/__/mang du 'tshol zhing thos par byas/__/zhes gsungs pa ltar rang stobs kyi mkhyen brtse nus pas thub bstan yongs rdzogs kyi mnga' bdag tu nges pa gangs can mkhas grub yongs la tshad mar grub cing grags pas te/__de las gzhan du rang rang gang mos kyi bla ma tshogs rten gyi gtso bor gsal bas cho ga 'di bzhin bgyis kyang rung ba'i tshul dper na rgyal dbang lnga ba chen po lta bu la mtshon na/__rigs kun khyab bdag gsum ldan rdo rje 'dzin/__/pad dkar 'chang dngos blo bzang rgya mtsho ste/__/dkar dmar mdangs ldan gzi brjid dpal du 'bar/__/zhal ras rgyas shing spyan zung zlum la 'khyil/__/phyag g.yas skyabs sbyin phyag rgya'i mtheb mdzub kyis/__/pad dkar 'dzin pa mkhyen brtse'i ye shes mtshon/__/g.yon pas mnyam bzhag gser gyi 'khor lo yis/__/phul byung nus mthu'i chos kyi phrin las ston/__/sku la chos gos rnam gsum mdzes par klubs/__/sde snod gsum 'dzin gser mdog paN zhu gsol/__/zhes sogs kyis mtshon gong 'og gi tshig 'phrad bsgyur shes par bya/__yang na rtsa ba'i bla ma spyi btang la sbyor na/__mngon par dkrigs pa'i rin chen seng+ge'i khrir/__/bka' drin mnyam med rtsa ba'i bla ma ni/__/rnam pa rigs kun khyab bdag rdo rje sems/__/sku mdog dkar gsal gangs kyi ri bo la/__/nyi gzhon stong gis 'khyud pa'i gzi brjid 'bar/__/sgeg cing 'dzum la rab tu rgyas pa'i zhal/__/mtshan dpes rab mdzes zhal gcig phyag gnyis pa/__/phyag g.yas rdo rje rtse lnga thugs kar gsor/__/g.yon pas dril bu dkur bsten yum la 'khyud/__/zhabs gnyis rdo rje'i skyil mo krung gis bzhugs/__/yum mchog rdo rje snyems ma zla ba'i mdog__/gri gug thod 'dzin mgul nas 'khyud pa dang*/__/mnyam par sbyor zhing yab yum gnyis ka yang*/__/mnyen lcug 'khril ldem yid 'phrog gzhon nu'i tshul/__/gsal 'tsher lhun sdug gzi byin 'bar ba ste/__/zhi tshul dgu ldan dar dkar stod g.yogs dang*/__/dbang po'i gzhu ltar bkra ba'i smad dkris can/__/cod pan zi ldir gar gyi phu dung ste/__/lha rdzas las grub dar gyi chas lngas klubs/__/rin chen dbu rgyan snyan cha mgul pa'i rgyan/__/phyag zhabs gdu bu ska rags do shal dang*/__/se mo do ste rgyan cha brgyad kyis spras/__/mtha' yas 'od zer 'bar zhing 'khrug pa'i dbus/__/bde stong gnyis su med pa'i ngo bor bzhugs/__/phung po rigs lnga khams rnams dbyings phyug yum/__/tshogs brgyad dbang yul sems dpa' sems ma dang*/__/yan lag mthar byed yab yum brgyad la sogs/__/rab 'byams zhi khro'i dkyil 'khor 'khor lo'i sprin/__/gang 'dul mos ngor cir yang 'char ba'i tshul/__/gsang gsum mi zad rgyan gyi 'khor lor rdzogs/__/bsnyen sngags/__oM gu ru badz+ra satwa sid+d+hi AHhU~M/__zhes bsgyur bar bya'o/__/rab 'byams sras bcas rgyal kun mchod pa las/__/bla ma'i ba spu gcig mchod rnam dkar 'bras/__/tshogs gnyis rin thang lci bar mdo rgyud las/__/bsngags par spro ba'i sems kyis tshul 'di brtsams/__/rab dge dri med rin chen kun dga'i dpal/__/srid zhi'i rgyan du gyur pa'i yongs bsngo'i mthus/__/tshe rabs kun tu bla ma'i bran gyur nas/__/thugs yid gcig 'dres bstan 'gro'i don bgyid shog__/ces pa'ang rang lo bco lnga'i steng rigs brgya'i khyab bdag 'gyur med pad+ma bstan 'dzin mkhas grub rgya mtsho'i dbang po'i sdes 'jam mgon chos kyi rgyal po'i mchog sprul rin po che rnam gnyis sogs rig 'dzin 'dus pa'i tshogs dang lhan cig zhe chen ri khrod bde mchog bkra shis dge 'phel du gdams ngag rin po che'i mdzod kyi smin grol yongs rdzogs bka' drin bstsal ba'i gral mthar bdag mang+ga la'i ming yang tshud pa'i bka' drin gyis thub bstan ris med la dad pa'i snang ba yang por gyur pas rang lo so gnyis steng sgrub brgyud shing rta chen po brgyad kyi byin rlabs kyi mtshan ma cung zad thob pa'i rmi ltas kyis bskul nas shing rta brgyad kyi bla ma'i rnal 'byor nyung bsdus shig bris pa la/__slad nas lung rtogs dpal yon du mas thugs rgyud phyug pa'i zhwa de'u 'khrul zhig mchog sprul 'gyur med chos kyi blo gros rin po ches thub bstan ris med kyi bla ma mchod pa zhig brtsam par snga phyir gsung nan chen pos bskul ba'i rkyen gyis mkhas grub gong ma'i gsung gi snang ba la brten te cung zad rgyas par phye nas bris pa'i yi ge'i mthun 'gyur rnying sngags 'gyur med skal bzang 'phel rgyas kyis bgyis te mtha' 'dul gyi gtsug lag khang spa gro skyer chu'i lha khang gi zhol bsam gtan gyi spyil bu bkra shis dga' 'khyil tu rdzogs par grub pa 'dis kyang dpal ldan bla ma dam pa rnams kyi ye shes gzigs pa'i byin rlabs khyad par du 'jug pa'i 'bab stegs su gyur cig__!__oM swa sti/__mkhyen pa'i ye shes yangs pa'i lha lam ngogs/__/brtse chen thugs rje'i 'od snang stong 'bar bas/__/'gro blo'i mi shes rmongs mun kun 'jil mdzad/__/khyab bdag mang+ga'i mtshan de gtsug na mchod/__/rgyud sde rgya mtsho'i lam srol shing rta brgyad/__/so sor sgrub pa'i sgo brgya yangs na yang*/__/gcig bsdus nor bu'i chu rgyun 'di kho na/__/thar 'dod skal bzang rnams kyi btsas su mtshar/__/ris med bstan la dad pa'i 'o ma'i mtshor/__/bla mchod nya skyogs sbubs yangs las grol ba'i/__/byin rlabs mu tig 'phyur ba'i do shal gang*/__/skal ldan mgul pa'i rgyan du cis mi 'os/__/de phyir chos phyi yongs 'du'i phreng 'khrigs shing*/__/'gro phan ba ku la yi 'dab stong bzhad/__/dbang bzhi'i bdud rtsi rang gir dbang bsgyur bzhin/__/sku bzhi'i 'bras bzang 'jo la ngal med gyur/__/ces pa'ang rnam dkar gyi srid zhu dang chabs cig par rtags tsam 'dzin pa'i shAkya'i dge slong wA gin+d+ra d+harma ma tis smon pa dza yan+tu/__/dge'o//___//

Footnotes

Other Information