རིས་མེད་བླ་མ་མཆོད་པའི་སྐྱབས་སེམས།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-002
Wylie title ris med bla ma mchod pa'i skyabs sems DKR-KABUM-02-KHA-002.pdf
Location dil mgo mkhyen brtse bka' 'bum
Volume 2, Text 2, Pages 37 (Folios 1a1 to 1a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Ris med bla ma mchod pa'i skyabs sems. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 37. Delhi: Shechen Publications, 1994.
Genre Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor
[edit]
རིས་མེད་བླ་མ་མཆོད་པའི་སྐྱབས་སེམས་ཅུང་ཟད་རྒྱས་པར་སྤྲོ་ན། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གི་ལུས་ངག་ཡིད་གསུམ་པོ་དགེ་བའི་ལས་ཁྱད་པར་ཅན་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། ན་མོ་གུ་རུ་བྷྱཿ དྡྷཱུྃ ན་མོ་བུདྡྷཱ་ཡཿ ན་མོ་དྷརྨཱ་ཡཿ ན་མོ་སངྒྷཱ་ཡཿ མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཚེ་འདི་ཉིད་ལ་མྱུར་བ་མྱུར་བར་གདོད་མའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས། མ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ། བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ།།
[edit]

ris med bla ma mchod pa'i skyabs sems cung zad rgyas par spro na/__/bdag gis sems can thams cad kyi don du yang dag pa rdzogs pa'i sangs rgyas kyi go 'phang thob par bya/__de'i phyir du bdag gi lus ngag yid gsum po dge ba'i las khyad par can bla ma dkon mchog gsum la skyabs su 'gro bar bya/__na mo gu ru b+h+yaH_d+d+hU~M_na mo bud+d+hA yaH__na mo d+harmA yaH__na mo sang+g+hA yaH__ma sems can thams cad kyi don du bdag gis tshe 'di nyid la myur ba myur bar gdod ma'i sangs rgyas kyi go 'phang mngon du byas/__ma sems can thams cad sdug bsngal las bsgral/__bde chen sangs rgyas kyi sa la 'god par bya/__de'i phyir du lam zab mo bla ma lha'i rnal 'byor nyams su blang bar bgyi'o//

Footnotes

Other Information