DKR-KABUM-19-DZA-003: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 24: Line 24:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-19-DZA]]
[[Category:DKR-KABUM-Volume-19-DZA]]
[[Category:DKR-KABUM-Volume-19-DZA]]
[[Category:DKR-KABUM-Volume-19-DZA]]
[[Category:DKR-KABUM-Volume-19-DZA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 12:42, 4 November 2022

Wylie title DKR-KABUM-19-DZA-003.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "dza"., Text 3, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "DZA" is not a number.

"DZA" is not a number.

[edit]
༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། ཕྱི་ནང་གསང་སྒྲུབ་ཀྱི་བསྐང་བ་མདོར་བསྡུས་འཆི་མེད་བདུད་རྩིའི་དཔལ་འཛིན་བཞུགས། །ཧཱུྃ་ཧྲཱིཿ བདེ་ཆེན་ཚེ་དང་ཡེ་ཤེས་ཀྱི། །བཀོད་པའི་སྒྱུ་འཕྲུལ་རོལ་པ་ལས། །སྣོད་བཅུད་རྣམ་དག་འོག་མིན་ཞིང༌། །ཡེ་ཤེས་རང་སྣང་རྒྱན་གྱི་སྤྲིན། །རིན་ཆེན་གཞལ་མེད་ཁང་ཆེན་དབུས། །ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ། །རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །རང་བྱུང་རང་ཤར་ཆེན་པོ་འདིས། །ཐོག་མའི་སངས་རྒྱས་འོད་མི་འགྱུར། །ཚེ་མཐའ་ཡས་པའི་ཐུགས་དམ་བསྐང༌། །ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་གཙོ། །ཚེ་བདག་ཡབ་ཡུམ་ཐུགས་དམ་བསྐང༌། །ཚད་མེད་ཕྲིན་ལས་འདོད་དགུའི་བདག །ལྷ་མོ་མགྱོགས་མའི་ཐུགས་དམ་བསྐང༌། །མཆོག་གི་སྤྲུལ་བསྒྱུར་འཆི་མེད་སྐུ། །པདྨ་འབྱུང་གནས་ཐུགས་དམ་བསྐང༌། །ཡེ་ཤེས་ལུས་ཅན་འཁོར་ལོའི་མགོན། །རིག་འཛིན་འདུས་པའི་ཐུགས་དམ་བསྐང༌། །ཟབ་གསང་བདུད་རྩིའི་སྣོད་ལྡན་མཆོག །རྗེ་འབངས་གྲོགས་ལྔའི་ཐུགས་དམ་བསྐང༌། །བཀའ་བབ་བདུན་གྱི་གསང་མཛོད་འཆང༌། །མདོ་སྔགས་གླིང་པའི་ཐུགས་དམ་བསྐང༌། །འཆི་མེད་ཡེ་ཤེས་སྤྱན་དང་ལྡན། །བསྟན་གཉིས་གླིང་པའི་ཐུགས་དམ་བསྐང༌། ཟབ་གཏེར་རྒྱ་མཚོའི་འཁོར་ལོས་བསྒྱུར། །མཆོག་གྱུར་གླིང་པའི་ཐུགས་དམ་བསྐང༌། །པདྨའི་ཐུགས་ཏིག་སྒོ་འབྱེད་མཆོག །ཐུགས་མཆོག་རྡོ་རྗེའི་ཐུགས་དམ་བསྐང༌། །རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཏེར། །ཆོས་ཀྱི་བློ་གྲོས་ཐུགས་དམ་བསྐང༌། །ལས་སྨོན་རྣམ་དག་བསྟན་པ་འཛིན། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །དབང་གི་གཟི་འབར་བར་ཆད་སྒྲོལ། །དཔལ་ཆེན་རྟ་མགྲིན་ཐུགས་དམ་བསྐང༌། །རྒྱུད་སྡེ་བཞི་དྲུག་ཞི་ཁྲོའི་ཚུལ། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང༌། །དགའ་བཞི་ལྷན་ཅིག་སྐྱེས་པའི་གཟུགས། །ཚེ་ཡུམ་དྷཱ་ཀིའི་ཐུགས་དམ་བསྐང༌། །བདེ་སྟོང་རྡོ་རྗེའི་བརྟུལ་ཞུགས་སྤྱོད། །དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༌། །སངས་རྒྱས་བསྟན་སྲུང་བཀའ་གཏེར་གྱི། །ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༌། ཁྱད་པར་ཟབ་གསང་གཉེར་འཛིན་པ། །འཆི་མེད་ཌཱ་ཀིའི་ཐུགས་དམ་བསྐང༌། །ཁྱབ་བརྡལ་ཡེ་ཤེས་ཆེན་པོའི་ཀློང༌། །སྣང་སྲིད་རྒྱལ་བའི་ཞིང་དུ་བསྐང༌། །འཁོར་འདས་མ་ལུས་དག་པ་ཆེ། །ཡེ་ཤེས་རོལ་པས་ཐུགས་དམ་བསྐང༌། །ཧཱུྃ་ཧྲཱིཿ ཕྱི་ལྟར་ཀུན་བཟང་མཆོད་པའི་སྤྲིན། །ཟག་མེད་འབྱོར་པ་སྤྲིན་ལྟར་གཏིབས། །ནང་དུ་ཕུང་ཁམས་དག་པའི་རྫས། །རྡོ་རྗེའི་ལོངས་སྤྱོད་སྨན་རཀ་གཏོར། །གསང་བ་དུག་ལྔ་ཡེ་ཤེས་སུ། །གདོད་ནས་ཤར་བའི་ཏན་གན་ཚུལ། དེ་ཉིད་གཉིས་མེད་ཆོས་ཉིད་གཅིག །མཆོད་བྱ་མཆོད་བྱེད་བྲལ་བས་བསྐང༌། །ངོ་བོ་ཡེ་ཤེས་དག་ཆེན་ལ། །བཤགས་བྱའི་མཚན་རྟོག་མ་དམིགས་ཀྱང༌། །རྣམ་པ་ཀུན་རྟོག་འཁྲུལ་པའི་ནོངས། །མི་འཆབ་འགྱོད་པས་སྙིང་ནས་བཤགས། །ཉམས་ཆག་ཐམས་ཅད་སོར་ཆུད་དེ། །ཚེ་ཡི་འགལ་རྐྱེན་བར་ཆད་ཞི། །ཚེ་དཔལ་བསོད་ནམས་ཡེ་ཤེས་རྒྱས། །ཚེ་བཅུད་རླུང་སེམས་དབང་བསྡུས་ནས། །ཚེ་བདུད་དགྲ་བགེགས་མཐར་བྱེད་ཤོག །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཀྱིས། །འཆི་མེད་རྡོ་རྗེའི་སྲོག་སྩོལ་ཞིང༌། །སྣང་སྲིད་ཡེ་ཤེས་རོལ་བ་ཡིས། །སྐྱེ་འཆིའི་མཚན་རྟོག་དག་པར་མཛོད། །འགྲོ་ཀུན་སྐྱེ་འཆིའི་སྡུག་བསྔལ་ཞི། །ཚེ་དཔལ་ཡེ་ཤེས་ཡོན་ཏན་རྒྱས། ལུང་རྟོགས་ཕྲིན་ལས་རྟག་ཁྱབ་པས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པ་བཟླའོ། །འདི་ལ་འཇམ་མགོན་བླ་མས་མཛད་པའི་སྐོང་བ་རྒྱས་པ་ཡོད་ཀྱང༌། གང་གི་ཚེ་སྔོན་གྱི་ལས་སྨོན་དག་པ་དུས་སུ་སྨིན་པས་རྡོ་རྗེའི་གནས་མཆོག་ཉེ་བའི་ཚནྡྷོ་ཧར་རྒྱལ་བའི་ཕྲིན་ལས་ཆོས་སྐུའི་མཆོད་སྡོང་དུ་ཤར་བའི་དྲུང་དུ་རྟེན་མཆོག་ས་གསུམ་འདྲེན་པའི་གསུང་གི་རྡོ་རྗེའི་ཆོས་སྒྲ་སྒྲོགས་པའི་རྡོ་རྗེའི་སློབ་དཔོན་གྱི་གཟུགས་བརྙན་ཙམ་པོ་བ་ལ། །རིས་མེད་དགེ་འདུན་གྱི་སྡེ་གཉིས་ཀྱི་གཙོ་བོ་བརྟན་མཁས་འཕགས་པའི་ཡོན་ཏན་དུ་མས་མཛེས་པའི་ཚོགས་ཀྱིས་དག་སྣང་གི་སྤྱན་རས་མཆོག་ཏུ་ཡངས་པས་རིང་འཚོའི་རྟེན་འབྲེལ་ཚེ་སྒྲུབ་པདྨའི་སྙིང་ཐིག་ལ་བརྟེན་ནས་གནང་བའི་སྐབས། བསྐང་བ་འདིའང་དད་སྤྲོའི་སྟེས་དབང་གིས་པདྨ་གར་དབང་མདོ་སྔགས་གླིང་པས་བྲིས་པ་ངེས་གསང་རྡོ་རྗེ་སྙིང་པོ་གཙོ་བོར་གྱུར་པའི་རིས་མེད་བསྟན་འགྲོའི་དགེ་མཚན་བརྟན་པའི་དཔལ་དུ་གྱུར་ཅིག །དགེའོ། །མངྒ་ལཾ།། །།
[edit]

@#/__/pad+ma tshe yi snying thig las/_phyi nang gsang sgrub kyi bskang ba mdor bsdus 'chi med bdud rtsi'i dpal 'dzin bzhugs/_/hU~M hrIH_bde chen tshe dang ye shes kyi/_/bkod pa'i sgyu 'phrul rol pa las/_/snod bcud rnam dag 'og min zhing*/_/ye shes rang snang rgyan gyi sprin/_/rin chen gzhal med khang chen dbus/_/kun bzang mchod pa'i sprin chen po/_/rang bzhin nyid du lhun gyis grub/_/sku gsung thugs yon phrin las kyi/_/mi zad rgyan gyi 'khor lo'i sprin/_/rang byung rang shar chen po 'dis/_/thog ma'i sangs rgyas 'od mi 'gyur/_/tshe mtha' yas pa'i thugs dam bskang*/_/ye shes lnga ldan dkyil 'khor gtso/_/tshe bdag yab yum thugs dam bskang*/_/tshad med phrin las 'dod dgu'i bdag_/lha mo mgyogs ma'i thugs dam bskang*/_/mchog gi sprul bsgyur 'chi med sku/_/pad+ma 'byung gnas thugs dam bskang*/_/ye shes lus can 'khor lo'i mgon/_/rig 'dzin 'dus pa'i thugs dam bskang*/_/zab gsang bdud rtsi'i snod ldan mchog_/rje 'bangs grogs lnga'i thugs dam bskang*/_/bka' bab bdun gyi gsang mdzod 'chang*/_/mdo sngags gling pa'i thugs dam bskang*/_/'chi med ye shes spyan dang ldan/_/bstan gnyis gling pa'i thugs dam bskang*/_zab gter rgya mtsho'i 'khor los bsgyur/_/mchog gyur gling pa'i thugs dam bskang*/_/pad+ma'i thugs tig sgo 'byed mchog_/thugs mchog rdo rje'i thugs dam bskang*/_/rgyal kun mkhyen brtse'i ye shes gter/_/chos kyi blo gros thugs dam bskang*/_/las smon rnam dag bstan pa 'dzin/_/rtsa brgyud bla ma'i thugs dam bskang*/_/dbang gi gzi 'bar bar chad sgrol/_/dpal chen rta mgrin thugs dam bskang*/_/rgyud sde bzhi drug zhi khro'i tshul/_/yi dam lha tshogs thugs dam bskang*/_/dga' bzhi lhan cig skyes pa'i gzugs/_/tshe yum d+hA ki'i thugs dam bskang*/_/bde stong rdo rje'i brtul zhugs spyod/_/dpa' bo mkha' 'gro'i thugs dam bskang*/_/sangs rgyas bstan srung bka' gter gyi/_/chos srung rgya mtsho'i thugs dam bskang*/_khyad par zab gsang gnyer 'dzin pa/_/'chi med DA ki'i thugs dam bskang*/_/khyab brdal ye shes chen po'i klong*/_/snang srid rgyal ba'i zhing du bskang*/_/'khor 'das ma lus dag pa che/_/ye shes rol pas thugs dam bskang*/_/hU~M hrIH_phyi ltar kun bzang mchod pa'i sprin/_/zag med 'byor pa sprin ltar gtibs/_/nang du phung khams dag pa'i rdzas/_/rdo rje'i longs spyod sman raka gtor/_/gsang ba dug lnga ye shes su/_/gdod nas shar ba'i tan gan tshul/_de nyid gnyis med chos nyid gcig_/mchod bya mchod byed bral bas bskang*/_/ngo bo ye shes dag chen la/_/bshags bya'i mtshan rtog ma dmigs kyang*/_/rnam pa kun rtog 'khrul pa'i nongs/_/mi 'chab 'gyod pas snying nas bshags/_/nyams chag thams cad sor chud de/_/tshe yi 'gal rkyen bar chad zhi/_/tshe dpal bsod nams ye shes rgyas/_/tshe bcud rlung sems dbang bsdus nas/_/tshe bdud dgra bgegs mthar byed shog_/bcom ldan tshe yi lha tshogs kyis/_/'chi med rdo rje'i srog stsol zhing*/_/snang srid ye shes rol ba yis/_/skye 'chi'i mtshan rtog dag par mdzod/_/'gro kun skye 'chi'i sdug bsngal zhi/_/tshe dpal ye shes yon tan rgyas/_lung rtogs phrin las rtag khyab pas/_/don gnyis lhun gyis grub par mdzod/_/ces dang yi ge brgya pa bzla'o/_/'di la 'jam mgon bla mas mdzad pa'i skong ba rgyas pa yod kyang*/_gang gi tshe sngon gyi las smon dag pa dus su smin pas rdo rje'i gnas mchog nye ba'i tshan+d+ho har rgyal ba'i phrin las chos sku'i mchod sdong du shar ba'i drung du rten mchog sa gsum 'dren pa'i gsung gi rdo rje'i chos sgra sgrogs pa'i rdo rje'i slob dpon gyi gzugs brnyan tsam po ba la/_/ris med dge 'dun gyi sde gnyis kyi gtso bo brtan mkhas 'phags pa'i yon tan du mas mdzes pa'i tshogs kyis dag snang gi spyan ras mchog tu yangs pas ring 'tsho'i rten 'brel tshe sgrub pad+ma'i snying thig la brten nas gnang ba'i skabs/_bskang ba 'di'ang dad spro'i stes dbang gis pad+ma gar dbang mdo sngags gling pas bris pa nges gsang rdo rje snying po gtso bor gyur pa'i ris med bstan 'gro'i dge mtshan brtan pa'i dpal du gyur cig__/dge'o/__/mang+ga laM//_//

Footnotes

Other Information