DKR-KABUM-18-TSHA-037: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-037
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=TSHA | |||
|textnuminvol=037 | |||
|pdflink=File:DKR-KABUM-18-TSHA-037.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་གི་བསྐང་བ་འཆི་མེད་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།། | |||
༄༅། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ལ། །ཡན་ལག་མཆོག་གི་བཏུད་བྱས་ནས། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར། །དགྱེས་བསྐང་མཆོད་པའི་སྤྲིན་ཕུང་སྤྲོ། །ཕྱི་ནང་གསང་བའི་མཆོད་རྫས་དང༌། །རྟེན་སྐོང་བསྒྲུབ་པའི་རྫས་རྣམས་བཀྲམ། །རྨད་བྱུང་ཐབས་ཤེས་ཚོགས་ཀྱི་རྫས། །ལེགས་པར་བཤམ་ལ་བསང་ཆུས་བྲན། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ནི། །ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ། །དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་རྫས། །རྒྱ་ཆེ་རྒྱུན་མི་ཆད་དུ་གྱུར། ། ཨོཾ་བཛྲ་སྥ་ར་ཎ་ཁྃ། ཞེས་པས་མཆོད་སྤྲིན་མཁའ་ཁྱབ་སྤེལ། དབྱངས་སྙན་རོལ་མོའི་སྒྲ་དང་བཅས། །ཧཱུྃ་ཧྲཱིཿ ཆོས་དབྱིངས་འོག་མིན་བདེ་བ་ཆེ། །བརྡལ་ཁྱབ་ཐིག་ལེའི་ཀློང་ཡངས་ནས། །སྐུ་དང་ཞིང་ཁམས་བསམ་ལས་འདས། །རིག་པའི་ཡེ་ཤེས་རྒྱན་དུ་ཤར། །མཐའ་དབུས་སྤྲོས་པ་ལས་འདས་པའི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །བདེ་ལྡན་པདྨ་བཀོད་པའི་ཞིང༌། །ལྔ་ལྡན་འཇའ་ཟེར་འཁྲིགས་པའི་དབུས། །སྟོན་པ་ཀུན་བཟང་འོད་མི་འགྱུར། །དགའ་རབ་ཤྲཱི་སེང་ཧཱུྃ་ཀཱ་ར། །བི་མ་པད་འབྱུང་མནྡ་ར། །ཁྲི་སྲོང་བཻ་རོ་མཚོ་རྒྱལ་དང༌། །གནུབས་ཆེན་ནམ་སྙིང་ལ་སོགས་པ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ནི། །དགོངས་བརྡ་སྙན་ནས་བརྒྱུད་པ་རྣམས། །འདི་གཤེགས་མཆོད་པ་དམ་པ་བཞེས། །བྱིན་བརླབ་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ འཆི་མེད་རྡོ་རྗེ་བཀོད་པ་ཡི། །ངོ་མཚར་སྒྱུ་མའི་གཞལ་ཡས་ཁང༌། །རྒྱན་དང་བཀོད་པ་ཕུན་སུམ་ཚོགས། །རབ་འབྱམས་དཀྱིལ་འཁོར་ཆེན་པོ་ཡི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྣང་བ་མཐའ་ཡས་པདྨའི་རིགས། །གསང་ཡུམ་ལྷ་མོ་གོས་དཀར་མོ། །མི་བསྐྱོད་རིན་འབྱུང་རྣམ་སྣང་དང༌། །དོན་གྲུབ་ཚེ་དཔག་མེད་མགོན་རྣམས། །ས་ཆུ་སྤྱན་དང་མ་མཱ་ཀི །རླུང་དང་ནམ་མཁའ་སྒྲོལ་མ་དང༌། །དབྱིངས་ཕྱུག་ཡུམ་དང་སྙོམ་པར་ཞུགས། །སྒེག་མོ་ཕྲེང་མཛེས་གླུ་མ་དང༌། །གར་མ་མགྱོགས་བྱེད་ལྷ་མོ་བཞི། །སྒོ་བཞི་སྐྱོང་མཛད་ཏ་ཀྲྀཏ་དང༌། །སྒོ་མ་ཆེན་པོ་རྣམ་བཞི་སོགས། །བདེ་གཤེགས་ཞི་བ་ཚེ་དཔག་མེད། །རིགས་ལྔ་སྒྱུ་འཕྲུལ་དྲྭ་བ་ཆེའི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བྱིན་བརླབ་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ པདྨ་དབང་གི་དཀྱིལ་འཁོར་ནི། །དབང་གི་ཕོ་བྲང་ཟླ་གམ་ཆེ། །པདྨ་རཱ་གའི་འོད་ཟེར་འབར། །རིན་ཆེན་རྒྱན་གྱི་བཀོད་པ་རྫོགས། །དཔལ་ཆེན་པདྨ་དབང་གི་རྒྱལ། །པདྨ་གཟི་ལྡན་ཡུམ་དང་སྦྱོར། །གར་དགུའི་ཉམས་དང་དུར་ཁྲོད་ཀྱི། །རྒྱན་གྱིས་སྤྲས་ཤིང་རྔམ་བརྗིད་འབར། །རྡོ་རྗེ་རིན་ཆེན་པདྨ་དང༌། །ལས་རིགས་དབང་གི་ཁྲོ་ཆེན་བཞི། །སྒོ་སྲུང་པདྨ་དབྱིངས་ཕྱུག་མ། །དབང་གི་ཞིང་ཁམས་སྐྱོང་མཛད་པའི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བྱིན་བརླབ་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ སྣང་སྲིད་ཆོས་འབྱུང་འབར་བ་ཡི། །རྡོ་རྗེ་བཙུན་མོའི་ཕོ་བྲང་ཆེར། །དབྱིངས་ཕྱུག་འཆི་མེད་མནྡ་ར། །པུཎྜ་རི་ཀའི་དོ་ཤལ་ཅན། །བཅུ་དྲུག་གཞོན་ནུའི་ལང་ཚོའི་སྒེག །བདེ་བ་ཆེན་པོའི་འབྱུང་གནས་ཅན། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཀཱ་ལ་སིདྡྷི་ཤཱཀྱ་དེ། །བཀྲ་ཤིས་ཁྱེའུ་འདྲེན་བདེ་ཆེན་རྒྱལ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས། །ཏིལ་གང་ཁ་ཕྱེས་ལྟ་བུ་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བྱིན་བརླབ་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ དུར་ཁྲོད་དྲག་པོ་འབར་བ་དང༌། །པདྨ་དྲྭ་བ་ཁེབས་པ་ནས། །རྒྱུད་གསུམ་དམ་ཅན་རྒྱ་མཚོ་དང༌། །འཆི་མེད་ཉེ་དབང་ཙཎྜི་ཀ །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །བཀྲ་ཤིས་ཚེ་རིང་མཆེད་ལྔ་དང༌། །རྣམ་སྲས་ཛམ་ལྷ་ནོར་རྒྱུན་སོགས། །ནོར་ལྷ་གཏེར་བདག་ཚོགས་རྣམས་ཀྱང༌། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བྱིན་བརླབ་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །ཞབས་དང་ཞལ་ནི་མ་ངེས་ཏེ། །རང་རང་དགྱེས་པའི་གདན་ལ་བཞུགས། །ཞལ་སྐྱེམས་མཆོད་ཡོན་འཐོར་འཐུང་དང༌། །དྲི་བཟང་བྱུག་པ་སྐུ་ལ་འབུལ། །ན་བཟའ་རིན་ཆེན་རྒྱན་གྱིས་མཆོད། །ཧཱུྃ་ཧྲཱིཿ ཐུགས་དམ་སྐོང་བའི་དམ་རྫས་ནི། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་སྣ་བདུན་དང༌། །ཉེ་བའི་རིན་ཆེན་རྣམ་པ་བདུན། །དཔག་བསམ་ལྗོན་ཤིང་ཁྲུས་ཀྱི་རྫིང༌། །འདོད་འཇོའི་བ་དང་གཏེར་ཆེན་བུམ། །མ་རྨོས་ལོ་ཏོག་མཎྜལ་དང༌། །གཞལ་མེད་ཁང་བཟང་ལ་སོགས་པ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་པའི། །ཐུགས་དམ་གཉན་པོ་དགྱེས་པར་བསྐངས། །རྡོ་རྗེའི་རིག་མ་བཅུ་དྲུག་གི །ཀུན་ཏུ་དགའ་བའི་ཉམ་འགྱུར་བརྒྱས། །ཟག་མེད་རྡོ་རྗེའི་དབང་པོ་ལ། །དགྱེས་རྒུར་སྤྱོད་པའི་མཆོད་སྤྲིན་སྤྲོ། །པད་ཅན་ལ་སོགས་རིག་མ་ལྔས། །པདྨོ་རྡོ་རྗེ་མཉམ་སྦྱོར་བའི། །ཟག་བྲལ་དགའ་བཞིའི་མཆོད་པ་དང༌། །ལྷན་སྐྱེས་ཡེ་ཤེས་འབར་བའི་གཟིས། །ཀུན་ཏུ་རྟོག་པ་ཐམས་ཅད་ཟོས། །ཅིར་སྣང་བདེ་བ་ཆེན་པོའི་རྒྱན། །ཡེ་ཤེས་རྣམ་པ་ཐམས་ཅད་པས། །སྐུ་གསུམ་ཚེ་ལྷའི་དཀྱིལ་འཁོར་པའི། །ཐུགས་དམ་གཉན་པོ་དགྱེས་པར་བསྐངས། །ཁམས་ལྔ་དག་པའི་སྨན་ཕུད་དང༌། །དུག་ལྔ་བསྒྲལ་བའི་དམར་ཆེན་པོ། །གཉིས་མེད་ཟུང་འཇུག་གཏོར་མ་ཆེ། །ཐབས་ཤེས་ཚོགས་ཀྱི་མཆོད་པ་ཆེ། །རྨད་བྱུང་འདོད་ཡོན་རྣམ་ལྔའི་སྤྲིན། །འཛད་པ་མེད་པའི་རང་བཞིན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་པའི། །ཐུགས་དམ་གཉན་པོ་དགྱེས་པར་བསྐངས། །མ་བཅོས་རང་བྱུང་རྡོ་རྗེའི་ལུས། །འཁོར་ལོ་ལྔ་ཡི་གྲོང་ཁྱེར་ཆེ། །རྩ་གསུམ་ཚེ་ལྷའི་གསང་བའི་རྟེན། །རྩ་རླུང་ཐིག་ལེའི་དྭངས་མ་རྣམས། །ཡེ་ཤེས་ཆེན་པོའི་བདེ་དྲོད་འབར། །ཚེ་ལྷ་ཡབ་ཡུམ་དྭངས་མའི་དཔྱིད། །འབར་དང་འཛག་པའི་སྦྱོར་བ་ཡིས། །གཉིས་སྣང་ཆོས་ཀུན་བསྲེགས་ཤིང་ཟོས། །རྡུལ་བྲལ་མཁའ་ལྟར་དག་པའི་སྐུ། །ཡེ་ཤེས་ཆེན་པོའི་སྲོག་ལྡན་པ། །རང་བྱུང་ལྷུན་གྲུབ་ཕྱག་རྒྱ་ཆེ། །དངོས་རིག་ཡེ་ཤེས་བཙུན་མོས་འཁྱུད། །སྲིད་པ་གསུམ་གྱི་གྲོང་ཁྱེར་སྟོང༌། །མཆོག་ཏུ་མི་འགྱུར་འོད་གསལ་བའི། །འཆི་མེད་རྟག་པ་དམ་པ་ཡི། །རྡོ་རྗེ་སེམས་དཔའི་ལང་ཚོ་བརྙེས། །བརྟན་གཡོ་ཀུན་ལ་ཁྱབ་པའི་དཔལ། །སྣང་སྲིད་གདོད་ནས་རྣམ་དག་པའི། །ཡེ་ཤེས་ཆེན་པོའི་མཆོད་སྤྲིན་གྱིས། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི། །ཐུགས་དམ་གཉན་པོ་དགྱེས་པར་བསྐངས། །བསྐང་བྱ་སྐོང་བྱེད་བསྐང་ཡུལ་རྣམས། །རང་རིག་ཆེན་པོའི་ངོ་བོར་གཅིག །བདེ་བ་ཆེན་པོ་དེ་ཁོ་ནས། །བསྐངས་པའི་མཆོད་པ་བླ་ན་མེད། །ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱི། །ཐུགས་དམ་དགྱེས་པར་བསྐངས་པ་ཡིས། །བདག་ཅག་རྣལ་འབྱོར་མཆེད་ལྕམ་རྣམས། །ཚེ་རབས་འཁོར་བ་ཐོག་མེད་ནས། །བསགས་པའི་བཅས་དང་རང་བཞིན་གྱི། །སྡིག་ལྟུང་དམ་ཚིག་ཉམས་པ་ཀུན། །མི་འཆབ་གནོང་འགྱོད་དྲག་པོས་བཤགས། །བཤགས་སོ་རྩ་གསུམ་ལྷ་ལ་བཤགས། །ཕྱིན་ཆད་མི་བགྱིད་དམ་བཅའ་ན། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ དེ་ལྟར་བསྐངས་ཤིང་བཤགས་པའི་བྱིན་རླབས་ཀྱིས། །རྩ་གསུམ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་རྣམས། །ཐུགས་རྗེ་མཁྱེན་པ་གློག་ལྟར་མྱུར་བ་ཡིས། །རྗེས་སུ་དགོངས་ནས་ནད་གདོན་འཇིགས་བརྒྱད་དང༌། །ཁྱད་པར་དུས་མིན་འཆི་བའི་འཇིགས་པ་རྣམས། །མྱུར་དུ་ཞི་ཞིང་གཞོམ་པར་མཛད་དུ་གསོལ། །ཚེ་བསོད་ཡེ་ཤེས་དཔལ་འབྱོར་འདོད་དགུའི་སྤྲིན། །འཆི་མེད་མནྡ་ར་བའི་ཕྲེང་མཛེས་ཅན། །མཁའ་དབྱིངས་ཁྱབ་པར་དཀྲིགས་ལས་ཕན་དང་བདེའི། །གྲུ་ཆར་འབེབས་པ་རྒྱས་པར་མཛད་དུ་གསོལ། །བརྟན་གཡོའི་དངོས་ཀུན་ཁབ་ལེན་རྡོ་བཞིན་དུ། །རང་དབང་མེད་པར་དབང་དུ་སྡུད་པ་ཡིས། །འཁོར་འདས་རོ་གཅིག་མཉམ་པ་ཉིད་ཀློང་དུ། །ཡེ་ཤེས་ལྕགས་ཀྱུས་འགུགས་པར་མཛད་དུ་གསོལ། །བྱད་ཕུར་རྦོད་གཏོང་རིག་སྔགས་གནོད་པ་སོགས། །མི་དང་མི་མིན་འགལ་རྐྱེན་ཅི་མཆིས་པ། །རྟ་མཆོག་རོལ་པའི་རྔམ་ཁྲོའི་གཟི་བརྗིད་མེས། །རྩ་སྦུར་མེ་བཞིན་བརླགས་པར་མཛད་དུ་གསོལ། །སྐྱེ་འཆིའི་རྟོག་པ་གདོད་ནས་དག་པའི་མཁར། །རིག་སྟོང་ལྷུན་གྲུབ་རྡོ་རྗེའི་དཀྱིལ་འཁོར་བཀྲ །དབྱིངས་རིག་མཉམ་པར་སྦྱར་བའི་རྫོགས་པ་ཆེ། །ཡེ་ཤེས་ཚེ་དཔག་མེད་པའི་མཆོག་གྲུབ་མཛོད། །དེ་ལྟར་བསྐང་བཤགས་རིམ་པ་འདི། །ཟབ་ཆོས་འདི་ཡི་སྣོད་ལྡན་དུ། །ཐོག་མའི་དབུགས་དབྱུང་ཐོབ་པ་ཡི། །པདྨ་ཡེ་ཤེས་རྡོ་རྗེས་སྦྱར། །དགེ་བས་གཏེར་ཆེན་ནིརྨ་ཀའི། །ཞབས་པད་ཡུན་དུ་བརྟན་པ་དང༌། །བསྟན་འགྲོའི་རྒུད་པ་ཀུན་ཞི་ནས། །རྫོགས་ལྡན་གསར་པ་སྣང་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡེ་བྷཱ་བནྟུ། །མངྒལྃ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-18-TSHA]] | [[Category:DKR-KABUM-Volume-18-TSHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:42, 4 November 2022
🚧 This website is under continued development. We appreciate your patience!
Previous Text"TSHA" is not a number. Back to Volume Page"TSHA" is not a number.Next Text "TSHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tsha"., Text 37, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "TSHA" is not a number. |
"TSHA" is not a number.